མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔགས་རྒྱུགས་ཆེན་མོ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༢ ཉིན་ནས་བཞུགས་སྒར་ངྷ་སའི་ཉེ་འགྲམ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་འཚོགས་པ་དང་། འདི་ནི་བཙན་བྱོལ་ནང་སྔགས་རྒྱུགས་ཆེན་མོ་བསྐྱར་གསོ་གནང་སྟེ་རྒྱུགས་རྩོད་གནང་བ་ཐེངས་གསུམ་པ་ཆགས་ཡོད་པ་རེད།

རྩོད་རྒྱུགས་དེའི་ཐོག་མའི་བྱུང་རིམ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་དག་ཐེར་དང་ཡོང་སླད། རྨད་དུ་བྱུང་བའི་མཛད་རྗེས་རླབས་པོ་ཆེ་ཇི་སྙེད་ཅིག་མཛད་ཡོད་པ་ལས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་ལྷ་རམས་པ་རྣམས་སྔགས་ཀྱི་རྩོད་རྒྱུགས་བཞེས་ཏེ། ཨང་རིམ་དང་པོ་དང་གཉིས་པ་སོན་པ་རྣམས་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་དང་ཤར་བྱང་ཆོས་རྗེ། དགའ་ལྡན་ཁྲི་བ་རིན་པོ་ཆེར་རིམ་པ་ཕེབས་རྒྱུའི་སྔོན་འགྲོར་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་གསར་འཛུགས་གནང་བ་དང་། བཙན་བྱོལ་དུ་༧གོང་ས་མཆོག་གིས་བཞུགས་སྒར་དུ་གདན་སའི་དགེ་བཤེས་བགྲེས་གྲས་རྣམས་རྩོད་རྒྱུགས་བཞེས་གནང་མཛད།  ཕྱི་ལོ་ ༢༠༠༤ ལོ་ནས་ལོ་གསུམ་རེའི་མཚམས་རྩོད་རྒྱུགས་རེ་གནང་རྒྱུ་གཏན་འཁེལ་མཛད་པ་ནས་དེ་གའི་ལོ་མཇུག་ཏུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྔགས་ཀྱི་རྩོད་རྒྱུགས་ཐེངས་དང་པོ་གནང་། ༢༠༠༧ ལོར་ཐེངས་གཉིས་པ་དང་། འདི་ལོ་རྩོད་རྒྱུགས་ཐེངས་གསུམ་པ་གནང་ཞིང་། ཕྱི་ཚེས་ ༡༢ ནས་དབུ་འཛུགས་ཀྱིས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་དུ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་དབུ་བཞུགས་འོག་གདན་ས་སེ་འབྲས་དགེ་གསུམ་གྱི་མཁན་རིན་པོ་ཆེ་རྣམ་པ་དང་། རྒྱུད་པའི་མཁན་བླ་བཅས་ཀྱི་རྩོད་པ་དང་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་ ༣༠ ནས་སྔགས་ཀྱི་རྩོད་རྒྱུགས་ཆེན་མོ་རྒྱུགས་འབུལ་ཞུས།

ཉིན་མཐའ་མའི་མཛད་སྒོར་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་རྣམ་གཉིས་ནས་ལེགས་གསོའི་བཀའ་སློབ་གནང་། འདི་ལོའི་སྔགས་རྒྱུགས་ཆེན་མོའི་ཨང་དང་པོ་སེར་སྨད་དགེ་བཤེས་ཧར་ཤན་སྤྲུལ་སྐུ་དང་། ཨང་གཉིས་པ་དགའ་ལྡན་ཤར་རྩེ་དགེ་བཤེས་བྱང་ཆུབ་སངས་རྒྱས། ཨང་གསུམ་པ་དགའ་ལྡན་ཤར་རྩེ་དགེ་བཤེས་བྱམས་པ་བློ་བཟང་བཅས་ལ་གྲུབ་འབྲས་རྩེ་ཕུད་སོན་པའི་གསལ་བསྒྲགས་དང་འབྲེལ་བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ནས་རྒྱུགས་སྤྲོད་པ་ཡོངས་ལ་ལེགས་སྐྱེས་གསོལ་རས་དང་དགེ་བཤེས་སྔགས་རམས་པའི་ཕྱག་འཁྱེར་ཡང་གསོལ་སྩལ་གནང་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 2

  1. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    མཁྱེན་པ་ཡངས་པའི་དྲ་གྲོགས་ཚོར་བཀའ་དྲི་ཞིག་ཞུ་རྒྱུ་ཡོད།
    རྒྱུད་གྲྭ་སྟོད་སྨད་གཉིས་ལ་སྟོད་རྒྱུད་དང་སྨད་རྒྱུད་ཅེས་པའི་ཚིག་གྲུབ་ཚུལ་ཇི་ལྟར་ཡིན་ནམ་གསུང་རོགས་གནང༌། ཐུགས་རྗེ་ཆེ།

    Reply
  2. karma dorje says:
    ལོ་ 16 སྔོན།

    སངས་རྒྱས་བསྟན་པ་རྟག་ཏུ་རྒྱས་གྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese