མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་སྟེང་ཆེད་དུ་གསུང་འཕྲིན་ཞིག་བརྩལ་ཡོད་ཅིང་། དེ་རིང་ཞོགས་པར་སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་གཉིས་པའི་སྟེང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྒྲོག་གདོན་གནང་སོང་།

 

༧གོང་ས་མཆོག་གི་གསུང་འཕྲིན་ནང་བཀོད་དོན། སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་བར་ཕེབས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་། གྲོས་ཚོགས་ཀྱི་ལས་དོན་ཚགས་ཚུད་ཚད་ལྡན་ཡོང་བའི་སྨོན་འདུན་ཡོད། རིང་མོ་ཞིག་ནས་ཡིད་ལ་བརྣགས་པ་ལྟར་བོད་མིའི་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་རྒྱུ་བཙན་བྱོལ་དུ་འབྱོར་མ་ཐག་པ་ནས་འབད་བརྩོན་རྒྱུན་བསྲིངས་བྱས་འབྲས་སུ་ད་ལམ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱིས་ཁྲིམས་བཟོ་དང་དཔལ་འབྱོར་སྟངས་འཛིན་གྱིས་མཚོན་པའི་བྱེད་སྒོ་རྣམས་བྱ་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་བརྟས།

 

སྔོན་དུ་བརྗོད་ཟིན་ལྟར་ལྗིད་མཉམ་སྟངས་འཛིན་གྱི་སོ་མཚམས་དང་། རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་མཐོར་གཏོང་རྒྱུའི་ཀུན་སློང་དང་རྩོལ་བ་མི་ལྷོད་པ་དགོས་གལ་མཐོང་། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀའི་འགན་ཁུར་ཞུ་ཡུལ་གྲོས་ཚོགས་ཡིན་སྟབས། གྲོས་ཚོགས་ཀྱང་མང་ཚོགས་ལ་འགན་ཁུར་འཕེར་ངེས་དགོས།

 

བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་འོས་འདེམས་བྱས་པ་ནས་བཟུང་གཞི་རྩའི་ལས་དོན་རྣམས་ངོས་རང་གིས་དོ་ཁུར་མ་དགོས་པར་ཕྱེད་རྒས་ཡོལ་ལྟ་བུ་ཡིན་རུང་། བོད་ཀྱི་རྩ་དོན་དང་བོད་རྒྱའི་འབྲེལ་ལམ་སྐོར་ཇི་སྲིད་མང་ཚོགས་ནས་ཡིད་ཆེས་རེ་འདུན་ཡོད་པ་དེ་སྲིད་དུ་ཅི་ནུས་གང་ལྕོགས་བྱེད་བཞིན་ཡོད། ཞི་བའི་དོན་ཚན་ལྔ་ནི་ཕུགས་ཀྱི་འཆར་སྣང་ཡིན་པས་འབྲེལ་མོལ་ལ་ཐད་འབྲེལ་དེ་ཙམ་མེད་རུང་། སི་ཊ་སི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར།

 

ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་རིགས་ཡོངས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁོ་ན་བརྗོད་གཞིར་བཟུང་སྟེ། གླེང་མོལ་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དངོས་དོན་དང་བསྟུན་ཏེ། གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང་། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་བའི་སྐབས་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན།

 

གོང་སྨོས་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང་། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གིན་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང་། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་བོ་བཟོ་དགོས། འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྤྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱ་དགོས་པ་བཅས་ཡིད་འཇགས་བགྱིས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 40

  1. ཏྲེ་ཧོར་ཚང་། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་ལ་ཞུ་རྒྱུ།
    དབུ་མའི་ལམ་ནི་དབུས་ལ་གནས་ཐུབ་པའི་གང་ཟག་ཅིག་ལས། ཁ་བདེ་བ་ཙམ་གྱིས་ཁག་པོ་རེད། མ་འོངས་པ་བཞེས་རོགས་གནང་།

    Reply
  2. ལུང་རྟོགས། says:
    ལོ་ 15 སྔོན།

    གྲོས་ཚོགས་འཐུས་མི་ཚོ། ཤི་མེད་ན་ད་གཉིད་ལས་སད་རེན་སོང་། ༸གོང་ས་མཆོག་གི་གསུང་འཕྲིན་དེ་ཡག་པོ་ཞིག་ཀློག་དང་། ཁྱོད་ཚོའི་སེམས་ལ་ཇི་ལྟར་མཆར།

    Reply
  3. དབྱངས་བུ། says:
    ལོ་ 15 སྔོན།

    སྤྱི་འཐུས་ཚོར་ཉན་ཤེས་གོ་ཤེས་ཡོད་ན། གོ་ཚོད་ཀྱིས་དུས་ཚོད་བེད་མེད་མི་གཏོང་
    མི་མང་གི་འཐུས་མི་ཚད་ལྡན་ཞིག་ཡོང་བ་གནང་བའི་དུས་ལ་སླེབས་འདུག་གོ

    Reply
  4. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    བོད་རིགས་ཚེར་མ་ལགས།
    ༡། ཉིད་ཀྱི་ཚིག་ “སྤྱི་མོས་ཀྱིས་བོད་ཀྱི་རྩ་དོན་དུས་ནས་དུས་སུ་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་གནང་རྒྱུ་ཞེས་གསལ་ཡོད་པ་བདེན་ཡང” ཞེས་པའི་ནང་གི “བོད་ཀྱི་རྩ་དོན་དུས་ནས་དུས་སུ་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་གནང་རྒྱུ” ཞེས་པ་འདི་ལ་ཕྱིས་སུ་མང་མང་འོས་ཀྱིས་བཅོས་བསྒྱུར་བཏང་ཡོད་པ་རེད་དམ།
    ༢། “བོད་ཀྱི་རྩ་དོན་དུས་ནས་དུས་སུ་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་གནང་རྒྱུ”ཞེས་པའི་ནང་དོན་གཞན་ཞིག་ནི། ག་དུས་ཡིན་ན་གནས་དུས་ལ་གཟིགས་ཏེ་༧གོང་ས་མཆོག་གིས་འགྱུར་བ་གནང་ཆོག་པའི་དབང་ཚད་དང་རང་དབང་ཕུལ་ཡོད་པ་རེད། དེའི་ཕྱིར་དེ་སྔོན་གྱི་སི་ཊ་སི་སྦག་གི་གྲོས་འཆར་སོགས་སྔར་གྱི་བསམ་འཆར་ཁག་དང་ ༢༠༠༩ ལོའི་བསམ་འཆར་ཡིག་ཆའི་ནང་དོན་ལ་ཁྱད་པར་ཡོད་ནའང་དམངས་ཀྱིས་བཀའ་ཁྲོལ་སྔ་མོ་ནས་གནང་མི་འདུག་གམ། དུས་ནས་དུས་སུ་ཞེས་པ་ལ་ཡག་པོ་གོ་བ་ལེན་རོགས།

    Reply
  5. karma dorje says:
    ལོ་ 15 སྔོན།

    གསུང་གི་སྙིང་དོན་གོ་བ། །

    འཚོགས་སྐབས་བཅུ་བཞི་པ་ལ། །
    ༸སྐུ་ཕྲེང་བཅུ་བཞིའི་གསུང་ནང་། །
    སྒེར་འཁོན་ཕྱོགས་འཐེན་ཚབ་ལ། །
    གྲོས་ཚོགས་འགན་ཁུར་འཕེར་ངེས། །

    གྲོས་ཚོགས་དོན་ལྡན་སྨོན་ལགས། །

    Reply
  6. ཚེར་མ། says:
    ལོ་ 15 སྔོན།

    བོད་རིགས་དྲ་གྲོགས་མུ་ཏིག་ཆུང་ཆུང་ལགས། དེ་སྔ་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་ལངས་ཕྱོགས་ཐད་བོད་མི་མང་ནས་འོས་འདེམས་བྱས་ཏེ་སྤྱི་མོས་ཀྱིས་བོད་ཀྱི་རྩ་དོན་དུས་ནས་དུས་སུ་༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་གནང་རྒྱུ་ཞེས་གསལ་ཡོད་པ་བདེན་ཡང་། བཀའ་ཁྲི་ཟམ་གདོང་མཆོག་གི་འགྲེལ་བཤད་ལྟར་ན་དབུ་མའི་ལམ་གྱི་སྲིད་བྱུས་འདི་མི་མང་གི་བཀའ་ལུང་ཐོབ་པའི་སྲིད་བྱུས་ཤིག་ཡིན་པ་དང་། ལམ་ལྷོང་མ་བྱུང་བ་ཡིན་ནའང་མི་མང་རང་གི་ནོར་འཁྲུལ་ཡིན་པ་ལས་གཞན་ཞིག་ལ་སྐྱོན་འདོགས་བྱེད་རྒྱུ་མེད་པར་གསུངས་ཀི་ཡོད། འོན་ཀྱང་། དེ་སྔའི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་བྱེད་དགོས་པར་སྤྱི་མོས་བྱུང་བའི་རྒྱབ་ལྗོངས་དེ་སི་ཏྲ་སི་སྦག་གི་གྲོས་འཆར་ལ་འབྲེལ་མེད་དུ་གནས་ཤིང་། དེང་དེ་ཉིད་རང་བཞིན་རྩིས་མེད་དུ་སོང་བ་འབྲེལ་མོལ་ཐེངས་དགུ་བ་ནས་བཟུང་བཀའ་ཤག་གིས་བཤད་ཀྱི་ཡོད། དེ་སྔ་གྲོས་ཚོགས་ནང་དུ་བཀའ་ཁྲི་རང་ནས་སི་ཏྲ་སི་སྦག་གི་གྲོས་འཆར་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་གྲུབ་གཞི་འཛིན་ས་རེད་ཅེས་བཤད་པ་དེ་མཚམས་འདི་ནས་འགྲེལ་བཤད་ཡང་བསྐྱང་ཡོང་དགོས་པ་འདྲ་ཞིག་ཆགས་ཡོད། བྱས་ཙང་། དེང་གི་དབུ་མའི་ལམ་གྱི་སྲིད་བྱུས་དེ་མི་མང་གི་བཀའ་ལུང་ཐོབ་པའི་སྲིད་བྱུས་ཤིག་རེད་ཅེས་བཤད་ན་ཡ་མཚན་པོ་ཞིག་ཡོད་པ་དང་། ཐ་ན་དམིགས་གསལ་ཚོགས་ཆེན་སྐུབས་སུའང་སི་ཏྲ་སི་སྦག་གི་གྲོས་འཆར་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ལྟ་བའི་གཞི་འཛིན་ས་མ་ཡིན་པའི་ཟུར་ཙམ་ཡང་གླེང་མེད། དེང་སི་ཏྲ་སི་སྦག་གི་གྲོས་འཆར་ནང་བོད་ཞི་བདེའི་བསྟི་གནས་སུ་བསྒྱུར་བར་གལ་ཆེན་དུ་བརྩིས་གནང་བའི་བཅིངས་འགྲོལ་དམག་མི་ཕྱིར་འཐེན་བྱེད་དགོས་པའི་ལངས་ཕྱོགས་དེ་བསམ་འཆར་ཡིག་ཆའི་ནང་གླེང་མེད་ཅེས་ངོས་ལེན་བྱས་ཡོད་པ་དང་། སི་ཏྲ་སི་སྦག་གི་གྲོས་འཆར་ནང་ཐོན་པའི་དམངས་གཙོའི་ལམ་སྲོལ་ལྟར་བོད་ཡུལ་ནི་གཞི་རྩའི་རྩ་ཁྲིམས་སམ་ཁྲིམས་ལུགས་ཤིག་གིས་དབང་བསྒྱུར་དགོས་པའི་ལྟ་བའང་དོར་སྟེ་རྒྱུན་འཁྱོངས་བྱེད་དགོས་གསུམ་དང་འགལ་མེད་ཅེས་ཞུ་གི་ཡོད་དུས། ལྷག་པར་དུ་སྲིད་བྱུས་འདི་མི་མང་གི་བཀའ་ལུང་ཐོབ་ཡོད་པ་ཞིག་ཏུ་ངོས་ལེན་བྱེད་ཐབས་མེད། དེ་ལས་ཀྱང་ང་ལ་རྒྱབ་ལྗོངས་ཀྱི་གནས་ཚུལ་ཞིག་ཡོད་པ་ནི་དེ་གྲོས་ཚོགས་ཚོགས་ཐེངས་དང་པོའི་ནང་་གི་༧གོང་ས་མཆོག་གི་གསུང་འཕྲིན་ནང་དུ་ཡིག་ཆ་དེ་དག་༧གོང་ས་མཆོག་གི་དགོངས་པ་ཡིན་མིན་ཐད་ཐེ་ཚོམ་ཡོང་གི་ཡོད་པས་དེའི་ཐད་བགྲོ་གླེང་གནང་དགོས་པར་བསྟན་པ་ལས་༧གོང་ས་མཆོག་རང་གི་དགོངས་པ་ཡིན་པའི་གསལ་ཁ་ཅི་ཡང་མེད།

    Reply
  7. དཀོན་མཆོག་སྐལ་བཟང་། says:
    ལོ་ 15 སྔོན།

    ༧སྐྱབས་མགོན་རིན་པོ་ཆེའི་གསུང་ཕྲིན་ནང་༼ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང་། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གིན་ཡོད་ཚོད་འདུག་པས། ཞེས་གསུང་ཕྲིན་ཕེབས་པར། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་ལགས་ཀྱི་གསུང་བཤད་ལ་ཁུངས་ལུང་དང་རྒྱུ་མཚན་གསལ་སྟོན་དང་། ཡང་ན་དམིགས་བསལ་ཆབ་སྲིད་ཀྱི་དགོས་མཁོ་གང་ལ་དམིགས་ཡོད་མེད་ཀྱི་གསལ་བཤད་ཅིག་གནང་རོགས་ཞུ་རྒྱུ་ཡིན།

    Reply
  8. དཀོན་མཆོག་སྐལ་བཟང་། says:
    ལོ་ 15 སྔོན།

    དོན་དངོས་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བསམ་འཆར་ཡིག་ཆ་དེ་སྤྱི་འཐུས་ལྷན་ཚོགས་ལ་མ་བསྟན་པ་ཡིན་ནམ། དྲ་གྲོགས་ཚོས་ལན་ཞིག་གནང་རོགས།

    Reply
  9. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ༡། ང་ཚོ་བོད་དགོས་པ་ཆིག་སྒྲིལ་རེད། ཆིག་སྒྲིལ་ལས་བྱུང་བའི་སྟོབས་དགོས་པ་རེད། དེའི་ཕྱིར་ད་ཡོད་ཀྱི་ཆོས་རྒྱུད་སྤྱི་འཐུས་གོང་དམིགས་ཡུལ་དེ་གཉིས་ལ་ཕན་ཐོགས་ཡོང་གི་འདུག་ན། ཆོས་འཐུས་ཚོ་ཡོད་ན་དགའ། ཕན་ཆོས་པ་དང་ཆོས་མིན་སུས་ཐོགས་ན་དགའ་བསུ་ཡོད།
    ༢། ཆོལ་ཁ་དང་ཆོས་རྒྱུད་ཀྱི་ལག་ཆ་སྤྱད་ནས་བོད་ཀྱི་ཆིག་སྒྲིལ་དང་སྟོབས་ཤུགས་ཉམས་ཆགས་གཏོང་རྒྱུའི་རྒྱ་ནག་ཡུལ་ལ་ཞབས་འདེབས་ཞུ་གི་འདུག་ན། ཆོས་འཐུས་ཚོ་འཛེ་ནད་ཅན་བཞིན་ངེས་པར་དུ་མེད་པ་བྱེད་དགོས་པ་རེད།

    Reply
  10. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ནོར་བཅོས། བོད་རིགས་གྲོགས་པོ་ཚེར་མ་ལགས། སྔོན་མ་མང་མོས་འོས་བསྡུས་ཆེན་མོའི་སྐབས་སུ”དུས་ནས་དུས་སུ་༧གོང་ས་མཆོག་གི་ཐུགས་རྗེ་དབྱངས་དཔྱད་ཀྱིས་གཟིགས་ཏེ་ཐག་གཅོད་ལམ་སྟོན་གནང་རྒྱུ”ཞེས་བོད་མི་དམངས་མང་མོས་ཀྱིས་གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་གྲོས་ཚོགས་བརྒྱུད་ཡང་ནས་བསྐྱར་དུ་ཕུལ་བ་མ་རེད་དམ། གོང་ལུང་དེ་ཚིག་ཇི་བཞིན་མི་དྲན་པས་དགོངས་འགལ་མེད་པ་ཞུ། ནང་དོན་ཕལ་ཆེར་འགྱུར་ཚོད་ཡིན་མོད། དཔྱད་གཞི་མེད་པས་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། འདི་ལྟར་ཐོག་མར་༧གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་ཡོངས་རྫོགས་གྲོས་ཚོགས་ཀྱིས་གྲོས་ཆོད་ཀྱི་ལམ་ནས་ཕུལ་རྗེས། དེ་རིང་ཡང་བསྐྱར་ང་ཚོ་ལ་མིག་བསྟན་མ་སོང་ངོས་ལེན་མེད་གསུངས་མདོག་ཁ་བོ་མ་རེད།

    Reply
  11. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    ནོར་བཅོས། བོད་རིགས་གྲོགས་པོ་ཚེར་མ་ལགས། སྔོན་མ་མང་མོས་འོས་བསྡུས་ཆེན་མོའི་སྐབས་སུ”དུས་ནས་དུས་སུ་༧གོང་ས་མཆོག་གི་ཐུགས་རྗེ་དབྱངས་དཔྱད་ཀྱིས་གཟིགས་ཏེ་ཐག་གཅོད་ལམ་སྟོན་གནང་རྒྱུ”ཞེས་བོད་མི་དམངས་མང་མོས་ཀྱིས་གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་གྲོས་ཚོགས་བརྒྱུད་ཡང་ནས་བསྐྱར་དུ་ཕུལ་བ་མ་རེད་དམ། གོང་ལུང་དེ་ཚིག་ཇི་བཞིན་མི་དྲན་པས་དགོངས་འགལ་མེད་པ་ཞུ། ནང་དོན་ཕལ་ཆེར་འགྱུར་ཚོད་ཡིན་མོད། དཔྱད་གཞི་མེད་པས་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། འདི་ལྟར་ཐོག་མར་༧གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་ཡོངས་རྫོགས་གྲོས་ཚོགས་ཀྱིས་གྲོས་ཆོད་ཀྱི་ལམ་ནས་ཕུལ་རྗེས། དེ་རིང་ཡང་བསྐྱར་ང་ཚོ་ལ་མིག་བསྟན་མ་སོང་ངོས་ལེན་མེད་གསུངས་མདོག་ཁ་བོ་མ་རེད།

    Reply
  12. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    བོད་རིགས་གྲོགས་པོ་ཚེར་མ་ལགས། སྔོན་མ་མང་མོས་འོས་བསྡུས་ཆེན་མོའི་སྐབས་སུ”དུས་ནས་དུས་སུ་༧གོང་ས་མཆོག་གི་ཐུགས་རྗེ་དབྱངས་དཔྱད་ཀྱིས་གཟིགས་ཏེ་ཐག་གཅོད་ལམ་སྟོན་གནང་རྒྱུ”ཞེས་བོད་མི་དམངས་མང་མོས་ཀྱིས་གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་གྲོས་ཚོགས་བརྒྱུད་ཡང་ནས་བསྐྱར་དུ་ཕུལ་བ་མ་རེད་དམ། གོང་ལུང་དེ་ཚིག་ཇི་བཞིན་མི་དྲན་པས་དགོངས་འགལ་མེད་པ་ཞུ། ནང་དོན་ཕལ་ཆེར་འགྱུར་ཚོད་ཡིན་མོད། དཔྱད་གཞི་མེད་པས་ནོར་ཡོད་ན་དགོངས་འགལ་མེད་པ་ཞུ། འདི་ལྟར་ཐོག་མར་༧གོང་ས་མཆོག་ལ་ཐག་གཅོད་ཀྱི་སྐུ་དབང་ཡོངས་རྫོགས་གྲོས་ཚོགས་གྲོས་ཆོད་ཀྱི་ལམ་ནས་ཕུལ་རྗེས། དེ་རིང་ཡང་བསྐྱར་ང་ཚོ་ལ་མིག་བསྟན་མ་སོང་ངོས་ལེན་གསུངས་མདོག་ཁ་བོ་མ་རེད།

    Reply
  13. བོད་རང་བཙན says:
    ལོ་ 15 སྔོན།

    བོད་གཞུང་སྤྱི་འཐུས་རྣམས་པར་གལ་གནད་ཆེ་བའི་གསུངས་འཕྲིན་དེའི་ནང་དོན་རེ་རེ་བཞིན་ཞིབ་པ་གཟིགས་ན་མགོ་དབུས་གྲོས་ཚོགས་ཀྱི་ཚོགས་གཙོ་ནས་སྤྱི་འཐུས་རྣམས་པ་ཐུན་མོང་ཐོག་དགྲ་དགའ་གཉིན་སྡུག་གྱི་གཏམ་ངན་སྒྲོགས་པའི་༢༠༠༩ལོའི་ལོ་ནག་དེར་སྤྱི་འཐུས་སྒྲོལ་མ་མཚོ་མོ་དང་བསོད་ནམས་སྟོབས་རྒྱལ་ཀྱི་འགོ་བྱེད་རང་སྐྱོན་ལ་ངོས་ལན་དང་བོད་རིགས་མི་མང་ལ་འགྱོད་ཤག་བྱེད་དགོས་པའི་དུས་ལ་བབ་འདུག། དེ་མིན་ཆོས་ལུས་སྤྱི་འཐུས་དང་ཆོལ་ཁ་ཅེས་མིང་ནམ་ཡང་མ་འབོད་ན་དགའ་བ་མཐོང་།

    Reply
  14. བློ་བཟང་ཐུབ་བསྟན་ says:
    ལོ་ 15 སྔོན།

    ༄༅༑རྒྱལ་པོའི་རྒྱལ་ས་བདེ་སོང་ན།སྤྲང་པོའི་ཉལ་ས་ཡང་བདེ་བ་འགྱུར།
    གོངས་ས་མཆོག་གི་བཀའ་དགོང་ལྟར་སྤྱི་འཐུན་རྣམས་པའི་ཚོགས་འདུ་ལ་
    ཁོང་ཁྲོ་དང་ཕྱོགས་ལྷུང་དབང་དུ་མ་སོང་བར་ཚོགས་འདུ་བཀྲ་ཤིས་ལོ་ལེགས་
    ཡོང་བའི་སྨོན་ལམ་རྒྱབ་བཞིན་ཡོད།མི་སེར་ཀྱུས་ངས་ཕ་ཡུལ་ཕ་མ་དང་གྲོགས་པོ་
    རྣམས་ལ་ཁ་དཔར་རྒྱབ་དུས་ཡང་བདེ་བར་འགྱུར།།།

    Reply
  15. ཚེར་མ། says:
    ལོ་ 15 སྔོན།

    སི་ཏ་སི་སྦག་གི་གྲོས་འཆར་རང་བཞིན་རྩིས་མེད་ཕྱིན་ཡོད་པ་༧གོང་ས་མཆོག་གི་ཞལ་ནས་གསུང་འདུག
    ད་དབུ་མའི་ལམ་མམ་རང་སྲིད་ རང་སྐྱོང་གི་སྲིད་བྱུས་ལག་བསྟར་མུ་མཐུད་དུ་བྱེད་པ་དེ་མི་མང་གི་བཀའ་ལུང་ཐོབ་ པར་ཅི་ལྟར་འགྲེལ་དགོས། དམིགས་གསལ་ཚོགས་ཆེན་སྐབས་སི་ཏྲ་སི་སྦག་གི་གྲོས་འཆར། སྲིད་བྱུས་འདིའི་ལྟ་གྲུབ་ཀྱི་གཞི་འཛིན་ས་ཡིན་པའི་ངོས་ནས་གླེང་ཡོད་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་ པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་མི་མང་གི་བཀའ་ལུང་ཐོབ་ཡོད་པར་འགྲེལ་བཤད་རྒྱག་ཐབས་མེད།

    Reply
  16. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ༧ གོང་ས་མཆོག་གིས་ ཆུ་བཞི་སྒང་དྲུག་དང་འཇུ་ཆེན་ལ་གསལ་བཤད་བྱས་འདུག་ དེ་ལས་གཞན་པའི་འབྲེལ་བཤད་གང་འདྲ་ཞིག་ཡོད་ན་

    Reply
  17. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ད་ཡིན་ན་༸གོང་ས་མཆོག་གིས་བཀའ་གནང་འདུག་པས་་་་ང་ཚོས་སྤྱི་འཐུས་ལྷན་ཚོགས་ཇི་ལྟར་འཚོགས་པ་དང་འགོ་ཇི་ལྟར་འཛིན་པ་དང་མཇུག་ཇི་ལྟར་བསྡུ་རྒྱུ་ཡིན་པ་སོགས་ལ་ལྟད་མོ་བལྟ་དགོས་པ་རེད། ད་ཡིན་ན་ཆོས་བརྒྱུད་སྤྱི་འཐུས་ཚོས་རྫིག་ཉམས་བསྟན་ས་ཞིག་ཨེ་རེག་གི་བལྟ་ཡ་་་་་་རྗེས་ཕྱོགས་ནས་ཁོང་ཚོས་དགོངས་ཞུ་བྱས་ན་ཡག་ཤོས་རེད་་་་ཆོས་བརྒྱུད་ཕྱེད་ཀ་ཞིག་གི་སྤྱི་འཐུས་ཀྱིས་བོད་མི་ཡོངས་རྫོགས་དཀྲུག་གིན་འདུག་པས་ཆོས་བརྒྱུད་སྤྱི་འཐུས་ཤིག་གིས་ཅི་ཞིག་བྱེད་་་་དགོས་ན་ད་དུང་བཙུན་མའི་སྤྱི་འཐུས་སོགས་ད་དུང་མང་པོ་དགོས་ཀྱི་འདུག
    སྐུ་ངོ་འཇུ་ཆེན་གྱི་གསུང་དེ་ཅི་ཞིག་ལ་ཆགས་སོང་་་་་སུ་བདེན་པར་ཆགས་སོང་་་་ད་གསལ་འདོན་བྱེད་དགོས་པ་རེད་ཡ་་་་འདི་ལྟར་མཐོང་དུས་ཅི་ཞིག་ཡིན་པའང་ཤཻས་ཀྱི་མི་འདུག་ལ་ཅི་ཞིག་བྱེད་ཀྱིན་ཡོད་པའང་དོགས་པའི་གནས་ཤིག་རེད་་་་་་་གང་ལྟར་གྲོས་ཚོགས་འདིས་སྤྱད་སྟངས་ལ་ཡོད་ཚད་ཀྱིས་མིག་ཟུང་བགྲད་ནས་བལྟ་དགོས་པ་རེད་་་་་གལ་སྲིད་ད་དུང་ཕྱོགས་འཐེན་གྱིས་ཞབས་འདྲེན་ཞུས་ན་ང་ཚོ་སྤྱི་འཐུས་ཚོགས་ཁང་གི་སྒོར་ཉལ་ནས་ངོ་རྒོལ་བྱེད་དགོས་ཀྱང་བྱེད་ངེས་ཡིན་་་་་གལ་སྲིད་ད་རེབ་གྲོས་ཚོགས་སྒང་ལ་སྔར་ལྟར་སྒེར་གྱི་ན་ཚ་དག་ཁུར་ནས་ཡོང་ན་ང་ཚོ་མི་རེ་ངོ་རེ་ནས་ངོ་རྒོལ་དང་ཕྱོགས་རེས་ཅན་དག་ཐད་ཀ་གནས་དབྱུང་གཏོང་ཅི་ཐུབ་བྱེད་དགོས་པ་རེད།་

    Reply
  18. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    http://www.tibet.net/tb/ འདི་བོད་གཞུང་དྲ་བའི་བོད་ཡིག་དྲ་བའི་ཁ་བྱང་རེད། དེ་ནས་ཡོངས་རྫོགས་ཀློག་ཐུབ།

    Reply
  19. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱིས་ཡང་སྙིང་གང་རྩོད་ཀྱི་ཡོད་དམ་ཟེར་བའི་དུས་བབ་གསར་འགྱུར་ནི་སྙིང་བསྡུས་དང་། བོད་གཞུང་དྲ་བ་www.tibet.net ཡི་བོད་སྐད་སྡེ་ཚན་དུ་རྒྱ་ནག་གཞུང་ལ་སྤྲད་པའི་བསམ་འཆར་ཡིག་ཆ་ཁ་ཚང་འདུག ཅོ་རི་ཉི་མ་དེར་གཟིགས་དང་།

    Reply
  20. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དེ་རིང་སྐུ་ཚབ་རྣམ་པ་ཚོས་བསྐྱར་དུ་སྤེལ་བའི་བསམ་འདུན་ཞིག་ཐོན་འདུག གཤམ་ལ་གཟིགས་རོགས།
    ༄༅། །འབྲེལ་མོལ་ཐེངས་དགུ་པའི་སྐབས་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བཏོན་གནང་བའི་གནད་དོན་ཁག

    ྋགོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་གི་སྐུ་ཚབ་ཚོར་གནད་དོན་གསུམ་བཏོན་ཡོད་པ་ནི།
    ༢༠༡༠ ཕྱི་ཟླ་ ༣ ཚེས་ ༩ རེས་གཟའ་མིག་དམར།
    དོན་ཚན་དང་པོ། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཕུལ་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆ་དོན་ཚན་བདུན་ཅན་ཞིག་ཕུལ་བ་དང༌། རྒྱ་ནག་དབུས་གཞུང་གིས་འདིའི་ཐོག་དགོངས་བཞེས་གཏིང་ཟབ་ཀྱིས་དོན་སྙིང་ལྡན་པའི་གྲོས་བསྡུར་ཡོང་རེ་བསྐྱར་ནན་གནང་ཡོད་ཅིང༌། རྒྱ་ནག་དབུས་གཞུང་གིས་བསམ་འཆར་ལ་ཐུགས་འཚབ་དང་འགྲེལ་བརྗོད་སྣ་ཚོགས་བྱས་པ་རྣམས་ཡིག་ཆ་འདིའི་བརྒྱུད་ནས་གསལ་རྟོགས་ཡོང་ཐབས་དང༌། འབྲེལ་མོལ་གྱི་ལས་རིམ་མདུན་བསྐྱོད་ཡོང་ཆེད་ཀྱི་བསམ་འཆར་ཁག་ཞུས་ཡོད་པ་མ་ཟད། མང་ཚོགས་ཁྲོད་གོ་ལོག་དང་གོ་འཛོལ་མི་ཡོང་བའི་ཆེད་དུ་དམིགས་པ་ཞིག་ཀྱང་རེད། འགྲེལ་བརྗོད་ནང་དོན་ཚན་བདུན་འཁོད་པ་ནི།
    ༡། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་དང་ས་ཁྱོན་གཅིག་གྱུར་ལ་ཆ་འཛིན།
    ༢། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཆ་འཛིན།
    ༣། རྒྱུན་འཁྱོངས་གསུམ་ལ་ཆ་འཛིན།
    ༤། རྒྱ་ནག་དབུས་གཞུང་གི་དབང་ཚད་དང་གོ་རིམ་ལ་ཆ་འཛིན།
    ༥། བསམ་འཆར་ནང་གསལ་བའི་གནད་དོན་བྱེ་བྲག་པ་དང་འབྲལ་བའི་རྒྱ་ནག་དབུས་གཞུང་གི་ཐུགས་འཚབ་ཁག
    ༦། ངོས་འཛིན་དགོས་པའི་གཞི་རྩའི་གནད་དོན།
    ༧། ྋགོང་ས་མཆོག་གི་མཐུན་འགྱུར་བཅས་ཡིན།
    གལ་སྲིད་བསམ་འཆར་ནང་གསལ་བའི་གནད་དོན་རྣམས་ནས་ལག་བསྟར་སླ་བ་རྣམས་གྲོས་བསྡུར་ཐོག་གོམ་པ་རིམ་སྤོས་ཀྱིས་མདུན་བསྐྱོད་བྱུང་ན་གཞི་རྩའི་གནད་དོན་རྣམས་རིམ་བཞིན་ལག་བསྟར་ཐུབ་རྒྱུར་ཕན་ཐོགས་ཡོད་པའི་དགོངས་འཆར་ཡང་བཏོན་ཡོད།

    དོན་ཚན་གཉིས་པ། ྋགོང་ས་མཆོག་གི་དགོངས་པའི་ཕུགས་རེ་ནི་བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་གནས་ཚུལ་དེ་རང་ཡིན་པའི་བསྐྱར་ནན་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་དང་འབྲེལ་བའི་གནད་དོན་དང་ཁོང་གི་ཉེ་འཁོར་ཡོད་པའི་མི་ཉུང་ཤས་ཤིག་གི་བདེ་སྡུག་གི་གནད་དོན་ཚིག་གཅིག་རྒྱ་ནག་དབུས་གཞུང་ལ་ཞུ་མྱོང་མེད་ལ་ཞུ་དགོས་ཀྱང་མེད་གནས་འགྲེལ་བརྗོད་ཞུས་ཡོད། དེའི་ཐད་རྒྱ་ནག་དབུས་གཞུང་གིས་བོད་མི་མང་ཆེ་བའི་གནས་བབ་བདེ་སྐྱིད་དང་ལྡན་པ་འདོད་བློ་ཁེངས་ངེས་ཡོད་ཚུལ་དང༌། བོད་ཀྱི་གནད་དོན་མེད་ལུགས་གསུང་གི་ཡོད་ཀྱང་ང་ཚོའི་ངོས་ནས་བོད་མི་མང་ཆེ་བ་ཆོས་སྲིད་དང་དཔལ་འབྱོར། སྐད་ཡིག་དང་རིག་གཞུང༌། སྤྱི་ཚོགས་ཀྱི་གནས་སྟངས་གང་ཐད་ནས་འདོད་བློ་མ་ཁེངས་པའི་དཀའ་སྡུག་ཚད་མེད་ཡོད་པ་མཐོང་གི་ཡོད་སྟབས། ཕྱོགས་གཉིས་ཀྱི་མཐོང་ཚུལ་མི་འདྲ་བ་གཉིས་པོ་དེའི་དངོས་ཡོད་ཀྱི་གནས་ཚུལ་བདེན་པ་ཇི་ཡིན་ས་གནས་ས་ཐོག་ཏུ་མཉམ་རུབ་ཀྱིས་ཞིབ་འཇུག་མཐིལ་ཕྱིན་གནང་དགོས་པའི་རེ་འདུན་བཏོན་ཡོད།

    དོན་ཚན་གསུམ་པ། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་ས་ཁྱོན་ཡོངས་སུ་ཞི་རྒོལ་གྱེན་ལངས་བྱུང་བ་དེ་དག་ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བསྐུལ་སློང་བྱས་ཚུལ་བསྙོན་འཛུགས་གནང་བ་དེ་དག་དངོས་བདེན་མིན་པ་དང༌། ངོས་ལེན་མི་ཐུབ་པའི་གནས་ཚུལ་ཕྱི་ལོ་ ༢༠༠༨ ཟླ་ ༥ པའི་ནང་ཧྲིན་ཀྲིན་དུ་ནང་ལུགས་གྲོས་བསྡུར་སྐབས་ཞི་ཕྲ་ཞུས་འབྲས་སུ་འབྲེལ་མོལ་ཐེངས་བདུན་པའི་སྐབས་རྒྱ་ནག་དབུས་གཞུང་གིས་མཚམས་འཇོག་དགོས་པ་གསུམ་རྒྱབ་སྐྱོར་མི་བྱེད་པ་བཞི་ལ་བསྒྱུར་ཏེ་དངོས་དོན་ངོས་བཞེས་གནང་ཡོད། འོན་ཀྱང་བར་སྐབས་བསྙོན་འཛུགས་དེ་རིགས་མུ་མཐུད་གནང་བཞིན་འདུག་ན། ད་ཆ་རྒྱ་ནག་དབུས་གཞུང་གི་ལངས་ཕྱོགས་འབྲེལ་མོལ་བདུན་པའི་སྐབས་གསུངས་པ་ལྟར་གནས་ཡོད་དམ། ཡང་ན་དེ་ལ་འགྱུར་བ་ཕྱིན་ཡོད་གསལ་པོ་བཟོ་དགོས་དང༌། གལ་ཏེ་འགྱུར་བ་ཕྱིན་པ་ཡིན་ན་སྐྱོན་འཛུགས་དེ་དག་དངོས་བདེན་ཡིན་མིན་རྒྱ་ནག་དབུས་གཞུང་གིས་བོད་ནང་དང་བཙན་བྱོལ་སྤྱི་ཚོགས་གཉིས་ཀའི་ནང་དངོས་དོན་ར་འཕྲོད་ཡོང་ཐབས་ཀྱི་ཞིབ་འཇུག་མཐིལ་ཕྱིན་ཚན་རིག་དང་མཐུན་པའི་ལམ་ནས་གནང་དགོས་པ་དང༌། དེའི་ཆེད་ཕན་ཚུན་གོ་བསྡུར་གྱིས་ལམ་རིམ་གོ་སྒྲིག་གནང་དགོས་ཞུས་ཡོད། ྋགོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ཞིབ་འཇུག་དེ་ལ་མཐའ་གཅིག་ཏུ་མཐུན་འགྱུར་ཞུ་རྒྱུ་དང༌། དེ་འདྲའི་ཞིབ་འཇུག་གི་ལམ་ནས་དངོས་ར་འཕྲོད་པའི་གནས་ཚུལ་ཇི་བྱུང་ལ་ཕྱོགས་གཉིས་ཀས་ངོས་ལེན་དགོས་པ་མ་ཟད། གལ་སྲིད་ང་ཚོར་ནོར་འཛོལ་ཡོད་པ་ར་འཕྲོད་བྱུང་བ་ཡིན་ན་སྔ་འགྱོད་ཕྱི་སྡོམ་ཞུ་རྒྱུ་དང༌། ར་འཕྲོད་མ་བྱུང་ན་རྒྱ་ནག་དབུས་གཞུང་གི་ངོས་ནས་དག་སེལ་དང་སྦྲགས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་ནང་གཞི་མེད་རྫུན་གཏམ་གྱི་བསྙོན་འཛུགས་གནང་མཚམས་ངེས་པར་དུ་བཞག་དགོས་པའི་རེ་འདུན་བཏོན་ཡོད།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང་། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་བའི་སྐབས་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན།
    ཞེས་གསུངས་པའི་འབྲེལ་མོ་དགུ་པའི་སྐབས་ཀྱི་འགྲེལ་བརྗོད་ཡིག་ཆ་དྲ་ལམ་རྒྱུད་ནས་ལྟ་ཐུབ་ཀྱིན་འདུག་གམ། དྲ་གྲོགས་སུ་ཡིས་ཤེས་ཚེ་ལམ་སྟོན་རེ་གནང་རོགས།

    Reply
  22. ནད་པ says:
    ལོ་ 15 སྔོན།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་མཉེས་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །

    ཅེས་རྒྱལ་བའི་ཡོངས་འཛིན་ལྷན་གཉིས་ཀྱིས་བརྩམས་པའི་གསུང་བྱིན་འདི་གངས་ཅན་བོད་རིགས་ཡོངས་ཀྱིས་སྔ་ནས་ད་བར་སེམས་གཏིང་ནས་སྨོན་ལམ་བཏབ་དང་འདེགས་བཞིན་མཆིས། ཐ་ན་འཆི་ལ་ཉེ་བའི་རྒས་པོ་རྒས་མོའི་ཅན་ཚོའི་སེམས་གཏིང་གི་རེ་བ་དང་སྨོན་ལམ་ཡང་འདི་ཉིད་ཁོ་ན་ཡིན་སྟབས་ང་ཚོས་གང་ཐུབ་ཀྱིས་༸ རྒྱལ་བའི་བཀའ་དགོངས་དང་མཐུན་པ་ཅི་ནས་ཀྱང་གནང་ཐུབ་པ་དགོས།

    Reply
  23. གསང་གཏོར། says:
    ལོ་ 15 སྔོན།

    གོང་ས་མཆོག་གལ་ཆེའི་གསུང་འཕྲིན་བསྩལ་བ་ཐུགས་རྗེ་ཆེ་གནང།་གཞན་མ་གཏོགས་ཆབ་སྲིད་པ་དང་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ཀྱིས་བོད་ཀྱི་ཞི་མོལ་དང་ཁྱེད་ཀྱི་དབུ་མའི་ལམ་གྱི་དགོངས་གཞི།་ཞི་མོལ་སྐོར་གྱི་ཡིག་ཆ་སོགས་གཏམ་འཆར་འདྲ་མིན་བཤད་ཀྱི་ཡོད་པ་མ་ཟད།་བཀའ་ཟུར་ལྷན་ལྷན་ཚོགས་ཟེར་བ་ལྟ་བུ་གི་གོ་སྐབས་ཟིན་ཏེ་བཀའ་ཤག་དང་གྲོས་ཚོགས།་མི་མང།་གོང་ས་མཆོག་བཅས་བར་བསྐྲུག་གཞི་ཆེན་པོ་ཞིག་བཟོ་དང་བཟོ་བཞིན་ཡོད་པས།་དེ་ཐེངས་ཀྱི་བཀའ་སློབ་དེ་གནད་ལ་ཁེལ་བ་ཞིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

    Reply
  24. འཇམ་མགོན། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་འཐུས་རྣམས་ལྷན་འཛོམས་གནང་བ་འཚམས་ཞུ། ཁྱེད་རྣམས་ནས་བོད་མི་རིགས་ཀྱི་རྩ་དོན་གླེང་རྒྱུ་ལས་སྒེར་དོན་འཐེན་འཁྱེར་མི་གནང་བར་མཁྱེན།
    ད་དུང་མཁྲེགས་འཛིན་དང་ཀླད་རྙིང་གི་འདུ་ཤེས་ཀྱང་དོར་ནས་༸རྒྱལ་བའི་བཀའ་དགོངས་བཞིན་བསྒྲུབ་རྒྱུ་ཐུགས་འཇགས་གནང་བར་མཛོད།

    Reply
  25. སྟོབས་ says:
    ལོ་ 15 སྔོན།

    ནོར་བུ་རྒྱལ་མཚན
    མཆན་འདི་ལ་རྒྱབ་སྐྱོར་ཡོད་ཡིན་ནའང་ཁྱེད་ཀྱི་སྐད་ཆའི་ཟུར་ཆད་འདུག་སྙམ་སོང་།
    ༧་གོང་ས་མཆོག་གི་གསུང་འཕྲིན་འདི་འཕྲོས་བཤད་ཡང་ཡང་བྱེད་དགོས་དོན་ཁྱེད་ཀྱི་བཤད་མི་འདུག
    གསུང་འདིས་དམངས་ཚོགསཀྱི་མགོ་ནོན་སྤྱད་ཏུ་གསུང་བ་ཞིག་མ་རེད །

    འདི་ཡིན་གཅིག་མིན་གཉིས་ཤེས་དགོས།

    Reply
  26. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    སྤྱི་མཐུན་ཚོ་ཡག་པོ་བྱེད་ནས་གཟིགས་དང་༧་གང་ས་སྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ཐུགས་ཕམ་གྱི་ཚུལ་དུ་།
    ༼སྔོན་དུ་བརྗོད་ཟིན་ལྟར་ལྗིད་མཉམ་སྟངས་འཛིན་གྱི་སོ་མཚམས་དང་། རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་མཐོར་གཏོང་རྒྱུའི་ཀུན་སློང་དང་རྩོལ་བ་མི་ལྷོད་པ་དགོས་གལ་མཐོང་། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀའི་འགན་ཁུར་ཞུ་ཡུལ་གྲོས་ཚོགས་ཡིན་སྟབས། གྲོས་ཚོགས་ཀྱང་མང་ཚོགས་ལ་འགན་ཁུར་འཕེར་ངེས་དགོས། ༽
    གོང་སྨོས་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང་། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གིན་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང་། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་བོ་བཟོ་དགོས། འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྤྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱ་དགོས་པ་བཅས་ཡིད་འཇགས་བགྱིས།
    གང་གསུངས་འདུག
    སྔོན་ཆད་འགྱོད་སེམས་དང་ཕྱེ་ཆད་ལ་སྤང་བླང་དང་ཕན་ཚུལ་མཆམ་མཐུན་རྡོག་རྩ་གཅིག་སྒྲིལ་ག་འདྲ་བྱེད་དགོས་མན་ཐུགས་བསམ་ཡག་པོ་ཞེས་རོག་གནང་ལག་གཉིས་ཐར་མོ་གཟུང་ནས་ཞུས་གི་ཡོད།།

    Reply
  27. སྟོབས་ says:
    ལོ་ 15 སྔོན།

    བརྟེན་འབྲེལ་ཞུ་རྒྱུ་དང་སྨོན་ལམ་འདེབས་རྒྱུ་འུ་ཚང་བོད་པའི་གོམས་གཤིས་རེད
    ། བདེན་ལུགས་བདར་ནས་བོད་མི་སུ་ཡི་ན་ནའང་བགྲོ་གླེང་བྱེད་རྒྱུ་ཧ་ཅིང་གལ་ཆེན་རེད་ མཆན་འདེབས་མཁན་འགས་ཁ་ཡག་རེ་བཤད་ནས་བུད་འགྲོ་གི་འདུག བོད་མིའི་སྐྱིད་སྡུག་ལ་དོ་ཁུར་མ་བྱསཔ་རེད

    ་

    Reply
  28. སྐལ་བུ་ says:
    ལོ་ 15 སྔོན།

    ཚོགས་འདུ་འདི་དོན་དང་ལྡན་པ་ཞིག་ཡོང་བ་ཞུ་རྒྱུ་རེ་བ་བྱེད་བཞིན་ཡོད།

    Reply
  29. སྐལ་བུ་ says:
    ལོ་ 15 སྔོན།

    གང་ཡིན་རེད་ན་ཞེས་

    Reply
  30. བསེ་རུ། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་བཅས།
    བོད་མི་ས་ཡ་དྲུག་གི་ཆེད་དུ་འཛོམས་ཤིང་བོད་མི་ས་ཡ་དྲུག་གི་བདེ་སྡུག་གླེང་གིན།
    རང་སྐྱིད་མི་སྨོན་ཡོང་བའི་རེ་བ་དང་སྨོན་ལམ་འདེབས་ཀྱིན་ཡོད།

    Reply
  31. སྟོབས་ says:
    ལོ་ 15 སྔོན།

    ཡི་གེ་རྡགས་ནོར་སོང་། ཏེ་ལྟར་དུ་གཟིགས་རོགས་མཁྱེན

    Reply
  32. སྟོབས་ says:
    ལོ་ 15 སྔོན།

    འཚོགས་འདུ་རྒྱལ་ཁས་ངང་གྲོལ་རྒྱུ་དང་འཇུ་ཆེནགྱི་སྐད་ཆ་གསུང་འདིས་བསེད་བཀྲོལ་བྱས་ཚར་བའི་སྐད་ཆ་ཞིག་མ་རེད
    དྲྭ་གྲོགས་ཚོ་༧་གོང་ས་མཆོག་གི་གསུང་བདེན་ལུགས་འཛིན་གྱི་ཡིན་ནམ །
    འཇུ་ཆེན་སྐད་ཆ་ཚད་མར་འཛིན་ཡིན །
    གལ་སྲིད་འཇུ་ཆེན་གྱི་སྐད་ཆ་ཡོད་ཚད་རྫུན་མ་ཡིན་པ་ཡིན་ན་འདིས་ཐད་ལ་བསམ་བློ་ཞིག་མི་གཏོང་ཐབས་མེད །

    Reply
  33. གྲྭ་རྒོད says:
    ལོ་ 15 སྔོན།

    སྤྱིར་བཙན་བྱོལ་བོད་གཞུང་གི་སྤྱི་མཐུས་རྣམས་ལ་བཟང་ཕྱོགས་མང་ཡང་དེ་དགོས་པ་རེད་ལ་བཟང་ཕྱོགས་ཇི་འདྲ་ཡོད་ཀྱང་བོད་རང་ལ་ཕན་པ་ལས་གནོད་པ་མེད།སྐྱོན་གང་ཡོད་དང་བྱེད་ཕྱོགས་མ་འགྲིག་པ་དེ་དག་གིས་བོད་མི་རིགས་ནང་ཁུལ་ལ་གནོད་པ་ཡོང་གི་ཡོད་པས་དགག་ཕྱོགས་ནས་སྐྱོན་ཐེར་འདོན་བྱེད་རྒྱུ་དེ་གལ་ཆེན་པོར་མཐུང་།སྤྱི་མཐུས་རྣམས་ནས་ཀྱང་སྤྱི་མཐུས་མི་རེ་ངོ་རེ་ནས་བོད་སྤྱི་པའི་ལས་དོན་ཐོག་མཐུས་ཤོར་འགྲོ་གི་ཡོད་མེད་ཞིབ་འཇུག་་ཡང་དག་ཞིག་བྱས་ནས་དོན་ངོ་བོ་གནས་ཚུལ་ལ་སྐྱོན་ཡོད་ཚེ་སྐྱོན་དེ་སེལ་ཐུབ་བྱས་ཏེ་ཡར་ཐོན་སྤྱི་ཚོགས་ཞིག་བསྐྲུན་རྒྱུ་རེ་བ་ལགས།

    Reply
  34. ནོར་བུ་རྒྱལ་མཚན། says:
    ལོ་ 15 སྔོན།

    གངས་རི་ར་བས་སྐོར་བའི་ཞིང་ཁམས་སུ། །
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
    སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །
    ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་གཅིག །

    Reply
  35. ལྷ་མ་ཡིན། says:
    ལོ་ 15 སྔོན།

    ཚོགས་འདུ་འདི་རྒྱལ་ཁའི་ངང་མཇུག་གྲོལ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  36. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 15 སྔོན།

    ཟབ་གསལ་གསུང་གི་བདུད་རྩི་བསྩལ་འདུག་སྐྱབས་སུ་མཆི། སྐུ་ངོ་འཇུ་ཆེན་གྱི་གསུངས་པའི་ཚིག་གི་དོག་གནད་ཀྱང་གསུང་ཕྲིན་འདིས་བཀྲོལ་འདུག

    Reply
  37. སྟོབས་ says:
    ལོ་ 15 སྔོན།

    རྒྱ་ནག་ལ་སྤྲད་པའི་ཡིག་ཆ་སྤྱི་འཐུས་ཀྱི་ངོས་ལེན་མེད་པ་མ་སྲིད་སྤྱི་འཐུས་བསྟན་མེད་ཚུད་འཇུ་ཆེན་ལགས་ཀྱི་གསལ་པོར་གསུང་འདུག ༧་གོང་ས་མཆོག་གི་གསུང་འཕྲིན་ནང་དུ་སྤྱི་འཐུས་ཀྱིས་གྲོས་ཆོད་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱི་འབད་འབུང་བྱེད་ཁུལ་ཡིན་ཞེས་གསལ་པོར་གསུང་འདུག་གལ་ཏེ་འཇུ་ཆེན་ལ་ཁུངས་ལྡན་གྱི་ཡིག་ཆ་དང་དཔུང་མི་སྟོན་གྱི་ཡོད་ན་སྟོན་རན་རེད གལ་སྲིད་མེད་ན་འཇུ་ཆེན་མི་དོགས་གཞི་ཅན་ཡིན་པ་ངང་ཀིས་སླེབས ། ཁར་སང་འཇུ་ཆེན་གྱི་རྒྱ་ནག་ལ་སྤྲད་པིའ་ཡིག་ཆ་སྤྱི་འཐུས་ལ་ངོས་ལེན་མེད་བཤད ། དེ་རིང་ཡང་བོད་མི་འཛིན་སྐྱོངས་གཅིག་ཡིན་དགོས་ཤེས་པའི་སྙན་ཐོ་ལ་ངོས་ལེན་མེད་ཟེར ། འཇུ་ཆེན་གྱི་དམིགས་ཡུལ་ངོ་མ་དེ་གང་ཡིན་ན

    Reply
  38. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཆོས་བརྒྱུད་སྤྱི་འཐུས་འདི་ཚོ་ད་ལྟ་དགོས་དོན་མི་འདུག་བསམ། འདི་ཚོའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་འདིས་བོད་བརྒྱུད་ནང་བསྟན་གྱི་ཞབས་ནས་འདྲེན་བཞིན་པ་མ་ཟད། ༸གོང་ས་མཆོག་གིས་ཞབས་ནས་ཀྱང་འདྲེན་བཞིན་འདུག
    སེམས་མ་བཏུལ་བའི་བརྟུལ་སྤྱོད་ཅན་གྱི་སྤྱི་འཐུས་རྣམས་་་་་་དགོངས་ཞུ་གནང་རོགས།

    Reply
  39. ཉིམ་རྒྱལ། says:
    ལོ་ 15 སྔོན།

    ཕལ་ཆེར་བཙན་བྱོལ་བོད་མིའི་བཀའ་བློན་ལྷན་རྒྱས་ལ་དཀའ་ངལ་ཞེ་དྲགས་ཡོད་ས་རེད། གོང་དུ་གསར་འགོད་པས་༼དཀའ་བློན་༽ ཞེས་བྲིས་འདུག ད་ཅི་ཤེས།

    Reply
  40. ཨརྱ། says:
    ལོ་ 15 སྔོན།

    ང་ཚོས་དུས་ནམ་ཞིག་ལ་ཁོང་གི་དགོངས་པ་ཟབ་མོ་དེ་ལག་ལེན་དངོས་ནས་བྱེད་ཐུབ་བམ། ངོ་མ་ང་དོགས་པ་ཟ་གི ༼སྔོན་དུ་བརྗོད་ཟིན་ལྟར་ལྗིད་མཉམ་སྟངས་འཛིན་གྱི་སོ་མཚམས་དང་། རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་མཐོར་གཏོང་རྒྱུའི་ཀུན་སློང་དང་རྩོལ་བ་མི་ལྷོད་པ་དགོས་གལ་མཐོང་། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀའི་འགན་ཁུར་ཞུ་ཡུལ་གྲོས་ཚོགས་ཡིན་སྟབས། གྲོས་ཚོགས་ཀྱང་མང་ཚོགས་ལ་འགན་ཁུར་འཕེར་ངེས་དགོས།༽
    ཞེ་ས་མ་བྱས་ན་འདི་ནི་ང་ཚོའམ་གྲོས་ཚོགས་འཐུས་མི་རྣམས་ལ་ཁོང་གི་ཁོང་གི་སེམས་དམར་བོ་ལག་ཏུ་བཞག་པ་རེད། གཞན་བཀའ་ཤག་ལ་རྒྱབ་སྐྱོར་ཆེན་པོ་ཐོབ་འདུག་ཨ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese