མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་ཐོ་ལ་ངོས་ལེན་མེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ བ་དེ་ཟླ་སྔོན་མའི་ཕྱི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ཚོགས་ཡོད་པ་དང་། སྐབས་དེར་ས་གནས་སུམ་ཅུ་སོ་གཉིས་ནས་ཚོགས་བཅར་བ་ ༧༨ ཙམ་ཞུགས་ཡོད་འདུག ཚོགས་ཐོག་ཏུ་༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་མདོ་ཁམས་ཆུ་སྒང་གི་ཐོག་མའི་དམིགས་ཡུལ་ལྟར་བོད་རང་བཙན་སྒྲུབ་ཕྱོགས་སྐོར། སྐབས་བཅོ་ལྔ་བའི་མདོ་སྟོད་ཀྱི་སྤྱི་འཐུས་འོས་འདེམས་སྐོར། དེ་བཞིན། འབྱུང་འགྱུར་ཆུ་སྒང་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་བཅས་ལ་གྲོས་ཆོད་ ༡༠ ཙམ་བཞག་ཡོད་འདུག

མདོ་ཁམས་ཆུ་སྒང་གི་ཐོག་མའི་དམིགས་ཡུལ་ལྟར། བོད་རང་བཙན་སྒྲུབ་ཕྱོགས་སྐོར་གྱི་གྲོས་ཆོད་ནང་བཀོད་དོན། འཛམ་གླིང་ཤར་ནུབ་ཁག་གི་བོད་དོན་རྒྱབ་སྐྱོར་བ་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་སོགས་ལ་འདས་པའི་ལོ་རྒྱུས་ཐོག བོད་རང་བཙན་གཙང་མ་ཡིན་པའི་ངོ་སྤྲོད་དང་ད་ལྟའི་བོད་ཀྱི་ཡ་ང་བའི་གནས་སྟངས། གཞིས་བཞུགས་བོད་རིགས་ཚོའི་མངོན་འདོད་ངོ་མ་དེ་རང་བཙན་ཡིན་པའི་གནས་ལུགས་བཅས་ཡིག་ངག་གཉིས་ཐོག་ནས་དུས་ནས་དུས་སུ་འབྲེལ་བ་ཞུ་རྒྱུ་དང་། ༧གོང་ས་མཆོག་གི་བཀའ་དགོངས་དང་མི་འགལ་བ་བྱ་རྒྱུ་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་དམ་བཅའ་ཡིན། བློ་ཕམ་པ་ཞིག་ལ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༩ ཉིན་དམིགས་བསལ་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆར་རྒྱ་ཕྱོགས་ནས་དྲན་ཐོ་ཞེས་པའི་མིང་འདོགས་འོག ནང་དོན་སྣ་གཅིག་ལའང་ངོས་ལེན་མེད་པའི་བཤད་སྟངས་སོགས་རང་ཕྱོགས་དང་གཞན་ཕྱོགས་གཉིས་ཀའི་ངོ་སྤྲོད་དང་། དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ནས་ངོས་ལེན་གཏན་ནས་མེད་པའི་གྲོས་ཆོད་བཞག་པ་ཡིན། ཞེས་བཀོད་འདུག

ཡང་གྲོས་ཆོད་ནང་སྐབས་བཅོ་ལྔ་བའི་མདོ་སྟོད་ཀྱི་སྤྱི་འཐུས་འོས་གཞི་འདོན་ཕྱོགས་སྐོར་བཀོད་དོན། ས་གནས་ཁག་ནས་འོས་གཞི་མི་གངས་ ༡༠ ལས་གྲུབ་པ་ཞིག་གཏན་འབེབས་ཀྱིས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་འབུལ་རྒྱུ་དང་། དེའི་རྗེས་སྔོན་འགྲོ་དང་དངོས་གཞིའི་འོས་གཞི་གཏན་འབེབས་གནང་དགོས། མཐའ་མའི་ཐག་གཅོད་ནང་མང་མོས་རྩེ་ཏོག་གིས་འོས་གཞི་མི་གྲངས་ ༡༠ ལས་སྐྱེས་བ་ ༨ དང་། བུད་མེད་ ༢ དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གཏན་འབེབས་གང་གནང་ལ་རྩ་འཛིན་བྱ་རྒྱུ་ལས་དེ་མིན་འོས་གཞི་འདྲ་མིན་བྱུང་རིགས་ལ་ངོས་ལེན་མེད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 97

  1. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    སྐབས་དེར་ཕེབས་པའི་མི་དེ་ཚོ་ཤུགས་ལྡན་བསྟེན་གསོལ་བྱེད་མཁན་ཡིན་མིན་མི་ཤེས་ འོན་ཀྱང་ ༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་མང་གི་ལངས་ཕྱོགས་ལ་ངོས་རྒོལ་སྐད་འབོད་བྱེད་མཁན་མི་ངོ་མ་བསླེབ་ཡོད་པ་དེར་ཡོད་མི་ཚང་མིའི་མིག་འཐོང་ལགས་ཟིན་རེད་
    གལ་སྲིད་ཁྱོད་ཀྱི་གསུང་པ་ནང་བཞིན་ སྐབས་དེར་ཆུ་སྒང་ཚོགས་གཙོ་རང་ངེས་ནས་མཛད་སྒོ་དེར་ཞུགས་པ་ལས་ ཚོགས་པའི་ངེས་ནས་མ་ཡིན་ན་ དེ་རྗེས་བདུན་ཕྲགས་ཁ་ཤས་ཞིག་གིས་རྗེས་སུ་ ཆུ་སྒང་རྒྱུན་ལས་ཚོ་བརྐང་དགོས་དོན་གང་ཡིན་ནམ གྲོགས་པོ་ལགས་ངས་ཁྱེད་རང་དེའི་གྲལ་དུ་མིན་པའི་རེ་བ་ཡིན དེ་རེས་གཟའ་སྤེན་པ་ཡིན་པས་ལྷོད་ལྷོད་བྱས་ནས་ཁ་བཟླ་བྱེད་དགོས

    Reply
  2. ཨ་ཟླ་བ། says:
    ལོ་ 15 སྔོན།

    ཅོ་རི་ཉིམ་ལགས་ཀྱིས་གསུངཔ་ལྟར་རེད།ཆོས་ལུགས་སྤྱི་འཐུས་མི་དགོས་ན་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དེ་བསྐྱར་བཅོས་བྱ་དགོས་པར་འདོད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གཞན་རྡ་སའི་མི་དྲག་སྐུ་དྲག་ཚོ་ཧ་གོ་་་་་་ཅི་འདྲ་ཡིན་་་་་་་་དྲང་བདེན་དང་བོད་མི་ཉམ་ཐག་གི་འཚོ་བའི་དཀའ་སྡུག་མཐོང་ཐུབ་མཁན་ཡིན་དང་མིན་སེམས་ལ་གསལ་ལེ་ཡོད།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ངས་བསམ་ཚུལ་ལ་སྤྱི་འཐུས་གྲོས་ཚོགས་རྭ་བ་ནང་དུ་ཤེས་ཡོན་དང་རྒྱུ་འབྲས་ལ་བརྩི་སྲུང་བྱས་མཁན་གྲྭ་བ་སྤྱི་འཐུས་ཚོ་ལ་འདི་འདྲ་སྙིང་ན་དགོས་དོན་ནི། དཔོན་ངན་ཟ་ངོམས་ཅན་ཚོའི་རང་དོན་སྒྲུབ་པ་ལ་འགོག་རྐྱེན་སོང་བ་རེད་འདོད།
    གཞན་སྤྱི་འཐུས་གྲོས་ཚོགས་ར་བ་ནང་དུ་ཆོས་རྒྱུད་ཁག་གི་སྤྱི་འཐུས་ལས་ཡག་བའི་སྤྱི་འཐུས་མི་འདུག་སྙམ།
    ཅི་དང་གང་གི་ཐད་ནས་་་་་ཤེས་ཡོན་་་་་་༧གོང་ས་མཆོག་གི་བཀའ་ལ་བརྩི་སྲུང་་་་་་་་་་ཚེ་འདི་ཕྱི་ལས་རྒྱུ་འབྲས་་་་་་་་་་་་སྤྱི་དངུལ་ལྐོག་ཟ་མི་བྱས་པ་་་་་་རིག་ལམ་ཡག་པོ་ཡོད་པ་་་་བཅས་ཀྱི་ཆ་ནས་གྲྭ་བ་སྤྱི་འཐུས་ལས་ཡག་བ་མི་འདུག་གོ

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཆོས་རྒྱུད་ཁག་གི་སྤྱི་འཐུས་མི་དགོས་་་་་་་་་་་་་ཆོས་ལུགས་ཁག་གི་ཆབ་སྲིད་པ་མི་དགོས་་་་་ཆོས་ལུགས་པར་ཆོས་བྱེད་དབང་མ་གཏོགས་ཆབ་སྲིད་བྱེད་དབང་མེད་ཟེར་གྱིས་ཡོད་དམ།་་་་་་་་རྒྱ་ནག་གཞུང་གིས་ཀྱང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆོས་ལུགས་པའི་ཆབ་སྲིད་ལས་ཀ་མི་བྱེད་པའི་ཆེད་དུ་ལས་འགན་སྦེལ་བ་རེད།

    ད་ཁྱེད་ཚོས་ཀྱང་་བཙན་བྱོལ་ནང་གི་ཆོས་རྒྱུད་ཁག་ལ་རྒྱལ་གཅེས་ཆོས་ཟེར་བའི་ལས་འགན་སྦེལ་རྩིས་ཡོད་དམ།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དབྱིན་མིང་ཅན་རྒྱ་མཚོ་ལགས།

    ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ལབ་ཁུལ་བྱས་མཁན་ཁྱེད་མིན་པ་བོན་རྒྱ་ཟེར་བ་ཅིག་ཀྱང་སླེབས་སོང་ཁྱེད་ཚོ་དམིགས་ཡུལ་ཆོས་རྒྱུད་ཀྱི་སྤྱི་འཐུས་མི་དགོས་ཟེར་ཁུལ་བྱས་ནས་དོན་དུ་ཁམས་པའི་གྲྭ་པ་སྤྱི་འཐུས་མི་ཟེར་བ་མ་ཡིན་ནམ།

    དཔེར་ན།་ཁྱེད་ཀྱི་མཆན་བུ་ནང་དུ་དོན་དམ་པར་གྲྭ་ཚང་ཁག་གི་ཤུགས་ཆེ་ཆུང་དང་དེའི་ནང་ནས་ཆོལ་ཁའི་ཤུགས་ཆེ་ཆུང་གི་ཐོག་ནས་ཐོན་གྱི་ཡོད་པ་རེད། ཞེས་གསུངས་ལུགས་ལྟས་ན་ཁམས་པའི་གྲྭ་བ་སྤྱི་འཐུས་ནང་དུ་མང་པོ་མི་ཡོང་བའི་ཐབས་ཤེས་མ་གཏོགས་བོད་སྤྱི་པའི་དོན་དུ་བསམ་བློ་གཏོང་པ་མ་རེད་འདོད།

    སྐད་ཆ་ཁ་ཐུག་གསུངས་དང་ཁམས་པའི་མི་དགྲ་ཆེ་བ་བརྩི་བཞིན་ཡོད་དམ་རྒྱ་དམར་པོ་དགྲ་ཆེ་བ་བརྩི་བཞིན་ཡོད་དམ།་་་་་་་ཐུགས་རྗེ་གཟིགས་ཁ་ཐུག་གསུང་རོགས།

    Reply
  7. ཨ་ཟླ་བ། says:
    ལོ་ 15 སྔོན།

    འཇང་ཕྲུག་ལགས། སྐབས་དེར་འགྲོ་མཁན་ཚོས་གནའ་སྐྱེལ་དམ་བཅའ་ཟིན་པའི་གྲ་ལོག་ཁག་རེད། མི་འགྲོིསྡོད་མཁན་ཚོས་གནའ་སྐྱེལ་བྱེད་མེད་མཁན་ཚོ་རེད། བོད་གཞུང་གིས་ཀྱང་དགོན་པ་ཚོར་མ་གཏོགས་མི་སེར་ཚོར་གནའ་སྐྱེལ་དགོའ་པ་བཤད་ཚོད་མི་འདུག

    Reply
  8. གྲྭ་རྒོད says:
    ལོ་ 15 སྔོན།

    ཆོས་རྒྱུད་སྤྱི་འཐུས་དགོས་མིན་ལ་གླེང་སློང་རེ་བྱའདོད་ཡོད།ཆོས་རྒྱུད་སྤྱི་མཐུས་དགོས་ངེས་ཡིན་གཞན་དང་གཏན་ནས་མི་འདྲ་བོད་རྒྱལ་ཁབ་ཟེར་ན་འདྲ་གང་ལྟར་བཙན་བྱོལ་བོད་གཞུང་ནི་ཆོས་ལྡན་གྱི་གཞུང་ཞིག་ལ་ངོས་འཛིན་ང་ཚོ་བོད་མི་ཚོའི་ངོས་ནས་བྱེད་དགོས་ལ།དེ་ལྟར་མ་བྱས་ན་བྱེད་མཁན་སུ་ཞིག་ཡོངས་གི་རེད།གཅིག།ཆོས་ལྡན་གྱི་གཞུང་ཞིག་ལ་ངོས་འཛིན་ཡོད་ན་ཆོས་རྒྱུད་ཁག་གི་མཐུས་མི་ཞིག་ངེས་པར་དུ་དགོས།དེ་འགྲོ་ལུགས་ཞིག་རེད།འོན་ཀྱང་སྔོན་གྱི་གདན་ས་ཁག་གི་ཆོས་ལུགས་སྤྱི་མཐུས་དེ་ཚོ་དང་གཞན་ཆོས་རྒྱུད་ཁག་འགའ་ཞིག་གི་སྤྱི་མཐུས་དེ་ཚོའི་ས་གནས་དེའི་མི་མིང་གི་འཚབ་གཏན་ནས་བྱེད་པའི་ཤེས་ཚུལ་ཡང་མི་འདུག་ལ་ནུས་པ་ཡང་མི་འདུག་མའོང་བར་དེ་འདྲ་ཞིག་མི་ཡོང་བའི་རེ་བ་ཡོད།དེ་ཡག་པོ་ཞིག་རེག་ཐུབ་མི་མིང་ནས་འགན་ལེན་དགོས།

    Reply
  9. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་ཟླ་བ། ངས་སྐབས་དེ་དུས་ཆུ་སྒང་ཚོགས་གཙོ་ཕེབས་པའི་རྒྱུ་མཚན་ཀྱིས་རེད་བྲིས་མེད་ ༧་གོང་ས་སྐྱབས་མགོན་ཆེན་པོ་བོད་སྤྱི་པའི་ལང་ཕྱོགས་ལ་བརྒྱབ་སྐྱོར་ཡོད་མཁན་ཚང་མའི་ཁ་དར་མ་གཏང་བ་ལོགས་འགྲོ་དུས་ ཆུ་སྒང་ཚོགས་གཙོའི་གཙོས་པའི་ སྡེ་དགེ་བ་ཁ་ཤས་ཞིག་གིས་རང་གི་གྲོགས་པོ་དང་ངོ་ཤེས་ཚོ་སྐད་གཏང་བ་དེ་ཁྱོད་ལ་འབྲེལ་བཤད་གང་འདྲ་ཞིག་ཡོད་ན

    Reply
  10. ཨ་ཟླ་བ། says:
    ལོ་ 15 སྔོན།

    རེད་།རེད།ད་ང་ཚོས་ཆོས་རྒྱུད་སྤྱི་འཐུས་དགོས་མིན་ལ་གླེང་སློང་རེ་བྱའོ།

    Reply
  11. GYAMTSO says:
    ལོ་ 15 སྔོན།

    རིག་ཞེན་གྱི་སྤུན་ཟླ་རྣམ་པ་ཚོ། ངེས་པར་དུ་ཆོས་རྒྱུད་ཁག་གི་སྤྱི་འཐུས་དགོས་མིན་གྱི་ཐད་ལ་བགྲོ་གླེང་ཚད་ལྡན་ཞིག་མི་མང་རང་ནས་འགན་ཁུར་ནས་འཚོགས་ཐུབ་ན་ཡག་པོ་མི་འདུག་གམ། མ་གཞི་ད་ལོ་ཚིག་ཤོག་སོགས་བརྒྱུད་ནས་བསམཚུལ་འདྲ་མིན་ཡོང་གི་ཡོད་ནའང་དེ་ཙམ་གྱི་མི་མང་ལ་གོ་རྟོག་སྤེལ་ཐུབ་པ་ཁག་པོ་རེད། ཁ་བརྡ།
    ——————————————————————————–
    ← ༧ གོང་ས་མཆོག་འདི་ལོའི་ཕྱི་ཟླ་ ༥ ནང་ཝི་སི་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་དུ་ཆིབས་སྒྱུར་གནང་རྒྱུ་ཡིན་པ། སྦུར་པས་མགོར་བརྡུང་པ། དངོས་བྱུང་མཚར་གཏམ། →

    ཆོས་བརྒྱུད་སྤྱི་འཐུས་མི་དགོས།
    ཁྱོད་སུ་ཡིན།

    ངས་འདི་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱིས་དགོས་པ་མི་འདུག་ཅེས་དམིགས་སུ་བཀར་ཏེ་བཤད་རྒྱུ་ཡིན་ལ། འདི་ལྟར་བཤད་དོན་ནི་ད་ལྟའི་རང་རེའི་གནས་བབ་དང་སྤྱི་ཚོགས་ཀྱི་བདེ་འཇགས། མ་འོངས་པའི་བོད་ཀྱི་འདུན་ལམ་སོགས་ལ་གཞིགས་ནས་བཤད་པ་ཡིན།
    སྤྱིར་འདས་ཟིན་པའི་དོན་དག་ཅིག་ཡང་དང་བསྐྱར་དུ་གླེང་ན་ཡག་པོ་མི་འདུག་མོད། སྐབས་ཐོག་འདིར་མི་གླེང་ཐབས་མེད་ཅིག་རེད་པས་ངས་ངེས་པར་དུ་གླེང་རྒྱུ་ཡིན།
    ང་ཚོས་ཆོས་བརྒྱུད་སྤྱི་འཐུས་གླེང་ཡོང་ཚེ་ལོ་རྒྱུས་ཤིག་ཀྱང་དྲན་སོས་ཀྱི་མི་འདུག་གམ། ལོ་རྒྱུས་དེར་ད་དུང་ཡང་ཁྲག་དྲིས་ཁྱབ་འདུག་ཨང་། ཁྲག་དྲི་བྲོ་བའི་ལོ་རྒྱུས་དེ་ཀློག་ཚེ། ཡང་ཆོས་བརྒྱུད་ཀྱི་བར་ནས་བྱུང་བ་རེད་ལ། ཆབ་སྲིད་པ་ཚོས་ཆོས་ལུགས་དང་ཆོས་བརྒྱུད་བེད་སྤྱོད་བྱས་པ་ལས་བྱུང་བ་རེད། གནད་དོན་འདི་དག་ལ་གཞིགས་ཚེ། ང་ཚོས་ད་ལྟ་ཕྱིར་རྟོགས་བྱས་ན་ཡང་ད་དུང་ཕྱིས་མི་འདུག་སྙམ། སྤྱིར་ན་ནིང་གི་གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་འགའི་བྱེད་སྟངས་དེས།
    མི་མངོན་པའི་དབྱིངས་ན་ལྐོག་ཏུ་རྣག་འདུག་པའི་སྐྲང་སྦོས་དེ་ཕྱིར་མངོན་པ་རེད་པས། གཅིག་ནས་ཁ་གཏད་ཀྱི་མདུན་ཐད་ནས་ང་ཚོར་ངོ་ཚ་ཆེན་པོ་ཞིག་ཉོ་རུ་བཅུགས་པ་རེད་མོད། ཡིན་ན་ཡང་ཕྱོགས་གཅིག་ནས་བཤད་ན། སྔར་ནས་རྣག་བཞིན་པའི་སྐྲང་འབུར་དེར་སྨན་བཅོས་བྱེད་རན་པའི་ངོས་ཟིན་ཟབ་མོ་ཐོབ་བཅུགས་པ་ཡིན་པས་ཡག་པོ་བྱུང་བ་རེད། ད་ལྟ་ང་ཚོས་ལོ་རྒྱུས་ལ་ཕྱིར་དྲན་དང་འབྱུང་འགྱུར་ལ་ཞིབ་ལྟ་བྱས་ཏེ་མིག་མདུན་གྱི་ལམ་ལྗོངས་ལ་གཙང་སྦྲ་བྱེད་པའི་དུས་ལ་བབས་ཡོད་པ་དང་།
    རང་རེ་ཚང་མས་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཉེ་རང་ཆགས་སྡང་གི་ཕྱོགས་ཞེན་བསྐྱུར་ཏེ། སྐབས་ཐོག་གི་རང་རེའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་དངོས་ལ་གཞིགས་པའི་ལག་ལེན་རྣམ་དག་ཅིག་བྱེད་རན་ཡིན། དེ་བཞིན་ཆོས་བརྒྱུད་ཀྱི་ངོས་ནས་བཤད་ན་ཡང་དེ་མཚུངས་ཏེ། ད་ལྟ་ནི་གྲུབ་མཐའ་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་པའི་དུས་མ་ཡིན་པར་འབྱུང་འགྱུར་དང་བོད་སྤྱིའི་གནས་སྟངས་ལ་བསམ་བློ་གཏོང་བའི་དུས་རེད། ལྷག་དོན་དུས་སྐབས་འདིར་མཚོན་ན། གྲོས་ཚོགས་སུ་ཆོ་བརྒྱུད་ལ་དམིགས་བསལ་གྱི་ལས་དོན་ཡང་ཅང་མེད་པས། དོན་མེད་དུ་རྐུབ་སྟེགས་བཅད་བསྡད་ན་ག་ལ་འགྲིག ད་དུང་སྡུག་ས་ཞིག་ནས་བཤད་ན། ཆོས་བརྒྱུད་ཀྱི་སྤྱི་འཐུས་འདི་མ་འོངས་པར་བོད་ཁ་འཐོར་དང་། ཁྲག་དྲི་བྲོ་བའི་ལོ་རྒྱུས་ཤིག་གི་རྒྱུ་རུ་གྱུར་ན་ཇི་ལྟར་བྱེད། ད་སྐབས་རང་རེའི་སྤྱི་ཚོགས་ཁྲོད་མང་ཤས་ཤིག་གི་རྫི་གསང་དོད་ས་དང་ཚོར་བ་སྐྱེན་ས་དེ་ཆོས་བརྒྱུད་དང་ཆོལ་ཁ་རེད་ལ་ཆབ་སྲིད་པ་ཚོའི་དམིགས་ས་གཙོ་བོ་ཡང་དེ་རེད། གལ་སྲིད་སྡེ་སྲིད་དང་ཕག་གྲུའི་སྐབས་བཞིན་ཆབ་སྲིད་པ་ཚོའི་ལག་ཆར་གྱུར་པའམ། ཡང་ན་མི་སྒེར་གྱི་ཚོར་བའི་དབང་དུ་གྱུར་ཏེ་ནང་འཁྲུག་ཅིག་བྱུང་ཚེ། གླེན་འཐོམ་པའི་ཆོས་ལུགས་ཀྱི་ཞེན་ཁོག་ནི་རང་རེའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེ་ཤས་དེ་རེད། དེ་བས་ད་ལྟ་ནས་ཆུ་མ་ཡོང་གོང་གི་རག་རྒྱག་རྒྱུ་ནི་སྐབས་སུ་བབས་པའི་གནད་ཀྱི་དོན་པོ་རེད་སྙམ། ལར་ནས་རང་རེའི་སྲིད་གཞུང་ནི་དམངས་གཙོའི་སྲིད་གཞུང་རེད་ལ། སྤྱི་འཐུས་གྲོས་ར་ནི་སྤྱི་དོན་སྒྲུབ་སའི་ར་བ་རེད། རྒྱུ་མཚན་འདི་དག་གིས་ན། ང་ཚོས་རྩོད་དགོས་མེད་པའི་ཐོབ་ཐང་ཞིག་རྩོད་དོན་མི་འདུག་གོ །

    ཆོལ་ཁའི་སྤྱི་འཐུས་བརྐོ་འཇོག་ལ་འགྱུར་བ་གཏོང་རྒྱུ་གནས་སྐབས་དཀའ་ན་ཡང་། ཆོས་བརྒྱུད་སྤྱི་འཐུས་བརྐོ་འཇོག་ལ་ངེས་པར་འགྱུར་བ་གཏོང་དགོས་ཏེ། ང་ཚོས་མ་འོངས་པའི་དཀའ་རྙོག་སེལ་བར་གོམས་པ་རིམ་སྤོ་ཡི་སྣེ་འཁྲིད་ན་མ་རེད་དམ། གལ་སྲིད་ལ་ལ་ཞིག་གིས། ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཚོའི་རིང་མ་གཏོགས་འབྱུང་འགྱུར་དེ་འདྲའི་རྙོག་དྲ་ཡོང་གི་མ་རེད་ལ། འབྱུང་འགྱུར་གྱི་སྤྱི་འཐུས་ནི་སྤུས་གཙང་རྐྱང་ཐོན་གྱི་རེད་ཟེར་སྲིད་མོད། དེ་ནི་ཧ་ཅང་གི་དོགས་པའི་གནས་ཤིག་རེད།
    རྒྱུ་མཚན་ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་ཐོན་སྟངས་ལ་ཆག་བཞག་ན། སྤྱིར་ཕྱིའི་མཐོང་སྣང་ལ་དམངས་གཙོའི་ལམ་སྲོལ་འདྲ་ཞིག་གི་ཐོག་ནས་ཐོན་གྱིན་པ་རེད་མོད།
    དོན་དམ་པར་གྲྭ་ཚང་ཁག་གི་ཤུགས་ཆེ་ཆུང་དང་དེའི་ནང་ནས་ཆོལ་ཁའི་ཤུགས་ཆེ་ཆུང་གི་ཐོག་ནས་ཐོན་གྱི་ཡོད་པ་རེད། སོམས་དང་། ངང་ཚུལ་འདི་འདྲ་ཞིག་གི་འོག་ནས་སྤྱི་འཐུས་ཡང་དག་པ་ཞིག་ཐོན་ཐུབ་བམ། འདིར་བདག་གིས་སྔོན་དང་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཚོ་ཡང་དག་པ་ཞིག་མ་རེད་ཟེར་བ་མིན་མོད། ཕྱིན་ཆད་ཆབ་སྲིད་པ་ཚོར་ལག་པ་འཆང་སའི་གཞི་ཞིག་དང་། གྲོས་ཚོགས་ནང་ཆོལ་ཁའི་འཐེན་འཁྱེར་བྱེད་མཁན་སྣོན་མ་ཞིག་དགོས་དོན་མི་འདུག་ཅེས་པ་ཡིན།
    ༼ རང་རེའི་སྤྱི་ཚོགས་ལ་དོན་དམ་གྱི་གོ་རྟོགས་མ་སད་བར་དུ།
    སྲིད་དོན་གྱི་གནད་འགག་དག་དམངས་ཚོགས་ཀྱི་ལག་ཏུ་འཇོག་འོས་པ་མི་འདུག་གོ ། ༽

    ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༤ ལ་ རྩོམ་​གྱི་གྲས་སུ་བཀོད། |

    མཆན་བུ། RSS

    ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཞེས་པའི་སྐོར་ལ་མཆན་ ༡༩ བཀོད་འདུག
    ༡༽ གཅན་བཟོད་རྒྱམ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༣༧
    རྩོམ་ཡིག་འདི་དངོས་སྣང་བར་འགྲོ་སོང་། དམངས་གཙོའི་རྒྱལ་ཁབ་ཅིག་གི་ནང་དུ་མི་གཅིག་ལ་འོས་ཤོག་གཅིག་ལས་གཉིས་དང་གསུམ་ལ་སོགས་འཕེན་པའི་ཐོབ་ཐང་ཡོད་མཁན་བཙན་བྱོལ་བོད་གཞུང་ལས་སུ་ཡོད་མི་ཤེས། གདན་ས་ཁག་གིས་གཙོས་གྲྭ་ས་དང་གྲྭ་ཚང་དེ་དག་གི་དགེ་འདུན་པ་ཚོར་འོས་གཉིས་འཕེན་པའི་ཐོབ་ཐང་ཡོད་པ་རེད། འདི་ཙམ་ནས་ཀྱང་སེར་སྐྱ་གཉིས་ཀྱིས་སྲིད་དོན་ཐོབ་ཐང་མི་མཚུངས་པ་རྟོགས་ཐུབ་པ་ཞིག་མ་ཡིན་ནམ། གལ་སྲིད་ཆོས་རྒྱུད་སྤྱི་འཐུས་དེ་མུ་མཐུད་ནས་ཡོང་དགོས་ན་བོད་ཡིན་ནོ་ཅོག་གིས་འདེམས་དགོས་པ་ལས་དགེ་འདུན་པ་དང་བཙུན་མ་གཅིག་པུས་འདེམས་མི་ཆོག་པ་དང་། ཡང་ན་གལ་སྲིད་ཆོས་རྒྱུད་སྤྱི་འཐུས་དེ་མུ་མཐུད་ནས་ཡོང་དགོས་པ་ན་དགེ་འདུན་པ་དང་བཙུན་མ་ཚོར་ཆོས་རྒྱུད་སྤྱི་འཐུས་འདེམས་རྒྱུ་ལས་གཞན་པའི་མི་སྐྱའི་སྤྱི་འཐུས་འདེམས་པའི་ཐོབ་ཐང་སྤྲོད་ཆོག་པ་དེ་ཡིན། འདི་ལྟར་བྱས་ན་ད་གཟོད་སྤྱི་འཐུས་ལ་འོས་འཕེན་སྟངས་ཀྱི་ཐོབ་ཐང་དེ་འདྲ་མཉམ་ཆགས་པ་ལས། གཞན་དགེ་བཙུན་ཚོར་མི་སྐྱ་ལས་འོས་འཕེན་གྱི་ཐོབ་ཐང་ཆེ་བ་འདུག་པས་ན་འདི་ཙམ་ཡང་དམངས་གཙོའི་འགྲོ་ལུགས་དང་མི་མཐུན་ཁར། ད་དུང་ཡང་བོད་པའི་སྤྱི་ཚོགས་ནང་དུ་དགེ་བཙུན་ལ་དོན་མེད་ཀྱི་ཐོབ་ཐང་དང་དགོས་མེད་ཀྱི་གོ་ས་ཞིག་བྱིན་འདུག་པར་སྙམ།

    Reply
  12. ཨ་ཟླ་བ། says:
    ལོ་ 15 སྔོན།

    ནོར་བུ་རྒྱལ་མཚན་ལགས། ཁྱོད་ཀྱིས་ཆུ་སྒང་གིས་རང་བཙན་རྩོད་སྟངས་དེ་གོང་ས་མཆོག་དང་བོད་གཞུང་གིོ་་ཁ་གཏད་ཀྱི་དོན་དུ་ཡིན་པའི་དཔང་རྟགས་སྟོན་རྒྱུ་ཡོད་དམ།

    Reply
  13. ཨ་ཟླ་བ། says:
    ལོ་ 15 སྔོན།

    འཇང་ཕྲུག་ལགས།མ་གཞི་སྐབས་དེར་ཤུགས་ལྡན་བསྟེན་གསོལ་བྱེད་མིར་དོགས་པའི་མི་རེ་གཉིས་ཡོང་པའི་དབང་གིས་འདི་ལྟ་བུའི་དོན་རྐྱེན་བྱུང་པ་ལས།ཆུ་སྒང་ཚོགས་གཙོ་སྐུ་མགྲོན་སླེབས་པའི་དབང་གིས་མ་རེད། ཁྱེད་ཀྱིས་ཐུག་པ་དཀྲུག་སྟངས་མཁས་མདོག་མ་བྱེད།བརྡ་འཕྲིན་གྱིའཕྲིན་ལམ་གསལ་པའི་དུས་རབས་འདི་ནམ་ཡང་བསླུ་མི་ཐུབ།
    གལ་ཏེ་སྐབས་དེར་མི་ཁ་ཤས་དེ་ལྟར་བཤད་པའི་དབང་དུ་བཏང་ན་ཡང་དེ་ནི་མི་རེ་གཉིས་ཀྱི་བསམ་ཚུལ་ཡིན་པས་ཆུ་སྒང་གི་ངོས་ནས་དེ་ལ་གསལ་བཤད་གཏན་ནས་མི་དགོས།

    Reply
  14. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ང་ཚོ་ལོ་རྒྱུས་ཐོགས་རང་བཙན་ཡིན་པའི་སྒྲུང་ཞིག་བཤད་སྡད་ནས་ཅི་ཞིགས་ཕན་ རྒྱ་ནག་དམར་ཕྱོགས་ཚོགས་པ་མ་གཏོག་ལོ་རྒྱུས་ཐོགས་བོད་རང་བཙན་མ་རེད་སུས་ཟེར་གི་ཡོད་ནི་རེད་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་རང་བཙན་ཁོ་ན་བརྩོད་གི་ཡིན་ཟེར་བ་དེ་ལ་ཐུགས་རྗེ་ཆེ་ཞེས་ཞུ་ རང་བཙན་བརྩོད་མཁན་མི་གཅིག་ཡོད་ན་བོད་མིའི་གཟི་བརྗིད་རེད་ཧ་ཅང་གིས་དགའ་འོས་པའི་ལས་ཞིག་རེད་ འོན་ཀྱང་ཟླ་བ་སྔོན་མའི་ནང་ཨ་རི་ནེའུ་ཡོག་ཁུལ་དུ་ལི་ཐངས་སྐྱིད་སྡུག་ཚོགས་པའི་ ཚོགས་གཙོའི་ཚྭ་བོ་ཞིག་གིས་འཁྲུང་ས་སྐྱོན་དུས་ ༢༠༠༨་ལོའི་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཡོངས་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་ཤུགས་ལྡན་ཚོགས་པའི་མི་གང་མང་མང་ཞིག་སྐད་གཏང་ཡོད་པ་དང་ སྐུ་མགྲོན་གཙོ་བོ་ཨ་རི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཚོགས་གཙོ་རེད་ བསྐབས་དེ་དུས་ལི་ཐངས་གིས་མི་ཚང་མའི་ཤུགས་ལྡན་ཚོགས་པའི་མཉམ་དུ་ང་ཚོའི་བསམ་ཚུལ་མཐུན་གི་མེད་ཟེར་ནས་ མག་པ་དང་རྣ་མ་གཉིས་ལ་བཀྲ་ཤིས་ཁ་དར་མ་གཏང་བ་ལོགས་འགྲོ་དུས་ སྡེ་དགེ་བ་མི་མང་པོ་ཞིག་གི་ལི་ཐང་བ་ལ་བློ་ཁོག་མེད་རབ་དང་ང་ཚོ་ཁམ་པའི་ཞབས་འདྲེན་ཞུ་གུ་མིན་ཟེར་ནས་རང་ཉིད་གི་གྲོགས་པོ་དང་ངེ་ཤེས་པ་ཚོ་སྐད་གཏང་ནས་ཤུགས་ལྡན་ཚོགས་པ་ལ་བརྒྱབ་སྐྱོར་གང་བཟང་བཟང་ཞིག་བྱེད་རབ་ ནེའུ་ཡོག་ཁུལ་དུ་བོད་མི་ཚང་མའི་མཁྱེད་གསལ་རེད འདིའི་སྲིད་ཞུས་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བོད་མི་ཡོངས་རྫོགས་ལྡོགས་རྩ་ཆིག་སྒྲིལ་བྱས་པ་ཡིན་ནམ་ ཡང་ན་ཁམས་པ་རྐྱང་པ་ཆིག་སྒྲིལ་བསམ་པ་ཡིན གྲོགས་པོ་ཚོ་ད་འདི་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་འབྲེལ་བཤད་གང་འདྲ་ཞིག་ཡོད་ན་

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོགས་ནོར་བུ་རྒྱལ་མཚན་ལགས།
    ཁྱོད་ཚོའི་ཁ་ནས་མང་གཙོ་་ལས་དམར་པོ་རིང་ལུགས་ཡག་གི་རེད།་་་་ཞེས་ཁྱོད་ཚོའི་ཟེར་འདི་ཆུ་བཞི་སྒང་དྲུག་གི་མང་གཙོ་ལས་དམར་པོའི་རིང་ལུགས་ཡག་གིན་རེད་ཞེས་པའི་དོན་ཡིན་ནམ།

    Reply
  16. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཨ་ཟླ་བ་ ཁྱོད་ཚོའི་ཁ་ནས་མང་གཙོ་་ལས་དམར་པོ་རིང་ལུགས་ཡག་གི་རེད།
    ཁ་ཞེན་གཉིས་མེད་རེ་བ་ ཁྱོད་ཚོའི་མང་གཙོ་དེ་དུག་སྦྲུལ་དང་གཅིག་མཚུང་རེད།
    ཨ་ཐར་གིས་སྒྲ་སྡུས་འཁོར་ལོ་ལས་གསལ།

    Reply
  17. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཧེཧེཧེཧེཧེཧེཧེཧེཧེཧེ་ཨ་ཟླ་བ་ ང་རང་གི་དུས་ནམ་ཡང་༧་གོང་ས་མཆོགས་གིས་དགོངས་གཞི་དང། ཐ་དད་འཛིན་མཁན་དེ་དང་།ཆོས་དང་ཆབ་སྲིད་གང་གི་ཐད་ནས་ངོས་ལེན་མེད། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོང་ཀྱི་དུས་ནམ་ཡང་ངོས་ལེན་ཡོང་ཐབས་མེད། ཁྱོད་དང་ཁྱོད་ལྟ་བུ་དགྲ་དགའ་གཉེན་སྡུག་གི་ལས་ལ་བརྩོན་བཞིན་པའི་ཚོགས་པ་དང་ དེའི་རིགས་སུ་ཏོག་པ་ཚང་ ངོས་ལེན་བྱས་ན་མདོ་སྟོད་མི་དམངས་ཀྱིས་ངོས་ལེན་བྱས་པ་ལ་འགྲོ་གི་མ་རེད་། ཁྱོད་ལ་དམངས་གཙོ་ཡི་གོ་རྟོག་ཡོད་འདོག་འདོག་ངོ་མ་ཚ།
    གཞོན་ནུ་ཚོགས་དོལ་རྒྱལ་དང་གཅིག་པ་རེད་དུས་ནམ་ཡང་ལབ་གི་མ་རེད།
    གཞོན་ནུ་རང་བཙན་རྩོད་སྟང་དང་ ཁྱེད་ཚོའི་རང་བཙན་བརྩོད་སྟང་ཁ་ཁ་རེད།
    གཞོན་ནུས་རང་བཙན་དེ་དོན་དངོས་ཀྱི་བོད་མི་དམངས་ལ་ཕན་ཐོག་ཡོད་བའི་ལས་མགུལ་ཞིག་རེད། ཁྱོད་ཚོས་ཁ་ཡིས་བོད་རང་བཙན་ཡིན་ལབ་པ་མ་ཏོག
    དོན་དུ་བོད་གཞུང་གི་ལངས་ཕྱོགས་ལ་ཁ་བཏད་ཅོག་ཡག་རེད། ང་ཚོ་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ལ་ཁྱོད་ཀྱིས་སྲིད་དོན་དང་དད་མོས་ནམ་ཡང་བསྲེས་མི་རུང་ཟེར་ན་གླེན་པ་ལུག་དང་གཅིག་མཚུངས་རེད་ཧ་ཧ་ཧ་ཧ་
    ཁྱོད་ལ་ཉལ་ས་ཚ་བོ་ནམེད་པ་ཐག་གི་ཆོད་སྙིང་རྗེ།།།།།།

    Reply
  18. ཨ་ཟླ་བ། says:
    ལོ་ 15 སྔོན།

    ནོར་བུ་རྒྱལ་མཚན་ལགས།གཞུང་གི་ལངས་ཕྱོགས་གང་འཛིན་པ་དེ་ཚོགས་པ་ཐམས་ཅད་དེ་བཞིན་མི་འདོད་བཞིན་དུ་འགྲོ་དགོས་པ་དེ་ཆབ་སྲིད་གཅིག་བསྡུས་ཀྱི་གུང་ཁྲན་རིང་ལུགས་རེད། མང་གཙོ་ལུང་པར་མཚོན་ན་ངེས་པར་དུ་བསམ་ཚུལ་མི་མཐུན་པ་དེ་ཤོད་ཆོག་ལ་ཡོང་ཡང་ཆོག གཞུང་ལ་ཁ་གཏང་མི་རུང་པའི་འདུ་ཤེས་དེ་ནི་ཆབ་སྲིད་མི་ཤེས་པའི་གླེན་པ་ལུག་རྟགས་རེད། དེ་ལས་མང་གཙོ་ཡི་གཞུང་ལུགས་ཅུང་སྦྱུངས་ནས་འདིར་ཆབ་སྲིད་ཀྱི་གཏམ་གླེང་པར་ཤོག
    སུས་མདོདསྟོད་ཆིག་སྒྲིག་གཏོར་མིན་ལོ་རྒྱུས་རིངཔོར་ཤོད་མི་དགོས་པར་ཁྱོད་དང་ཕུར་པ་ཡིས་སྤྱོད་ཚུལ་ལས་གསལ་ཐིང་ཐིང་རེད།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནོར་བུ་རྒྱལ་མཚན་ལགས།
    ཧ་མ་གོ་ན་་་་་་་་བསམ་བློ་ཐོངས་དང་ཤེས་ཡོང་གིན་རེད།་་་་་་་་་་་དེ་ལས་མང་པོ་མེད་་་་་་་་་་བཞུགས་གདན་འཇག

    Reply
  20. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཟླ་བ་ལགས་།
    མདོ་སྟོད་མི་ཞིག་གི་མདོ་སྟོད་ཆིག་སྒྲིལ་སུའི་གཏོར་འདུག་ལོ་རྒྱུས་ནང་གསལ་པོ་ཡོད་རེད་ མ་ཤེས་ན་ལོ་རྒྱུས་ལ་རྒྱས་ལོངས་གྱིས་དང་ཧ་གོ་གི་རེད། ་བོད་ལ་རང་བཙན་དགོས་ན་བོད་མི་ཆིག་སྒྲིལ་དགོས་ན་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་ཆ་བ་གྲུབ་འདེགས་གནང་དགོས་རེད་མ་ཏོག།
    གཞུང་ལ་ཁ་ཀྱང་ཀྱང་བཏང་ན་ཆིག་སྒྲིལ་ཡོང་གི་རེད་བས་ཤེས་ཡོན་པ་ཡིན་པའི་ཁུར་མ་རེད་བས།

    Reply
  21. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ།
    ལགས་ཀྱིས་ གྲི་གིས་མར་ལ་རྒྱག་ན་མར་ཕམ་བཞིན་ཡོད། མར་གིས་གྲི་ལ་རྒྱག་ན་གྲ་མར་ཕམ་བཞིན་ཡོད་པའི་གནས་སྟངས་མཁྱེན་པ་གནང་དགོས། ཟེར་བ་དེ་རྩ་བ་ཉིད་ནས་གོ་མ་སོང་།

    Reply
  22. ཨ་ཟླ་བ། says:
    ལོ་ 15 སྔོན།

    རྒྱ་ནག་གི་མཁྲེགས་བཟུང་གི་རྣམ་འགྱུར་ལ་དེ་དང་འདྲ་བའི་མཁྲེགས་འཛིན་གྱི་རྣམ་འགྱུར་ཞིག་བསྟན་དགོས། དེ་ནི་ཆབ་སྲིད་ཤེས་མཁན་ཞིག་གི་བལྟས་ན་འོས་འཚམས་ཀྱི་འགྲོ་ལུགས་ཤིག་ཡིན། ཕྲག་དོགའན་དང་གླེན་པ་ལུག་དཀྲུག་ཤོག་ཅན་ཚར་ལན་སྟོང་བཤད་ན་ཕན་ཐོགས་མེད།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དོན་ཚན་བདུན་ཅན་གྱི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ལ་རྒྱ་ནག་གིས་དྲན་ཐོ་ཞིག་ལ་རྩིས་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ངོས་ལེན་མེད་གསུངས་པ་རེད་མ་གཏོགས།

    Reply
  24. ཨ་ཟླ་བ། says:
    ལོ་ 15 སྔོན།

    དྲན་ཐོ་ལ་དྲན་ཐོར་དགོས་པའི་ཆབ་སྲིད་འགྲོ་ལུགས་འདི་ངོས་ལེན་བྱ་ན་ཡང་ཕན་ཐོགས་ཅི་ཡོད། ད་བར་གོང་ཇི་ཙམ་གཅོག་ནའང་ཕན་ཐོགས་ཅི་ཡོད་དམ།

    Reply
  25. ཨ་ཟླ་བ། says:
    ལོ་ 15 སྔོན།

    ནོར་བུ་རྒྱལ་མཚན་ལགས།ཁྱོད་མདོ་སྟོད་མི་ཞིག་གི་མདོ་སྟོད་ཆིག་སྒྲིལ་གཏོར་ནུས་ན་ཡང་།ང་ལྟ་བུ་ཕྱིར་ཞིག་ཡིན་ནཡང་ནམ་ཡང་གཏོར་མི་འདོད།དེ་ནི་བོད་ལ་རང་བཙན་དགོས་ན་བོད་མི་ཆིག་སྒྲིལ་དགོས་པའི་ཆབ་སྲིད་ཀྱི་གྲུབ་དོན་ཡོད་པས་ཡིན།

    Reply
  26. ཨ་ཟླ་བ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧནོར་བུ་རྒྱལ་མཚན་ལགས། ཁྱོད་རང་གིས་ངོས་ལེན་མ་བྱས་ན་མདོ་སྟོད་མི་དམངས་ཀྱིས་ངོས་ལེན་བྱས་ངེས་པས་དམངས་གཙོ་ཡི་འགྲོ་སྟངས་ཐོག་ནས་ཁྱོོད་ཀྱི་གྱོང་མ་ཁུར་རང་ཁུར་རེད།
    གཞོན་ནུ་ཚོགས་དོལ་རྒྱལ་དང་གཅིག་པ་རེད་ལབ་ནུས་སམ།
    སྲིད་དོན་དང་དད་མོས་ནམ་ཡང་བསྲེས་མི་རུང་
    གླེན་པ་ལུག ཉལ་ས་ཚ་བོ་ནང་ཉོལགཤིག

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ནོར་བུ་རྒྱལ་མཚན་ལགས།
    གྲི་གིས་མར་ལ་རྒྱག་ན་མར་ཕམ་བཞིན་ཡོད། མར་གིས་གྲི་ལ་རྒྱག་ན་གྲ་མར་ཕམ་བཞིན་ཡོད་པའི་གནས་སྟངས་མཁྱེན་པ་གནང་དགོས།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གྲོས་ཆོད་ཞེས་པའི་གྲོས་ཞིག་ཆོད་འདུག་པའི་དགོངས་འགལ་མེད་པ་ཞུ།

    Reply
  29. ཨ་ཟླ་བ། says:
    ལོ་ 15 སྔོན།

    འོ་ན་གཞོན་ནུ་ཚོགས་པ་དང་།གོང་ས་མཆོག་གི་སྐུ་མཆེད་སྟག་འཚེར་གྲོངས་མཁན་དེ་ཡང་རྒྱ་མའི་ཆབ་སྲིད་ཀྱི་ལག་ཆར་གྱུར་པའི་འགྱུར་ཤོད་ར།ངས་བལྟས་ན་ཅབ་མེད་ཀི

    Reply
  30. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ ཞེས་པ་དེ་རྩ་བ་ཉིད་ངོས་ལེན་མེད་
    གང་ཡིན་ཟེར་ན་ ད་ལྟའི་བོད་ཀྱི་གནས་བབས་དང་བོད་ནང་་གི་བོད་མི་ཚོའི་དཀའ་ངལ་སོག་ལ་མི་ལྟ་བ་སྤྱི་དོན་ཁ་ལ་འཁྱིར་ནས་མི་ཁོང་ཚོའི་ལངས་ཕྱོགས་ལ་བོད་གཞུང་ལ་ཁ་བཏད་མི་དམངས་གིས་གདམ་ཐོན་བྱུང་བའི་བཀའ་བློན་ཁྲི་པ་
    སོགས་ལ་དངོས་ཤུག་རྒྱུད་ནས་གནོད་ཤུག་སྤྲོད་ཡག་དེ་རེད་ དེ་དོལ་རྒྱལ་ཚོགས་པ་དང་གཅིག་མཚུང་མ་རེད་དམ།
    གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། དྲན་ཐོའམ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བའི་བསམ་འཆར་ཞེས་པར་ངོས་ལེན་གཏན་ནས་མེད་པ་གཉིས་ནང་འགལ་མ་རེད་དམ།
    དེ་ནས་ཁ་ཁོག་མི་མཚུང་བའི་རྟགས་རེད་དམ་མ་རེད།
    མདོར་ན་ ཚོགས་པ་དེས་བཏོན་སྐབས་བཅོ་ལྔ་བའི་མདོ་སྟོད་ཀྱི་སྤྱི་འཐུས་ཀྱི་འོས་མིག་དུས་ནམ་ཡང་ངོས་ལེན་མེད་ གང་ཡིན་ཟེར་ན་གྲོས་ཚོགས་ཚོགས་དུས་སྔོས་མ་དེའི་ཐོག་ལ་ག་འདྲ་བྱུང་སོང་དེ་ཚོ་སུ་དང་སུ་རེད་འདུག་མི་དམངས་གིས་གསལ་པོ་མཐོང་ཡོད།
    སྐབས་བཅོ་ལྔ་བའི་མདོ་སྟོད་ཀྱི་སྤྱི་འཐུས་འོས་མི་གང་འདྲ་བླུགས་དགོས་ཡོད་མེད་མི་དམངས་གཟབ་གཟབ་བྱེད་དགོས།
    ང་ནི་མདོ་སྟོད་མི་ཞིག་ཡིན་པའི་མགན་འཁྲི་ཐོག་ནས་བཤད་པ་ཡིན།

    Reply
  31. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དབྱངས་བུ་ལགས།
    ཁྱེད་ཀྱི་དྲི་བ་དང་པོ། དེ་སྔ་ངའི་གོ་ཐོས་ལ་ཆུ་བཞི་སྒང་དྲུག་གསར་རྙིང་ཁག་གཉིས་བྱུང་
    འདུག་པས། གོང་གི་ཆུ་བཞི་སྒང་དྲུག་དེ་གསར་རྙིང་གང་རེད་དམ།
    ལན་དང་པོ།
    ཁྱེད་ཀྱིས་ཆུ་བཞི་སྒང་དྲུག་གསར་རྙིང་ཁག་གཉིས་བྱུང་བ་གོ་འདུག་པ་བཞིན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དྭང་བླངས་དམག་གིས་༧གོང་ས་མཆོག་རྒྱ་མི་བཙན་འོག་ནས་རྒྱ་གར་རུ་སྐྱབས་བཅོལ་བ་གདན་འདྲེན་ཞུས་པ་གོ་མྱོང་ངམ། ཁྱེད་ཀྱིས་གསར་པ་རེད་དམ་རྙིང་པ་རེད་དམ་ཞེས་དྲི་ལུགས་ལ་དཔྱོད་ན་མདོ་ཁམས་བཞི་སྒང་དྲུག་གི་མི་མང་ནང་ཁུལ་དཀྲུགས་ཤིང་རྒྱག་འདོད་ཡོད་པར་འདྲ།་མ་རེད་དམ།
    ཁྱེད་ཀྱི་དྲི་བ་གཉིས་པ། ཆུ་སྒང་གསར་གཉིས་ཆགས་དགོས་དོན་གང་ཡིན་ནམ།
    ལན་གཉིས་པ།
    མདོ་ཁམས་ཆུ་བཞི་སྒང་དྲུག་གསར་རྙིང་གཉིས་ཆགས་དགོས་དོན་གང་ཡིན་སྐོར་བསྐྱར་བཤད་བྱས་ནས་དོན་དག་ག་རེ་ཡོད་དམ། མདོ་སྟོད་མི་དམངས་ལ་ཤ་ཚ་ཆེ་བའི་ཡིན་ནམ། འོ་ན་སྤྱི་ཚོགས་དཀྲུགས་འདོད་པའི་ཡིན་ནམ།
    མ་ཟད་ཁྱེད་ཀྱིས་ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བའི་བསམ་འཆར་ཞེས་པར་ངོས་ལེན་གཏན་ནས་མེད་པ་གཉིས་ནང་འགལ་མ་རེད་དམ།ཞེས་པ་འདི་ནི་ཁྱེད་ཀྱི་ངན་སེམས་ལས་བྱུང་བ་གཡོ་གཏམ་ཞིག་རེད་མ་གཏོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བའི་བསམ་འཆར་ལ་ངོས་ལེན་རྩ་བ་ནས་མེད་ག་པར་གསུངས་འདུག་གམ།
    ཁྱེད་ཀྱི་དྲི་བ། མདོར་ན། ཚོགས་འདུ་ཚོགས་ནས་གྲོས་ཆོད་སྟོང་པ་བཞག་རྒྱུ་ལས། ལག་ལེན་
    དངོས་ཀྱི་ཐོག་ནས་༸གོང་ས་མཆོག་གི་དབུ་ཁྲིད་པའི་བོད་གཞུང་གི་རྗེས་ལ་
    འབྲངས་མཁན་ཞིག་བྱེད་ན་མི་ལེགས་སམ།།
    ཁྱེད་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཆོད་སྟོང་པ་བཞག་པ་ཁུངས་སྐྱེལ་བྱེད་ཐུབ་ཀྱིས་ཡོད་དམ། འོ་ན་ཆུ་བཞི་སྒང་དྲུག་གི་བྱས་པ་ཚང་མ་སྟོང་པ་ཞིག་ལ་ངོས་འཛིན་བྱས་ཀྱིས་ཡིན་ནམ། ༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་གཞུང་གི་རྗེས་སུ་མ་འབྲངས་མཁན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་དམངས་རེད་ཟེར་ན་འགྲིག་ཨེ་ཡོང་ངམ།
    ཐུགས་རྗེ་གཟིགས།
    རང་སྐྱོན་གཟིགས།

    Reply
  32. ཨ་ཟླ་བ། says:
    ལོ་ 15 སྔོན།

    གཙོ་བོ་ཇི་ལྟར་བཀའ་རྩལ་པ་།དེ་དག་ཐམས་ཅད་བདག་གིས་བགྱིས་ཟེར་བའི་བཀའ་གཙི་སྟངས་འདི་ཆོས་ཕྱོགས་ཀྱི་སྐད་ཆ་རེད། སྲིད་དོན་ཐོག་ནས་དང་མང་གཙོ་ཐཽག་ནས་བཤད་ནའདི་ལྟར་བཤད་ཆོག་ལ།སྒྲུབྐུང་ཆོག

    Reply
  33. གྲྭ་རྒོད says:
    ལོ་ 15 སྔོན།

    འབྲོག་ཁྱི་ལགས།སྤྱི་ཚོགས་སུ་ཞིག་གི་དཀྲུགས་པས་བྱ་བ་གཉེར་གི་ཡོད་མེད་མ་ཤེས་པས་ཅོར་ཆུང་ཞིག་ལས་ངས་ཁྱེད་མ་མཐོང་།བསམ་བློ་ཡག་པོ་རེ་གཏོང་རོགས་གཅིག་ཞེས་ན་ཡར་ཐོན་ཡོངས་སྲིད་པ་ཞིག་རེད།

    Reply
  34. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་མ་ཆགས་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་དགོས།དེ་ལ་རྒྱུན་དུ་བསམ་ཤེས་བྱེད་རོགས་ཞུ།བོད་མི་རིགས་ལ་བསམ་ཤེས་བྱེད་མཁན་ཞིག་ཡིན་ན་ད་ལྟས་བོད་ཀྱི་གནས་བབས་ལ་བསམ་ཤེས་བྱེད་རོགས།རྡོག་རྩ་གཅིག།ལམ་ཁ་གཅིག།ཁ་ཕྱོགས་གཅིག།སྒྲིག་འཛུག་གཅིག་ཡོངས་ཐུབ་ལ་བོད་མི་རེ་རེས་འགན་ལེན་བྱེད་རོགས་ཞུ།དེ་ལྟར་བྱེད་དགོས་པའི་དུས་ལ་ཐོན་ཡོད།འཐུས་ཤོར་དུ་མ་སོང་བ་ཞིག་བྱེད་རོགས་ཞུ།།བོད་ཞིག་གི་འདི་ཤེས་རང་ལ་ཡོད་པ་ཡིན་ན།བོད་ས་ཡོང་རྡོག་རྩ་གཅིག་གི་ལམ་དུ་སྤྱོད་རྒྱུའི་དུས་ཞིག་ལ་ཐོན་ཡོད།རང་དོན་དོན་ལ་སྒྲུབ་པའི་དུས་ཞིག་གཏན་མིན་པ་ཤེས་དགོས།མི་ཡོང་གི་ཁ་ལག་རེག་ས་ནས་ཆུ་བཞི་སྒང་དྲུག་གི་རེག་འགྲོ་གི་རེད།མ་རེག་ཚེ་ངས་རོགས་པ་བྱེད་དགོས་ལོ།སེམས་ཁྲེལ་མ་བྱེད།ཆབ་སྲིད་མི་ཤེས་པ་ཡིན་ན་སློབ་སྤྱོང་བྱེད་རོགས།

    Reply
  35. གྲྭ་རྒོད says:
    ལོ་ 15 སྔོན།

    རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆ་མ་ཆགས་པ་ཞིག་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་ཤེས་དགོས།དེ་ལ་རྒྱུན་དུ་བསམ་ཤེས་བྱེད་རོགས་ཞུ།བོད་མི་རིགས་ལ་བསམ་ཤེས་བྱེད་མཁན་ཞིག་ཡིན་ན་ད་ལྟས་བོད་ཀྱི་གནས་བབས་ལ་བསམ་ཤེས་བྱེད་རོགས།རྡོག་རྩ་གཅིག།ལམ་ཁ་གཅིག།ཁ་ཕྱོགས་གཅིག།སྒྲིག་འཛུག་གཅིག་ཡོངས་ཐུབ་ལ་བོད་མི་རེ་རེས་འགན་ལེན་བྱེད་རོགས་ཞུ།དེ་ལྟར་བྱེད་དགོས་པའི་དུས་ལ་ཐོན་ཡོད།འཐུས་ཤོར་དུ་མ་སོང་བ་ཞིག་བྱེད་རོགས་ཞུ།།བོད་ཞིག་གི་འདི་ཤེས་རང་ལ་ཡོད་པ་ཡིན་ན་བོད་ས་ཡོང་རྡོག་རྩ་གཅིག་གི་ལམ་དུ་སྤྱོད་རྒྱུའི་དུས་ཞིག་ལ་ཐོན་ཡོད།རང་དོན་དོན་ལ་སྒྲུབ་པའི་དུས་ཞིག་གཏན་མིན་པ་ཤེས་དགོས་མི་ཡོང་གི་ཁ་ལག་རེག་ས་ནས་ཆུ་བཞི་སྒང་དྲུག་གི་རེག་འགྲོ་གི་རེད་མ་རེག་ཚེ་ངས་རོགས་པ་བྱེད་དགོས་ལོ།སེམས་ཁྲེལ་མ་བྱེད།ཆབ་སྲིད་མི་ཤེས་པ་ཡིན་ན་སློབ་སྤྱོང་བྱེད་རོགས།

    Reply
  36. གྲྭ་རྒོད says:
    ལོ་ 15 སྔོན།

    སྟག་རྩེ་དཔལ་ལྡན་ལགས།སེར་རྭའི་གྲྭ་དེ་དག་གི་ག་རུ་བྱེད་གི་ཡོད་མེད་དང་གང་བྱས་ཡོད་མེད་ངས་ཤེས་ཀྱི་མེད།འོན་ངས་མིང་ལ་གྲྭ་རྒོད་ཞེས་བཏགས་ཡོད་ཀྱང་ངེས་བ་མེད།དེ་ཙམ་ཡང་མི་ཤེས་མཁན་གླེན་པ་ཞིག་རེད་འདུག་ཧཧཧཧཧཧཧཧཧཧ།ངོ་མའི་གླེན་པ་རང་རེད་ཞ།༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་དག་ཡིན་ན་བོད་ས་ཡོངས་གི་བོད་མི་ཡོད་དོ་ཅོག་གི་རང་དབང་གི་ཆེད་དུ་སྐུ་ཚབ་རྣམས་བཙན་བྱོལ་བོད་གཞུང་ནས་ཆེད་གཏོང་བྱས་པ་དེ་ཁྱོད་ཚོའི་ཁས་མི་ལེན་ཟེར་ན་གང་ཞིག་ལ་ལེབ་ཡོད་དམ།ངས་ངོས་ནས་བོད་རང་བཙན་རྩོད་པ་ཡིན་ན་ཁུངས་མེད་ཞེས་གང་དུ་བཤད་འདུག་?ད་ལྟས་བོད་ཀྱི་གནས་བབས་ལ་བསམ་ཤེས་མི་བྱེད་མཁན་རང་ཡིན།རང་ཉིད་རང་ལ་ལྐོག་དུ་གྱུར་སོང་བ་རེད་དམ?གཞན་ཞུ་རྒྱུ་ཞིག་ནི་གྲྭ་རྒན་ཟེར་ནས་ཁ་གཏོང་ཆོག་ཆོག་ཞིག་བྱེས་པ་དེ་ཚོ་རང་གི་ཆོས་མ་ཤེས་པའི་འབྲས་རྟགས་ཞིག་དང་བོད་ཞེས་པ་འདི་འཛམ་གླིང་ནང་གནས་ཐུབ་པ་དེ་གང་ཞིག་ལ་རྟེན་ཡོད་པ་ཤེས་མེད་པས་རྐྱེན་རེད་ལ།དེ་ཚོ་ཆོས་ལ་རྟེན་ཡོད་ཆོས་གནས་པ་དེ་དགེ་འདུན་པ་རྣམས་ལ་རྟེན་ཡོད་ཤེས་སོང་སམ།བོད་མའི་མཐོང་དེ་ཆོས་ཕྱོགས་ནས་ཐོབ་པ་ཞིག་ཡིན་པ་ཤེས་སམ།

    Reply
  37. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཡར་རྒྱས་ཡོང་བ་དང་སྤྱི་ཚོགས་ལ་ཕན་ཐོག་ཡོད་པར་སྨོན

    Reply
  38. kunsal says:
    ལོ་ 15 སྔོན།

    ངའི་མིག་གི་སྐྱོན་ཡིན་ནམ་མི་ཤེས། ད་ཡང་སྤྲིན་པ་ནག་ཡོར་ཡོར་ཞིག་ཐོན་ཡོང་གི སེར་པ་དྲག་པོ་ཞིག་འབབ་ཉེན་ཆེ། སྔགས་པ་ཚོ་སྒོམ་སྒྲུབ་ལ་འབད་འཚལ།

    Reply
  39. ཨ་ཟླ་བ། says:
    ལོ་ 15 སྔོན།

    ཕྲག་དོག་ཅན་རང་རིགས་སྤུན་ཟླ་ཚོས་རྣ་བས་ཡག་གཏད་ནས་ཉོན་ཤིག
    རང་བཙན་རྩོད་ན་གོང་ས་མཆོག་གི་བཀའ་དང་འགལ་ཞེས་སྨྲོས་པ་ནི་ཆབ་སྲིད་མི་ཤེས་པའི་གླེན་རྟགས་ཡིན་པར་ཟད།
    སྤྱིས་འཐུས་ཀྱི་འོས་མིག་བཏོན་པ་ལས་འོས་མི་བཅུ་པོ་སྤྱི་འཐུས་ཡིན་ཟེར་མེད་ལ།དེ་དག་ཀྱང་འོས་འཕེན་ལམ་ནས་བཟོ་དགོས་པ་བཤད་ཡོད། དེ་ནི་ཆབ་སྲིས་ཚོགས་པ་ཞིག་གི་སྤྱི་འཐུས་འོས་བསྡུ་ལ་འགན་འཁུར་པའི་རྟགས་རེད། ཆབ་སྲིད་མ་ཤེས་ན་ཕྲག་དོག་ཨུ་ཚུགས་བྱས་ནས་ཆབ་སྲིད་འགྲེལ་དགོས་མེད་།
    ཨ་ཁ་་ངོ་མ་ང་ནི་ཕྲག་དོག་ཅན་ཤེས་འཇོན་འབྱོར་གསུམ་མེད་མཁན་དཀྲུག་གཤིས་ཅན་ཚོར་ཤ་རེ་ཚ་ཀི

    Reply
  40. དབྱངས་བུ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།

    དྲི་བ་དང་པོ། དེ་སྔ་ངའི་གོ་ཐོས་ལ་ཆུ་བཞི་སྒང་དྲུག་གསར་རྙིང་ཁག་གཉིས་བྱུང་
    འདུག་པས། གོང་གི་ཆུ་བཞི་སྒང་དྲུག་དེ་གསར་རྙིང་གང་རེད་དམ།
    དྲི་བ་གཉིས་པ། ཆུ་སྒང་གསར་གཉིས་ཆགས་དགོས་དོན་གང་ཡིན་ནམ།
    དྲི་བ་གསུམ་པ། གོང་གི་གསར་འགྱུར་ནང་༼༧གོང་ས་མཆོག་གི་བཀའ་དགོངས་དང་མི་འགལ་བ་བྱ་རྒྱུ་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་ཀྱི་དམ་བཅའ་ཡིན། བློ་ཕམ་པ་ཞིག་ལ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༩ ཉིན་དམིགས་བསལ་སྐུ་ཚབ་རྣམ་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞེས་པའི་ཡིག་ཆར་རྒྱ་ཕྱོགས་ནས་དྲན་ཐོ་ཞེས་པའི་མིང་འདོགས་འོག ནང་དོན་སྣ་གཅིག་ལའང་ངོས་ལེན་མེད་པའི་བཤད་སྟངས་སོགས་རང་ཕྱོགས་དང་གཞན་ཕྱོགས་གཉིས་ཀའི་ངོ་སྤྲོད་དང་། དྲན་ཐོ་ཟེར་བའི་གནད་དོན་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ནས་ངོས་ལེན་གཏན་ནས་མེད་པའི་གྲོས་ཆོད་བཞག་པ་ཡིན། ཞེས་བཀོད་འདུག ༽ ཞེས་གསལ་འདུག་པས། ༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་། དྲན་ཐོའམ། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་བའི་བསམ་འཆར་ཞེས་པར་ངོས་ལེན་གཏན་ནས་མེད་པ་གཉིས་ནང་འགལ་མ་རེད་དམ། ད་དུང་༸གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་རྒྱུ་དང་།་རང་བཙན་གཙང་མ་
    རྩོད་རྒྱུ་གཉིས་སྔ་ཕྱི་ནང་འགལ་མ་རེད་དམ།

    མདོར་ན། ཚོགས་འདུ་ཚོགས་ནས་གྲོས་ཆོད་སྟོང་པ་བཞག་རྒྱུ་ལས། ལག་ལེན་
    དངོས་ཀྱི་ཐོག་ནས་༸གོང་ས་མཆོག་གི་དབུ་ཁྲིད་པའི་བོད་གཞུང་གི་རྗེས་ལ་
    འབྲངས་མཁན་ཞིག་བྱེད་ན་མི་ལེགས་སམ།།

    ཐུགས་རྗེ་ཆེ།།

    Reply
  41. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    སེ་རའི་གྲྭ་རྒན་དེའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  42. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    སེ་རའི་གྲྭ་རྒན་དེའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  43. འབྲོག་ཁྱི། says:
    ལོ་ 15 སྔོན།

    གྲྭ་རྒོད་ལག’ ཡང་མིན་ན་ཁྱེད་ལ་ཤེས་ཡོན་མེད་པ་འདྲ། དེ་མིན་ན་ཁྱེད་ཀྱིས་བསམ་བཞིན་དུ་སྤྱི་ཚོགས་གང་ཞིག་ལ་དཀྲུགས་ཤིང་ཞིག་རྒྱག་ཉིན་འདོད་ཀྱིས་མིན་ནམ།

    Reply
  44. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    གྲྭ་རྒོད་ལགས་ཁྱེད་དངོས་གནས་གྲྭ་རྒོད་ཞིག་ཡིན་ས་རེད། དེང་སེང་བོད་གཞིས་བྱེས་གཉིས་སུ་གཞོན་སྐྱེས་རྩོམ་པ་པོ་ཚོས་ཆོས་བརྒྱུད་སྤྱི་མཐུས་མི་དགོས་པ་འདོད་ཀྱི་ཡོད། རྒྱུ་མཚན་ག་རེ་ཡིན་ཁྱེད་ཀྱིས་ཅི་ཨི་ཤེས། གནད་དོན་གང་ཡིན་ཁྱེད་ཀྱིས་ཅི་ཨི་མཐོང་། ཁྱེད་ལྟ་བུ་གཅིག་མེད་སྐོར་དང་གཉིས་མི་ཚང་བའི་སྐད་ཆ་འཁྱར་འཁྱོག་རྐྱང་རྐྱང་གླེང་བས་རྐྱེན་ཀྱིས་ཡིན།་ཁྱེད་དང་མཚུངས་པའི་མི་ཀླད་ཆུང་ཁྱི་ལས་མང་རྭ་བ་འདིར་ཡོད། དཔེར་མཚོན་ཙམ་གླེང་། ཉེར་སྔོན་མཁས་དབང་འཇམ་དབྱངས་ནོར་བུས་བོད་རང་བཙན་ཁོངས་བདེན་ཡིན་པའི་དྲིལ་སྒྲགས་ཆེད་གཞིས་ཆགས་ཁག་ཏུ་ཆེད་ཕེབས་ཀྱིས་བོད་ཀྱི་གཞོན་སྐྱེས་རྣམས་ལ་རང་གི་ལུངས་ཕྱོགས་དང་། འདས་མ་འོངས་བོད་གངས་ཅན་པའི་རྒྱལ་རབས་ལོ་རྒྱུས་ཞིབ་བཤད་སྐབས་སེ་རའི་གྲྭ་རྒན་ཞིག་གིས་ངར་ངར་རྫིག་རྫིག་ཐོག་ནས༼ ཁྱེད་ཀྱིས་བོད་རང་བཙན་རྩོད་ཀྱི་ཡོད་ཟེར། ཁྱེད་ལ་རང་བཙན་རྩོད་ཡ་ལ་ཐབས་ལམ་གང་ཡོད་དམ། ཁྱེད་ཀྱིས་ག་རེ་བྱས་ཡོད། ད་ཤོད་དང་། ཞབས་འདྲེན། ཁྱེད། སྐུ་མཆོག་གསུམ༽ སྐད་ཆ་དེ་བཤད་སོང་། དངོས་གནས་ཡ་མཚར་དགོས་པ་རེད།
    ད་དུང་སྤྱི་མཐུས་སྙོགས་གླེང་སྐབས་བླ་རྒན་དེ་ཚོས་ངར་ངར་རྫིག་རྫིག་གིས་གང་བཤད་ཡོད་མེད་བོད་གཞིས་བྱེས་མི་མང་ཡོངས་རྫོགས་ཀྱིས་གསལ་བོར་མཁྱེན་གྱིས་ཡོད། བསྡུས་ན་ཁྱེད་ཀྱི་བསམ་ཚུལ་དེ་དེ་དག་གི་ཡན་ལག་བཞིན་ཏུ་འབྲེལ་འདུག།

    Reply
  45. གྲྭ་རྒོད says:
    ལོ་ 15 སྔོན།

    ངས་ལོ་རྒྱས་མ་ཤེས་པ་དང་ལོ་རྒྱས་ཡོད་པ་མེད་རེད་ཟེར་བ་གཏན་ནས་མིན་ལོ་རྒྱས་ཐོག་རང་བཙན་ཡིན་ཡང་ད་ལྟས་བོད་ཀྱི་གནས་བབས་ལ་ལྟ་ཤེས་དགོས་རེད་མ་གཏོགས་རྗེས་སྐྱོང་ཁག་པོ་རེད་གལ་སྲིད་རྗེས་སྐྱོང་བ་ལ་གྲ་སྒྲིག་ཡག་པོ་དགོས་པ་བཤད་མ་དགོས་པ་ཞིག་རེད་ལ།རང་བཙན་རྩོད་པ་ལ་གྲ་སྒྲིག་གང་དང་གང་ཡོད་དམ་ཤེས་ཚུལ་ཐོག་གང་འདྲ་ཡོད་དམ།བློ་ཁེལ་ཐུབ་པའི་མི་ག་ཚོད་ཡོད།སློབ་སྤྱོང་མེད་ན་ལམ་ཁ་མེད་ཤེས་སོང་ངམ།སྒེར་སེམས་ཀྱི་བྱ་འགལ་ཇི་ལྟར་སྤེལ་ཀྱང་སྤྱིའི་དོན་ལ་ལམ་འགྲོ་རྒྱུན་སྐྱོང་ཡང་དཀའ་བ་དེ་ཚོ་ཤེས་སམ།གྲ་སྒྲིག་མེད་པའི་ཁ་བཤད་ཙམ་གྱི་བོད་སྤྱིའི་དོན་ལ་ནོར་འཁྲིལ་མ་བཟོ་རོགས།ཐུགས་རྗེ་གཟུགས།།

    Reply
  46. lobsang says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས། ཚོགས་འདུའི་འགོ་མཇུག་བར་གསུམ་ལེགས་པོ་བྱུང་ཡོད་ཚོད།

    Reply
  47. སྟག་རྩེ་དཔལ་ལྡན says:
    ལོ་ 15 སྔོན།

    ཆུ་སྒང་འགན་འཛིན་ལྷན་ཚོགས་ཀྱིས་རླབས་ཆེ་བའི་བོད་རིགས་རྒྱ་གཅེས་དཔའ་བོ་ཤི་གསོན་ཡོངས་ཀྱི་ཁ་ཆེམས་དག་སྙིང་དབུས་ཉལ་ནས་རང་བཙན་རྩོད་ལེན་བྱེད་ཕྱོགས་དེ་ཧ་ཅང་སྔགས་བརྗོད་ཞུ་འོས་པའི་གནས་སྟངས་ཞིག་ཏུ་ངོས་འཛིན་ཡོད། རེ་འགས་གོང་བཀོད་བསམ་ཚུལ་ལྟར། གལ་ཏེ་ཁྱེད་ཀྱིས་རང་བཙན་རྩོད་ཀྱི་ཡོད་ན། ཐམས་ལམ་གང་ཡོད་དམ། མཆར་གཞི་གང་ཡོད་དམ།་ནུས་པ་ག་ཚོད་ཡོད་དམ། ད་ཅིག་ཤོད་དང་ཞེས་རྫིག་རྫིག་ངར་ངར་བྱེད་འཁན་ཤུན་ཏུ་མང་། འདི་དག་ནི་ཧ་ཅང་བྱབ་ཆུང་དང་ཕུགས་ཐུང་གི་བསམ་བློ་ཅན་རྐྱང་རེད། ང་ཚོས་རང་བཙན་རྩོད་ཀྱི་ཡོད་ལམ་དུས། སྔོན་དུ་གང་རྩོད་ཡ་དེ་མདུན་དུ་ཟ་ཆོག་ཆོག་ཡོད་པའི་སྐད་ཆ་མ་རེད། རྒྱ་རབས་ལོ་རྒྱུས་ཐོག་ནས་གསལ་ཡོད་པ་ཞིག་འབུ་ཆེ་བས་ཆུང་ཟས་ཞེས་ནས་བཙན་འཕྲོག་བྱས་པ་རེད། བཙན་འཕྲོག་ཏུ་ཕྱིན་པའི་རང་དབང་དེ་སུ་ཡི་ལག་ཏུ་ཡོད་རེད་ཞེས་ན་དགྲ་བོའི་ལག་ཏུ་ཡོད་རེད། དེ་རྒྱ་གཅེས་དཔའ་བོ་དཔའ་མོ་རྣམས་ཁ་ཆེམས་ལྟར་ང་ཚོས་ལེན་གྱི་ཡིན་ཞེས་ཆོད་སེམས་གཏན་པོ་སེམས་ཁུང་དུ་གསོན་ཉལ་བྱས་པ་རེད། དེ་ནི་ཧ་ཅང་གི་རླབས་ཆེ་བའི་བྱ་བ་ཞིག་ཡིན་པ་ལས་ལམ་སོང་གང་ཟག་སྒེར་གྱི་ཁྱེར་སོ་དང་མ་མཐུན་སྟབས་རྫིག་རྫིག་ངར་ངར་བྱེད་པ་དེ་གླང་རྒན་སྔ་མ་ཅན་དང་གཅིག་མཚུངས་རེད།

    Reply
  48. གྲྭ་རྒོད says:
    ལོ་ 15 སྔོན།

    མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་གི་ཚོགས་མི་ཡོངས་ལ་ཆེད་ཞུ།ཁྱེད་ཅག་གི་བོད་དོན་ལ་བསམ་ཤེས་ཡག་པོ་ཞིག་བྱེད་པའི་དུས་ལ་སླེབ་ཡོད་གང་ཡིན་ཞེ་ན།བོད་ཀྱི་ད་ལྟས་གནས་ལ་གཟུགས་དང་གང་འདྲ་འདུག་མཐོང་ཡོད་དམ།བོད་རང་བཙན་དེ་ང་ཚོ་བོད་ཀྱི་ད་ལྟས་གནས་སྟིང་ལ་དེ་ཡོངས་གི་རེ་བསམ་པ་དེ་ནོར་བ་ཁོ་ན་རེད།གལ་སྲིད་བོད་རང་བཙན་རྩོད་ཀྱི་ཡིན་ན་ཇི་ལྟར་སྩོལ།ཐབས་གང་ཡོད།རྒྱལ་ཁབ་ཇི་ལྟར་སྐྱོང་ཤེས་ཡོན་གང་འདྲ་ཡོད།དཔལ་འབྱོར་གང་འདྲ་ཡོད་སྐྱོངས་ཐུབ་དམ།གླེན་རྟགས་གི་ཕན་ཐོག་མེད།དོན་ངོས་ལ་གང་འདྲ་ཡིན་པ།ང་ཚོ་ལ་ལྐོག་དུ་གྱུར་མེད་པ་ཕྱི་གསལ་ནང་གསལ་ཡིན་པ།བོད་ས་ཡོངས་གཅིག་གྱུར་ཡོངས་པ་ལ་འགལ་རྐྱེན་རང་གི་མི་རིགས་གིས་ཇི་ལྟར་བྱེད།མི་རིགས་གཞན་ལ་ངོ་ཚ་ཡོད་དམ།བོད་ཀྱི་དབའ་བོ་དབའ་མོ་ཚོས་བསམ་བློའི་ནང་བོད་རང་བཙན་ཡིན་ཁོང་ཚོ་བོད་རང་བཙན་གྱི་ཆེད་དུ་རང་སྲོག་ཤོར་བ་རེད་ཟེར་བ་ཡིན་ན་ནོར་བ་རེད་ཟེར་ཐུབ།དེ་གང་ཡིན་ཞེ་ན་བོད་ནང་དུ་༧གོང་ས་མཆོག་གི་གསུང་དངོས་སུ་གོ་མཁན་ཉུང་ཉུང་ཞིག་ལས་མེད་པ་དང་གཞན་བཙན་བྱོལ་བོད་གཞུང་གི་སྒྲོགས་ཚིག་གཅིག་གྱུར་ཞིག་གཏན་ལ་མ་འཕེབ་པས་རྐྱེན་བྱས་ངོ་རྒོད་སྐབས་ཐམས་ཅད་ལ་བོད་རང་བཙན་ཡིན་རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབ་དགོས་ཞེས་སྐད་འབོད་བྱས་ཡོད།འོན་ཀྱང་ཁོང་ཚོ་༧གོང་ས་མཆོག་གི་གསུངས་པའི་དབུ་མའི་ལམ་གི་ཁ་ཕྱོགས་ལ་འགྲོ་བ་གཏན་ཁེལ་བྱེད་ཐུབ་གི་རེད་ལ་དེ་ལ་ཡིད་ཆོས་ཡང་ཡོད་རེད།ཁྱོད་ཚོས་འབྲེལ་ལོག་མང་དག་ཞིག་མ་གནང་རོགས་ཞུ།

    Reply
  49. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་གཞུང་གིས་སྤྲད་པའི་བསམ་འཆར་ཡིག་ཆ་ལ་ངོས་ལེན་མེད་ཞེས་་བ་རེད་དམ་རྒྱ་གཞུང་གི་སྐྱོན་བརྗོད་དེ་དག་ལ་ངོས་ལེན་མེད་ཞེས་བ་རེད། འོ་ད་དུང་མདོ་སྟོད་སྤྱི་འཐུས་བཅུ་ཡི་ས་མིག་ལ་དང་ཐོགས་ནས་འོས་གཞིའི་མི་བཅུ་གཏན་འབེབས་བྱེད་རྒྱུ་ཡིན་ཟེར་བ་ཁ་གསང་བོའི་སྒོ་ནས་བཤད་ན་སྤྱི་འཐུས་བཅུ་ཐད་བསྐོས་བྱས་བ་མ་རེད་དམ། འདི་ཕལ་ཆེར་ཨ་ཞང་ཚང་གི་རིན་ཏཱ་འདེམས་སྟངས་འདྲ་བོ་ཞིག་མ་རེད་ན་ཡུམ། འོ་ད་ཆབ་སྲིད་མི་ཤེས་ཀི དེ་ལས་གཉིད་ལ་འདུག

    Reply
  50. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ད་ཐེངས་ད་བལྟ་རྒྱུ་ཞིག་ཡོད་ས་རེད། གང་ལྟར་ཡར་རྒྱས་ཡོད་པའི་སྨོན་ལམ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese