མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱི་གནའ་བོའི་འཇིག་རྟེན་མི་ཆོས་ལ་བསྟོད་བསྔགས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་གྱི་འཇིག་རྟེན་མི་ཆོས་ནི་དེང་རབས་ཀྱི་འཛམ་གླིང་འདིའི་ནང་ལྷག་པར་དུ་འབྲེལ་ཆག་པོ་འདུག་ཅེས་བསྟོད་བསྔགས་གནང་འདུག

ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་གིས་མ་ཌེ་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཟུར་བཅད་ཚོགས་ཁང་ནང་དུ། གོ་ལ་རང་བཞིན་གྱི་འགན་ཁུར་འོག་གི་འགྲོ་བ་མིའི་ཐོབ་ཐང་ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་ཅིག་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་གིས། རྒྱ་གར་གྱི་གནའ་བོའི་འཇིག་རྟེན་མི་ཆོས་ནི་རྒྱ་གར་གྱི་དེང་རབས་དམངས་གཙོ་འདི་ལམ་ལྷོང་ཡོང་བའི་རྐྱེན་རྩ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད་ཅེས་དང་། རྒྱ་གར་ནང་དུ་གྲལ་རིམ་རིང་ལུགས་དང་དབུལ་བོའི་གནས་སྟངས་རྒྱ་ཁྱབ་རང་བཞིན་དུ་ཡོད་སྟབས་འཛམ་གླིང་སྟེང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པ་ལ་གལ་ཆེ་ཤོས་ཤིག་ནི་རྒྱ་གར་རེད་ཅེས་གསུངས།

ཚོགས་འདུ་དེ་ནི་མ་ཌེ་ཡ་མངའ་སྡེའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཚོགས་པ་དང་། མངའ་སྡེའི་སྲིད་སྐྱོང་བ་ རཱ་མི་ཤི་ཝར་ ཐ་ཀོར་ལགས་ཀྱིས་གཙོ་སྐྱོང་དང་མངའ་སྡེའི་བློན་ཆེན་མཆོག་དམིགས་བསལ་སྐུ་མགྲོན་དུ་ཕེབས་ཡོད་པ་རེད།

༧གོང་ས་མཆོག་གིས་ཐུགས་ནན་ཆེན་པོས་གསུངས་དོན། རྒྱ་གར་གྱིས་དབུལ་ཕོངས་ཀྱི་དཀའ་ངལ་འདི་སེལ་རྒྱུར་དོ་སྣང་ཆེན་པོ་སྤྲོད་དགོས་ཀྱི་འདུག་ཅེས་དང་། དེང་སྐབས་འཛམ་གླིང་གང་སར་སྤྱི་ཚོགས་མི་འདྲ་བ་མང་པོ་ཕན་ཚུན་འབྲེལ་འདྲིས་ཀྱིས་རྩོད་རྙོག་སེལ་བ་དང་འཆམ་མཐུན་གོང་སྤེལ་བྱེད་པའི་རྣམ་པ་ཤུགས་ཆེ་རུ་འཕེལ་གྱིན་འདུག་ཅེས་གསུངས། དེ་བཞིན་༧གོང་ས་མཆོག་གིས་བྱམས་སྙིང་རྗེ་དང་བཟོད་བསྲན་གྱི་རིན་ཐང་གོང་སྤེལ་བྱེད་པ་ལ་བུད་མེད་ཚོས་ནུས་པ་ཆེན་པོ་འདོན་དགོས་པ་རེད་ཅེས་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

༧གོང་ས་མཆོག་གིས་མི་སྒེར་གྱི་རང་དབང་མེད་ན་མི་རང་རང་གི་སྤུས་ཚད་དེ་སྤྱོད་མི་ཐུབ་པས་མི་སྒེར་གྱི་རང་དབང་གལ་ཆེན་པོ་ཡིན་པ་དང་། སྤྱི་ཚོགས་ནི་མི་སྒེར་བ་རེ་རེའི་གསར་གཏོད་ཀྱི་རྣམ་དཔྱོད་མེད་པར་འགྲུབ་མི་ཐུབ་སྐོར་གསུངས་ཡོད།

སྙིང་རྗེ་དང་བརྩེ་བ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལྡེ་མིག་ཡིན།

༧གོང་ས་མཆོག་གིས་ཐེངས་འདིར་བྱམས་བརྩེ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་གསུངས་དོན། གོ་ལ་རང་བཞིན་གྱི་མཛའ་འབྲེལ་དང་། བྱམས་སྙིང་རྗེ། བརྩེ་བ་བཅས་ཀྱི་མངོན་འདོད་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལྡེ་མིག་ཡིན། མངོན་འདོད་འདི་ལ་བརྟེན་ནས་དཔལ་ཡོན་ལྡན་པའི་མིའི་སྤྱི་ཚོགས་ཤིག་གྲུབ་པ་དང་། དབུལ་ཕོངས་དང་གྲལ་རིམ། ཆོས་ལུགས། སྤྱི་ཚོགས་ཀྱི་དབྱེ་ཁྱད་བཅས་ལས་བྱུང་བའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གི་གནས་སྟངས་དེ་ཚོ་རྩ་མེད་བཟོ་གི་ཡོད་པ་རེད།
ཆོས་ལུགས་དང་། སྐད་ཡིག ས་གནས་མི་འདྲ་བ་བཅས་ལ་མ་ལྟོས་པར་འགྲོ་བ་མིའི་རིགས་ཚང་མ་འདྲ་མཉམ་ཡིན། སྒོར་མོ་དང་འབྱོར་བ་ཁོ་ནས་མི་ཚེ་ལ་བདེ་སྐྱིད་སྐྲུན་མི་ཐུབ་ཅེས་གསུངས་ཡོད།

སྲིད་སྐྱོང་བ་ རཱ་མི་ཤི་ ཐ་ཀོར་ལགས་ཀྱིས་༧གོང་ས་མཆོག་ནི་དེང་གི་འཛམ་གླིང་སྟེང་འགྲོ་བ་མིའི་ཐོབ་ཐང་གླེང་མཁན་གྱི་གྲགས་ཅན་མི་སྣ་ཞིག་ཡིན་ལ། དེང་སྐབས་ཤེས་ཡོན་དང་ཚན་རིག འཕྲུལ་ལས་སོགས་གང་སར་དར་བར་མ་ལྟོས་པར་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ནི་མུ་མཐུད་ནས་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་ནི་ཡ་མཚར་བ་ཞིག་རེད་ཅེས་གསུངས།

འབྲེལ་ཡོད་གསར་འགྱུར།

པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

སྐར་མ ༦ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡

མཆན། 4

  1. གཟན་དཀར་པ། says:
    ལོ་ 16 སྔོན།

    དེ་འདྲ་དེ་ཡང་བཟང་གི

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    ང་ལ་མཚོན་ན་མཆན་འབྲི་རྒྱུར་དཀའ་ངལ་མི་འདུག འོན་ཀྱང་དུས་བབ་དྲ་རྒྱ་ནང་འཛུལ་རྒྱུར་དཀའ་ངལ་ཞིག་འཕྲད་བཞིན་འདུགས།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ངའི་འདི་ནས་མཆན་འབྲི་མ་ཐུབ་པ་ཅང་མི་འདུག འོན་ཀྱང་དྲ་གྲོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་འདྲ།

    Reply
  4. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དེ་རིང་མཆན་འབྲི་ཐུབ་གི་མེད་པ་འདྲ། དེ་བས་ངས་འདིར་ཆེད་དུ་ཚོད་ལྟ་བྱས་པ་ཡིན། མཆན་འགོད་ཐུབ་གི་འདུག འདི་ནས་མཆན་འགོད་ཐུབ་ཚེ་གཞན་དུའང་གཅིག་མཚུངས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese