མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོཊ་མཇུག་སྡོམ་གྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཡོངས་ཀྱི་ཐོག་ནས་ཐེངས་འདིར་༧གོང་ས་མཆོག་གི་གསུང་འཕྲིན་ཐོག་ལ་སྤྱི་མོས་ཀྱིས་གྲོས་ཆོད་འཇོག་ཐུབ་པ་དེ་ཧ་ཅང་གི་གཟི་བརྗིད་དང་ལྡན་པ་ཞིག་བྱུང་སོང་སྙམ་ཡོད། མ་འོངས་པར་ཡང་གྲོས་ཆོད་ཀྱི་ཚིག་གི་འབྲི་དོན་གཞིར་བཟུང་གྲོིས་ཚོགས་ནང་དག་དག་འགྲོ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་གྲོས་ཆོད་དེས་སྨྲ་བརྗོད་རང་དབང་འགོག་གིན་ཡོད་པ་མ་རེད། དེ་གསལ་བོ་བཟོ་རྒྱུའི་འདོད་པ་བྱུང་སོང་། ཞེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུངས་ཡོད།

 

དེ་རིང་སྔོ་དྲོའི་ཆུ་ཚོད་ ༡༢ སྟེང་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བ་རྒྱལ་ཁའི་ནང་མཇུག་སྒྲིལ་ཡོད། ཐེངས་འདིའི་གྲོས་ཚོགས་སྟེང་བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་གྱི་སྔོན་རྩིས་གཏན་འབེབས་ཀྱི་ཞོར་དུ་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ཅིག་བསྐྱར་བཅོས་དང་སྣོན་འབྲི་ལེགས་པར་གྲུབ་ཡོད་ལ། དེ་མིན། གྲོས་ཚོགས་ཚོགས་དུས་བརྒྱད་པར་མཇུག་སྐྱོང་མ་ཐུབ་པའི་ལས་འཕྲོ་རིགས་ཀྱང་ཐག་གཅོད་ཟིན་ཡོད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། ན་ནིང་ཕྱི་ཟླ་ ༨ པའི་ནང་ཚོགས་གཙོ་ལ་མཇུག་སྡོམ་གཏམ་བཤད་བྱ་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་རེད། ཐེངས་འདིར་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེབ་ཚོགས་གཙོ་ཡར་བཞེངས་ཏེ་འཛུམ་དམུལ་ལེར་འདུག་ཐུབ་པ་འདི་གྲོས་ཚོགས་ཀྱི་གཟི་བརྗིད་རེད། ད་རེབ་ཀྱི་ཚོགས་འདུའི་ལས་རིམ་གཙོ་བོ་བཙན་བྱོལ་བོད་གཞུང་གི་ཕྱི་ལོ་ ༢༠༡༠ ནས་ ༢༠༡༡ བར་གྱི་སྔོན་རྩིས་གཏན་འབེབས་རེད། དེར་སྤྱི་འཐུས་རྣམ་པས་འགན་འཁུར་བའི་ཐོག་ནས་ལས་ཁུངས་རེ་རེ་བཞིན་ཐག་གཅོད་གཏན་འབེབས་ཡག་པོ་བྱུང་སོང་ལ། དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་ཀྱང་སྔར་དང་མི་འདྲ་བར་རྒྱས་པོ་བྱུང་སོང་། དེ་ལ་ཚོགས་གཙོའི་ངོས་ནས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་

 

ད་རེབ་ཀྱི་གྲོས་ཚོགས་ཉིན་གཉིས་པའི་སྟེང་༧གོང་ས་མཆོག་གི་གསུང་འཕྲིན་བསྩལ་ཅིང་། དེ་ལ་ཐུགས་རྗེ་ཆེ་ཞུའི་གྲོས་འཆར་ཐོག་སྤྱི་འཐུས་ཚང་མས་དགོངས་འཆར་ཕེབས་པ་རེད། དགོངས་ཚུལ་གསུང་སྐབས་ཐལ་ཆ་ཕྲན་བུ་རེ་བྱུང་ཡོད་ཀྱང་། སྤྱི་འཐུས་མང་ཆེ་བས་བགྲོ་གླེང་གི་ཆ་ཤས་བླངས་སོང་། བཀའ་ཤག་གིས་གསུང་འཕྲིན་ཐད་གསལ་བཤད་ཁ་གསལ་བོ་དང་གཏིང་ཟབ་པོ་གནང་བར་བཀའ་བློན་ཁྲི་པ་མཆོག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གསུང་འཕྲིན་ནང་བསྟན་པ་ལྟར། ཉན་ཞིབ་ཀྱི་ལས་དོན་གོ་སྒྲིག་ཞུས་པ་རེད། དེ་ཡང་ལོ་རྒྱུས་དང་ལྡན་པའི་ཉན་ཞིབ་ཅིག་ཆགས་ཡོད། ཉན་ཞིབ་རང་གི་ཐོག་ལ་འགྲོ་ཐུབ་ཡོད་མེད་ཁ་ཁ་རེད། ཉན་ཞིབ་ཀྱི་ཆ་ཤས་བཞེས་མཁན་ཚོས་གསུང་འཕྲིན་གྱི་ནང་དོན་གཅིག་པུ་མ་ཡིན་པར་གནད་དོན་གཞན་དག་ཀྱང་ཁ་གསལ་བོ་ཞེ་དྲག་བཟོ་ཐུབ་པ་བྱུང་སོང་། ཉན་ཞིབ་འདིའི་ཐོག་རྒྱ་བལ་འབྲུག་གསུམ་ནང་གི་བཀའ་ཟུར་ ༡༠ ཙམ་ཕེབས་ཐུབ་པ་བྱུང་ཞིང་། བཀའ་ཟུར་ ༨ ཀྱིས་ཉན་ཞིབ་སྐབས་དགོངས་ཚུལ་གསུངས་སོང་། འདི་བརྒྱུད་དེ་བར་སྐབས་ཤིག་ལ་སྤྱི་ཚོགས་ནང་བཀའ་ཟུར་ཚོ་འཛོམས་ཏེ་གནས་ཚུལ་མང་པོ་ཆགས་སོང་ཟེར་བའི་གླེང་སློང་དེ་ཁ་གསལ་བོ་ཆགས་སོང་། ཞེས་གསུངས་སོང་།

 

ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ནང་ལེགས་འགྲུབ་བྱུང་བའི་གནད་དོན་ཁག་ཅིག་ངོ་སྤྲོད་གནང་དོན། སྔར་ལོ་གྲོས་ཚོགས་མཇུག་བསྡོམས་རྒྱག་མ་ཐུབ་པ་དེ་སྤྱི་འཐུས་སྒེར་གྱི་གྲོས་ཆོིད་གྲོས་འཆར་ཞིག་གི་དབང་གིས་བྱུང་བ་རེད། ཐེངས་འདིའི་གྲོས་ཚོགས་མ་ཚོགས་གོང་ལ་ད་ཐེངས་གྲོས་ཚོགས་ནང་གང་འདྲ་ཆགས་ཡོང་ངམ་སྙམ་སྟེ་སེམས་འཚབ་བྱུང་སོང་། གྲོས་ཚོགས་དངོས་སུ་ཚོགས་པའི་རིང་ལ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་དེ་དང་འབྲེལ་བའི་ཐོག་ལ་སྒྲིག་གཞི་བསྐྱར་བཅོས་ཕེབས་ཤིང་། སྒྲིག་གཞི་བསྐྱར་བཅོས་ལ་བགྲོ་གླེང་གནང་བའི་སྐབས་སུ་ཚང་མས་དགོངས་པ་ཆེ་བཞེས་ཀྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་ཐོག་ནས་སྒྲིག་གཞི་གཏན་འབེབས་ཡག་པོ་བྱུང་སོང་། རྙོག་གླེང་གང་ཡང་མེད་པའི་ཐོག་ནས་གནས་ཚུལ་དེ་གསལ་བོ་བཟོས་པ་མ་ཟད། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེ་ཡང་གྲོས་ཚོགས་ནང་བསྐྱར་དུ་སླེབས་མི་དགོས་པ་ཆགས་དེ་སོང་། ཞེས་དང་། སྤྱི་ཡོངས་ཀྱི་ཐོག་ནས་ཐེངས་འདིར་༧གོང་ས་མཆོག་གི་གསུང་འཕྲིན་ཐོག་ལ་སྤྱི་མོས་ཀྱིས་གྲོས་ཆོད་འཇོག་ཐུབ་པ་དེ་ཧ་ཅང་གི་གཟི་བརྗིད་དང་ལྡན་པ་ཞིག་བྱུང་སོང་སྙམ་ཡོད། མ་འོངས་པར་ཡང་གྲོས་ཆོད་ཀྱི་ཚིག་གི་འབྲི་དོན་གཞིར་བཟུང་གྲོིས་ཚོགས་ནང་དག་དག་འགྲོ་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་གྲོས་ཆོད་དེས་སྨྲ་བརྗོད་རང་དབང་འགོག་གིན་ཡོད་པ་མ་རེད། དེ་གསལ་བོ་བཟོ་རྒྱུའི་འདོད་པ་བྱུང་སོང་།

 

ཡང་ཚོགས་གཙོ་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ནང་མ་འགྲུབ་པ་དང་། ཆེད་དུ་མ་བསྒྲུབས་པའི་གནད་དོན་ཁག་ཅིག་གི་སྐོར་གསུངས་དོན། གནས་ཚུལ་གཞན་ཞིག་ལ། མི་དམངས་ནང་བཀའ་བློན་ཁྲི་པས་ཐེངས་གསུམ་ལ་བསྐྱར་དུ་འགན་བཞེས་དགོས་པའི་ཐད། བཅའ་སྒྲིག་བསྒྱར་བཅོས་ཀྱི་དགོངས་ཚུལ་ཞིག་བྱུང་ཡོད། མི་གྲངས་ལྟར་བྱས་ན་དགོངས་ཚུལ་སླེབས་མཁན་ཉུང་ཉུང་ཡིན་ཡང་། དེ་དག་གིས་ཅི་ཙམ་གྱི་ངོ་ཚབ་མཚོན་ཐུབ་ཀྱིན་ཡོད་མེད་བཤད་ཐུབ་པ་མ་རེད། གང་ལྟར་མི་དམངས་ནང་། ང་ཚོས་འབོད་སྐུལ་ཞུས་ཡོད་པ་དེ་གང་འདྲ་ཆགས་ཡོད་དམ་སྙམ་པའི་ཐུགས་འཚབ་ཡོང་སྲིད་སྟབས། སྤྱི་འཐུས་ནང་ཁུལ་ལྷན་ཚོགས་བསྐྱངས་ཏེ། བཀའ་བསྡུར་བྱས་མཐར་བཞུགས་མོལ་ཚོགས་འདུའི་ནང་འཁྱེར་མི་དགོས་པའི་ཐག་གཅོད་བྱུང་ཡོད། གནད་དོན་དེ་ཐེངས་འདིའི་གྲོས་ཚོགས་ནང་འཁྱེར་མེད་པའི་གནས་སྟངས་དེ་རེད།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། ད་རེབ་ཀྱི་ལས་རིམ་མང་ཆེ་བ་ལེགས་འགྲུབ་དང་འདོད་པ་ཁེངས་པ་བྱུང་སོང་། འོན་ཀྱང་དོན་དག་མ་འགྲུབ་པ་ཞིག་ནི། བྱང་ཨ་རིའི་སྤྱི་འཐུས་ཀྱི་གྲངས་ཀ་སྤར་མ་ཐུབ་པ་དེ་རེད། བྱང་ཨ་རི་ཁུལ་དུ་མི་འབོར་ ༡༥༠༠༠ ཙམ་ཡོད་ལ། དཔྱ་ཁྲལ་འབུལ་མཁན་ ༧༠༠༠ ཙམ་ཆགས་འདུག ཐེངས་འདིར་ཚོགས་གཙོའི་བསམ་ཚུལ་ལྟར་བྱས་ན། བྱང་ཨ་རིར་སྤྱི་འཐུས་གཅིག་དང་། རྒྱ་བལ་འབྲུག་གསུམ་དང་ཨ་རི། ཁེ་ན་ཊ། ཡུ་རོབ་བཅས་ཕུད་པའི་རྒྱལ་ཁབ་གཞན་དག་ནང་སྤྱི་འཐུས་གཅིག་བཅས་སྤར་ཐུབ་ན་བསམ་སྟེ་རེ་བ་བརྒྱབས་ཀྱང་སྤར་ཐུབ་མ་སོང་། དེ་ནི་བྱུང་རིམ་ལོ་རྒྱུས་ལ་ཞིབ་ཚགས་མེད་པ་དང་། བཅའ་ཁྲིམས་དང་སྒྲིག་གཞིར་གོ་བ་ལེན་སྟངས་མ་འདྲ་སོགས་ཀྱི་དབང་གིས་རེད། དེ་ནི་གྲོས་ཚོགས་ཀྱིས་མ་འཇོན་པའི་ལས་ཀ་ཞིག་ལ་ངོས་ལེན་གནང་དགོས་པ་རེད་སྙམ། འོན་ཀྱང་འབྱུང་འགྱུར་ཕྱི་ཟླ་ ༩ བའི་ནང་སྤྱི་འཐུས་སྤར་ཐུབ་པ་བྱུང་ཡང་མ་འགྲིག་པ་ཡོད་པ་མ་རེད། ཅེས་དང་། ཕྱི་ཟླ་ ༩ ནང་གྲོས་ཚོགས་བསྐྱར་དུ་ཚོགས་དགོས་པ་རེད། དེའི་སྔོན་ལ་ཕྱི་ཟླ་ ༨ ནང་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཚོགས་དགོས་པ་རེད། སྐབས་དེར་ང་ཚོ་རྒྱ་གར་ལྷོ་ཕྱོགས་བྷེལ་ཀོབ་ནས་སླར་ཡང་མཇལ་ཐུབ། སྐབས་དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ཏེ། ཕྱི་ཟླ་ ༩ ཚེས་ ༡ ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུར་༧གོང་ས་མཆོག་གིས་ཐུགས་དགྱེས་པའི་ངང་ཞལ་བཞེས་ཐོབ་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 13

  1. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    རིག་པ་འདོན་མཁན་ཁག་ཅིག་གིས་ད་རེབ་ཅེས་པའི་ཚིག་འདི་མ་དག་ཚུལ་གླེང་འདུག ཡང་མ་དག་པ་ཡིན་མིན་དྲིས་འདུག
    ངས་ཁྱེད་རྣམ་པ་ཚོར་དེ་དག་པ་རེད་ཟེར་རྒྱུ་ཡིན། དག་གསར་ནང་དུ་ད་རེབ་བྲིས་ཡོད་ལ། སྤྱིར་བཏར་རེབ་ཅེས་པར་ང་ཚོས་རེབ་ཅིག་ལ་ལས་ཀ་གན་དང་འདི་བྱས། རེབ་ཅིག་ལ་ཁྱོད་གང་ལ་སོང་། རེབ་ཅིག་ལ་བོད་ཀྱི་དུས་བབ་དྲ་ཤོག་ཐོག་ཡིག་ནོར་མང་བོ་འདུག་ཅེས་བརྗོད་ཆོག་ལ། རེབ་ཅེས་པའི་ཚིག་གི་སྔོན་དུ་ད་རྐྱང་ཞིག་བཞག་སྐབས། ད་ཐེངས་ཀི་རེབ་འདིར་སྤྱི་འཐུས་ཚོ་འཆམ་ཐག་ཆོད་བྱུང་འདུག་ཅེས་བརྗོད་ཆོག་གི་རེད་སྙམ།
    གལ་སྲིད་ད་དུང་འཁྲུལ་གཞི་ཡོད་ན་ད་དུང་དཔྱད་གླེང་བྱོས། ཡིག་ནོར་ཡིན་ན་འདི་ལྟར་བྲིས་པ་མ་རེད། ནོར་བ་རེད། དེའི་ཚབ་ཏུ་འདི་དང་གན་འབྲི་དགོས་པ་རེད། ནོར་སྟངས་ནོར་ལུགས་འདི་དང་གན་རེད་ཅེས་ཟེར་དགོས་པ་རེད།

    དེ་མིན་ཉེ་སྔོན་ཞིག་ལ་བོད་ཀྱི་དུས་བབ་དྲ་ངོས་སུ་འཕྲུལ་རྟ་ཞེས་པའི་ཚིག་ཅིག་བྲིས་པར་མ་དག་ཚུལ་རིག་པ་འདོན་མཁན་མང་བོ་བྱུང་། མཐར་དེད་དུས་མ་དག་ཚུལ་ཁོང་ཚོས་མ་རིག་སྟབས་རེད་ཟེར། དེ་གནས་ལུགས་ལ་འགྲོའམ།
    སྔར་ཁྱོད་ཀྱིས་མ་རིག་པའི་ཐ་སྙད་ཡོངས་མ་དག་པ་ཆགས་དགོས་ན་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་ལྷག་པར་དུ་གསར་དུ་གཏན་འབེབ་བྱེད་ཀྱིན་པའི་ཐ་སྙད་ནང་དུ་མ་དག་པ་རྐྱང་གིས་ཁེངས་ཡོད། ཡིན་ནའང་། དེ་འགྲེལ་སྟངས་ཤིག་མ་རེད།

    Reply
  2. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    འགོ་འཛུགས་ཐུབ་པ་དང་འཇུག་བསྡུ་ཐུབ་པ་ཙམ་གྱིས་གྲུབ་འབྲས་དང་དགོས་མཚན་ཆེན་པོ་བྱུང་ཡོད་པའི་ངོས་འཛིན་དེ་འུ་ཐུག་གིས་ངོས་འཛིན་མ་རེད་དམ།

    Reply
  3. GYAMTSO says:
    ལོ་ 16 སྔོན།

    ཨ་རིའི་བོད་ཀྱི་རླུང་འཕྲིན་ཁང་ལ་རེ་བསྐུལ་ཞུ་རྒྱུ། རླུང་འཕྲིན་ཁང་གི་ལས་བྱེད་ཡོངས་ལ་འཚམས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་ན་ཁྱེད་རྣམས་པའི་ལྷག་བསམ་དང་ཤེས་འཇོན་ལ་ང་ཚོས་རྗེས་སུ་ཡི་རིང་དང་སྔགས་བརྗོད་བྱེད་ཀྱིན་ཡོད། འོན་ཀྱང་ཁྱེད་ལས་ཁུང་གི་ལས་བྱེད་རྣམས་པའི་བོད་ཆས་གྱོན་མི་ཐུབ་པ་གནད་འགག་གང་ལ་ཐུག་ཡོད་དམ། ང་ཚོས་ངོས་ཤུགས་རྒྱུད་གསུམ་ནས་ཁྱེད་ལས་ཁུང་ལ་ཐང་མང་རེ་བསྐུལ་ཞུས་ཡོད་མེད། དེང་སང་བོད་ནང་གི་རླུང་འཕྲིན་ཁང་དང་ཡུལ་ཁ་སོ་སོས་མཛད་སྒོ་ཆེ་ཆུང་ག་འདྲ་ཞིག་འཚོགས་རུང་གཙོ་བོ་བོད་རང་གི་ཐུན་མོང་ཡིན་པའི་བོད་ཆས་གྱོན་དགོས་པ་རྩ་འཛིན་གནང་གི་ཡོད་པ་ཁྱེད་ལས་ཁུང་གི་མ་ཤེས་པ་མིན་ནམ། བཙན་བྱོལ་བོད་གཞུང་གི་དྲ་བརྙན་ཁང་དང་ཨ་ཤེ་རང་དབང་རླུང་འཕྲིན་ཁང་གི་ལས་བྱེད་རྣམས་པར་གཟིགས་དང་ཆོག

    Reply
  4. བསེ་རུ། says:
    ལོ་ 16 སྔོན།

    དྲ་ངོས་འདིར་ཡིག་ནོར་ལ་དོ་སྣང་བྱེད་མཁན་རྒྱུན་ཆད་མེད་པར་ཡོང་གིན་འདུག་པ་དེ་ནི་དགའ་འོས་པའི་གནས་ཤིག་རེད། འདི་ནི་བོད་མི་རིགས་ཀྱི་སྐད་ཡིག་ལ་སྲུང་སྐྱོབ་དང་འགན་ཁུར་གྱི་བཀའ་མོལ་རེད། ཚང་མས་ཐུགས་སྣང་གནང་བར་རྗེས་སུ་ཡི་རངས་ཡོད།།

    Reply
  5. karma dorje says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོ་མ་ལགས། ད་རེས་དག་པ་རེད། ད་རེབ་དག་པ་རེད།

    Reply
  6. ལུང་རྟོགས། says:
    ལོ་ 16 སྔོན།

    སྤྱི་འཐུས་ནི་མི་མང་གི་ངོ་ཚབ་ཡིན་པས། མི་མང་གི་མངོན་འདོད་གང་ཡིན་ལྟ་དགོས་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས།

    Reply
  7. གངས་སྤྲེལ་ཚ། says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ནས་འཇུག་བསྡོམས་ཡང་དག་པ་ཞིག་གནང་འདུག་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།

    Reply
  8. རྒྱང་རིང་ནས། says:
    ལོ་ 16 སྔོན།

    གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཐག་གཅོད་གང་འདྲ་ཞིག་གནང་ཡོད་ན་

    Reply
  9. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    karma dorje དྲ་གྲོགས་དབྱིན་མིང་ཅན། ཚིགས་གྲུབ་འདི་དབྱིན་སྐད་རེད་དམ་བོད་སྐད་རེད།
    ༼ད་རེབ་ཀྱིས་ད་རེས་ཚིག་གི་རང་དབང་མ་འཕྲོག་རོགའ་གནོངས།༽ ཁྱེད་ཀྱིས་བོད་ཡིག་འབྲི་མི་ཤེས་བཞིན་དུ་བོད་ཀྱི་དྲ་ངོས་བརྫད་དོན་ཅི་ཡིན། བྲིས་ངན་བསྟན་པའི་དགྲ་བོ་ཟེར་བ་དེ་གོ་ཨེ་མྱོང་།

    Reply
  10. karma dorje says:
    ལོ་ 16 སྔོན།

    ད་རེབ་ཀྱིས་ད་རེས་ཚིག་གི་རང་དབང་མ་འཕྲོག་རོགའ་གནོངས།

    Reply
  11. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    གསར་འགྱུར་སྤེལ་མཁན་མཆོག་ལ་གུས་པ་དང་སྦྲགས་ཞུ་རྒྱུར།
    ཐེངས་འདིར་ཞེས་པའི་གོ་དོན་ཅན་གྱི་ཚིག་ད་རེས་ཞེས་པའི་ཚབ་ཏུ་སྐུ་ཉིད་ཀྱིས་ད་རེབ་ཅེས་ལན་བཞི་ཙམ་བྲིས་འདུག འདི་ལྟར་འབྲི་སྲོལ་ཡོད་དམ། ཕལ་ཆེར་ཡིག་ནོར་ཡིན་གྱི་རེད། གལ་ཏེ་ནོར་བ་ཡིན་ན་མ་འོངས་པར་འདིའི་རིགས་ཐུགས་གཟབ་གནང་རོགས།
    གང་ལགས་ཤེ་ན་དེང་ང་ཚོ་བཙན་བྱོལ་ནང་རང་སྐད་ཀྱི་ཤེས་ཚད་ཞན་པས་གསར་བུ་བ་རྣམས་ཀྱིས་དག་ཆ་ངོ་མ་ངོས་མ་ཟིན་པར་ལད་མོ་བྱ་ཉེན་ཆེ་བ་དང་། དེ་ལྟར་བྱས་ཚེ་སླད་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཆེའོ༎
    དེ་བཞིན་གྲོས་ཚོགས་ཀྱི་འབྲི་དོན་ཞེས་པ་ཞིག་འདུག་ དེ་ཡང་ཕལ་ཆེར་འབྲུ་དོན་ཡིན་གྱི་རེད་སེམས།
    ཐུགས་རྗེ་ཆེ།

    Reply
  12. kunsal says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་ནས་འཇུག་བསྡོམས་ཡང་དག་པ་ཞིག་གནང་འདུག་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ། འདིས་ཐ་མའི་རྒྱལ་ཁ་བདེན་པར་ཐོབ་ཟེར་བར་ངེས་ཤེས་འཕར་མ་ཞིག་ལོས་སྐྱེ། དེ་དོན་ཁུངས་མེད་སྐྲོག་རྐྱེན་བཟོ་མཁན་ཚོས་བསམ་ཤེས་ཀྱིས་བླང་དོར་འཇུག་ལྡོག་ཚུལ་བཞིན་ཡོང་བའི་རེ་བ་ཡོད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྲིད་མཐར་བརྟན་པ་དང་། རླབས་ཆེན་དགོངས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་བསྒྲུབ་པར་ཤོག བཀའ་བཞིན་སྒྲུབ་པའི་མཛད་གཙོ་རྣམས་སྐུ་ཚེ་བརྟན་ཅིང་མཛད་པ་མཐར་ཕྱིན་ཡོང་བར་བསྟན་སྲུང་བརྒྱ་ཚོས་སྐྱབས་དང་མགོན་མཛོད་ཅིག བོད་རྒྱལ་ལོ༎

    Reply
  13. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ད་ཐེངས་བཀུར་འོས་སྤྱི་འཐུས་རྣམ་པ་ཁག་ཅིག་གིས་ཚོགས་གཙོ་མཆོག་ལ་འཛིན་པའི་རྣམ་འགྱུར་ཐད་ནས་སྐྲག་སྣང་མི་ཉུང་བ་ཞིག་བྱུང་ཡོང་། ད་ལྟ་ཡོངས་སུ་ལེགས་པར་མཇུག་སྒྲིལ་བར་དགའ་སྤྲོ་བྱུང་། བཀུར་འོས་སྤྱི་འཐུས་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་ཡིན་ན་མི་མང་གི་རེ་འདུན་སྟོང་ཟད་དུ་གཏོང་མཁན་གྱི་སྤྱི་འཐུས་ཚོ་གྲོས་ཚོགས་སུ་མིག་ཉུལ་ཞིག་བྱས་པས་ཤེས་ཐུབ་པ་འདུག་པས། ཁ་སང་དགོང་མོར་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལེ་ཚན་སྐབས་སུ་ཁག་ཅིག་གིས་ཁ་པར་ལམ་ནས་བགྲོ་གླེང་གི་སྐུ་མགྲོན་དུ་གདན་ཞུ་བྱས་པའི་བཀུར་འོས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ལ་སྐྱོན་བརྗོད་བྱས་པ་ཅུང་ཙམ་ནོར་ཡོད། དེ་ནི་ཕོག་དགོས་པའི་སྒལ་བར་མ་ཕོག་པར་ཕོག་མི་དགོས་པའི་སྣ་མགོར་ཕོག་པ་ལྟ་བུ་རེད། ཁོང་ནི་ངས་བླ་མེད་ཀྱི་གོང་བཀུར་ཞུ་ཡུལ་དང་གནད་དོན་གཏིང་ཟབ་མཁྱེན་རྟོགས་ཆེ་བའི་སྤྱི་འཐུས་ཤིག་ཡིན།
    སྐབས་འདིར་ངས་བཀུར་འོས་སྤྱི་འཐུས་རྣམ་པ་ཚོར་རེ་སྐུལ་ཞུ་རྒྱུར། ཐེངས་འདིར་རྣམ་པ་ཚོས་སྤྱི་འཐུས་གྲོས་ཚོགས་ཀྱི་བགྲོ་གླེང་ཡིག་ཆ་ཁག་དང་ཐད་གཏོང་བྱས་པའི་བརྙན་འཕྲིན་བཅས་ལ་གཟིགས་ཏེ། རང་ཉིད་གྲོས་ཚོགས་ར་བའི་ནང་དུ་ཡོད་སྐབས་བོད་མི་རིགས་དང་རྩ་དོན་ཆེད་གསུང་མོལ་ཇི་ལྟར་གནང་བ་དང་། རང་ཉིད་ཀྱི་དགའ་སྐྱོ་ཆགས་སྡང་གི་དབང་དུ་ཅི་ཙམ་ཤོར་བ། དགོས་མེད་ཀྱི་ཀི་ཅོ་གང་དང་གང་བཏོན་པ་བཅས་ལ་བསྐྱར་གཟིགས་ཤིག་གནང་བའི་རེ་བ་ཞུ།
    ཡིན་ནའང་། ངས་གཏམ་འདིས་སུས་རང་སྐྱོན་ངོས་ཟིན་གྱིན་མེད་པར་ངའོ་སྙམ་པ་ཅན་ཚོའི་ཕན་ནས་བཀུར་འོས་སྤྱི་འཐུས་ཡོངས་ལ་མི་གནོད་པའི་རེ་བ་སྙིང་ནས་ཞུ།
    གུས་ཞབས་བཅས། ཨ་རིག་འགྱུར་མེད་ཀྱིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese