མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་བྲལ་གནད་དོན་མིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༥ ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༤ ཉིན་པེ་ཅིང་ནས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཀྲུང་གོའི་མི་རིགས་རིག་པའི་སློབ་ཚོགས་ཀྱི་ཚོགས་གཙོ་ཧའོ་ཧྲི་ཡོན་གྱིས་ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་མོ་ཞེས་པ་དེ་སྤྱི་ཁོག་ནས་བལྟས་ན་མི་རིགས་རང་སྐྱོང་ལྟར་དུ་སྣང་ཡང་། ངོ་བོའི་སྟེང་ནས་བཤད་ན་རང་བཙན་བྱེད་འདོད་ཀྱི་རེ་ངན་བཅངས་ཡོད་པ་རེད། དེ་བས་ཀྲུང་གོའི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་འགལ་ནས་འདུག་ཅེས་དང་། ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་མོ་ཞེས་པའི་ལྟ་བ་དེས་བོད་ལྗོངས་དང་ཟི་ཁྲོན། མཚོ་སྔོན། ཀན་སུའུ་ཞིང་ཆེན་སོགས་ཀྱི་བོད་པ་འདུས་སྡོད་ཁུལ་དུ་རང་སྐྱོང་གཙང་མ་བྱེད་རྒྱུ་དེ་ཡིན། ཞེས་བརྗོད་འདུག  

 

ཀྲུང་གོའི་བཅའ་ཁྲིམས་དང་མི་འགལ་བའི་སྒོ་ནས་རང་སྐྱོང་ལག་བསྟར་བྱེད་པ་ཞེས་པའི་བརྗོད་སྟངས་འདིའི་ཐད། ཧའོ་ཧྲི་ཡོན་གྱིས་ཉིན་དེར་ཚོགས་པའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བསམ་བློ་བརྗེ་རེས་བྱེད་སྒོའི་སྟེང་འདི་ལྟར། ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་གཉིས་ཟུང་དུ་འབྲེལ་བའི་ལུགས་ཤིག་ཡིན་པ་ལས། མི་རིགས་རང་སྐྱོང་མ་ཡིན་ཞེས་དང་། ཏཱ་ལའི་ཡིས་བཏོན་པའི་བོད་ཁུལ་ཆེན་མོ་ཞེས་པ་ནི་ངོ་བོའི་སྟེང་རང་བཙན་བྱེད་པའི་རེ་ངན་བཅངས་ཡོད་པས། ཀྲུང་གོའི་བཅའ་ཁྲིམས་དང་འགལ་ནས་འདུག་ཅེས་སོགས་བརྗོད་ཡོད།

 

ཁོས་ད་དུང་།  ཀྲུང་གོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པར་ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོ་ཡོད་ཅིང་། ལམ་ལུགས་འདི་ལག་བསྟར་བྱས་ནས་ལོ་ ༦༠ འཁོར་བའི་རིང་མི་རིགས་སོ་སོའི་འདྲ་མཉམ་ཁེ་དབང་ལ་སྲུང་སྐྱོབ་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་དུ་སྤེལ་བའི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད་པའི་སྐོར་བརྗོད་པ་དང་།  བོད་ལྗོངས་དང་ཞིན་ཅང་སོགས་ཀྱི་ས་ཆར་གནད་དོན་རེ་འགའ་ཡོད་མོད། འོན་ཀྱང་དེ་དག་ནི་ཀྲུང་གོའི་མི་རིགས་གནད་དོན་གྱི་ཕྱོགས་གཙོ་བོར་འགྱུར་མི་སྲིད་ལ། གནད་དོན་དེ་དག་ནི་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཆེ་ན་ཡང་། ཀྲུང་གོའི་མི་རིགས་གནད་དོན་གྱི་བརྗོད་བྱ་གཙོ་བོར་འགྱུར་མི་སྲིད་ཅེས་དང་། ཡང་ཅིག་བརྗོད་ན། ཀྲུང་གོའི་མི་རིགས་ཀྱི་གནད་དོན་གཙོ་བོ་ནི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་ཡིན་པ་ལས་ཁ་བྲལ་བའི་གནད་དོན་མིན་ཞེས་བཤད་པ་རེད། ཁོས་མི་རིགས་ས་ཁུལ་གོམ་གང་མདུན་སྤོས་ཀྱིས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་བཏོན་ནས། སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་དེ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དངོས་པོའི་འགན་སྲུང་དུ་འགྱུར་བ་བྱེད་དགོས་པའི་བསམ་འཆར་བཏོན་པ་རེད་ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 3

  1. karma dorje says:
    ལོ་ 17 སྔོན།

    དེང་གི་ཏང་ལགས་སུ། ༸ཏྰ་ལའི་ཡིས་བཏོན་པ་དེ་བོད་མི་བརྒྱ་ཆ་ ༩༩ ས་རྒྱབ་སྐྱོས་ཡོད་རེད། དེ་ལ་འཁྱོག་བཤད་མ་གནང་རོགས་གནོངས།

    Reply
  2. རྭ་རྒྱ་བློ་དབང་། says:
    ལོ་ 17 སྔོན།

    རྒྱ་གཞུང་གི་མཁས་པ་འདིའི་མཁས་རྟགས་སྟོན་རྒྱུ་མང་དྲགས་སོང་། ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཆེ་ན་ཡང་། ཀྲུང་གོའི་མི་རིགས་གནད་དོན་གྱི་བརྗོད་བྱ་གཙོ་བོ་མིན། ཅིའི་ཕྱིར།

    Reply
  3. སེམས་བཟང་། says:
    ལོ་ 17 སྔོན།

    རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་ཕལ་ཆེ་བ་གཡོ་སྒྱུའི་བྱུང་རབས་ཡིན་ཅིང་། ལྷག་པར་གུང་ཁྲན་དམར་གཞུང་ནི་ངན་པ་ལང་ཤོར་རྐྱང་ཡིན་པས་བདེན་པའི་ར་སྤྲོད་བྱ་ས་རྩ་བ་ནས་མེད། བོད་དོན་བདེན་མཐའ་གསལ་བ་ཡང་ཁོ་ཚོ་ཉམས་གུད་དང་འཐོར་ཞིག་ཏུ་འགྲོ་བའི་ཐབས་ཇུས་འདོན་ཐུབ་ན་མ་གཏོགས། སྐད་ཆ་བདེན་པ་བཤད་པ་ཙམ་གྱིས་ཕན་ཐོགས་གང་ཡང་མི་ཡོང་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese