མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡབ་སྲས་གཉིས་ཀར་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཨ་དྲི་རིན་པོ་ཆེ་མཆོག་དང་ཁོང་གི་སྲས་ཟླ་ཤེར་གཉིས་ལ་ངོ་རྒོལ་སྐུལ་སློང་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་རེ་རེ་བཞིན་ལོ་ ༥ དང་ ༡༠ རེ་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ། རྫ་ཆུ་ཁ་དབོན་པོ་དགོན་པའི་བླ་མ་ཨ་དྲི་རིན་པོ་ཆེ་མཆོག་ ༢༠༠༨ ཟླ་བ་ ༣ ཚེས་ ༡༥ ཉིན་རྒྱ་གཞུང་གིས་ཁོང་གི་དགོན་པ་ནས་འཇུ་བཟུང་བྱས་ཡོད། འཇུ་བཟུང་བྱེད་དོན་་ནི་ ༢༠༠༨ ཟླ་བ་ ༣ ཚེས་ ༡༠ ཡི་ཞི་རྒོལ་སྐབས་རིན་པོ་ཆེའི་དགོན་པ་དེའི་གྲྭ་པ་བརྒྱད་ལས་འགུལ་ནང་ཞུགས་ཡོད་པ་དང༌། དེ་འབྲེལ་རིན་པོ་ཆེ་ཡང་ལས་འགུལ་དེའི་སྐབས་འབྲེལ་བ་ཡོད་སྐོར་བརྗོད་ནས་ཁོང་བཙོན་འཇུག་བྱས་ཡོད། ལོ་གཅིག་རིང་སྟོད་ལུང་བཙོན་ཁང་དུ་བཀག་ཉར་བྱས་པ་དང༌།  ༢༠༠༩ ཟླ་བ་ ༡༢ ཚེས་ ༡༥ ཉིན་རིན་པོ་ཆེ་ཡི་རྒྱ་རིགས་སློབ་མ་ལྷ་སར་སླེབས་ཏེ་རིན་པོ་ཆེ་དགུང་ལོ་བགྲེས་པོ་ཡིན་པ་དང༌། སྐུ་གཟུགས་བདེ་ཐང་མེད་པ་བཅས་ཀྱིས་ཞུ་གཏུགས་བྱས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་བྱས་མེད། ཁོང་རིག་གསར་སྐབས་བཙོན་འཇུག་བྱས་པ་དང༌། དེ་ནས་བཙོན་གྲོལ་ཐོབ་མཚམས་རྒྱ་གཞུང་གིས་མཚན་གནས་ཞིག་ཀྱང་སྤྲད་ཡོད། སློབ་མ་ཚོའི་ཞུ་གཏུགས་ལ་རྒྱ་གཞུང་གིས་ལོ་གསར་རྗེས་ནས་མ་གཏོགས་སྐད་ཆ་བཤད་ཀྱི་མིན་ལབ་སྟེ། གོང་གསལ་ཉེས་མིང་འོག་ ༢༠༡༠ ཟླ་བ་ ༢ པའི་ནང་རིན་པོ་ཆེར་དངོས་སུ་ལོ་ངོ་ལྔ་ཡི་ཁྲིམས་ཐག་བཅད་ཡོད།

༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་དབོན་པོ་དགོན་པའི་གྲྭ་པ་ཚོ་ལས་འགུལ་དུ་ཞུགས་ཡོད་པ་ཤེས་འཕྲལ། རིན་པོ་ཆེ་ཡིས་བལ་ཡུལ་དུ་ཡོད་པའི་ཁོ་རང་གི་རིགས་སྲས་ཟླ་ཤེར་ལ་ཁ་པར་བཏང་སྟེ། གང་མགྱོགས་བོད་དུ་ལོག་ཡོང་དགོས་སྐོར་རྣམས་ཞིབ་པར་གསུངས་ཡོད། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་དེ་མ་ཉིད་དུ་རྒྱ་གར་དུ་ཡོད་པའི་ཁོ་རང་གི་གྲོགས་པོ་དང་སྐུ་ཞབས་ཚོར་ལན་བསྐུར་ཏེ་གནས་ཚུལ་འདི་དང་འབྲེལ་བའི་སྐོར་ལ་དེ་ཕྱོགས་ནས་དྲིལ་བསྒྲགས་དང༌། རྒྱབ་སྐྱོར་གང་ཐུབ་བྱེད་རོགས་ཞེས་གསུངས། རིན་པོ་ཆེའི་སྲས་ཟླ་ཤེར་གྱིས་ཁ་པར་བཏང་བའི་གནས་ཚུལ་རྣམས་མགྲོན་ཁང་གི་བདག་པོས་རྒྱ་གཞུང་གི་གནད་ཡོད་མི་སྣར་རྩིས་སྤྲད་ཡོད། ༢༠༠༨ ལོའི་ཟླ་བ་ ༣ པའི་ཚེས་ ༡༣ ཉིན་ཁོང་ལྷ་སར་སླེབས་མཚམས་ནས་རྒྱ་མིའི་དམག་མིས་བཀག་སྟེ། རིན་པོ་ཆེའི་ཐུགས་སྲས་དང་དེ་མིན་རོགས་པ་བཞི་སྐབས་དེར་འཇུ་བཟུང་བྱས་ཡོད། དེ་རྗེས་རོགས་པ་བཞི་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས་གློད་ཐོབ་ཡོད། འོན་ཀྱང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་གྱི་ཉེས་མིང་འོག རིན་པོ་ཆེའི་སྲས་ཟླ་ཤེར་ཡང་རིན་པོ་ཆེ་དང་མཉམ་གཅིག་ཏུ་ཉེ་ཆར་ཟླ་བ་ ༢ པའི་ནང་ལོ་ངོ་བཅུ་ཡི་ཁྲིམས་ཐག་བཅད་ཡོད། ད་ལྟ་རིན་པོ་ཆེ་དང་ཁོང་གི་སྲས་གཉིས་ཀ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    མདོ་ཁམས་རྫ་ཆུ་ཁའི་ཨ་དྲེལ་རིན་པོ་ཆེ་ཁོང་ནི་རྫ་དབོན་པོ་དགོན་པའི་དགོན་བདག་སྤྲུལ་སྐུ་རེད། ང་ཚོའི་གཞུང་གི་ཡིག་ཆ་ཁག་ཏུ་ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཐོག་མར་ལྷ་སའི་བར་སྐོར་ནང་དགེ་འདུན་པ་བཅུ་བཞི་ཡིས་སྐད་འབོད་གནང་བའི་གྲས་ཀྱི་མང་ཆེ་བ་ཁོང་གི་དགོན་པའི་དགེ་འདུན་པ་ཡིན་ལ། དེའི་རྗེས་སུ་ཡང་ལོ་དེ་རང་དུ་ཁོང་གི་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་སྐད་འབོད་གནང་མཁན་ཆགས་ཡོད་ལ། འཛིན་བཟུང་བྱས་ཡོད།

    དེ་བཞིན་ཕྱི་ལོ་ ༢༠༡༠ ལོའི་བོད་ཟླ་དང་པོའི་ཚེས་ ༡༥ ཉིན་ཡང་ཁོང་གི་སྡེ་དགོན་གཉིས་ཀྱི་སེར་སྐྱ་མི་མང་གཅིག་སྟོང་བརྒལ་བས་བོད་རང་བཙན་ཡིན་པའི་སྐད་འབོད་གནང་བ་ཡོངས་གྲགས་གསར་འགོད་བརྒྱུད་ལམ་ཐོག་ཐོན་ཡོད་པ་རེད།

    ང་ཚོས་སོ་སོའི་འདོད་ཕྱོགས་དང་རྒྱབ་རྟེན་ཡོད་མེད་ལ་མི་བལྟ་བར་དྲང་བདེན་གྱི་སྒོ་ནས་རྒྱབ་སྐྱོར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེ་ཡང་འདི་ནས་དམིགས་འཛུགས་ཀྱི་བཙོན་པ་རེ་ཟུང་གི་ཆེད་དུ་ལས་འགུལ་སྤེལ་བཞིན་པ་ལྟ་བུའི་སྣང་ཚུལ་ཡོད་པ་རེད། བྱེད་སྟངས་འདི་བཙོན་འོག་གི་མི་མང་ཚོས་གསན་ན་ཁྱད་པར་དབྱེ་བཞིན་ཡོད་པའི་མཐོང་ཚུལ་ཡོང་རྒྱུ་གཏན་འཁེལ་འདུག འདི་ལྟར་བོད་ནང་གི་སྣེ་ཁྲིད་མཁན་གྱི་བཙོན་པ་མང་པོ་ཞིག་མཐར་གོ་མེད་ཚོར་མེད་དུ་ལུས་ཡོད་པ་རེད། ང་ཚོས་ཤེས་རྒྱུ་ཞིག་ལ། ཁོང་རྣམ་པ་བོད་ཀྱི་ཆེད་དུ་བཙོན་དུ་བཞུགས་པ་ཡོད་པ་གཅིག་པ་རེད། མྱོང་བཞིན་པ་གཅིག་པ་རེད། བདག་པོ་རྒྱག་དགོས་པ་གཅིག་པ་རེད།

    Reply
  2. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་ཚོ་བོད་པའི་ལས་དབང་ལ་སྙིང་རྗེས་གཟིགས་དང་།་་་དཀོན་མཆོག་མཁྱེན།་་་་ལྷ་ཆོས་སྐྱོང་སྲུང་མ་ཡོད་དམ།

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese