མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྟའུ་བློ་བཟང་དཔལ་ལྡན་མཚམས་སྦྱོར། འདུས་བྱུང་ཕུན་ཚོཌ་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

འདུས་བྱུང་ཕུན་ཚོཌ་ཚེ་རིང་།

བཀའ་བློན་ཁྲི་པའི་འོས་མིའི་ཁོངས་སྨན་པ་རྟའུ་བློ་བཟང་དཔལ་ལྡན་མཆོག་བོད་མདོ་ སྟོད་ཁོངས་སུ་འཁྲུངས་ཤིང་༡༩༥༩ ལོར་ཁོང་དང་ཁོང་གི་ནང་མི་རྣམས་བཙན་བྱོལ་དུ་ཕེབས། བཙན་བྱོལ་ལ་ཕེབས་རྗེས་ལོ་གཉིས་རིང་ཀ་བློན་ཕུག་དུ་ཡོད་པའི་(St. Augustin School)སློབ་གྲྭའི་ནང་སློབ་སྦྱོང་གནང་། དེ་རྗེས་སེམ་ལར་དབུས་བོད་སློབ་དུ་སློབ་སྦྱོང་གནང་བ་རེད།

༡༩༦༣་སྟེ་ཁོང་ དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་རྗར་མ་ནིའི་ནང་བོད་ཀྱི་ཕྲུག་གུ་ཁག་ཅིག་ལྷན་ དུ་སློབ་སྦྱོང་གནང་བར་ཕེབས་ཡོད།

མཐར་གཞི་རིམ་སློབ་གྲྭ་ཁག་དང་འབྲིང་རིམ་སློབ་གྲྭ་ཁག་རྗར་མ་ནིའི་ནང་ཐོན་རྗེས་ རྗར་མན་གྱི་གནའ་བོའི་གྲོང་ཁྱེར་དང་ཡོ་རོབ་གནང་ཆེས་སྔ་ཤོས་གྲས་དང་སྙན་གྲགས་ ཆེ་བའི་གཙུག་ལག་སློབ་གྲྭ་ཧལ་རྡེ་རྦག་(Heildelberg, University)ནང་ནུབ་ཕྱོགས་གསོ་རིག་ལ་སློབ་སྦྱོང་གནང་།

   ༡༩༧༩ལོར་གསོ་རིག་སློབ་མཐར་བྱུང་རྗེས་རྗར་མ་ནའི་གྲོང་ཁྱེར་སྣ་མང་ནང་སྨན་པའི་ བྱ་བ་སྣ་ཚོགས་གནང་མྱོང་།

   ༡༩༨༩ནས་བཟུང་རྗར་མན་གྲོང་ཁྱེར་རྦོན(Bonn)གྱི་གཙུག་ལག་སློབ་གྲྭའི་ཁོངས་ གཏོགས་སྨན་ཁང་ཆེན་པོ་ཞིག་གི་ཁོག་ནད་སྡེ་ཚན་ནང་སྨན་པ་རྒན་གྲས་ཀྱི་ (Senior Doctor) ལས་འགན་གནང་བཞིན་ཡོད།

    ཁོང་གིས་ཆེད་ལས་སྨན་པའི་བྱ་བ་སྒྲུབ་ཞོར་དུ་བོད་ཀྱི་རྩ་དོན་ཆེད་ལས་ཀ་ཆེ་ཆུང་ སྣ་ཚོགས་གནང་གིན་ཡོད་ལ། དེའི་ཁྲོད་ལས་རྗར་མན་བོད་དོན་རྒྱབ་སྐྱོར་ཚོགས་པ་(www.tibet-initiative.de)དེ་ བཞིན་གསར་བཙུགས་ཀྱི་གྲོས་འདོན་གནང་བ་དང་ཚོགས་པ་དེའི་འགན་འཁུར་ལོ་ཤས་གནང་ མྱོང་།

   ཁོང་གིས་སྙན་རྩོམ་བྲིས་པ་དང་། གཞས་གསར་རྩོམ་གནང་བ། གཞས་གཏོང་བ་བཅས་ལས་སྤྲིན་འཁོར་ཞེས་པ་དེ་མིག་སྔར་ཐེངས་བཞི་འགྲེམས་སྤེལ་གནང་ བ་རེད། རྒྱ་ཆེའི་ཤ་ཁྲག་གཅིག་པའི་བོདརིགས་སྤུན་ཟླ་ཡོངས་དང་ལྷག་དོན་གཞི་ལུས་བོད་པའི་ གནང་ཁོང་གི་སྤྲིན་འཁོར་དང་པོའི་གཞས་༼གནམ་གོང་གི་ཉི་ཟླ་༽ཞེས་པ་དེ་ཧ་མ་གོ་ མཁན་ཧ་ལམ་མེད། སྤྲིན་འཁོར་ཚོང་འགྲེམས་ཡག་པོ་བྱུ་བས་དེའི་ཡོངས་འབབ་རྣམས་བོད་གཞུང་ཤེས་རིག་ ཁང་དང་བོད་ཁྱིམ་ལ་ཕུལ་གནང་ཡོད།

   ༡༩༩༥ ལོར་ཁོང་དང་ཁོང་གི་སྐུ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་རྟ་བྲག་ཚོགས་པ་གསར་ བཙུགས་གནང་ཞིང་ཚོགས་པ་དེའི་ལས་གཞིའི་རྣམ་གྲངས་མང་པོ་ཡོད་པའི་ནང་ནས་བུ་ཕྲུག་ ཁྱིམ་སྡེ་དང་སློབ་གྲྭ་སོགས་ཡོད་པ་ལས་མདོ་སྟོད་སྨད་གཉིས་སུ་སློབ་གྲྭ་ཁག་ གཉིས་ཡོད། ༢༠༠༨ནས་བཟུང་རྣམ་གྲངས་ཁག་གི་ལས་འགན་རྣམས་ས་གནས་མི་སྣ་ཁག་ལ་སྤྲད་ཡོད།

  འདས་པའི་མི་ལོ་བཅུ་བཞིའི་རིང་ཁོང་ནི་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་ (VOA)དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་(RFA)གི་གསོ་རིག་དང་། རང་བྱུང་ཚན་རིག ཚན་རིག་དང་ནང་པའི་མཚན་མའི་ལྟ་བའི་བར་གྱི་ཁྱད་པར་ལ་སོགས་པའི་སྐོར་བཅའ་འདྲི་ ཞུ་ཡུལ་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད།

  ཁོང་ནི་སྦྱངས་པའི་ཡོན་ཏན་ཆེ་ལ་སྐྱེས་སྟོབས་ཀྱི་ཤེས་རབ་ཕྱུག་པའི་དུས་རབས་ ཉེར་གཅིག་པའི་བོད་རིགས་མི་སྣ་བློ་གྲོས་ཅན་ཞིག་རེད།

རྗར་ མན་བོད་ཀྱི་ཁང་པ།
ལེཌ་བྱང་འབྲེལ་མཐུད་པ།
འདུས་བྱུང་ཕུན་ཚོཌ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

U.S. President Donald Trump and Chinese President Xi Jinping walk as they leave after a bilateral meeting at Gimhae International Airport, on the sidelines of the Asia-Pacific Economic Cooperation (APEC) summit, in Busan, South Korea, October 30, 2025. REUTERS/Evelyn Hockstein Purchase Licensing Rights
Mobile App

ལོ་དྲུག་གི་རྗེས་སུ་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་གྱིས་ཐུག་འཕྲད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་བོད་དོན་གླེང་སློང་གནང་། 

ཆུ་ཚོད་ ༢༡ སྔོན་ལ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

༢༠༢༥/༡༠/༢༩
The Karumadikuttan memorial is located in the village of Karumadi, near Ambalapuzha in the Alappuzha district of Kerala, India. Photo: Kerala Tourism Department
༸གོང་ས་མཆོག གསར་འགྱུར།

ལོ་ངོ་ ༡༢༠༠ ལྷག་གི་ནང་པའི་གནས་ཤིག་ལ་མཐུན་རྐྱེན་ཞན་པའི་དཀའ་ངལ་འཕྲད། 

༢༠༢༥/༡༠/༢༨
This satellite image shows Hurricane Melissa southeast of Jamaica at 12:10 GMT on October 27, 2025 [AFP]
Mobile App

འདི་ལོའི་འཛམ་གླིང་གི་མཚོ་རླུང་ཚབས་ཆེ་ཤོས་ཇ་མ་ཡེ་ཀ་རུ་བྱུང་། (ཁ་སྣོན།)

༢༠༢༥/༡༠/༢༨
འོས་བསྡུ་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས་ཀྱི་རྒྱ་གར་ལྷ་ོཕྱོགས་ཁུལ་འོས་བསྡུའི་གོ་རྟོགས་སྤེལ། ༢༠༢༥།༡༠།༢༢ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་ནང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གོ་རྟོགས་སྤེལ་གྱི་འདུག

༢༠༢༥/༡༠/༢༨

མཆན། 13

  1. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གནས་ཚང་ལགས།ཁྱོད་ཀྱིས་སྐད་ཆ་བཤད་སྟངས་ལ་བལྟས་ན་ཕལ་ཕྱིན་ཁྱོད་ཀྱང་ཕྱོགས་ཞེན་གྱི་ན་ཚ་མ་སྤོང་མཁན་ཞིག་གམ་ཡང་ན་སྨན་པ་ལགས་ཀྱི་ཡོན་ཏན་ལ་ཕྲ་དོག།དེ་མིན་ན་ཁྱོད་རང་བོད་མི་སྤྱི་ཚོགས་ནང་གི་རྡོ་རིལ་ཞིག་ཡིན་པ་འདྲ་མ་གཏོག།ད་ལྟ་དྲ་གྲོགས་ཡོངས་ཀྱི་བོད་མི་མ་འོངས་མདུན་ལམ་ལ་བགྲོ་གླེང་བྱེད་བཞིན་པའི་སྐབས་སུ་ཁྱོད་ཀྱིས་དེ་ལྟར་བཤད་དགོས་པའི་རྒྱུ་ཚན་ཨེ་ཡོད་དམ་དྲིན།གལ་སྲིད་ཁོང་འགྲིགས་ཀྱི་མེད་ན་ཁྱོད་ཀྱི་་ངོ་སྤྲོད་ཅིག་བྱོས་དང་དྲ་གྲོགས་ཡོངས་ཀྱི་བགྲོ་གླེང་བྱ་ཆོག་གི་རེད།མཐའ་འཇུག་ཏུ་ངས་རེ་བསྐུལ་ཞིག་ལ་བོད་མི་གཅིག་གྱུར་ཡོང་བའི་གཏམ་བཤད་མེད་ན་ཡང་ཁ་བྲལ་འགྲོ་བའི་ཆག་གཏམ་སོགས་གང་ཡང་མ་སྤེལ་རོགས་བྱོས།

    Reply
  2. གནས་ཚང་། says:
    ལོ་ 16 སྔོན།

    སྨན་པ་རྟའུ་བཀའ་ཁྲིའི་འོས་མི་ལས་ཚོགས་པ་སྐྱིད་སྡུག་ཅིག་གི་འགན་འཛིན་ལ་འོས་པའི་མི་ཞིག་ཡིན་པ་འདྲ།

    Reply
  3. ནགས་མེ། says:
    ལོ་ 16 སྔོན།

    དྲ་གྲོགས་གཅན་གཟོད་རྒྱམ་ཁྱེད་ཀྱིས་བོད་སྐད་ཡིག་འདི་ང་ཚོའོ་བོད་མི་རིགས་ཀྱི་བླ་སྲོག་འཁྲུལ་མེད་ཅིག་ཏུ་བསམས་ཏེ་འདིར་ངན་ལྟ་རིམ་བགྲོད་ཀྱིས ༼ ཀི ༽ དང ༼ གི ༽ སོགས་རང་འདོད་ངང་བཅུག་མ་ཡོང་རོགས། བསམ་ཤེས་ན་འདི་ཚོ་ཧ་ཅང་གལ་ཆེན་རེད།

    Reply
  4. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དུས་བབས་ཚང་གི་ཁོང་ལ་བཅའ་འདྲིས་ཤིག་གནང་ན་ཅི་མི་བཟང་།

    Reply
  5. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཉི་མ་ལགས་ཁྱེད་ཀྱིས་འབྲེལ་ཐག་ངོ་སྤྲོད་གནངབར་སྙིང་ནས་ཐུགས་རྗེ་ཆེ་ ད་དུང་ཁྱེད་དང་། གཅན་བཟོད་རྒྱམ་ལགས། ཨ་ཟླ་བ་ ལགས་གསུམ་གྱི་གསུངས་དེ་བདེན་པ་རེད་ཅེས་བསམ་གྱི་གདུག་
    བཀའ་བློན་ཁྲི་པའི་འོས་གཞི་ལངས་མཁན་ལ་་ཆ་གཞི་ག་རེ་ཡོད་མེད་དེ་ང་ཚོས་ཤེས་དགོས་ཀྱི་འདུག་
    བཀའ་ཁྲིའི་ལས་ཀ་དེ་ངོ་ཤེས་པ་བྱེད་དགོས་པ་རེད་གསུངས་པའང་བདེན་པ་འདུག་
    གང་ལྟར་བོད་ཀྱི་སྡུག་བསྔལ་འདི་ལས་སྒྲོལ་མཁན་གྱི་དེད་དཔོན་ཞིག་ཕེབས་ཐུབ་པའི་སྨོན་ལམ་གྲངས་མེད་ཞུ།།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་བྱམས་རྒྱལ་ལགས།

    ཉིད་ཀྱི་རེ་བ་ལྟར་སྨན་པ་རྟའུ་མཆོག་གི་ཆུ་སྒང་དྲན་གླུ་དང་གླུ་གཞས་ཁག་འབྲེལ་ཐག་འདི་ནས་ཕབ་ལེན་བྱེད་ཐུབ་ཀྱིན་འདུག
    http://www.trinkhor.com

    Reply
  7. ཨ་ཟླ་བ། says:
    ལོ་ 16 སྔོན།

    འོས་གཞིར་ལངས་པར་དགའ་་བསུ་ཡོད། དྲ་གྲོགས་ཚོས་ཕྱོགས་ཞེན་དང་ཕྲག་དོག་གིས་མ་བཟི་པར་དྲང་ཐད་ཀྱི་བསམ་ཚུལ་གནང་རོགས།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མི་ལ་ཤེས་ཡོན་དང་ལྷག་བསམ། འཇོན་ཐང་ཡོད་མེད་དེ་སློབ་གྲྭ་གྲགས་ཅན་ནས་སློབ་ཐོན་སོགས་མིན་ལ་རགས་ལས་མེད། གཙོ་བོ་མི་རང་ཉིད་ཀྱི་ཤེས་རབ་དང་རྣམ་དཔྱོད་ལ་ཐུག་ཡོད་པ་རེད། ཡང་གཅིག་བཤད་ན་ལྷག་བསམ་ཡོད་མེད་དེ་བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་སོགས་ལ་རྒྱུས་མངའ་ཆེར་ཡོད་ན་ལྷག་བསམ་ནི་ཡོད་ཐག་ཆོད་རེད། དཔེར་ན་༸གོང་ས་མཆོག་ལྟ་བུ་རེད། འཇོན་ཐང་ཡོད་མེད་ཀྱང་ལྷག་བསམ་དེ་རྣམ་དག་ཡིན་མིན་ལ་རགས་ལས་ཀི་བསམ། ལྷག་བསམ་རྣམ་པར་དག་པ་ཞིག་ཡོད་ན་ལས་ཀ་ཧུར་ཐག་གིས་བྱེད་ཀི་རེད། ལས་ཀ་ཧུར་ཐག་གནང་ན་ལས་ཀ་གང་མང་མང་བྱེད་ཏུབ་གི་རེད་ལ། དེར་ལྟར་གནང་སོང་ན་འཇོན་ཐང་དེའང་རང་ཤུགས་ཀྱིས་སྤྱི་ཚོགས་ནང་དུ་མངོན་ཡོང་གི་རེད་བསམ།
    གཞན་ད་བར་དུ་སྨན་ལ་སློབ་སྦྱོང་བས་མཁན་ཞིག་བཀའ་ཁྲིར་བདམས་པ་ཡིན་ན། དེའི་ཕྱག་ལས་དེ་གང་ཡིན་ཞིག་འབྱུང་རྒྱུ་ཡིན་ནམ།
    སྔོན་ཆད་ཅིག་ལ་དུས་བབ་རྩོམ་སྒྲིན་པ་ལུང་རིགས་རྒྱལ་གྱིས་འདི་འདྲ་ཞིག་གསུངས་མྱོང་བ་རྟག་པར་དྲན་བསྡད་ཡོད། ང་ཚོས་བཀའ་ཁྲིད་མ་འདེམས་གོང་ནས་བཀའ་ཁྲིའི་ལས་ཀ་དེ་ངོ་ཤེས་པ་བྱེད་དགོས་པ་རེད། དེ་ངོ་ཤེས་རྗེས་ད་གཟོད་ལས་ཀ་དེ་བྱེད་ཐུབ་མཁན་གྱི་མི་ཞིག་འཚོལ་དགོས་པ་རེད། འདི་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་ལ་གྲུབ་པ་དང་། ལྟོས་གྲུབ་ཅིག་ངེས་པར་དུ་ཡིན་དགོས་བསམ་ཡོད། དེས་ན་ང་ཚོས་ཀྱང་ངེས་པར་དུ་ཐོག་མར་བཀའ་བློན་ཁྲི་བའི་ལས་ཀ་གང་དང་ཅི་ཡིན་ངེས་ཟིན་རྒྱུ་དེ་བཀའ་ཁྲི་འདེམས་པ་ལས་ཀྱང་གལ་ཆེ་གི་འདོད། དེ་ངེས་ཟིན་རྗེས་ད་གཟོད་བཀའ་འདེམས་ཆོག་ཆོག་ཅིག་མ་ཡིན་ནམ།

    Reply
  9. སྲ་མོ་རྡོ། says:
    ལོ་ 16 སྔོན།

    ༡༽ ཙན་དན་ལོ་མ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༨ གི་ཆུ་ཚོད་ ༡༥ སྐར་མ་ ༡༥
    དཔེ་ཡག་པོ་འདུག ཁོང་བཀའ་ཁྲིར་ཕེབས་ནས་སྤྱི་འཐུས་ང་རྒྱལ་གྱི་ཀླད་ཁྲག་རྒྱས་ཡོད་མཁན་ཚོའི་མགོ་ལ་གཤགས་བཅོས་ཏན་ཏན་ཞིག་གནང་རོགས། ད་དུང་ཁ་ལ་བདག་བཟུང་མེད་པར་དཀྲུགས་ཤིང་ཁོ་ནར་འབད་མཁན་གྱི་སྤྱི་འཐུས་སྨྱོན་པ་ཚོའི་ལྕེ་ཡང་གཅོད་རོགས། རིག་འཚོ་མི་ཟིན་པའི་སྤྱི་སྨོན་སྤྱོད་ཅན་ཚོའི་མགོ་གནོད་བྱེད་ཀྱི་གཉིད་སྨན་ཡག་པོ་རེའང་དགོས་འདུག ད་དུང་སྡོམ་པ་ཡོད་མེད་ཀྱི་གྲྭ་བ་སྤྱི་འཐུས་ཚོའི་མཇེ་གཏུངས་བཞག་ན་དག་དག་རེད། གྲྭ་འཐུས་འདི་ཚོས་བུ་མོ་ཚོ་འགུག་ཆེད་གྲོས་ཚོགས་ནང་ཕོ་གསར་འཁྲབ་ཁུལ་བྱས་ནས་བོད་དོན་རྩེད་སྤྱད་བྱེད་ཀྱི་འདུག ད་བཀའ་ཁྲི་ཡག་ཤོས་རག་འདུག ཁོང་ལ་ཐོབ་པར་ཤོག ད་དུང་ཞུ་རྒྱུར། ཁོང་ལ་འོས་ཐོབ་ནས་རྡ་སར་ཕེབས་སྐབས་གོང་གི་གཤགས་བཅོས་བྱེད་ཆས་ཀྱི་ལག་ཆ་ཚང་མ་ལུས་བར་ཁྱེར་ནས་ཡོང་རོགས།

    ༢༽ ཙན་དན་ལོ་མ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༨ གི་ཆུ་ཚོད་ ༡༥ སྐར་མ་ ༡༨
    དཔེ་ཡག་པོ་འདུག ཁོང་བཀའ་ཁྲིར་ཕེབས་ནས་སྤྱི་འཐུས་ང་རྒྱལ་གྱིས་ཀླད་ཁྲག་རྒྱས་ཡོད་མཁན་ཚོའི་མགོ་ལ་གཤགས་བཅོས་ཏན་ཏན་ཞིག་གནང་རོགས། ད་དུང་ཁ་ལ་བདག་བཟུང་མེད་པར་དཀྲུགས་ཤིང་ཁོ་ནར་འབད་མཁན་གྱི་སྤྱི་འཐུས་སྨྱོན་པ་ཚོའི་ལྕེ་ཡང་གཅོད་རོགས། རིག་འཚོ་མི་ཟིན་པའི་སྤྱི་འཐུས་སྨྱོ་སྤྱོད་ཅན་ཚོའི་མགོ་གནོད་བྱེད་ཀྱི་གཉིད་སྨན་ཡག་པོ་རེའང་དགོས་འདུག ད་དུང་སྡོམ་པ་ཡོད་མེད་ཀྱི་གྲྭ་བ་སྤྱི་འཐུས་ཚོའི་མཇེ་གཏུབ་བཞག་ན་དག་དག་རེད། གྲྭ་འཐུས་འདི་ཚོས་བུ་མོ་ཚོ་འགུག་ཆེད་གྲོས་ཚོགས་ནང་ཕོ་སར་འཁྲབ་ཁུལ་བྱས་ནས་བོད་དོན་རྩེད་སྤྱད་བྱེད་ཀྱི་འདུག ད་བཀའ་ཁྲི་ཡག་ཤོས་རག་འདུག ཁོང་ལ་ཐོབ་པར་ཤོག ད་དུང་ཞུ་རྒྱུར། ཁོང་ལ་འོས་ཐོབ་ནས་རྡ་སར་ཕེབས་སྐབས་གོང་གི་གཤགས་བཅོས་བྱེད་ཆས་ཀྱི་ལག་ཆ་ཚང་མ་ལུས་བར་ཁྱེར་ནས་ཡོང་རོགས།

    ༣༽ ཙན་དན་ལོ་མ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༨ གི་ཆུ་ཚོད་ ༡༦ སྐར་མ་ ༠༩
    བསྟན་འཛིན་མགོན་པོ་དང་ཀརྨ་ཆོས་འཕེལ་གཉིས་ལ་སྨྱོ་སྨན་ཡག་པོ་རེ་དང་། གྲྭ་འཐུས་ཚོར་ཞེ་སྡང་གི་ཁྲག་ཤེད་མར་གཅོག་བྱེད་ཀྱི་སྨན་ཡག་པོ་རེ་དང་། གཞན་གྱི་བྲན་དུ་གྱུར་བའི་སྤྱི་འཐུས་ཕྱོགས་རེས་ཀྱི་མིག་གཅིག་རེ་ལས་མེད་པའི་ལོང་བ་ཚོར་ཡོ་རོབ་ནས་མིག་རྫུན་མ་ཡག་པོ་རེ་ཁྱེར་ནས་ཡོང་རོགས། ད་དུང་མི་ངན་སྤྱི་འཐུས་འདི་ཚོས་བཟོས་པའི་ཆོལ་ཁ་དང་ཆོས་ལུགས་བར་གྱི་རྨ་ཁ་བཙེམ་བྱེད་ཀྱི་ཁབ་སྐུད་མཁྲེགས་པོ་ཞིག་ཀྱང་ཁྱེར་ནས་ཡོང་རོགས། འདི་ནི་སྤྱི་འཐུས་ཚོའི་བྱ་སྤྱོད་ལ་འུ་ཐག་ཐབས་ཟད་དུ་གྱུར་བའི་བོད་མི་ཉམས་ཆུང་ཞིག་གི་སེམས་གཏིང་ནས་བཏོན་པའི་རེ་བ་ཡིན།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    གཙོ་བོ་བཀའ་ཁྲི་ལས་འཁན་འཛིན་སྐྱོང་གི་ལས་ཀ་བྱེད་སྟངས་དེར་སོ་སོའི་བློ་ལ་བབ་མ་བབ་རེད་མ་གཏོགས་ཕ་ཡུལ་གཅིག་མི་གཅིག་དང་ཆོལ་ཁ་གཅིག་མི་གཅིག་བསམ་ཚུལ་དོར་ནས་རྩ་བ་བོད་མི་དམངས་ཀྱི་ལས་དོན་ག་འདྲ་གཅིག་རང་གིས་སྒྲུབ་འདོད་པར་དེར་མ་འོང་བཀའ་ཁྲིའི་བསམ་བློའི་ཁ་ཕྱོགས་དང་མ་མཐུན་མིན་ལྟ་རྒྱུ་གལ་ཆེ་སྙམ།
    དཔེར་ན། བཙན་བྱོལ་གཞུང་འཛིན་སྐྱོང་བྱེད་ཕྱོགས་དང་བཙན་བྱོལ་བོད་མི་ལྟོ་གོས་སྒྲུབ་ཕྱོགས་རྒྱལ་ཁབ་༣༧ནང་དུ་ཁ་ཐོར་རུ་གནས་པའི་བཙན་བྱོལ་བོད་མི་རྣམས་མགོ་བསྡུར་སྟངས་སོགས་ཁོང་གི་ཆ་གཞི་ག་འདྲ་ཡོད་མེད་ང་ཚོས་ཧ་གོ་དགོས་ཀྱིན་འདུག
    ཤེས་ཡོན་ལྡན་པའི་སྨན་པ་རྟའུ་ཁོང་མ་འོང་བཀའ་བློན་ཁྲི་པའི་འོས་མི་ནང་ཕེབས་ཡོང་དུས་ངའི་བསམ་ཚུལ་བྱེད་ན་ཁོང་གིས་མ་འོང་ལས་དོན་སྒྲུབ་ཕྱོགས་འདི་དང་འདི་ཡིན་ཞེས་སྤྱི་ཚོགས་ནང་དུ་གསལ་བཤད་གནང་ཐུབ་པའི་སྤོབས་པ་ཡོད་རེད་སྙམ།
    ང་ཚོས་ཡང་ཁྱེད་ཀྱི་མ་འོང་བོད་ཀྱི་ལས་དོན་སྒྲུབ་ཕྱོགས་དང་ང་ཚོའི་བསམ་ཚུལ་མཐུན་མིན་ཧ་གོ་ཡོང་གི་རེད། དེར་འདྲ་བྱུང་ན་འོས་ཤོག་རྒྱབ་བསྐྱབ་བྱེད་དགོས་མིན་བསམ་བློ་གཏོང་ས་ཞིག་རྙེད་པ་རེད། མ་རེད་དམ། བྱམས་རྒྱལ་ལགས།

    Reply
  11. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཉི་མ་ལགས།
    བཀྲ་ཤིས་བདེ་ལེགས་
    གུས་སྡོད་སྡོད་པ་ཡིན་ཡང་གློག་ཀླད་ནང་དུ་ནད་འབུ་ཚབས་ཆེན་ཞིག་འགོས་ནས་དྲ་རྒྱ་ནང་འཛུལ་ཐུབ་མ་སོང་།སྟབས་ཡག་ནས་ཕྱི་རྒྱལ་བ་ཞིག་གིས་རིན་མེད་དུག་
    བཅོས་གནང་སོང་།
    སྨན་པ་རྟའུ་མཆོག་བཀའ་ཁྲི་འོས་མི་ནང་ཕེབས་ཡོད་ན་དངོས་གནས་དགའ་གསུ་ཡོད་ ཁོང་བོད་པའི་སྤྱི་ཚོགས་ནང་སྙན་གྲགས་ཀྱང་དགའ་རབ་ཡོད་པ་འདྲ་འདུག་ལ་ གཞས་པ་དང་ དེང་རབ་ཀྱི་སྨན་པ་ཡིན་པའི་ཆ་ནས་དམིགས་བསལ་བ་ཞིག་ཆགས་ཡོད་རེད་།
    ལྷག་པར་དུ་དེང་རབ་ཀྱི་སློབ་སྦྱོང་ཡོད་ལ་ དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་ ༧ གོང་ས་མཆོག་ལ་དད་གུས་སླད་མེད་ཞུ་མཁན་ཞིག་དང་ བོད་རྩ་དོན་ལ་རྒྱུན་དུ་ནས་ལྷག་བསམ་དང་ ལས་འགན་སྒྲུབ་མཁན་ཞིག་ཡིན་འདུག་
    འོན་ཀྱང་ཁོང་ལས་ལྷག་པ་དང་ འདྲ་འདྲ་ མང་པོ་ལུས་ཡོད་། དེར་བརྟེན་ ད་ལན་བཀའ་ཁྲི་འདི་མི་མང་གི་གཟབ་གཟབ་བྱས་ནས་འདེམས་དགོས་པ་གལ་ཆེ་ནང་གི་དོན་ཆེ་ལུས་ཡིན་།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    མཁས་དབང་ཕུན་ཚོགས་ཚེ་རིང་མཆོག་གིས་སྨན་པ་རྟའུ་དཔལ་ལྡན་གྱི་ངོ་སྤྲད་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    བྱམས་རྒྱལ་ལགས་དྲ་ཐོག་མ་ཕེབས་ནས་ཡུན་རིང་ག་པར་ཕྱིན་པ་ཡིན་ཨ། སྨན་པ་རྟའུ་བཀའ་ཁྲིའི་འོས་མི་ནང་དུ་ཕེབས་པར་བསམ་ཚུལ་ག་རེ་ཡོད་དམ།

    ངས་སྨན་པ་རྟའུ་ངོ་ཤེས་ནས་རྒྱུན་རིང་པོ་ཡིན། ཁོང་གི་བདེན་བཞི་མི་རྟག་པ་བསྟན་པའི་གཞས་ཚིག་ནང་དོན་རྒྱ་ཆེ་པོ་ཡོད་པའི་སྙན་གླུ་དེར་ཉན་སྐབས་དངོས་གནས་ཡག་པོ་འདུག་རེ་དྲན་མྱོང་ཡོད།

    Reply
  13. བྱམས་རྒྱལ། says:
    ལོ་ 16 སྔོན།

    འདུས་བྱུང་ཕུན་ཚོཌ་ཚེ་རིང་ལགས་ཀྱིས་རྟའུ་བློ་བཟང་དཔལ་ལྡན་མཆོག་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
    ཁོང་གིས་བཏང་བའི་ཆུ་སྒང་དྲན་གླུ་དེ་ཉན་དུས་དཔའ་བོ་དམ་པ་རྣམས་ཀྱིས་དགྲ་བོ་ལ་རྒོལ་གདུང་བཏང་བ་དེ་ཚོ་ཡིད་ལ་འཁོར་གྱི་ཡོད་།
    ད་གཞས་དེ་ཡང་མ་ཐོས་པ་ལོ་མང་སོང་།
    ཆུ་སྒང་དྲན་གླུ་དེ་འགྲེམས་ཐེངས་ག་རེ་ནང་ཡོད་པ་དང་ག་ནས་རགས་ཀྱི་ཡོད་མེད་ཤེས་མཁན་ཡོད་ན་གསུངས་རོགས་།
    ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese