མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་སྒེར་ལངས་ཐེངས་ ༥༡ པ་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp
བུད་མེད་སྒེར་ལངས་ཐེངས་ ༥༡ པའི་སྟེང་རྒྱ་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་ཐོག བོད་ནང་གི་བོད་མི་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་སྲོག་ཐོག་བཏང་བ་སོགས་ཀྱིས་མཚོན་པའི་མནར་གཅོད་མུ་མཐུད་གཏོང་བཞིན་པར། ང་ཚོ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་བློ་ཡུལ་མི་བདེ་བ་དང་སེམས་འཚབ་ཆེན་པོའི་ངང་གནས་ཡོད་ཅེས་བུད་མེད་ཚོགས་གཙོས་གསུངས་ཡོད།
ཕྱི་ཚེས་ ༡༢ ཉིན་དེ་བོད་ཀྱི་བུད་མེད་ཀྱི་སྒེར་ལངས་ཐེངས་ ༥༡ པ་དེ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྲུང་གཙི་གནང་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་བུད་མེད་ཚོགས་གཙོ་ཟུར་བ་བུ་མོ་ཚེ་རིང་། རྒྱ་རིགས་རྩོམ་པ་མོ་ཀྲོའུ་རོའུ། བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འགན་འཛིན་སོགས་ཕེབས་ཡོད།
ཉིན་དེར་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་སྒེར་ལངས་བྱས་ཏེ་མི་ལོ་ ༥༡ འཁོར་བའི་དུས་དྲན་ཉིན་མོའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་ ༡༩༥༩ ལོ་ནས་ད་བར་བོད་ཀྱི་རང་དབང་འཐབ་རྩོད་ཆེད་དུ་རང་སྲོག་བློས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་དྲན་གསོ་དང་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན་ཞེས་དང་། ཉེ་ཆར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་གནང་ཡང་བཟང་ཕྱོགས་ཀྱི་གྲུབ་འབྲས་གང་ཡང་མ་ཐོན་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་སྟབས། རྒྱ་ནག་གཞུང་ཕྱོགས་ནས་བོད་ཀྱི་དཀའ་རྙོག་སེལ་དགོས་བ་ནི་བོད་ཙམ་མིན་པར་རྒྱ་ནག་གཞུང་མང་ལའང་ཁེ་ཕན་ཡོད་ཅེས་གསལ་ཡོད།
དེ་བཞིན་རྒྱ་ནག་གི་མཁས་པ་མང་པོའི་རྩོམ་བྲིས་ནང་ད་ལྟའི་དམར་ཤོག་གི་དབང་ཆ་གཅིག་སྡུད་གྱི་ལམ་ལུགས་འོག་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་མང་གཙོའི་ལམ་སྲོལ་མེད་པ། དྲང་བདེན་དང་གྱི་ཁྲིམས་གཞི་མེད་པ། ལྷག་པར་དུ་བོད་མི་རིགས་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ལ་འདྲ་མཉམ་དང་རང་དབང་གི་ཁྲིམས་གཞི་ལག་ལེན་ཇི་བཞིན་མེད་པ་བཅས་ལ་སྐྱོན་བརྗོད་བྱས་ཡོད། ཡང་གསལ་བསྒྲགས་ཡིག་ཆ་དེར་མུ་མཐུད་དེ་བཀོད་དོན། ༢༠༠༨ ལོ་ནས་བཟུང་དེང་རབས་ཀྱི་དྲག་ཤུགས་ལ་བརྟེན་ནས་ཉེས་མེད་བོད་རིགས་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་འཛིན་བཟུང་དང་བཙོན་འཇུག་བྱས་པ་དང་། དམར་གསོད་བཏང་བ་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་རབ་དང་རིམ་པ་སྤེལ་རུང་ད་བར་བོད་མིའི་སེམས་ཤུགས་དང་ཆིག་སྒྲིལ་གྱི་ནུས་ཤུགས་ནམ་ཡང་གཏོར་བཤིག་གཏོང་ཐུབ་མེད། དཔེར་ན། བོད་ནང་བུད་མེད་རྩོམ་པ་མོ་འོད་ཟེར་དང་འཇམ་དབྱངས་སྐྱིད་གཉིས་ལ་ཆ་མཚོན་ན་རྒྱ་ནག་གིས་བཙོན་འཇུག་དང་དམ་དྲག་ཅི་ཙམ་བྱས་ཀྱང་། ཁོང་གཉིས་ཀྱིས་རྩོམ་ཡིག་སྤེལ་རྒྱུ་མཚམས་འཇོག་གནང་མེད་པ་མ་ཟད་ད་ལྟའང་རྩོམ་ཡིག་སྤེལ་བཞིན་པ་ཡོངས་གྲགས་རེད། ནོར་འཛིན་དབང་མོ་དང་བཙུན་མ་སངས་རྒྱས་ལྷ་མོ་གཉིས་ཀྱང་ད་ལྟ་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་ཚད་མེད་མྱོང་མུས་ཐོག་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད། ཁོང་གཉིས་ཀྱི་ནག་ཉེས་ནི་བོད་ནང་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་དང་སྐད་འབོད་ནང་འཛུལ་ཞུགས་བྱས་པའི་ཉེས་པ་ཕོག་ཡོད་པ་སོགས་ཀྱིས་ཀྱང་། བོད་ནང་གི་བོད་མིར་ཆབ་སྲིད་ཀྱི་རང་དབང་མེད་པ་དང་། ཤེས་ཡོན་གྱི་རང་དབང་མེད་པ། ཆོས་དད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་སོགས་གང་ཡང་མེད་པ་ར་འཕྲོད་གསལ་སྟོན་བྱུང་ཡོད་ཅེས་དང་། ཡང་ ༡༩༥༩ ལོ་ནས་བཟུང་དུས་ཡུན་རིང་བོའི་ནང་གཞིས་ལུས་བོད་མིས་དཀའ་སྡུག་དང་གཉའ་གནོན་བསམ་ཡུལ་ལས་འདས་པ་མྱོང་དགོས་བྱུང་ནའང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། རྒན་བྱིས་དབྱེར་མེད་དང་ཕོ་མོ་ཁྱད་མེད་སྒོས་ལྷག་བསམ་དང་སྙིང་སྟོབས་གཡོ་བ་མེད་པར་གནས་ཐུབ་པར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་གསལ་ཡོད།
ཉིན་དེར་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། དེ་རིང་གི་ཉིན་མོ་འདི་བཙན་བྱོལ་སྤྱི་ཚོགས་ཀྱི་ས་གནས་ཁག་ ༥༢ ནས་སྲུང་གཙི་ཞུ་བཞིན་པ་དང་། རྒྱ་ནག་གིས་ཕྱི་ལོ་ ༡༩༤༩ ཚུན་ནས་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་ཆབ་སྲིད་ཀྱི་རང་དབང་། ཆོས་དད་ཀྱི་རང་དབང་དང་ཤེས་ཡོན་གྱི་རང་དབང་སོགས་ལ་རིག་གནས་གསར་བརྗེ་དང་རྒྱལ་གཅེས་ཆོག་གཅེས་སོགས་ཀྱི་མིང་སྣ་ཚོགས་བཏགས་ཏེ། དོན་དུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་རིམ་བཞིན་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་བཟོ་དང་བཟོ་བཞིན་པ་དང་། ད་ལྟ་རྡུང་རྡེག་ཚ་ནན་གྱི་ལས་འགུལ་འོག་བོད་མི་རྣམས་ལ་མི་ཆོས་ལས་འདས་པའི་མནར་གཅོད་སྣ་ཚོགས་གཏོང་བའི་གནས་སྟངས་ཛ་དྲག་ཏུ་གྱར་ཡོད་ཅེས་དང་། ༢༠༠༨ ལོ་ནས་བཟུང་བོད་ནང་བོད་མི་རྣམས་ཀྱིས་ཞི་བའི་སྒེར་ལངས་ཀྱིས་ལས་འགུལ་སྤེལ་སྐབས་བོད་མི་མང་བོ་དམར་གསོད་བཏང་བ་དང་། བཙོན་འཇུག  གར་སོང་ཆ་མེད་དུ་གྱུར་བ་སོགས་ཀྱི་གནས་ཚུལ་འཛམ་གླིང་མི་མང་གི་སྤྱན་ལམ་དུ་མིག་མཐོང་ལག་ཟིན་བྱུང་ཡོད་ཀྱང་། རྒྱ་གཞུང་གིས་ད་དུང་ཁས་ལེན་བྱེད་ཀྱི་མེད་ཁར་༧གོང་ས་མཆོག་ལ་མཚན་སྨོད་ཚད་ལས་བརྒལ་བ་བྱས་དང་བྱེད་མུས་ཡིན་ཐོག བོད་ནང་གི་བོད་མི་རྣམས་ལ་མ་ཉེས་ཁག་གཡོགས་ཀྱིས་སྲོག་ཐོག་བཏོང་བ་སོགས་ཀྱིས་མཚོན་པའི་མནར་གཅོད་མུ་མཐུད་གཏོང་བཞིན་པར། ང་ཚོ་བཙན་བྱོལ་དུ་གནས་པའི་བོད་མི་རྣམས་བློ་ཡུལ་མི་བདེ་བ་དང་སེམས་འཚབ་ཆེན་པོའི་ངང་གནས་ཡོད་ཅེས་བརྗོད་ཡོད།

ཉིན་དེར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས། དེ་རིང་ངས་བོད་ཕྱི་ནང་གཉིས་སུ་ཡོད་པའི་བུད་མེད་རྣམས་ལ་འབོད་སྐུལ་ཞུ་རྒྱུར། རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་དག་གིས་རྒྱལ་ཁབ་དང་མི་རིགས། ང་ཚོ་ཚང་མའི་ཆེད་དུ་རང་སྲོག་བློས་གཏོང་བྱས་པར་དོན་དག་འགྲུབ་ཡོད་དམ་ཟེར་ན། འགྲུབ་ཡོད་པ་མ་རེད། ད་ལྟའི་བོད་ནང་གི་གནས་སྟངས་དེ་ངས་ཞིབ་ཚགས་པོ་བྱས་ནས་ཞུ་འདོད་མེད་ནའང་། གང་ལྟར་དེ་རིང་ཁ་སང་གི་བོད་ནང་གི་གནས་སྟངས་དེ་ ༡༩༥༩ ལོའི་གནས་སྟངས་ལས་སྡུག་ཏུ་ཕྱིན་པ་ཞིག་ལས་ཡག་ཏུ་ཕྱིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་ཅིང་། དེ་ང་ཚོས་དྲན་གསོ་བྱས་ཐོག་བུད་མེད་ཚོས་མུ་མཐུད་བོད་དོན་བདེན་མཐའ་གསལ་ཆེད་ལས་ཀ་བྱེད་དགོས་པ་དང་། གཞིས་ལུས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་ང་ཚོས་འཁྱེར་དགོས་ཀྱི་འདུག་ཅེས་གསུངས་ཡོད།

དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་མྱུར་ཏུ་བཙོན་གྲོལ་ཡོང་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་རང་དབང་འཐབ་རྩོད་པའི་ལྷན་ཚོགས་ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ དང་ ༢༦ ཉིན་དབུས་སྣེ་ལེན་ཁང་དུ་འཚོགས། དུས་བབ་ཀྱི་པར།
Mobile App

བོད་རང་དབང་འཐབ་རྩོད་པ་རྣམས་ལ་རིམ་གྱིས་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དེ་དགོན་པའི་འདུ་ཁང་དུ་བཞག་སྟེ་སྔོན་གྱི་བཞུགས་ཡུལ་དུ་རྟ་རྒྱུག་ཐང་བཟོས་འདུག པར་དུས་བབ་ལ་མཁོ་སྤྲོད་གནང་།
Mobile App

བོད་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་བཞུགས་ས་དེ་རྟ་རྒྱུག་ཐང་བཟོས་འདུག

༢༠༢༦/༠༤/༢༧
ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

༢༠༢༦/༠༤/༢༦
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤

མཆན། 18

  1. karma dorje says:
    ལོ་ 16 སྔོན།

    དུས་དྲན་དང་། དུས་ཆེན་སྲུང་བརྩི། འདི་དག་པ་འདུག

    Reply
  2. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས་སུ་ཆེད་ཞུ། བུད་མེད་སྒེར་ལངས་ཐེངས་ ༥༡ པ་སྲུང་གཙི། ཞེས་པའི་སྐབས་སུ་༼བརྩི་༽འདི་ལྟར་འབྲི་ན་མི་ལེགས་སམ་སྙམ། གཙི་ཟེར་བ་ཞིག་བརྡ་དག་གང་དུའང་མ་རྙེད་དོ།

    Reply
  3. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    མཁས་དབང་གྲག་པ་རྒྱལ་མཚན་ལག་གི་ངའི་འབྲི་རྩོག་ལ་ཞུ་དག་བྱས་པ་དཀའ་དྲེན་ཆེ། འོན་ཀྱང་། ཕྲན་བོད་ཀྱི་རིགས་གནས་ལ་གོམ་འགྲོས་ཡོད་ཀྱང་བྲིས་དུས་ནོར་ཤོར་བ་མང་པོ་ཡོང་གི་འདུག། དགོངས་འགལ་མེད་པ་འཚལ།

    Reply
  4. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཡང་ཁ་བའི་མེ་ཏོག་གི་ཡི་གེ་དེ་དག་ཞུ་དག་བྱེད་དགོས་ཐུག་སོང་དགོངས་འགལ་མེད་པར་ཞུ། རེད་ང་འདི་ནས་བསམ་ཚུལ་ཤོད་ཀྱི་ཡོད་མ་ཏོག་རྩམ་བསྒྲིབ་བྱེད་ཀྱི་མེད༼གཏོགས་རྩོམ་སྒྲིག༽། ཁྱོད་འདྲ་བ་རང་རྐྱོན་༼སྐྱོན༽ལུང་པ་གང་དེ་མར་སྦེད༼སྦས༽། མི་རྐྱོན་༼གཞན་སྐྱོན༽ནས་འབྲུས་རྩམ་༼འབྲུ་ཙམ༽།དེ་ཡར་སྟོན་མཁན་ཞིག་རེད་མ་ཏོག་བཞིན་༼གཏོགས་གཞན༽གང་ཡང་མི་འཇོན་བ་རྟེན་ཁེས་༼གཏན་འཁེལ༽རེད། ཁྱོད་ཀྱི་མིང་འདི་ལ་ལྟོས་ན་དངོས་གནས་དམས་སྲེབ་༼དམ་སྲིད༽འདིར་༼འདིར་ལྷག༽རང་རེད་འདུག་སྙམ།
    རྩོམ་པ་མོ་དང་། རྩོམ་པ་ཕོ། རྩོམ་པ་མ་ནིང་། རྩོམ་པ་ཟ་མ། རྩོམ་པ་གྲྭ་པ། རྩོམ་པ་བཙུན་མ་སོགས།

    Reply
  5. karma dorje says:
    ལོ་ 16 སྔོན།

    རྩོམ་པ་པོ་ཕོ་དང་། རྩོམ་པ་པོ་མོ་གཉིས་ཀ་ལ། རྩོམ་པ་པོ་ཞེས་འཇུག་ཐུབ་སྙམ།

    Reply
  6. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    རེད་ང་འདི་ནས་བསམ་ཚུལ་ཤོད་ཀྱི་ཡོད་མ་ཏོག་རྩམ་བསྒྲིབ་བྱེད་ཀྱི་མེད། ཁྱོད་འདྲ་བ་རང་རྐྱོན་ལུང་པ་གང་དེ་མར་སྦེད། མི་རྐྱོན་ནས་འབྲུས་རྩམ་དེ་ཡར་སྟོན་མཁན་ཞིག་རེད་མ་ཏོག་བཞིན་གང་ཡང་མི་འཇོན་བ་རྟེན་ཁེས་རེད། ཁྱོད་ཀྱི་མིང་འདི་ལ་ལྟོས་ན་དངོས་གནས་དམས་སྲེབ་འདིར་རང་རེད་འདུག་སྙམ།

    Reply
  7. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཁ་བའི་མེ་ཏོག་ལགས་ཁྱོད་རང་གི་བརྡ་དག་ལ་གཟིགས་དང་། ཧཧཧ བརྡ་དག་རྐྱང་པ་གླེང་ན་ལྐུག་༼ལྐུགས༽པ་ཡིན། གང་ཡིན་ཞེས་༼ཞེ༽ན། ཡི་གེ་བསྒྱུར་བ་སྐད་རེད་མ་ཏོག་༼གཏོགས༽སྐད་ཀྱི་༼ཀྱི་ལྷག༽བསྒྱུར་བ་ཡི་གེ་ཡིན་པ་སྐད་ཡིག་གང་ནས་ཀྱང་མི་དངོས་༼མངོན་༽པ་ཞིག་རེད་སྙམས་༼སྙམ༽།

    Reply
  8. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    ཁ་བའི་མེ་ཏོག་ལགས་ཁྱོད་རང་གི་བརྡ་དག་ལ་གཟིགས་དང་། ཧཧཧ བརྡ་དག་རྐྱང་པ་གླེང་ན་ལྐུག་༼ལྐུགས༽པ་ཡིན། གང་ཡིན་ཞེས་༼ཞེ༽ན། ཡི་གེ་བསྒྱུར་བ་སྐད་རེད་མ་ཏོག་༼གཏོགས༽སྐད་ཀྱི་༼ཀྱི་ལྷག༽བསྒྱུར་བ་ཡི་གེ་ཡིན་པ་སྐད་ཡིག་གང་ནས་ཀྱང་མི་དངོས་༼མངོན་༽པ་ཞིག་རེད་སྙམས་༼སྙམ༽།

    Reply
  9. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    ཧཧཧ བརྡ་དག་རྐྱང་པ་གླེང་ན་ལྐུག་པ་ཡིན། གང་ཡིན་ཞེས་ན། ཡི་གེ་བསྒྱུར་བ་སྐད་རེད་མ་ཏོག་སྐད་ཀྱི་བསྒྱུར་བ་ཡི་གེ་ཡིན་པ་སྐད་ཡིག་གང་ནས་ཀྱང་མི་དངོས་པ་ཞིག་རེད་སྙམས།

    Reply
  10. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རེད་ཡ། ཁ་བའི་མེ་ཏོག་ལགས། མ་མཐོང་བ་ལས་ཀྱང་བོད་ཀྱི་བརྡ་དག་ལས་མི་སྲིད་པ་བྲིས་པ་དེ་ཁྱད་མཚར།

    Reply
  11. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    རེད་ཡ། མ་ཐོང་བ་དང་མ་གོ་བ་གྲངས་མེད་ཡོད་ངེས་རེད།

    Reply
  12. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་ལགས་ལ་ཐུགས་རྗེ་ཆེ་ཞུ། གང་ཡིན་ཞེ་ན་བོད་ཀྱི་བརྡ་དག་གང་དུའང་དེ་སྔོན་རྩོམ་པ་མོ་ཞེས་པ་མཇལ་མྱོང་མེད། བོད་ཀྱི་རིག་གཞུང་ལ་ཕུག་བསམ་ཆེན་པོས་བོད་ཀྱི་དུས་བབས་སུ་དེ་རིང་རྩོམ་པ་མོ་ཞེས་སྤེལ་འདུག་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  13. གྲགས་པ་རྒྱ་མཚོ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་ལགས་ལ་ཐུགས་རྗེ་ཆེ་ཞུ། གང་ཡིན་ཞེ་ན་བོད་ཀྱི་བརྡ་དག་གང་དུའང་དེ་སྔོན་རྩོམ་པ་མོ་ཞེས་པ་མཇལ་མྱོང་མེད། བོད་ཀྱི་རིག་གཞུང་ལ་ཕུག་བསམ་ཆེན་པོས་བོད་ཀྱི་དུས་བབས་སུ་དེ་རིང་རྩོམ་པ་མོ་ཞེས་སྤེལ་འདུག་པར་བཀའ་དྲིན་ཆེན་ཞུ་རྒྱུ་ཡིན།

    Reply
  14. karma dorje says:
    ལོ་ 16 སྔོན།

    སྐྱེས་པ་ཕོའི་སྒེར་ལངས་ཞེས་ཟུར་དུ་མེད་པ་ལ། བུད་མེད་ཀྱི་སྒེར་ལངས་ཞེས་ཟུར་དུ་ཡོད་པ་ནི། བུད་མེད་ཀྱི་གཟི་བརྗིད་རེད། ཚང་མར་རྗེས་སུ་ཡི་རང་ཞུ།

    Reply
  15. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས་ང་ཚོའི་བོད་ཀྱི་བུད་མེད་རྣམས་དང་ལྷག་པར་དུ་ཞུམ་པ་མེད་པའི་སྙིང་སྟོབས་ཅན་གྱི་བོད་རྩམ་པ་མོ་འོད་ཟེར་ལག་བཅས་སུ། ངའི་སེམས་སྐྱིད་པོས་ངང་ནས་ཞུ་ཡ་ལ་འོད་ཟེར་ལྟར་བུ་ལྷག་བསམ་དང་སྙིང་སྟོབས་མི་རིགས་སྤྱིར་འཛིན་གྱིས་ལྟའི་སྤྱོད་ལྡན་པས་བོད་ཀྱི་རྩོམ་མོ་གང་མང་འོང་ཐུབ་པའི་རེ་བ་ཡོད།

    Reply
  16. གྲྭ་རྒོད says:
    ལོ་ 16 སྔོན།

    བོད་པའི་བུ་མེད་ཚོ་ཐུགས་རྗེ་ཆེ་ཞུས་པ་དང་ཁྱབ་གཅིག་རྒྱུན་སྐྱོང་ཡོངས་པའི་རེ་བ་ཡོད།བུ་མེད་ནི་མི་རིགས་གི་སྲོག་རྩ་ཡིན།

    Reply
  17. དབྱངས་བུ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    རྩོམ་པ་མོ་འོད་ཟེར་དང་འཇམ་དབྱངས་སྐྱིད་ཟེར་བ་ཁྱེད་ཀྱིས་བྲིས་པ་རེད་དམ། ཡང་ན་བུད་མེད་ལྷན་ཚོགས་ཀྱི་གཏམ་བཤད་ནང་རྩོམ་པ་མོ་ཞེས་འཁོད་འདུག་
    གམ། ད་ཕན་ངས་རྩོམ་པ་པོ་ཟེར་བ་ལས་རྩོམ་པ་མོ་ཟེར་བ་མཐོང་མྱོང་མེད་ན།
    རྩོམ་པ་མོ་ཟེར་བའི་ཐ་སྙད་དེ་འགྲིག་མིན་གསལ་བཤད་གནང་སྐྱོངས་ཡོང་བ་ཞུ།

    Reply
  18. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    གཞིས་ལུས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དེ་ང་ཚོས་འཁྱེར་དགོས་ཀྱི་འདུག་ཅེས་གསུང་བ་དེ་ཅི་ཞིག་གསུང་གིན་ཡོད་དམ
    ཞུམ་པ་མེད་པའི་སྙིང་སྟོབས་དེ་ཇི་ལྟར་འཁྱེར་རྒྱུ་ཡིན་ནམ
    ད་དུང་་་་་་མཚན་རྟགས་བསྡུ་རུབ་བྱས་བས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མྱུར་ཏུ་བཙོན་ཡོང་བར་ཇི་ལྟར་ཕན་ནམ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese