མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

བོད་ཀྱི་དུས་བབ།
༢༠༢༦/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་བྱུང་ནས་ལོ་ངོ་ ༦༧ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་སོང་།

དེ་རིང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་བྱུང་ནས་ལོ་ངོ་ ༦༧ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་འཚོགས་སོང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༣།༡༢

དེ་རིང་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་རླངས་འཁོར་འཇོག་ཡུལ་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙིའི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀེའུ་ཚང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས་མཆོག་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་རྣམ་པ། དྷ་སྟེང་བོད་ཁྱིམ་གྱི་སློབ་ཕྲུག་བུ་མོ་རྣམས། དེ་བཞིན། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་འཛོམས་འདུག

སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཀེའུ་ཚང་རིན་པོ་ཆེ་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་ངས་སེར་ར་དགོན་པར་དེབ་ཆ་ལ་ལྟ་བཞིན་ཡོད། དེ་དུས་ཀྱི་གནས་ཚུལ་ཆ་ཚང་ཤེས་ཀྱིན་ཡོད། ཕོ་ཟད་མོ་ལ་ཐུག ཤ་ཟད་རིས་ལ་ཐུག་ཟེར་བཞིན། བཙན་འཛུལ་བ་རྒྱ་དམར་བོད་ནས་མཐར་སྐྲོད་མ་བྱས་པར་དུ་འཐབ་འཛིང་བྱེད་ཀྱི་ཡིན་ཟེར་ནས་འཐབ་འཛིང་བྱས་པའི་གནས་ཚུལ་བྱུང་བ་རེད། དངོས་ཡོད་རེད།  ངས་དངོས་སུ་ཤེས་ཀྱིན་ཡོད། ཅེས་དང་ཕྱི་ལོ་ ༡༩༦༠ ལོར་ཀེའུ་ཚང་རིན་པོ་ཆེ་མཆོག་དགུང་ལོ་ ༡༦ ལ་ཕེབས་སྐབས་གྲ་བཞི་བཙོན་ཁང་དུ་ལོ་ངོ་ ༢༠ རིང་དུས་བཀག་བཙོན་འཇུག་བྱས་པ་དང་། རྒྱ་ནག་གིས་ཁོང་ལ་བོད་ཀྱི་མཐོ་རིམ་ལོག་སྤྱོད་ངོ་ལོག་པ་ཚོས་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་ཞེས་པའི་ནག་ཉེས་བཙུགས་ཡོད་ཅིང་། དེ་ནི་དོན་དུ་རིན་པོ་ཆེ་དང་བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་རྒྱ་དམག་ལ་འཐབ་འཛིང་བྱས་པར་བརྟེན། རིན་པོ་ཆེ་ལགས་སུ་ལོ་ ༢༠ བཙོན་འཇུག་དང་དེ་ནས་ལོ་བདུན་གྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་དང་། དེ་ནས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ཚོ་བཅའ་སྡོད་སློབ་གྲྭར་བཅུག་སྟེ་སོ་སོའི་སྐད་ཡིག་མི་ཤེས་པ་དང་། བོད་མི་རྣམས་ནས་སོ་སོའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་པར་དམ་དྲག་སྔར་ལྷག་བྱེད་མུས་ཡིན་པས། བཙན་བྱོལ་རང་དབང་ལུང་པའི་ནང་གནས་པའི་བོད་མི་ཚོས་བོད་ཀྱི་སྐད་ཡིག་སྦྱང་སྤྱོད་སྤེལ་གསུམ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བུད་མེད་སྒེར་ལངས་ཐེངས་ ༦༧ པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བཙན་བཟུང་བྱས་ནས་བོད་རྒྱལ་ཁབ་ཆགས་འཇིག་ལ་ཐུགས་སྐབས་བོད་གཞུང་མང་གཉིས་ནས་ཕོ་ཟད་མོ་ལ་ཐུག་པ་དང་ལག་ཟད་དཔུང་ལ་ཐུག་ཀྱང་། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་ཆོལ་གསུམ་བོད་ཀྱི་བུད་མེད་རྒྱལ་གཅེས་དཔའ་མོ་སྟོང་ཕྲག་མང་པོས་དཔའ་མཛངས་སྙིང་སྟོབས་ཞུམ་པ་མེད་པར་བོད་བསྟན་སྲིད་ཀྱི་དོན་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་འབྲས་བུ་གཡུལ་ཀའི་ཐང་ཆེན་དུ་རྒྱ་ནག་དམར་གཞུང་གི་དྲག་མཚོན་གྱི་མདུན་དུ་བདེན་པའི་འབོད་སྒྲ་བསྒྲགས་ནས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཁྲིམས་འགལ་ཐོག་ནས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་པར་གཞི་རྒྱ་ཆེ་བའི་བུད་མེད་སྒེར་ལངས་གནང་ནས་མི་ལོ་ ༦༧ ཧྲིལ་པོ་འཁོར་བའི་གལ་ཆེན་དུས་ཚིགས་ཀྱི་ཉིན་མོ་ཞིག་ཡིན།  དེ་ནི་བོད་གཞི་བྱེས་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གིས་བརྗེད་ཐབས་མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན། གནད་དོན་འདི་གཞུང་སྒེར་སུས་ཀྱང་སྣང་མེད་བསྐྱུར་རུང་བ་ཞིག་གཏན་ནས་མིན། ཞེས་བརྗོད་འདུག

ཡང་བསྒྲགས་གཏམ་ནང་། དེང་གི་ཆར་ཡང་རྒྱ་གཞུང་གིས་བོད་ནང་གླུ་བ་དང་རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པ། ཆོས་དང་རིག་གཞུང་སྲུང་སྐྱོབ་པ། སྐད་དང་ཡི་གེ་སྲུང་སྐྱོབ་ཀྱི་འགན་འཁུར་བ། བླ་ཆེན་དང་སྐྱ་སེར་ཕོ་མོ་སོགས་བོད་མི་རིགས་ཀྱི་བདེ་སྡུག་ལས་དོན་ཆེ་ཆུང་ཅི་རིགས་གནང་མཁན་ལ་ཆབ་སྲིད་ཀྱི་ཉེས་མིང་བཙུགས་ཏེ་དོན་མེད་གང་བྱུང་བཙོན་ཁང་ནང་བཅར་རྡུང་དྲག་པོ་གཏོང་བ་དང་འཛིན་བཟུང་བྱེད་པ། བོད་མི་གར་སོང་ཆ་མེད་དུ་བཏང་བ། རང་གི་ཡུལ་དུ་རང་གི་སྐད་དང་ཡིག་གེ་ལ་སྐུལ་བཅོལ་གྱི་རིན་ཐང་དང་ནུས་པ་རྩ་བརླག་ཏུ་གཏོང་བ་ལ་སོགས་པའི་དམ་དྲག་གི་གནས་སྟངས་ཛ་དྲག་ཡིན་པ་མ་ཟད། བོད་མིའི་ཐོག་ལག་བསྟར་བྱེད་མུས་སུ་ཡོད་པའི་མཁྲེགས་བཟུང་སྲིད་ཇུས་དེ་ཕམ་ཉེས་དང༌། དབང་ཆ་གཅིག་སྡུད་དང་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ཡིན་པར་རྒྱ་གཞུང་གི་འགོ་འཁྲིད་ཚོས་ངོས་ལེན་བྱེད་དགོས། དེ་ལྟར་ཛ་དྲག་གི་གནས་བབ་རྣམས་ངེད་ལྷན་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་དང༌། གནད་དོན་འབྲེལ་ཆགས་ཀྱི་ཚན་པ་སོ་སོར་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་མུས་ཡིན། དེ་བཞིན་བོད་རྒྱའི་དཀའ་རྙོག་དྲང་བདེན་སེལ་ཐབས་སུ། བོད་ཀྱི་གནད་དོན་ནི་བོད་མི་རིགས་དང༌། དེར་བདག་པའི་ས་ཁྱོན་ཞིག་གི་བདག་དབང་ཙམ་མིན་པར། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་དང༌། དྲང་སྙོམས་བཅས་ཉམས་རྒུད་ལས་སྐྱོབ་བྱེད་ཀྱི་དུས་རབས་ཉེར་གཅིག་པའི་དཔལ་ཡོན་གཅིག་པུ་དེ་ལགས་ན། དྲང་བདེན་གྱི་ཚད་གཞི་འདི་ཉིད་གཙིགས་འཛིན་བྱེད་པའི་རྒྱལ་སྤྱིའི་གཞུང་དམངས་གཉིས་ངོས་ནས། བོད་ཀྱི་བདེན་མཐའ་བོད་རྒྱ་ཞི་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱལ་སྤྱིའི་ཁོར་ཡུག་བསྐྲུན་དགོས་པར་བོད་ཀྱི་བུད་མེད་ལྷན་ཚོགས་ནས་སྙན་ཞུ་དང་འབོད་སྐུལ་ཞུ་མུས་ཡིན།

རྒྱ་གཞུང་གིས་གོ་མཚོན་སྣ་ཚོགས་བེད་སྤྱོད་ཀྱིས་ད་བར་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་ཡོད་པ་དང༌། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་ ༡༡ པ་རིན་པོ་ཆེ་གཙོས་པའི་བོད་མི་གྲངས་ལས་འདས་པ་གར་སོང་ཆ་མེད་དུ་གྱུར་ཡོད། ལྷག་པར་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་བོད་མི་སེར་སྐྱ་ཕོ་མོ་  ༡༦༩ ནས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་མཁྲེགས་བཟུང་སྲིད་ཇུས་ལ་འུ་ཐུག་ཐབས་ཟད་ཀྱིས་ཚད་མཐོའི་ལས་འགུལ་སྤེལ་ཡོད། མ་ཟད་ལྷག་དོན་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཤུལ་ལུས་ནང་མིར་སུན་གཙིར་དང་བཙན་པོ་དབང་ཡོད་བྱས་དང་བྱེད་མུས་རེད། རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུ་དང་བོད་རྒྱལ་ཁབ་དེ་རྒྱ་སྡེ་ལ་བསྒྱུར་རྒྱུའི་བསམ་ངན་རྩུབ་སྤྱོད་ཀྱི་སྲིད་བྱུས་མུ་མཐུད་བཟུང་ནས་དོན་མེད་ཀྱིས་འཛིན་བཟུང་བཙོན་འགག་དང༌། ཉིན་མཚན་ཀུན་དུ་རང་དབང་དང་ཞི་བདེ་ལ་དགའ་བའི་བོད་མི་རྣམས་ལ་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་མེད་པར་བཀག་འགོག་སྟངས་འཛིན་བྱེད་པ། རྒྱ་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་ཟུར་བཙུགས་ཀྱིས་བོད་ཕྲུག་རྣམས་སློབ་གྲྭར་བཙན་འགག་བྱས་ནས་ཕ་མ་དང་ཁ་བྲལ་བཏང་ནས་ངན་ཇུས་སློབ་གསོ་སྤྲད་པ་མ་ཟད། ན་ཆུང་བྱིས་པ་གྲྭ་བཙུན་བྱ་མི་ཆོག་པའི་བཙན་ཁྲིད་ཀྱིས་སློབ་གསོ་བྱེད་བཞིན་ཡོད།

སྤྱིར་བོད་མཐོ་སྒང་ལ་འཛམ་གླིང་གི་སྣེ་གསུམ་པ་ཞེས་འབོད་ཅིང་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་གི་འགྱུར་འགྲོས་ལ་ཁྱད་པར་བཟོ་ཐུབ་པའི་ནུས་པ་ལྡན་ཞིང་། རྒྱ་ནག་དམར་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་བོད་ནང་གི་ཤིང་ནགས་གཅོད་བྲེགས་དང་། གཏེར་ཁ་སྔོག་འདོན། ལོ་རྒྱུས་རང་བཞིན་ལྡན་པའི་རྩ་ཆེའི་གནའ་བོའི་ཤུལ་བཞག་རྣམས་མེད་པར་བཟོ་བ། བོད་ནང་གི་ཆུ་ཆེན་དང་གཙང་ཆུ་ཆེ་ཁག་གི་ཐོག་གང་སར་ཆུ་མཛོད་གསར་རྒྱག་དང་ཁ་བསྒྱུར་བྱས་དང་བྱེད་མུས་དང་། མ་ཟད་སྣོད་བཅུད་གཉིས་ལ་གཏོར་སྐྱོན་གཏོང་མུས་ཡིན་པ་དེ་ངེས་པར་མཚམས་འཇོག་དགོས།

བོད་ནང་གི་བོད་རིགས་སྤུན་ཟླ་རྣམས་ཀྱིས་སྙིང་སྟོབས་དང་སེམས་ཤུགས་ཞུམ་པ་མེད་པར་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེར་ཞི་བའི་ངོ་རྒོལ་སྤེལ་མུས་ཡིན་པར་ཡི་རངས་བསྔགས་བརྗོད་ཞུ། སྤྱིར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང༌། རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་ཇུས་གནས་སྟངས་སོགས་ལ་རྒྱལ་སྤྱིའི་ཐོག་བོད་མི་སྤྱི་སྒེར་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་དང་བོད་ནང་དངོས་ཡོད་གནས་སྟངས་ཐོག་དྲིལ་བསྒྲགས་དང་ཞུ་གཏུགས་ཀྱི་ལས་འགུལ་རབ་དང་རིམ་པར་སྤེལ་བར་བརྟེན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ལ་རྒྱལ་སྤྱིའི་ཐོག་ལོ་རེ་ནས་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱིས་ད་བར་རྒྱལ་སྤྱིའི་ཐོག་གཟེངས་སུ་ཐོན་པའི་ལས་འགུལ་སྣ་མང་ཞིག་སྤེལ་ཐུབ་པ་བྱུང་ཡོད། མ་འོངས་པའང་བོད་ཀྱི་བུད་མེད་ལྷན་ཚོགས་ནས་དབུ་མའི་ལམ་གཞིར་བཞག་པའི་ཐོག་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱིས་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པའི་ཆོས་སེམས་བརྟན་པོ་བཟུང་ཡོད་ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༦ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༧ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༢༠ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese