མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྱུ་རྩལ་དང་རིག་གཞུང་།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༣ པའི་ཚེས་མགོར་བོད་གཞུང་ཟློས་གར་ཚོགས་པས་ཐའེ་ལན་ཌིའི་རྒྱལ་སར་བོད་ཀྱི་གཞས་སྣ་རིགས་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༦  ཉིན་ ANI དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན།  ཕྱི་ཟླ་ ༣ པའི་ཚེས་ ༥ ནས་ ༡༠ བར་བོད་གཞུང་ཟློས་གར་ཚོགས་པས་ཐའེ་ལན་ཌིའི་རྒྱལ་ས་བྷན་ཁོག་གི་སྒྱུ་རྩལ་དང་རིག་གཞུང་ལྟེ་གནས་སུ་བོད་ཀྱི་གཞས་སྣ་འཁྲབ་སྟོན་བྱ་རྒྱུ་ཡིན་འདུག་ལ།  དེ་ནི་ཐེབས་རྩ་ཁང་   the Sathirakoses Nagapradipa Foundation  ཞེས་པའི་གོ་སྒྲིག་ལྟར་བོད་ཀྱི་ཆོས་རིག་དང་སྒྱུ་རྩལ་སོགས་ཐའེ་ལན་ཌིའི་མི་མང་ལ་ངོ་སྤྲོད་བྱ་ཆེད་ཡིན་འདུག འཁྲབ་སྟོན་ཀྱི་སྐབས་དང་བསྟུན་ནས་བོད་ཀྱི་རིག་གཞུང་ངོ་སྤྲོད་ལས་གཞན་ད་དུང་བོད་དོན་དང་འབྲེལ་བའི་གསུང་བཤད་དང་བགྲོ་གླེང་སོགས་གནང་རྒྱུ་རེད་ལ། བོད་ཀྱི་ཐུན་མོང་མིན་པའི་དཀྱིལ་འཁོར་བཞེངས་སྟངས་དང་ཐང་ཀ དེ་བཞིན་བརྐོས་བཀྲོལ་སྒྱུ་རྩལ་སོཊ་ཀྱང་འགྲེམ་སྟོན་བྱ་རྒྱུ་རེད། ཐེངས་འདིའི་གསུང་བཤད་གནང་མཁན་ལ་༧གོང་ས་མཆོག་གི་གསུང་སྒྱུར་དགེ་བཤེས་དགྲ་འདུལ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མ་སོགས་ཕེབས་ཡོད་འདུག གཞས་སྣ་འཁྲབ་སྟོན་དེའི་འཛིན་བྱང་རིན་པར་ཐའེ་སྒོར་ ༡༠༠༠ སྤྲོད་དགོས་ཀྱི་འདུག་ལ་དེ་མིན་གྱི་འགྲེམས་སྟོན་གཞན་རྣམས་རིན་མེད་དུ་འབུལ་རྒྱུ་ཡིན་འདུག

འདི་ནི་བོད་གཞུང་ཟློས་གར་ཚོགས་པ་ཐའེ་ལན་ཌིར་ཕྱོགས་བསྐྱོད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 7

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རིག་གཞུང་ཁྲབ་རྒྱུ་དང་རིག་གཞུང་གྱོན་རྒྱུ་ད་དུང་རིག་གཞུང་ཟ་རྒྱུ་སོགས་ཁས་མི་ལེན
    ཟློས་གར་ཁྲབ་པ་དང་དེ་ཡང་བོད་མིའི་རིག་གཞུང་ཡིན་པ་ལས་རིག་གཞུང་ཁྲབ་ནི་མ་རེད་འདོད
    ཅི་རེད་ལྕགས་ཞྭ་གྱོན་མཁན་ལ་འདི་འདྲའི་དམའ་འབེབས་བྱེད་དོན
    རང་དབང་རེད་ཅི་བྱེད་ན་བྱེད་གི་ཞོག

    Reply
  2. བུ་སྨྱོན་པ། says:
    ལོ་ 16 སྔོན།

    སྐད་ཆ་ཆོ་མེད་ཀྱང་ཀྱང་ཤོད་པ་ལས་ལྕགས་ཞྭ་གྱོན་ཏེ་ངོ་ཚ་ཁྲེལ་དང་བྲལ་བའི་ཀླད་ཆུང་དག་ལ་མ་ནོར་ལམ་བཟང་སྟོན་འགྱུར་ཐབས་ཤེས་བཏང་ན་བཟང་། བོད་གཞུང་ཟློས་གར་གྱིས་ད་བར་ཞབས་འདྲེན་བཞག་པའི་སྐད་ཆ་གོ་ཐོས་གང་ཡང་མ་བྱུང་ལ་དེ་བས་ད་རེས་ཀྱི་ཁྲབ་སྟོན་ལ་གཟབ་གཟབ་གསིག་གསིག་གི་བོད་པའི་རིག་གཞུང་སྤུས་དག་པ་ཞིག་འཁྲབ་ངེས་རེད། བོད་མིའི་ཞབས་འདྲེན་ཟེར་བར་ཞེད་ན་དང་པོ་ལྕགས་ཞྭ་གྱོན་པའི་འདྲེ་དག་བཏུལ་དགོས།
    སྤྱོ་ལབ་མུ་མཐུད་ནས་རྒྱབ་ཀྱི་ཡིན་ནོར་འཁྲུལ་ཡོད་ན་ངོས་ལེན་དང་དགོངས་བསེལ་ཡོད།

    Reply
  3. བུ་སྨྱོན་པ། says:
    ལོ་ 16 སྔོན།

    ག་རེ་ཡིན་ནས་ཡིན་ཁོང་རྣམས་ཀྱིས་བོད་པའི་ཐུན་མིན་རིག་གཞུང་དེ་ཁྱབ་བསྒྲགས་ཡག་པོ་ཞིག་མ་བྱུང་ཡང་ཞབས་འདྲེན་མི་ཞུ་བའི་སྨོན་འདུན་ཞུ།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཅི་ཞིག་འཁྲབ་རྒྱུ་ཡིན་ནམ
    ང་ཉིན་ཞིག་ཟློས་གར་ཁང་དུ་འགྲོ་མྱོང་།་ངོ་མ་བཤད་ནི་ཡིན་་་བོད་གཞུང་ཟློས་གར་ཁང་ཟེར་ན་གཏད་ནས་མི་འོས་འདུག
    རྫོངས་ཆུང་ངུ་ཞིག་གི་ཟློས་གར་ཁང་ལ་འགྲན་ཟླ་ཡོང་རྒྱུ་མ་རེད་ཡ་
    ངོ་མ་ཐང་ཆད་ཐ་་་་་་་་་་་་སྐད་གྲགས་མ་ཐོབ་ཅིང་ཞབས་འདྲེན་མི་ཞུས་པར་ཤོག

    Reply
  5. གངས་མྱུག says:
    ལོ་ 16 སྔོན།

    ཟློས་གར་ཚོགས་པས་ཀྱང་ཕྱི་རྒྱལ་ཁག་ལ་ཕེབས་སྐབས་བོད་ནང་གི་སྐྱོ་གར་གཏམ་བརྗོད་ཞིག་འཁྲབ་སྟོན་བྱ་རྒྱུ་གལ་ཆེ་བར་སྙམ།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་གཞུང་ཟློས་གར་ཚོགས་པའི་གླུ་གཞས་དང་འཁྲབ་སྟོན་དགའ་བསུ་གཞི་ནས་མེད། དེའི་རྒྱུ་མཚན་ཁོས་ཚོས་ཐ་ན་བོད་སྐད་ཡག་པོ་ཚམ་ཞིག་ཀྱང་བཤད་ཤེས་ཀྱིན་མེད་ཐོག་ཟློས་གར་ཐེབ་ཆག་ཚམ་དང་གླུ་བྲོ་ཉོབ་ཐོ་ཁ་ཤས་མ་གཏོགས་བལྟ་ས་ཅི་ཡང་མེད་ཡ།

    Reply
  7. སྒྱུ་མ says:
    ལོ་ 16 སྔོན།

    སྔོན་མ་རང་རེ་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཨེ་ཤེ་ཡའི་གླིང་གི་རྒྱབ་ཁབ་ཁག་ཡིན་མོད། བར་སྐབས་ཤིག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ནི་ཨ་རི་དང་། ཡོ་རོབ་སོགས་ཀྱི་རྒྱབ་ཁབ་ཡིན་པར་འདུག འོན་ཀྱང་རང་ཅག་གིས་ཨེ་ཤི་ཡའི་གླིང་གི་རྒྱབ་ཁབ་ཁག་དང་འབྲེལ་བ་ཇེ་དམ་དུ་གཏོང་རྒྱུ་ནི་རང་རེ་མ་འོངས་པ་དང་འབྲེལ་བ་དམ་པོ་ཞིག་ཡོད་པར་སྣང་། རྒྱུ་མཚན་དེ་ལ་བརྟེན་ནས་ཐེངས་འདིའི་འཁྲབ་སྟོན་དེ་ཡང་ལེགས་ཕྱོགས་ཀྱི་གནས་ཚུལ་ཞིག་ལ་བརྩིས་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese