མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྱུང་འགྱུར་གྱི་ལོ་ལྔ་བཅུར་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དང་སང་ཉིན་ཏེ། ཉིན་གཉིས་རིང་བཙན་བྱོལ་བོད་གཞུང་གི་ལྷན་ཁང་ཁག་བདུན་གྱི་བཀའ་བློན་རྣམ་པས་གཙོས། གཞུང་ཞབས་ལས་བྱེད་བཞི་བརྒྱ་ལྷག་མཉམ་འཛོམས་ཐོག འབྱུང་འགྱུར་གྱི་ལོ་ལྔ་བཅུའི་ལས་དོན་སྐོར་ལ་འཆར་སྣང་བགྲོ་གླེང་ཚོགས་འདུ་འཚོགས་བཞིན་ཡོད།

ཕྱི་ཚེས་ ༢༦ དང་ ༢༧ ཉིན་གཉིས་རིང་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་། བཙན་བྱོལ་བོད་གཞུང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་ས་གནས་ཁག་གི་གཞིས་མགོ་དང་འབྲེལ་མཐུད་པ། ལྷན་ཁང་ཁག་བདུན་གྱི་བཀའ་བློན་དང་དྲུང་ཆེ་སོགས་གཞུང་ཞབས་ལས་བྱེད་ཡོངས་འདུ་འཛོམས་ཀྱིས། བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་གཞུང་ཞབས་ཡོངས་ཀྱི་འབྱུང་འགྱུར་ལོ་ལྔ་བཅུའི་རིང་གི་བོད་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་འཆར་སྣང་བགྲོ་གླེང་ཚོགས་འདུ། ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་ཚོགས་འདུ་འཚོགས་བཞིན་ཡོད་འདུག
ཡིན་ནའང་། ཉིན་དེར་གཞུང་འབྲེལ་མ་ཡིན་པའི་གསར་འགོད་པ་རྣམས་ཟུར་ཉན་དུ་བཏང་མེད་ལ། བཙན་བྱོལ་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས། འདི་ནི་ང་ཚོ་ཁྱིམ་ཚང་གཅིག་གི་ནང་མི་རྣམས་མཉམ་དུ་འཛོམས་ནས་གྲོས་བསྡུར་བྱེད་པ་ཙམ་ཡིན་སྟབས། ཕྱི་ལ་བསྒྲགས་དགོས་པའི་གལ་ཆེའི་དོན་དག་རིགས་གང་ཡང་མེད། གལ་སྲིད་ཐེངས་འདིའི་བགྲོ་གླེང་གྲུབ་རྗེས་གསལ་བསྒྲགས་སྤེལ་དགོས་རིགས་བྱུང་ཚེ་གསར་འགོད་པར་བསྒྲགས་གི་ཡིན་ཞེས་གསུངས་ཡོད།

ཡིན་ནའང་། ཉེ་ལམ་འདི་གའི་གསར་འགོད་པས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ལྔ་བཅུའི་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་ནོར་བུ་ལགས་སུ་ཚོགས་འདུའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཉིན་དང་པོར་ཚོགས་བཅར་བ་ཡོངས་ཁག་བགོས་ཀྱིས། བརྗོད་གཞིའི་ཐོག་བགྲོ་གླེང་གོ་བསྡུར་ཞིབ་ལྷུག་གནང་རྒྱུ་ཡིན་པ་དང་། ཉིན་གཉིས་པར་ཚོགས་ཆུང་ཁག་གི་བསམ་ཚུལ་ཕྱོགས་བསྡོམས་ཀྱིས་གྲོས་ཆོད་འཇོག་རྒྱུ་རེད། བགྲོ་གླེང་ཚོགས་འདུའི་གྲོས་གཞིའི་ཐད་བཀའ་བློན་ཁྲི་པས་ཞུ་སྐུལ་ཞིག་ཀྱང་གནང་འདུག་ཅེས་སོགས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༥༨ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 45

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    karma dorje དྲ་གྲོགས་དབྱིན་མིང་ཅན་ཁྱེད་ཀྱིས་རང་མིང་དེ་བོད་སྐད་ཐོག་འབྲི་རྒྱུ་བརྗེད་སོང་བ་ཡིན་ནམ།

    Reply
  2. karma dorje says:
    ལོ་ 15 སྔོན།

    འབྱུང་འགྱུར་ལོ་ལྔ་བཅུའི་ནང་ལ་བོད་སྐད་དང་བོད་ཡིག་མ་ཉམས་པའི་ཐབས་ཤེས་ལ་བགྲོ་གླེང་བྱེད་རྒྱུ་མ་བརྗེད་པ་བྱེད་རོགས། ཐུགས་རྗེ་གཟིགས།

    Reply
  3. འཆི་མེད་ says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་ཀྱིས་གསུང་ལ་ལྟས་ན་
    ད་ཡིན་ན་བཙན་བྱོལ་བོད་མི་རྣམས་ལ་ཡང་ཕྱི་ནང་གཉིས་ཡོད་ས་རེད་

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    མི་ཉག་སྐལ་བཟང་ལགས། མི་ཉག་ཧོར་གྱིས་དབང་བསྒྱུར་བྱས་རྐྱེན་གྱིས་བོད་ཕུང་སོང་བ་རེད་བསམ།

    Reply
  5. ཐོས་དགའ། says:
    ལོ་ 15 སྔོན།

    མི་ཉག་སྐལ་བཟང་གི་བསམ་འཆར་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད། ངས་ཀྱང་སྡུག་སྐད་མང་པོ་བརྒྱབ་མྱོང་མོད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རྕ་བ་ནས་པྱིན་མ་སོང་། དེང་སང་མི་སྨྲ་བའི་རྟུལ་ཞུགས་བཟུང་ནས་བསྡད་ཡོད། དུས་བབ་དང་ཆབས་ཅིག་ཨ་རིའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གྱི་དྲྭ་བར་བལྟ་གིན་ཡོད། དེས་མདོ་དབུས་ཁམས་གསུམ་གའི་་གནས་ཚུལ་ཤེས་པར་དགེ་མཚན་ཆེན་པོ་འདུག །

    Reply
  6. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    བཟང་གི་་་་་ཡིག་ཐོག་ཏུ་མེད་་འོན་ཀྱང་ཀླད་པའི་ནང་དུ་གསལ་བོ་ཡིན
    ཁྱོད་ལ་དེས་སྐོར་ཀྱི་གསལ་ཁ་རེ་འབྱིན་དགོས་ན་བཤད་རྒྱུ་མང་ཡ
    ཆུའི་ནང་དུ་ཐིམ་པའི་སྡུག་བསྔལ་ཆུ་སྟེང་ནས་ཇི་བཞིན་རྟོགས་ནི་མ་རེད་ཡ
    སྐབས་དེར་ཁྱོད་ཆུ་སྟེང་དུ་ཡོད་རྒྱུ་རེད།
    ཁྱེད་ཀྱི་ཐོས་མྱོང་དང་མཐོང་མྱོང་མེད་པ་ང་ལ་བཤད་རྒྱུ་དང་སྟོན་རྒྱུ་ཡོད་
    ཡིད་ཨེ་ཆེས་ཐ་་་་་་་་་

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    སྟོབས་ལགས་
    རེ་བ་རེ་འདི་འདྲ་ཞིག་བྱེད་་་་སྨོན་ལམ་རེ་་དང་རྗེས་སུ་ཡི་རིང་རེ་བྱེད་རྒྱུ་ལས་གཞན་མི་འདུག་པ

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    འདིར་རང་དབང་གི་གླེང་སྟེགས་བརྒྱུད་ནས་ཁ་བརྡ་ཚིག་འགའ་ཞུ་འདོད་བྱུང་།
    ང་རང་དུས་ཡུན་རིང་པོ་ཞིག་ནས་ད་བར་བོད་ཀྱི་དུས་བབ་ཚགས་ཤོག་ཀློག་བའི་གོམས་འདྲིས་སུ་སོང་། འོན་ཏེ་སྐབས་རེ་ཚགས་ཤོག་འདིས་ངའི་སེམས་ལ་མི་བདེ་བའི་ཚོར་སྣང་སྐྱུར་མོ་ཐེངས་འགའ་ཐོབ་མྱོང་། མིང་རྫིག་པོ་རེ་དང་དོན་སྟོང་པའི་བསམ་ཚུལ་མི་ཉུང་ཞིག་གིས་ངའི་སེམས་ལ་བག་ཆགས་ཤིག་སྟེར་མ་མྱོང་། གལ་ཏེ་ངའི་འདིར་ཆོལ་ཁའི་མིང་ཞིག་འཁྱེར་ཡོང་པ་ཡིན་ན་མི་ཚོས་ང་ལ་དཀྲུག་ཤིང་གི་གཏེ་པོ་ཞེས་ཁ་རྡུང་གཏོང་ཐག་ཆོད་རེད། ཡིན་ན་ཡང་སྐད་ཆ་དེ་ཚོ་ཞེན་ཁོག་སྐམ་པོ་ཙམ་ཡིན་པས་སྣང་མེད་དུ་འཇོག་འདོད་པ་ཡིན། ཚགས་ཤོག་འདིར་བོད་ཀྱི་ས་ཁུལ་ཆ་ཤས་ཤིག་གི་གནས་ཚུལ་ཙམ་མ་གཏོགས་བོད་ཡོངས་ཀྱི་གནས་ཚུལ་བཀོད་འབྲི་བྱེད་པ་ཧ་ཅང་ཉུང་ཉུང་རེད། འདི་ལྟར་བསམ་བློའི་འཇལ་ཚད་ཆུང་ཞིང་མིག་རྒྱང་ཐུང་བའི་ལས་བྱེད་ཚོར་འགན་དེ་འཁྲི་ཡོད། ང་ཚོར་ལངས་ཕྱོགས་གསར་པ་དང་ལྟ་བ་གསར་པ། བརྗོད་གཞི་གསར་པ་དང་ཐབས་ཇུས་གསར་པ། མཐུན་སྒྲིལ་གསར་པ་དང་ནུས་པ་གསར་པ། གནས་ཚུལ་གསར་པ་དང་ཕུགས་འདུན་གསར་པ་ཡོད་དགོས་པ་ཡིན། མདོར་ན་ཚགས་ཤོག་འདིར་བོད་སྤྱིའི་གནས་ཚུལ་བཀོད་དགོས་པའི་ཁ་ཕྱོགས་གསར་པ་ཞིག་ལ་ཤུགས་སྣོན་རྒྱག་རོགས་ཞེས་ཞུ་རྒྱུ་ཡིན།

    Reply
  9. བུ་སྨྱོན་པ། says:
    ལོ་ 15 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས་ཁྱེད་ཀྱིས་བཤད་པར་བདེན་ཁ་ལོས་སྦྱིན་འོན་ཀྱང་གུས་པས་སྣང་མེད་དུ་བཞག་ཏེ་རང་ཉིད་བལྟ་མོ་བ་ཞིག་ཏུ་བསམ་པ་རྩ་བ་ནས་མེད། སྐབས་དེར་རུ་འདྲེན་པ་བྱས་ཏེ་ལྕགས་ཞ་གྱོན་མཁན་ཚོར་གདོང་ལེན་ཇི་བྱས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་ཡིག་ཐོག་ཏུ་གསལ་ཐིང་ངེར་ཡོད་ལ་སྐབས་དེར་བང་ཆེན་ཟིན་བྲིས་སུ་ཡང་བཀོད་ཡོད།

    Reply
  10. སྟོབས་ says:
    ལོ་ 15 སྔོན།

    ལོ་ལྔ་བབཅུ་གྲུབ་འབྲས་ཕར་བསྐྱད་དུས་ཡིད་ཆེས་དང་སྤོབས་པའི་ཁེངས་པའི་ལོ་་ལྔ་བཅུ་ཚུར་བསུ་མགོ་བཙུགས་སོང་། སྤུན་ཟླ་ཚོ་མདུན་ལྗོངས་ཀྱི་ལོ་ངོ་ལྔ་བཅུའི་ནང་ལ་ཡིན་གཅིག་མིན་གཉིས་གཞིས་བྱེས་ལྷན་འཛོམས་བྱུང་དགོས ། དྲ་གྲོགས་ཚོ་དེ་འདྲ་ཞིག་ཨེ་རེད

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཡ་སྨྱོན་པ་་་་་་་་་་་་་་ཁྱེད་ཀྱི་བྱེད་ན་ཇི་འདྲ་ཞིག་བྱེད་ན་འདོད།།།ཞི་རྒོལ་ཆེན་མོ་དང་ལྷན་དུ་ལྕགས་ཞྭ་ཚོའི་ཡང་ནང་རྒོལ་བྱས་ནི་རེད།
    དེ་དུས་ཁྱོད་ལྟན་མོར་བལྟ་མཁན་ཡིན་རྒྱུ་རེད། ད་སྣང་མེད་བཞག་ན་མི་བཟང་ངམ
    ནམ་ཞིག་ལྕགས་ཞྭ་ལ་བཅའ་རྒྱག་ཁོ་ཐག་ཡིན ་་

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་དབྱིན་མིང་འོག་གི་མི་ཁྱེད་ཀྱིས་གོ་བ་ལེན་མི་ཤེས་པ་འདི་འདྲ་ག་རེ་རེད་ཨ།
    ཁ་མི་རིགས་ཀྱི་ཕྲུག་གུ་སྐྱེས་སྒོ་མི་བཀག་པ་དང་བཙན་བྱོལ་བོད་མི་རྣམས་ཀྱིས་ཕྲུག་གུ་སྐྱེ་སྒོ་བཀག་ཞོར་མི་རིགས་ཡར་གཏོང་དགོས་གསུངས་མཁན་ཚོ་ལ་གཟིགས་དང་།
    འགའ་རེ་ལ་བུ་ཕྲུག་གཅིག་ཀྱང་མེད་འགའ་རེ་ཡོད་ཀྱང་གཉིས་ལས་མང་བ་ཕལ་ཆེ་མེད་ཟེར་ན་མ་འགྲུག་པ་མེད་འགྲོ།
    1.ནང་ཆོས་དགོས་ན་རང་ཉིད་ལ་ནང་པའི་མཚན་ཉིད་ཚང་དགོས།

    2.བོད་ཀྱི་སྐད་ཡིག་དགོས་ན་རང་ཉིད་ཀྱི་ནང་མི་ཚང་མའི་བོད་སྐད་ཤེས་དགོས།

    3.བཙན་བྱོལ་གཞུང་འདི་རང་གི་ཁ་ཕོར་ཞིག་ཡིན་པ་ངོས་ལེན་བྱས་ན་ལྐོག་ཟ་རུལ་སུངས་ཀྱིས་ཁ་ཕོར་ནང་གི་མོག་མོག་དེ་ལྐོག་ཟས་བྱས་པ་ཤེས་དགོས།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧ་་་་་སྐུ་ངོ་རྣམ་པ་ཚོ་ལྐོག་ཟས་རུལ་སུངས་ཞེས་པའི་མིང་ཚིག་འདི་མཐོང་ཡོང་དུས་ཁྱེད་ཚོ་ངོ་ཚ་ཨེ་ཡོང་ཁུ།་་་་་་་་་་དབྱིན་མིང་འོག་གི་སྐུ་ངོ་ལགས་ཁྱེད་འདྲ་བའི་རིགས་རྣམས་ཀྱིས་ལྐོག་ཟ་རུལ་སུངས་ཀྱི་མིང་ཚིག་ཡང་དྲ་ཐོག་ཏུ་བགོད་མི་ཆོག་ཟེར་གྱིན་ཡོད་དམ།

    ཁ་ནས་༧གོང་ས་མཆོག་གསུངས་ཁུལ་དང་དོན་ལ་མི་ལོ་ལྔ་བཅུའི་རིང་རང་གིས་རང་དོན་སྒྲུབ་ནས་བཙན་བྱོལ་བོད་མི་རང་རྐང་སྟེང་དུ་རང་མི་ལངས་མ་ཐུབ་པ་བཟོ་མཁན་དེ་ཚོ་བོད་མི་རིགས་ཀྱི་དགྲ་བོ་ཡིན་པ་ངོས་འཛིན་བྱེད་དགོས།

    Reply
  14. བུ་སྨྱོན་པ། says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱི་ལོ་ངོ་ལྔ་བཅུའི་ལས་འཆར་ཁྲོད་རང་རེའི་བསྟན་སྲིད་མི་ིརགས་དང་བཅས་པར་གཏོར་རྒོལ་བ་རྒྱལ་ངན་ལྕེ་རྩེ་ནས་གྲང་ཞིང་ལག་ལེན་རྒྱ་དམར་གྱི་རྐུབ་གཡོག་གམ་དོལ་རྒྱལ་རྗེས་འཇུག་པ་རྣམས་ཇི་ལྟར་བྱས་ཏེ་བོད་ལ་ཞེན་པའི་བོད་མི་ངོ་མ་ཞིག་ཡོང་འགྱུར་ཐབས་ཤེས་ཇི་དགེའི་གྲོས་བསྡུར་ཞིག་ཀྱང་གནང་ལ་བསྟན་སྲིད་མི་རིགས་ལ་ཕན་ཐོགས་ཆེ་བར་མངོན།་་་་་དེ་མིན་བྱབ་ཆུང་དོལ་རྒྱལ་རྗེས་འཇུག་པ་དག་ནས་མི་ངན་ལང་ཤོར་གྱིས་བོད་པའི་སྤྱི་ཚོགས་ནང་མུ་མཐུད་བསྟན་སྲིད་ལ་གནོད་པའི་ལས་ངན་རྐྱང་རྐྱང་དང་རང་དབང་གང་དྲན་བྱེད་དུ་བཅུག་ན་ནམ་ཞིག་བོད་པའི་བསྟན་སྲིད་མི་རིགས་འདིར་ཟུབ་ཏུ་མེད་པའི་ནག་ཐིག་ཞིག་འཇོག་རྒྱུ་ཉག་ཅིག་རེད།མ་རེད་པས།
    སྨྱོན་པི་སྨྱོ་ལབ་ཡིན་ཀྱང་བསམ་འཆར་སྤེལ་རོགས།

    Reply
  15. Bhu Nyonpa says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ལགས། ཁ་ཆེའི་སྐྱབས་བཅོལ་བའི་རྗེས་སུ་འབྲངས་ན་ཉིན་གཅིག་རང་རེའི་ཕ་མེས་ནས་ཡོད་པའི་རིན་ཐང་བྲལ་བའི་ནང་ཆོས་དེ་ཁྱེད་ཁོ་ནར་གོ་མེད་ཚོར་མེད་དུ་གྱུར་ཡོང་།

    Reply
  16. སྟོབས་ says:
    ལོ་ 15 སྔོན།

    ཅོ་རི་ཉི་མ
    མདའ་འབེན་སར་གང་ཡིན་ཁྱེད་ཀྱིས་ཤེས་ཨེ་ཡོད། ངའི་དྲི་བ་ནི་ཨེ་ཤེ་ཡི་གླིང་ཞེས་དྲི་བ་དྲིས་མེད ། བཙན་བྱོལ་བོད་གཞུང་ནང་དུ་ལྐོག་ཟ་རུལ་སུངས་དུས་ག་དུས་ཤིག་ལ་སླེབས་ནི་རེད་ཞེས་དྲི་བ་འདི་དྲིས་པ་ཡིན ། གཞན་དག་ཤར་ཕྱོགས་ནུབ་ཕྱོགས་ལ་ང་ལ་འབྲེལ་བ་མེད །

    Reply
  17. Bhu Nyonpa says:
    ལོ་ 15 སྔོན།

    བྱབ་ཆུང་ཤ་སྟག་འདུག སོ་སོའི་ཁ་ཕོར་ལ་སོ་སོས་གཅིན་པ་གཏོང་མཁན་ཀྱང་ཀྱང་འདུག སོ་སོས་འཇོན་རྒྱུ་གང་ཡང་མེད་པར་གཞུང་ཞབས་པ་ཚོར་སྨྲ་ངན་བྱེད་པ་ནི་རྐང་འདྲེན་པའི་སྟག་རེད། དེ་རིགས་ཀྱི་ཀླད་པའི་ནང་འབྲིའི་ཞོ་བླུག་པ་ཡིན་རྒྱུ་རེད། དེ་མིན་ཁུངས་ལུང་མེད་པའི་ལྐོག་བཟའི་སྐོར་འབྲ་མདོག་མ་རེད། གལ་ཏེ་གཞུང་ཞབས་པ་ཞིག་གིས་ལྐོག་བཟའ་བྱས་པའི་ནག་ཉེས་ར་སྤྲོད་ཡོད་ན་གདོང་དང་གདོང་ཐུག་ན་ལེགས་པ་ལས་དེ་མིན་དཀྲོག་གཏམ་དུ་འགྲོ་ཉེན་ཆེ་བའི་བསམ་ཚུལ་རིག་མ་སྤེལ་ན་བཟང་སྙམ།
    སྨྱོ་ལབ་གཅིག་རྒྱབ་ཡོད།

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལོ་གསར་པའི་ནང་དུ་དྲ་གྲོགས་མང་པོ་ཞིག་སེམས་ཤུགས་ཆག་པར་འདྲ།་་་་་་་དེང་སང་མཆན་རེ་ཡང་བྲིས་མཁན་མི་འདུག་་་་་་་་་་་་་་་་་་དངོས་གནས་ག་རེ་བྱས་པ་རེད་དམ།་་་ཨ་་་་་་་ཅིག་གསུང་དང་།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡང་བསྐྱར་རེ་བ་ཞིག་ཞུ་འདོད་པ་ནི། དཔེར་ན་སུད་སི་རྒྱལ་ཁབ་ནང་དུ་ཁ་ཆེ་བ་སྐྱབས་བཅོལ་ཚོས་གཞུང་གི་སྐྱབས་གསོ་རོགས་དངུལ་གྱི་ཐོག་ཏུ་འཚོ་བ་བསྐྱལ་ཞོར་ཕྲུག་གུ་ག་ཚོད་སྐྱེས་སྐྱེས་བཟོས་ནས་སྐྱེ་དམན་རེ་ལ་ཕྲུག་གུ་བཅུ་ཙམ་རེ་ཡོད་པ་མཐོང་དུས་སུ་ང་ཚོ་བོད་མི་རྣམས་ཀྱིས་འདི་འདྲ་བྱས་ཐུབ་ན་ཅི་མ་རུང་སྙམ་པའི་བློ་ཞིག་སྐྱེ་ཡོང་བ་འདི་ཡང་རང་གི་མི་རིགས་ཉུང་བའི་རྐྱེན་གྱིས་ཡིན་པར་འདྲ།
    ལུང་པ་འདི་ཚོའི་ནང་དུ་ཕྲུག་གུ་ག་ཚོད་ཡོད་པ་དེ་ཚོད་སྐྱབས་གསོ་དངུལ་ནི་ཡོད།འཚོ་བའི་དཀའ་ངལ་ནི་མེད།་ ཕྲུག་གུའི་སློབ་གྲྭ་དང་སློབ་ཡོན་སེམས་འཁྲུལ་བྱས་དགོས་དོན་ནི་མེད།
    གོ་སྐབས་འདི་འདྲ་ཡོད་པ་ནི་རྗེས་སུ་ཁག་པོ་རེད་བསམ་གྱིན་འདུག
    བཙན་བྱོལ་བོད་ཀྱི་མགོ་དཔོན་ཚོའི་ཐུགས་བསམ་ཞེས་རོགས་ཞུ།།།།།།།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་ཀྱི་མགོ་དཔོན་ཚོས་སྤྱི་བཙན་བྱོལ་མི་མང་དང་སྒེར་གཞི་ཆགས་ཁག་གི་བོད་མིའི་འདོད་པ་དང་བརྟེན་ནས་ལས་དོན་སྒྲུབ་ཀྱི་མེད་པ་འདི། ཡར་ཀློང་གཙང་པོ་གྱེན་དུ་ཁྲིད་པ་དང་གཅིག་མཚུངས་སུ་མངོན།

    དཔེར་ན་བཙན་བྱོལ་བོད་མི་བརྒྱ་ཆ་༨༠་ཐམ་པ་ཡུང་རོ་དང་ཨ་རིའི་ནང་དུ་འཚོ་བ་བསྐྱལ་འདོད་ཡོད་བཞིན་དུ་དེ་ལས་ལྡོག་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བོད་མི་སྐྱབས་བཅོལ་འགྲོ་བ་ལ་བཀག་འགོག་བྱས་པ་འདི་ནི།

    སྤྱི་བོད་མིའི་བློ་ཁ་དང་མི་མཐུན་པ་དང་སྒེར་རྒྱ་གར་བལ་ཡུལ་དུ་བོད་མི་རྣམས་ལ་འཚོ་བའི་དཀའ་ངལ་སེལ་བ་ལ་འགོག་རྐྱེན་བྱས་པ་ཙམ་རེད།
    ངའི་རེ་བ་ལ་ད་རིང་ཚོགས་ཆེན་སྐབས་སུ་འགོག་རྐྱེན་དེ་དག་མེད་པ་བཟོ་ནས་རྒྱ་གར་བལ་ཡུལ་གྱི་བོད་མི་རྣམས་དཔལ་འབྱོར་ཡག་ས་ཞིག་དང་རང་ཉིད་རང་རྐང་སྟེང་དུ་ལངས་ཐུབ་ས་ཤིག་ལ་མདུན་ལམ་སྤྲད་ན་ཡག་པོ་འདུག་ཞུ་རྒྱུ་ཡིན

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧ་་་རིག་འཛིན་ལགས། ངས་ལྐོག་ཟ་རུལ་སུངས་འདི་རེད་ཞེས་ལབ་དགོས་ཀྱིན་འདུག་གམ།
    ཁྱེད་ཀྱིས་ང་ལ་བཀའ་བློན་ཁྲི་པའི་གོ་གནས་སྤྲོད་ཐུབ་བམ། ཐུབ་ན་ངས་མ་ལབ་རང་ལབ་རེད།་་་དེ་མིན་ལབ་ན་ཕན་ཐོག་ཨེ་ཡོང་ངམ།
    ཚགས་པ་མང་པོ་ཞིག་གི་ནང་དུ་བཙན་བྱོལ་བོད་ཀྱི་ལྐོག་ཟ་རུལ་སུངས་མིང་འདོན་བྱས་སོང་།་་་་ཁྱེད་ཀྱིས་མ་མཐོང་ངམ།

    མ་གཞི་ནས་ལྐོག་ཟ་རུལ་སུངས་སུ་ཡིན་མ་ཤེས་པའི་མ་རེད། ་་་མངོན་གསལ་དོག་པོ་རེད་གནས་ཡོད་ནི་མིན་ནམ།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་ཨོ་་་་་་་་་ཅིག་ཆོད་འདུག་་་་དཀའ་ངལ་ཞེས་པའི་ངལ་ཅིག་ཆོད་འདུག་པའི་དགོངས་འགལ་མེད་ཞུ།་་་་ལྷག་པ་ཏུ་བསེ་རུ་ལགས་ཅི་ཡོང་གང་འཇོན་བྱས་ཆོག

    Reply
  23. རིག་འཛིན། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཅོ་རི་ལགས།
    སྤྲི་དེང་སང་དཔོན་རིགས་ཚོས་རང་ལས་གཞན་གཅེས་པ་སྐྱོང་མཁན་ཞིག་ཧ་ཅང་དཀོན་པོ་ཡིན་པ་མངོན་སུམ་དུ་གྱུར་བཞིན་ཡོད།
    ཁྱེད་ཀྱིས་གསུང་པ་ལྟར་སྤྱི་རྒྱུ་ལྐོག་ཟ་བྱེད་མཁན་དེ་འདྲ་ང་ཚོའི་དཔོན་རིགས་ནང་དུ་ཡོད་ན་སྤྱི་ཚོགས་ཁྲོད་དུ་གསལ་པོ་གསུང་དང་ངས་ཁྱེད་ལ་རྒྱབ་སྐྱོང་སླད་མེད་ཡོད་ལ་་་མ་ཟད་འདི་འདྲ་རིགས་དེ་རྩ་མེད་བཟོ་དགོས་ངེས་ཤིག་ཀྱང་རེད་་་་་དེ་འདྲ་མེད་ན་དོན་མེད་མགོ་ཚུགས་ལ་མ་ཚུགས་ལ་གཏམ་ངན་ཉུང་ན་བཟང་སྙམ

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ད་མིང་དེའི་དོན་ཤེས་སོང་ངམ། མ་ཤེས་ན་རྡ་སའི་སྐུ་ངོ་ཟ་ངོམ་ཅན་རྣམས་དྲི་ན་ལེགས་་་་ཧཧཧཧཧཧཧཧཧཧ

    Reply
  25. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་སྟོབས་ལགས།

    ལྐོག་ཟ་རུལ་སུངས་ཟེར་བའི་མིང་ཚིག་འདི་དངོས་གནས་ཨེ་ཤེ་ཡའི་གླིང་ཕྲན་ནང་དུ་ཁྱབ་ཆེན་པོ་རེད་ད།

    མི་སེར་ཉམ་ཐག་དུང་ཕྱུར་མང་པོ་ལ་དཀའ་བཟོ་རྐྱེན་འདི་རེད་ད།

    འདིས་བོད་མི་ཉམ་ཐག་རྣམས་ཀྱང་སྐྱིད་ཅུག་གིན་མེད།

    མིང་ཚིག་འདི་ནི་རྒྱལ་ཁབ་རྩ་མེད་བཟོ་རྐྱེན་གྱི་མིང་ཚིག་སྐད་གྲགས་ཆེན་པོ་ཞིག་རེད་ད་ཧཧཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  26. སྟོབས་ says:
    ལོ་ 15 སྔོན།

    ཡོད་ཚད་བགྲོས་བདར་དང་དཔྱད་ཞིམ་གྱི་ལམ་ནས་ཐག་ཆོག་བྱེད་པ་ནི་དགའ་འོས་པའི་དོན་བཟང་ཞིག་རེད ། ཡིན་ནའང་ལྒོག་ཟ་རུལ་སུངས་ཞེས་པའི་མིང་ཚིགས་བཙན་བྱོལ་ནང་དུས་ད་ལྟ་མ་གཏོགས་གོ་མ་མྱོང་། དེས་སྐོར་ལ་མཆན་རེ་འབྲི་རོལས་ཞུ་དྲ་གྲོགས་ཚོ

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རིག་འཛིན་ལགས་བོད་མི་ཉམ་ཐག་ཚོའི་མི་ཚེའི་བདེ་སྡུག་ལ་ཕན་གནོད་མེད་པ་རྡ་སའི་མི་དྲག་སྐུ་དྲག་ཚོའི་རང་དོན་དེ་བོད་སྤྱི་དོན་ཞིག་ལ་བརྩི་གིན་མེད།
    ཁྱེད་ཀྱིས་ཤེས་དགོས་པ་ཞིག་ལ་ང་ཚོ་བོད་མི་ཉམ་ཐག་ཚོ་ག་དུས་ཡིན་ནའང་ལྐོག་ཟ་རུལ་སུངས་འོག་ཏུ་མགོ་རྒུད་ནས་དཀའ་ངལ་མྱོང་དགོས་པ་འདིར་བསམ་གཞི་འདྲ་ཡོད་དམ་ལགས།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་རིག་འཛིན་ལགས།
    ང་ཚོའི་ཐོས་འདོད་མེད་པའི་བྱ་བ་མང་པོ་ཞིག་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་ངན་འགའ་རེའི་སྒྲུབ་ཟིན་པས་ཐོས་འདོད་མེད་ན་ཡང་ཅི་ཕན།
    མ་གཞི་ནས་ལེགས་པའི་ཆ་རྐྱང་རྐྱང་བཤད་སྡོད་པ་ལས་ཉེས་པའི་ཆ་རེ་གླེང་ན་མི་དགའ་ནི་མིན་ནམ།
    སྤྱི་ཚོགས་ཀྱི་ནོར་འཁྲུལ་སྤྱི་ཚོགས་ཀྱིས་ཤེས་དགོས་པ་དང་ལྐོག་ཟ་རུལ་སུངས་ཀྱི་ནོར་འཁྲུལ་ལྐོག་ཟ་རུལ་སུངས་བྱས་མྱོང་མཁན་ཚོས་ཤེས་དགོས་ཀྱིན་གལ་ཆེ་སྙམ།

    Reply
  29. རིག་འཛིན། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཅོ་རི་ལགས་གསུང་བཤད་འདི་འདྲ་རིགས་ཅུང་ཙམ་ཉུང་ན་མི་བཟང་ངམ་་་འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ནས་བཤད་ན་སྐྱོག་བྲོ་བའི་གནས་ཚུལ་མང་པོ་ཕྱོགས་གང་ས་ནས་བརྡོལ་ཡོང་གི་འདུག་པས་་་་་་འདིས་ང་ཚོ་མ་འོངས་པའི་མདུན་བསྐྱོད་ལ་ཕན་ཐོག་གང་ཡང་མེད་པ་སེམས།
    དེས་ན་ཐོས་འདོད་མེད་པའི་སྐད་ངན་རིགས་ཉུང་རུ་གཏོང་གནང་ཡོང་བའི་རེ་བ་ཤུགས་ཆེ་ཡོད།
    སྐབས་འདིའི་བགྲོ་གླེང་ནི་དངོས་གནས་དགོས་ངེས་ཤིག་ཡིན་པས་ཁྱེད་ཀྱིས་དཔྱད་ཞིབ་ནན་གཏན་གནང་རོགས་ཞུ།

    Reply
  30. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ལུང་རིག་ལགས།
    དེང་རབས་ཀྱི་དཀོན་མཆོག་གསུམ་ནི་་་་་་རང་དབང།་་་་་་འཆར་སྣང་།་་་་་གསར་གཏོད།་་་་གསུམ་རེད་གསུངས་པར་རྒྱུ་མཚན་འདུག

    བཙན་བྱོལ་བོད་མིའི་རང་དབང་དང་འདོད་པར་མ་བརྟེན་པའི་སྤྱི་ཚོགས་འགོ་ཁྲིད་བ་འདི་ནི། དེང་རབས་ཀྱི་སྐྱབས་གནས་དང་འགལ་བ་རེད་དམ་ལགས།
    ཕ་མས་ཕྲུག་གུའི་འདོད་པ་དང་བརྟེན་ནས་སློབ་སྦྱོང་སྤྲོད་མ་ཤེས་ན་ཕྲུག་གུ་ཡོན་ཏན་ལྡན་པ་ཡོང་མི་སྲིད། བཙན་བྱོལ་བོད་མིའི་འདོད་པ་དང་བརྟེན་ནས་ལས་དོན་མ་སྒྲུབ་ན་ཀླད་རྙིང་མཁྲེགས་བཟུང་བྱས་ནས་སྤྱི་དོན་འགྲུབ་ཐབས་མེད།

    Reply
  31. Bhu Nyonpa says:
    ལོ་ 15 སྔོན།

    མཁའ་དབུགས་གསར་བ་ལགས།
    སྐུ་མཁྱེན་ངས་ཁྱེད་ལ་ཞུ་འབོད་བྱེད་རྒྱུར་ཁྱེད་ཀྱིས་རྒྱ་ནག་ཚབ་ལ་དགྱ་ནག་ཅེས་བྲིས་འདུག་པ་རྒྱུན་དུ་རྒྱ་ནག་ཅེས་བྲིས་ན་ཆོག་གམ་་་་་་་་་་་་་་་་་་་་་་དེ་འདྲའི་ཡི་གེ་ཡོད་མིན་ཤོད་ཚོད་དཀའ་ཡང་ངོ་མ་དེ་འདྲའི་ཡི་གེ་བལྟ་འདོད་མིན་འདུག།
    སྨྱོན་པའི་སྨྱོ་ལབ་ཡིན།

    Reply
  32. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    འབྱུང་འགྱུར་ལ་སྔོན་དཔག་བྱེད་ཤོར་ལས་དོན་སྒྲུབ་རྒྱུ་ནི་གལ་ཆེན་པོ་རེད།
    ཡིན་ཡང་འབྱུང་འགྱུར་མི་ལོ་ལྔ་བཅུ་ཡང་བཙན་བྱོལ་འཚོ་བའི་ཁྲོད་སྐྱེལ་དགོས་ཚེ་བོད་དོན་ཟེར་བ་ཞིག་དང་བོད་མི་ཟེར་བ་ཞིག་གཞི་ནས་ཡོད་རྒྱུ་མ་རེད།
    ཡོད་ཀྱང་བོད་མིང་ཐོག་པའི་བོད་པ་ཞིག་ལས་ཡོད་རྒྱུ་མ་རེད།
    དགྱ་ནག་གི་མི་གྲངས་ཀྱིས་བོད་ཀྱི་མི་གྲངས་ལ་ཚོད་འཛིན་བྱེད་རྒྱུ་རེད་ལ།
    བོད་ཡུལ་ཁག་གི་དགྱ་མིའི་མི་གྲངས་དེ་བོད་མིའི་མི་གྲངས་ལས་ལྡབ་གསུམ་གྱི་ཇེ་མང་དུ་འགྲོ་རྒྱུ་རེད།

    Reply
  33. Bhu Nyonpa says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱི་ལོ་ངོ་ལྔ་བཅུའི་ལས་འཆར་ཁྲོད་རང་རེའི་བསྟན་སྲིད་མི་ིརགས་དང་བཅས་པར་གཏོར་རྒོལ་བ་རྒྱལ་ངན་ལྕེ་རྩེ་ནས་གྲང་ཞིང་ལག་ལེན་རྒྱ་དམར་གྱི་རྐུབ་གཡོག་གམ་དོལ་རྒྱལ་རྗེས་འཇུག་པ་རྣམས་ཇི་ལྟར་བྱས་ཏེ་བོད་ལ་ཞེན་པའི་བོད་མི་ངོ་མ་ཞིག་ཡོང་འགྱུར་ཐབས་ཤེས་ཇི་དགེའི་གྲོས་བསྡུར་ཞིག་ཀྱང་གནང་ལ་བསྟན་སྲིད་མི་རིགས་ལ་ཕན་ཐོགས་ཆེ་བར་མངོན།་་་་་དེ་མིན་བྱབ་ཆུང་དོལ་རྒྱལ་རྗེས་འཇུག་པ་དག་ནས་མི་ངན་ལང་ཤོར་གྱིས་བོད་པའི་སྤྱི་ཚོགས་ནང་མུ་མཐུད་བསྟན་སྲིད་ལ་གནོད་པའི་ལས་ངན་རྐྱང་རྐྱང་དང་རང་དབང་གང་དྲན་བྱེད་དུ་བཅུག་ན་ནམ་ཞིག་བོད་པའི་བསྟན་སྲིད་མི་རིགས་འདིར་ཟུབ་ཏུ་མེད་པའི་ནག་ཐིག་ཞིག་འཇོག་རྒྱུ་ཉག་ཅིག་རེད།མ་རེད་པས།

    Reply
  34. Bhu Nyonpa says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱི་ལོ་ངོ་ལྔ་བཅུའི་ལས་འཆར་ཁྲོད་རང་རེའི་བསྟན་སྲིད་མི་ིརགས་དང་བཅས་པར་གཏོར་རྒོལ་བ་རྒྱལ་ངན་ལྕེ་རྩེ་ནས་གྲང་ཞིང་ལག་ལེན་རྒྱ་དམར་གྱི་རྐུབ་གཡོག་གམ་དོལ་རྒྱལ་རྗེས་འཇུག་པ་རྣམས་ཇི་ལྟར་བྱས་ཏེ་བོད་ལ་ཞེན་པའི་བོད་མི་ངོ་མ་ཞིག་ཡོང་འགྱུར་ཐབས་ཤེས་ཇི་དགེའི་གྲོས་བསྡུར་ཞིག་ཀྱང་གནང་ལ་བསྟན་སྲིད་མི་རིགས་ལ་ཕན་ཐོགས་ཆེ་བར་མངོན།་་་་་དེ་མིན་བྱབ་ཆུང་དོལ་རྒྱལ་རྗེས་འཇུག་པ་དག་ནས་མི་ངན་ལང་ཤོར་གྱིས་བོད་པའི་སྤྱི་ཚོགས་ནང་མུ་མཐུད་བསྟན་སྲིད་ལ་གནོད་པའི་ལས་ངན་རྐྱང་རྐྱང་དང་རང་དབང་གང་དྲན་བྱེད་དུ་བཅུག་ན་ནམ་ཞིག་བོད་པའི་བསྟན་སྲིད་མི་རིགས་འདིར་ཟུབ་ཏུ་མེད་པའི་ནག་ཐིག་ཞིག་འཇོག་རྒྱུ་ཉག་ཅིག་རེད།མ་རེད་པས།

    Reply
  35. རྭ་ལོ། says:
    ལོ་ 15 སྔོན།

    གངས་སྐྱིད་ལ་དམིགས་ནས་བཤད་ན། བཀའ་ཤག་འདིའི་གྲུབ་འབྲས་ཡག་ཤོས་ནི་མ་བྱན་དགེ་འདུན་རྩད་རྫོགས་བྱས་པ་དེ་རེད། ཁོ་འགྲོ་ཁར་རྩིས་ལེན་རྩིས་སྤྲོད་ཡག་པོ་ཞིག་ཀྱང་བྱུང་མེད་ཚོད་ཡིན།

    སྲི་ཞུ་བ་འདི་ལྟ་བུ་གངས་སྐྱིད་ཀྱི་ར་བའི་ནང་ཡོང་ས་མེད་པ་ཞིག་བཟོ་རྒྱུ་ཡང་ཐེངས་འདིའི་འཆར་སྣང་བགྲོ་གླེང་གི་ནང་དུ་ཚུད་ན་ཡག་པོ་མེད་འགྲོ་སྙམ།

    Reply
  36. བསེ་རུ། says:
    ལོ་ 15 སྔོན།

    ལྔ་བཅུའི་དུས་དྲན་དང་འབྲེལ་བའི་༼ ལོ་ལྔ་བཅུ་ཉམས་མྱོང་གཞིར་བཟུང་འབྱུང་འགྱུར་ལོ་ལྔ་བཅུའི་མི་རིགས་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་འཆར་སྣང་སྐོར་བགྲོ་གླེང་། ༽ལ་ཚོགས་ཞུགས་གནང་མཁན་གྱི་སྲི་ཞུ་བ་ཆེ་ཕྲ་ཀུན་ལ་ང་བོད་མི་དཀྱུས་མ་ཞིག་ཡིན་པའི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། དད་དམ་གཡོ་མེད་དང་ལྷག་བསམ་རྣམ་དག་ངང་བོད་མི་ས་ཡ་དྲུག་གི་རེ་འདོད་སྙིང་ཁོང་དུ་བཅངས་པའི་སྲི་ཞུ་བ་ཀུན་ལ་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། སླད་མར་ཡང་རང་ནུས་ཡོད་རྒུས་ངོ་ལྐོག་རྒྱབ་མདུན་དང་རྒྱུ་འབྲས་གོ་ལྡོག་གི་བྱ་ངན་རིགས་ཀྱི་དྲི་མས་མ་འགོས་པར་བཙན་བྱོལ་བོད་གཞུང་འདི་ཉིད་སྔར་ལས་ཚགས་ཚུད་ཐོག གཞིས་བྱེས་བོད་མིའི་སྙིང་ཁོང་དུ་བཅངས་པའི་བོད་མི་རིགས་ཀྱི་བདེ་རྩ་དང་བཅས་པ་འཇིག་རྟེན་འདིར་གསོན་གནས་ཡོང་ཕྱིར་འགྱོད་མེད་བྱ་བས་དུས་འདའ་བའི་རེ་བ་དང་སྨོན་ལམ་ཡང་འདེབས་རྒྱུ་ཡིན།

    ལྷག་པར་སྐབས་བབ་ཀྱི་བགྲོ་གླེང་གི་མཛད་རིམ་གྱི་གྲུབ་དོན་ཁག་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟར་བོད་གཞིས་བྱེས་གཉིས་ཀྱི་རྩ་དོན་ལ་སྨན་པ་ཞིག་ཡོང་བར་སྨོན།།

    Reply
  37. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    གུང་ཁྲན་ཏང་གིས་ལོ་ ༡༠༠ ཐམ་པའི་རིང་ལ་སྔོན་དཔག་བྱས་ཡོད་པ་རེད། སྔོན་དཔག་འདི་མའོ་ཙེ་ཏུང་གི་རིང་ནས་ཡིན་མིན་བཤད་ཚོད་མ་ཐིག་ཀྱང་ཏིན་གྱི་སྐབས་ནས་བཟུང་ཕལ་ཆེར་སྔོན་དཔག་འདི་ཡོད་ཤས་ཆེ། ཁོང་ཚོས་ ༢༠༥༠ ལོར་གཞི་ནས་རྒྱ་ནག་དམངས་གཙོ་ཡང་དག་ཅིག་ལ་འགྱུར་ཆོག་པར་བཤད་ཀྱིན་ཡོད། ཁོང་ཚོའི་འཆར་སྣང་འདི་དག་ལ་བརྟེན་ང་ཚོར་ཡང་འཆར་སྣང་དགོས་པ་སྨྲོས་མེད་རེད།

    རྔ་ཇི་ལྟར་བརྡུང་ན་འཆམ་དེ་ལྟར་རྩེས་དགོས་པའི་བཤད་སྲོལ་ཞིག་ང་ཚོར་ཡོད་པ་རེད།

    Reply
  38. སྒྱུ་མ says:
    ལོ་ 15 སྔོན།

    ཐེངས་འདིར་འོངས་པའི་ལོ་ངོ་ལྔ་བཅུའི་རིང་གི་འགྱུར་བ་ལ་དམིགས་ནས་གཞུང་ཞབས་པ་རྣམས་ཀྱིས་བགྲོ་གླེང་གནང་པ་གནས་ཚུལ་ཡག་པོ་ཞིག་རེད། དེང་སྐབས་མ་འོངས་པའི་གནས་ཚུལ་ལ་སྔོན་དཔག་བྱེད་དགོས་པ་མ་ཟད། དེའི་ལུགས་ཀྱི་འཆར་འགོད་དགོས་པ་ནི།་དེང་རབས་ཀྱི་འགྲོ་སྟངས་ཤིག་ཡིན་ཞིང་། ལྷག་པར་རང་རེ་ཁ་གཏད་རྒྱ་དམར་གྱིས་ལོ་ལྔ་བཅུའི་བོད་ནང་གི་འཛུགས་སྒྲུན་འཆར་འགོད་དང་། འགྱུར་བཅོས་གཏོང་དགོས་རིགས་ཀྱི་འཆར་འགོད་སོགས་སྔ་ས་ནས་གྲུབ་འདུག གནས་ཚུལ་དེ་ལ་བརྟེན་ནས་རང་ཅག་གིས་ཀྱང་སྔོན་དཔག་ཅིག་དང་། དེ་ལུགས་ཀྱི་འཆར་འགོད་ཅིག་བྱས་ན། འདས་པའི་དུས་ཚོད་སྔོན་དཔག་དང་འཆར་འགོད་མ་བྱས་པ་ལས་རྗེས་ཕྱོགས་ནས་གྲུབ་འབྲས་ཡག་པོ་ཞིག་ཡོང་རྒྱུ་སྨྲས་མེད་དུ་སྣང་། དེ་ལ་བརྟེན་ནས་ངས་ལས་དོན་འདི་ལ་དམིགས་བསལ་གྱིས་བདེ་ལེགས་ཤིས་ཚིག་འབུལ་འདོད་ཡོད། འོན་ཀྱང་སྔོན་དཔག་བྱས་པ་རྣམས་མ་འོངས་པའི་ནང་དུ་ཇི་བཞིན་འབྱུང་དགོས་པའི་ངེས་པ་མེད་དེ། འཛམ་གླིང་འདིར་བྱོན་པའི་སྔོན་དཔག་མཁས་པ་རྣམས་ཀྱིས་སྔོན་དཔག་བྱས་པ་ཐོག་ཏུ་ཁེལ་མ་ཁེལ་ཅི་རིགས་ཤིག་མཆིས་སོ། །

    Reply
  39. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཚོགས་འདུའི་འཇུག་སྡོམ་ཇི་འདྲ་ཞིག་བྱེད་གི་ཡིན་ནམ

    Reply
  40. གྲྭ་རྒོད says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་གི་ངོས་ནས་མཐར་ཕྱིན་སློབ་མ་དག་ལ་མཐོ་རིམ་སློབ་གྲྭ་གསར་འཛིག་གི་འཁོར་ཡུག་ཞིག་སྐྲུན་ཐུབ་ན་མའོང་བོད་བསྟན་པ་ཆབ་སྲིད་ལ་ཕན་ངོས་ཞིག་རེད་ལ་ད་ལྟ་བོད་ལ་དགོས་པ་ཡང་དེ་རེད་བསམ་གི་འདུག་སང་སང་གི་རྣམ་པ་ཇི་ལྟར་བྱས་ཀྱང་དོན་དངོས་ཐོག་ཤེས་ཡོན་ཡར་རྒྱས་གཏོང་མ་ཐུབ་པ་ཡིན་ན་རང་ཉིད་རང་གི་རྐང་པའི་ཐོག་ལུངས་ཐུབ་མེད་ལ་གཞན་གྱི་ཡང་དེ་ལས་ཀྱང་སྐྱོབ་ཐུབ་མེད།

    Reply
  41. གྲྭ་རྒོད says:
    ལོ་ 15 སྔོན།

    གཞུང་ཞབས་དག་གི་འབྱུང་འགྱུར་གི་ལོ་ལྔ་བཅུ་ཟེར་བ་དེ་གང་འདྲ་ཞིག་གི་ཐོག་ནས་ཚོལ་དཔགས་ཇི་ལྟར་བྱས་པ་ཞིག་ཡིན་ལོ་ལྔ་བཅུ་ཟེར་དགོས་དོན་གང་ཡིན།འདས་ཟིན་པའི་ལོ་དག་གི་ནང་ཞིབ་དཔྱོད་བྱས་དེ་མའོང་བོད་འདི་མི་རིགས་གཞན་དང་ཉམས་དུ་འགྲོ་ཐུབ་ཡོངས་པ་ལ་ཤེས་ཡོན་གྱི་འཛུགས་སྐྲུན་ཐོག་ཡར་རྒྱས་གཏོང་ཐུབ་ལ་འཆར་གཞི་ཞིག་བཟོས་ཏེ་ལག་ལེན་དངོས་ཀྱི་ཐོག་འཐུས་ཤོར་དུ་མ་སོང་བ་ཞིག་བྱེད་ཐུབ་ན་དོན་འབྲས་ཆེན་པོ་མཐོང་།

    Reply
  42. Bhu Nyonpa says:
    ལོ་ 15 སྔོན།

    ཡག་པོ་འདུག། གཞུང་ཞབས་ཚོས་ཁང་པའི་ནང་ལ་མ་འོངས་སྔོན་བསུས་ཀྱི་སྒྲུང་གཏམ་བཟོ་འཆར་འདུག་ན་ང་ཚོ་དྲ་གྲོགས་ཚོས་ཀྱང་དེ་ལ་བསམ་ཚུལ་དཔྱིས་ཕྱིན་པ་ཞིག་བྱས་ན་བཟང་བ་མེད་འགྲོ།

    Reply
  43. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རིག་འབྱུང་དོན་བཀྲ་ལགས། ད་རེབ་ཀྱི་འདི་ནི་འཆར་སྣང་བགྲོ་གླེང་རེད། དེ་བས་འདི་ཡག་པོ་རེད་འདོད། བཙན་བྱོལ་བོད་གཞུང་གིས་འབྱུང་འགྱུར་གྱི་མི་ལོ་ ༥༠ རིང་ལ་ཅི་འབྱུང་ཅི་འགྱུར། ཅི་དགའ་གང་ལེགས་ཀྱི་འཆར་སྣང་བགྲོ་གླེང་བྱ་བཞིན་པ་རེད།

    དེང་རབས་ཀྱི་དཀོན་མཆོག་གསུམ་ནི་༼རང་དབང་། འཆར་སྣང་། གསར་གཏོད། ༽གསུམ་རེད།

    ང་ཚོར་གོང་གི་དཀོན་མཆོག་འདི་གསུམ་ལས་རང་དབང་དཀོན་མཆོག་ནི་ཡོད་པ་རེད། འཆར་སྣང་དཀོན་མཆོག་ནི་ཁག་ཙམ་རེད། དེར་བརྟེན་གསར་གཏོད་དཀོན་མཆོག་ནི་གོར་ཐིག་ཙམ་རེད།

    དེ་རིང་འཆར་སྣང་དཀོན་མཆོག་གི་ཐད་ལ་བགྲོ་གླེང་བྱེད་ཀྱིན་པ་ནི་ཡག་རྟགས་ཤིག་རེད། འཆར་སྣང་ཡོད་སོང་ན་གཞི་ནས་གོམ་རིམ་གསུམ་པ་དེར་སྤོ་དགོས་པ་རེད། དེ་ནི་གསར་གཏོད་ཀྱི་རིམ་པ་རེད།

    Reply
  44. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱི་མི་ལོ་ལྔ་བཅུ་ནི་འདས་པའི་མི་ལོ་ལྔ་བཅུ་ལས་ཆེས་གལ་གནད་ཆེ་བ་དང་སྤྱི་སྨན་བྱ་འགུལ་དང་ལས་དོན་བསྒྲུབ་རྒྱུ་མང་པོ་ཡོད་པས་།་
    བཀའ་བློན་རྣམས་ཀྱིས་བཀའ་སློབ་གནོངས་།་
    སྤྱི་འཐུས་རྣམས་ཀྱིས་སྤྱི་སྨན་དགོངས་འཆར་གསུངས།་
    གཞུང་ཞབས་རྣམ་པས་གཞུང་གི་ཞབས་་ཕྱི་སྒྲུབས།
    འབྱུང་འགྱར་ལྔ་བཅུའི་བགྲེ་གླེང་ལེགས་འགྲུབ་ཤོག

    Reply
  45. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ང་མགོ་འཐོམས་སོང་། འབྱུང་འགྱུར་གྱི་ལོ་ལྔ་བཅུར་བགྲོ་གླེང་བྱེད་ཀྱི་འདུག་ལབ་ན། ང་ཚོས་དོན་དངོས་སུ། འབྱུང་འགྱུར་གྱི་ལོ་བཅུའི་རིང་གི་འགྱུར་བ་ལ་ཚོད་དཔག་རྒྱག་ཐུབ་ཀྱི་ཡོད་དམ། འབྱུང་འགྱུར་གྱི་ལོ་ལྔའི་འགྱུར་བ་ལ་ཚོད་དཔག་རྒྱག་ཐུབ་ཀྱི་ཡོད་དམ། འཛམ་གླིང་གི་ཤར་ནུབ་ཀྱི་རྒྱལ་ཁབ། དཔལ་འབྱོར་ཡག་པ། ཆབ་སྲིད་བརྟན་པ། སྒྲིག་འཛུགས་ཚགས་ཚུད་པའི་ལུང་པ་དག་གིས་ཀྱང་། འབྱུང་འགྱུར་གྱི་ལོ་ལྔ་བཅུར་བགྲོ་གླེང་བྱེད་ཀྱི་མི་འདུག ལོ་ལྔ་དང་བཅུ་དེ་གནད་འགག་ལ་བཟུང་ནས་བགྲོ་གླེང་བྱེད་ཀྱི་འདུག འཆར་འགོད་བྱེད་ཀྱི་འདུག ༧གོང་ས་མཆོག་གིས། གྲ་སྒྲིག་སྡུག་ས་ནས་བྱོས། རེ་བ་བཟང་ས་ལ་རྒྱོབས་ཞེས་གསུངས་ཡོད། ད་ལྟའི་འཛིན་སྐྱོང་འདིས་འབྱུང་འགྱུར་གྱི་ལོ་ལྔ་བཅུའི་འགྱུར་བ་མཐོང་ནས། འཆར་གཞི་འདིངས་ཀྱི་ཡོད་ན་ནི་མི་ཤེས། གཞན། འབྱུང་འགྱུར་གྱི་ལོ་ལྔ་དེ་གནད་འགག་ལ་བཟུང་། དེ་ལ་བགྲོ་གླེང་བྱས། ལྷག་པར་དུ་བོད་ནང་གི་རྒྱ་ཆེའི་མི་མང་གཙོར་འཇོག་གི་སྒོ་ནས་། བགྲོ་གླེང་དང་འཆར་གཞི་བསྒྲིག་ན་དགེ་ཕན་ཆེ་བ་མེད་འགྲོ་བསམ། འདི་ངེད་ཀྱི་རྨོངས་འཆར་ཙམ་ཡིན། དེ་ཙམ་བྱོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese