མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕུར་མཆོང་གི་འཕེལ་རྒྱས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ལྷན་ཁང་གི་འགན་འཛིན་གཞོན་པ་ཧྭའོ་ཕེང་གིས་རྒྱལ་སྤྱིའི་གསར་འགོད་པ་ཁག་ཅིག་ལ། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བ་སྐོང་ཚོགས་བྱས་པ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འཕུར་མཆོང་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན་ཡོད་སྐོར་དང་། བོད་ལྗོངས་འཕེལ་རྒྱས་གཏོང་བའི་དམིགས་འབེན་གྱི་ལས་གཞིའི་རྣམ་གྲངས་མང་བ་དང་། གོང་རིམ་ནས་མ་དངུལ་གྱི་རོགས་སྐྱོར་བྱེད་སྟངས་འདི་ལྟ་བུ་སྔར་བྱུང་མ་མྱོང་བ་ཞིག་ཡིན་སྐོར་བརྗོད་འདུག 

 

ཁོས་མུ་མཐུད་བརྗོད་དོན། ཀྲུང་དབྱང་དབུས་གཞུང་གིས་ཕྱི་ལོ་ ༢༠༡༡ ནས་ ༢༠༡༥ བར་བོད་ལྗོངས་སུ་མ་དངུལ་གཏོང་ཚད་དེ་ ༢༠༠༦ ནས་ ༢༠༡༠ བར་གྱི་འགྲོ་གྲོན་དང་བསྡུར་ན་ལྡབ་གཉིས་ཙམ་འཕར་རྒྱུ་ཡིན་པ་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་ཚོ་བ་ལེགས་བཅོས་ཨང་དང་པོར་འཇོག་རྒྱུ་རེད། ༢༠༡༠ ནས་ ༢༠༡༥ བར་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བྱིས་པར་སློབ་ཡོན་མི་དགོས་པའི་ཁེབས་ཚད་ཇེ་ཆེར་བཏང་སྟེ། ཞིང་འབྲོག་པའི་ལོ་དགུའི་ལམ་ལུགས་རིན་མེད་འོས་འགན་སློབ་གསོ་དེ། སློབ་ལོ་མ་ལོན་གོང་གི་སློབ་གསོ་ནས་ཆེད་སྦྱོང་སློབ་གསོའི་བར་གྱི་ལོ་ ༡༢ རིང་སློབ་ཡོན་མི་དགོས་པ་བྱས་ཏེ། རིན་མེད་སློབ་གསོ་མྱོང་མཁན་གྱི་སློབ་མ་གྲངས་ལྔ་འབུམ་ ༥༠༠༠༠༠ ལས་བརྒལ་བ་བྱ་རྒྱུ་ཡིན། དཀའ་ངལ་ཡོད་པའི་སློབ་མའི་ཁ་གསབ་རོགས་དངུལ་ཇེ་མཐོར་བཏང་སྟེ། འབྱུང་འགྱུར་དཀའ་ངལ་ཡོད་པའི་སློབ་མ་རེར་རོགས་དངུལ་རྒྱ་སྒོར་ ༣༠༠༠ ཙམ་ལ་སྤར་ཆ་གཏོང་རྒྱུ་ཡིན། ཞེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

 

གཞན། བོད་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། ༢༠༡༠ ནས་ ༢༠༡༥ བར་གྱི་ལོ་ལྔ་ཚན་བཅུ་གཉིས་པའི་རིང་ལ། ལྷ་ས་ནས་གཞིས་ཀ་རྩེ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་དང་། དེ་གཉིས་ལ་འགྲོ་གྲོན་ཁྱོན་བསྡོམས་རྒྱ་སྒོར་དུང་ཕྱིར་ ༣༦༠ ཙམ་གཏོང་འཆར་ཡོད་འདུག བོད་ལྗོངས་ཀྱི་འགྲིམ་འགྲུལ་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་། ད་ལོར་གཞུང་ལམ་འཛུགས་སྐྲུན་ཐད་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༧༠ བཏང་སྟེ་ཞང་རེ་རེར་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་འདུག ད་ལོའི་ལོ་མཇུག་ལ་སླེབས་སྐབས། བོད་ལྗོངས་ས་ཁུལ་གྱི་ཆ་རྐྱེན་སྐྱོ་བའི་ཁྱིམ་ཚང་ཉིས་འབུམ་ ༢༠༠༠༠༠ ཙམ་གྱི་འཚོ་བར་ལེགས་བཅོས་བྱ་རྒྱུ་ཡིན་སྐོར་ཡང་བསྒྲགས་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༢༠ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 3

  1. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    རྒྱ་གུང་ཁྲན་དྲིན་ཅན་ཕ་མ་རེད།དངུལ་སྒོར་མོ་ཆར་པ་འབབ་འབབརེད།ད་དངོས
    ནས་རྒྱ་མི་སྲིད་རྒུད་འགྱུར་བ་འགྲོ་གི་འདུག།བོད་མི་རྣམས་རྗེས་ལུས་ཅན་གྱི་རྣམ་
    ལས་འགྱུར་བ་བཏང་གི་འདུག།ལུང་ཁུག་བྱིས་པ་རྣམས་ལ་བློ་སྦྱོང་གི་གོ་སྐབས་
    སྤྲོད་པ་འདི་ཧ་ཅང་གི་ལེགས་པོ་རེད།བོད་མི་རྣམས་ཀྱི་གོ་སྐབས་འདི་ངས་པར་དུ་
    ལེན་དགོས་ཀྱི།ཡིན་ན་ཡང་བོད་མི་རྣམས་མགོ་བསྐོར་བསླུ་ཁྲིད་གྱི་དབང་དུ་མ་
    སོང་བ་དགོས་གལ་ཆེ་བ་རེད།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ཁ་གཡང་ཅི་ཙམ་བསྒྲགས་རུང་དོན་དངོས་ལ་བབས་ཚེ་ཁེ་ཕན་ཚང་མ་ས་གནས་དེ་དག་ཏུ་ཡོད་པའི་རྒྱ་རིགས་ཚོར་ཐོབ་འགྲོ་གི་རེད། གནས་ཚུལ་འདི་དག་ནི་སྔོན་ཆད་ནས་ད་བར་བྱུང་བའི་དོན་དངོས་རེད། འབྱུང་འགྱུར་ཡིན་རུང་གཅིག་པ་རེད། ཁེ་ཕན་ཚང་མ་རྒྱ་མིས་འཁྱེར་འགྲོ་གི་རེད། འབྱུང་འགྱུར་གྱི་ལོ་ངོ་བཅུའི་རྗེས་སུ་ཡིན་རུང་ས་གནས་ཀྱི་ཞིང་འབྲོག་བོད་མི་དམངས་ཚོས་སྔར་བཞིན་ཉམ་ཐག་གི་འཚོ་བར་རོལ་བཞིན་ཡོད་པ་རེད། མི་བདེན་བསམ་ན་རྗེས་ནས་བལྟས་ཤོག་ཨྰ།

    Reply
  3. lobsang says:
    ལོ་ 16 སྔོན།

    རྒྱ་གང་ཁྲན་གྱིས་བོད་མི་རྣམས་དངུལ་གྱིས་ཉོ་དགོས་བསམ་ནི་རེད་ ཡིན་ཡང་གོ་སྐབས་ལེན་དགོས་ནི་རེད བོད་པ་བོད་ནས་སྐྱིད་དགོས་ནི་རེད་ རྒྱ་རྒྱ་ཡུལ་ནས་སྐྱིད་པའི་དཔེ་ལྟར་རོ།། ༢༠༠༨བོད་བཞུགས་ སྐུ་གཤེགས་དཔའ་བོ་རྣམས་ཀྱིས་དྲིན་ཡང་ཡིན་ནི་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese