མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལས་ཚབ་དགེ་རྒན་གྱི་དཀའ་ཁག་ཆེད་ཞུ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

རེབ་གོབ་ས་ཁུལ་གྱི་བོད་རིགས་དགེ་རྒན་རྣམས་ཀྱིས། འདི་ལོའི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཆེན་དང་སྲིད་གྲོས་ཀྱི་ཚོགས་ཆེན་གཉིས་ཀྱི་འཐུས་མི་དག་ལ་སྙན་ཞུའི་ཡི་གེ་ཞིག་ཕུལ་བའི་ནང་། གཞི་རིམ་སློབ་གྲྭ་ཁག་ཏུ་དགེ་རྒན་གྱི་བྱ་བ་མཉེར་མཁན་རྣམས་ཀྱི་དཀའ་ཁག་བརྗོད་ཡོད་འདུག སྙན་ཞུ་དེ་འདི་ལྟར་ཕུལ་འདུག

ཐུན་རིན་རྫོང་མི་དམངས་སྲིད་གཞུང་ལ།

ངེད་ཅག་ནི་གཞི་རིམ་སློབ་གྲྭ་ཁག་ན་སློབ་གསོའི་བྱ་བ་གཉེར་མཁན་གྱི་ལས་ཚབ་དགེ་རྒན་ཡིན་པ་དང༌། ༢༠༠༣ ལོ་ནས་ད་ལྟའི་བར་ངེད་ཚོས་གཟི་བརྗིད་ལྡན་ཞིང༌། དཀའ་ཁག་ཆེ་བའི་དགེ་རྒན་གྱི་བྱ་བ་དང་དུ་བླངས་ནས་སློབ་གྲྭ་རང་ཁྱིམ་དང༌། སློབ་མ་བུ་ཕྲུག་གི་འདུ་ཤེས་བཟུང་སྟེ་མི་རིགས་སློབ་གསོའི་བྱ་བར་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱས་པ་ཡིན།

ཉེ་ཆར་ང་ཚོའི་ཁྲོད་ཀྱི་དགེ་རྒན་མང་ཆེ་ཤོས་ནི་རེབ་གོང་ས་ཁུལ་གྱི་སློབ་གྲྭ་སོ་སོའི་རྐང་འཛིན་དགེ་རྒན་དུ་གྱུར་ཡོད་པར་མ་ཟད། སློབ་གཙོ་དང༌། སློབ་སྟོན་པའི་འགན་འཁུར་མཁན་ཀྱང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་ལས། ང་ཚོ་སྟེ་ལས་ཚབ་དགེ་རྒན་དག་གཞི་རིམ་སློབ་གསོའི་ལས་གནས་སྟེང་གོ་གནས་གལ་ཆེན་ཟིན་ཡོད་པ་དེས། རེབ་གོང་སློབ་གསོའི་གར་སྟེགས་དང་འབྲལ་ཐབས་མེད་པ་མཚོན་ཐུབ་པ་རེད། ཡིན་ནའང༌། སྲིད་གཞུང་གིས་ད་ལྟའི་བར་ལོ་ངོ་བདུན་གྱི་རིང་གླ་ཆ་སྒོར་ ༡༣༠ ནས་ ༥༠༠ ལྷག་བྱིན་ཏེ་ན་གཞོན་མང་པོ་ཞིག་གི་གསེར་ལས་ལྷག་པའི་ལང་ཚོའི་དུས་སྐབས་དེ་སྤྱི་ཚོགས་ཀྱི་གད་སྙིགས་སུ་བཏང་ཞིང༌། ལོ་ངོ་མང་པོར་སྲིད་གཞུང་ལ་དཀའ་ཁག་སྙན་ཞུ་ཕུལ་ཚེ། འབྲེལ་ཡོད་སྡེ་ཁག་གིས་ཐོག་མར་སྙན་ཞུ་འབུལ་མཁན་གྱི་མི་སྣ་དག་བརྩད་ཞིབ་བྱས་ཏེ་འཇིགས་སྐུལ་གནང་འོང་གི་རེད་མོད། འོན་ཀྱང་ན་གཞོན་འདི་དག་གིས་མི་རིགས་སློབ་གསོའི་ལས་དོན་ལ་སེམས་ཤུགས་གཅིག་བསྡུས་སྒོས་བརྩོན་ལེན་བྱ་རྒྱུའི་ཁག་ཁུར་སྙན་ཞུ་འབུལ་བ་རེད།

གཅིག ལས་བགོས་སྒྲིག་གཞི་རྒྱ་བསྐྱེད་དུ་(扩大编制)གཏོང་བ།
སྲིད་གཞུང་གིས་ལས་བགོས་སྒྲིག་གཞི་རྒྱ་བསྐྱེད་བྱ་རྒྱུ་ནི་མིག་སྔར་གྱི་གནད་དོན་གཙོ་བོ་རེད། འབྲེལ་ཡོད་ཞིབ་བཤེར་གྱི་སྡོམ་རྩིས་གཞིར་བཟུང་ན། དེང་སྐབས་ལས་ཚབ་དགེ་རྒན་གྱིས་རྫོང་ཡོངས་ཀྱི་གཞི་རིམ་སློབ་ཁུལ་གྱི་དགེ་རྒན་ཁྲོད་བརྒྱ་ཆ་ ༣༥ ཟིན་ཡོད་པས། ལས་ཁུར་དགེ་རྒན་(在职教员)གྱི་ཁ་གྲངས་དང་དངོས་ཡོད་སློབ་མའི་ཁ་གྲངས་བསྡུར་ཚད་ཆ་སྙོམས་མིན་པ་ཧ་ཅང་མངོན་སུམ་རེད། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གནད་དོན་འདི་གོང་རིམ་ལ་ཡར་ཞུ་བྱས་ཏེ། ལས་བགོས་སྒྲིག་གཞི་རྒྱ་བསྐྱེད་གཏོང་བར་ངེས་པར་བརྩོན་ལེན་བྱ་རྒྱུ་ནི་ང་ཚོའི་རེ་བ་ཡིན།

གཉིས། དམིགས་བསལ་སྲིད་ཇུས་ལག་བསྟར་བྱེད་པ།
ང་ཚོས་དཀའ་ཁག་ཆེ་བའི་གཞི་རིམ་མཐའ་འཁོབ་ས་ཆ་ནས་སློབ་གསོའི་ལས་དོན་གྱི་འགན་འཁྲི་ཆེས་ལྕི་མོ་ཁུར་ནས་མི་ལོ་བདུན་ལྷག་རིང་སློབ་གསོའི་བྱ་བའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་པས། སྲིད་གཞུང་གིས་ང་ཚོའི་གནས་བབ་ལ་གཞིགས་ཏེ་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ནས། ལས་ཞུགས་གནད་དོན་ལོ་རིམ་ལྟར་ཐག་གཅོད་བྱེད་པ།

གསུམ། འཚོ་བར་ཁ་གསབ་སྤྲོད་པ།
སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དང༌། འཚོ་བའི་ཆུ་ཚད་ཡར་རྒྱས་སུ་སོང་བ་དང་བསྟུན་ནས་ང་ཚོའི་ཟླ་རེའི་ཡོང་འབབ་ཀྱིས་བུ་ཕྲུག་དང་ཕ་མ་གཉོར་སྐྱོང་གི་འགན་བབ་ཕར་ཞོག ཐ་ན་རང་གི་ལྟོ་གོས་ཀྱང་ཐག་གཅོད་དཀའ་བའི་གནད་དོན་དུ་གྱུར་ཡོད། གནད་དོན་འདིའི་སྐོར་གྱི་འགྲོ་གྲོན་གནས་ཚུལ་རགས་བརྩིས་ཤིག་བརྒྱབ་ན། ཟླ་རེའི་ཟས་རིན་ལ་སྒོར་ ༥༥༠ དང༌། ཟླ་རེའི་རྒྱུན་སྤྱོད་མཁོ་དངོས་འགྲོ་གྲོན་ལ་སྒོར་ ༧༠༠ ། ཟླ་རེའི་འཕྲུལ་རྟ་དང་རླངས་འཁོར་གླ་དངུལ་གྱི་འགྲོ་གྲོན་ལ་སྒོར་ ༡༢༠  བཅས་ཟླ་རེའི་སྤྱིའི་འགྲོ་གྲོན་ལ་སྒོར་ ༡༣༧༠ ལྷག་ཡིན། འོན་ཀྱང་ང་ཚོའི་ཟླ་རེའི་ཆེས་དམའ་བའི་ཡོང་འབབ་སྒོར་ ༥༠༠ ལས་མེད་པས། ཡོང་འབབ་ལས་འགྲོ་གྲོན་ལྕི་བའི་གནད་དོན་འདི་ཅི་མགྱོགས་ཀྱིས་ཐག་གཅོད་ཡག་པོ་བྱ་དགོས།

བཞི། སྡོད་ཁང་མེད་པའི་གནད་དོན་ཐག་གཅོད་བྱེད་པ།

ང་ཚོར་སྡོད་ཁང་མེད་པའི་གནད་དོན་དངོས་འདིར། འབྲེལ་ཡོད་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ཏེ་ཐག་གཅོད་བྱེད་དགོས་པ་བཅས་སོ།།

མཇུག་མཐར་མཁྱེན་དཔྱོད་ཡངས་པའི་གོང་རིམ་འགོ་ཁྲིད་རྣམས་ཀྱིས་ང་ཚོའི་འཚོ་གནས་གནད་དོན་འདིར་ཐུགས་ཁུར་མཛད་ནས་ཅི་ཐུབ་གང་མགྱོགས་ཀྱིས་ཐག་གཅོད་ཀྱི་བྱ་བ་ཡག་པོ་ཞིག་ཡོང་རྒྱུ་མཁྱེན། ཞེས་ཐུན་རིན་རྫོང་གཞི་རིམ་སློབ་ཁུལ་གྱི་ལས་ཚབ་དགེ་རྒན་ཡོངས་ཀྱིས། སྤྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༢༥ ལ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༣ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 6

  1. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    “རེབ་གོང་རིག་པ་འབྱུང་པའི་གྲོང་ཆེར་ཟེར་བ་རེད། རིགས་ཀྱི་བུ་དག་དག་རེད”

    Ha ha ha……

    Reply
  2. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 16 སྔོན།

    རང་གི་འཚོ་བའི་འགྲོ་གྲོན་ལྡང་ངེས་ཀྱི་གླ་ཕོགས་མེད་ཀྱང་སློབ་གྲར་རང་ཁྱིམ་དང་སློབ་མར་གཅེས་ཕྲུག་གི་འདུ་ཤེས་བཟུང་ནས་སློབ་གྲྭ་འཛིན་སྐྱོང་དང་སློབ་མ་གཉོར་སྐྱོང་སྐྱེད་སྲིང་བྱེད་པའི་དགེ་བའི་བཤེས་གཉེན་འདི་དག་ངོ་མ་རླབས་ཆེན་དང་གཟི་བརྗིད་ཆེ་བ་ཀུན་གྱིས་མིག་ལྟོས་དང་ཡི་རངས་འོས་པ་རེད།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།།་དཀའ་སྡུག་འོག་གི་སྙིང་སྟོབས་འདི་ངོ་མ་གཟི་བརྗིད་ལྡན་པ་ཞིག་རེད།
    རེབ་གོང་རིག་པ་འབྱུང་པའི་གྲོང་ཆེར་ཟེར་བ་རེད། རིགས་ཀྱི་བུ་དག་དག་རེད

    Reply
  4. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    མདོ་སྨད་ན་རེབ་གོང་བ་བཟང་གི་ཡ།

    Reply
  5. སྟོབས says:
    ལོ་ 16 སྔོན།

    རྒྱ་ནག་གི་བོད་ལ་སྲིད་ཇུས་འགྱུར་བ་མ་བཏང་པར་དུ་སློབ་མའི་ཤེས་ཡོན་ཀྱི་དཀའ་ངལ་དགེ་རྒན་གྱི་གླ་ཕོག་གི་དཀའ་ངལ་མང་ཚོགས་ཀྱི་རང་དབང་ཀྱི་འཚོ་བའི་དཀའ་ངལ ། ཡོད་ཚད་དཀའ་སྡུག་གི་འོག་ནས་འགྲོ་རྒྱུ་ལས་ཐབས་གཞན་མེད

    Reply
  6. Sopa Lhatse says:
    ལོ་ 16 སྔོན།

    ས་ག་བ་ཡིན་ཀྱང་བོད་ཡིག་ལ་ཆེད་མཐོང་མེད་པས་ཁོང་རྣམས་ཁག་ཅི། འོན་ཀྱང་བཙན་བྱོལ་སྲིད་གཞུང་ནང་དེ་སྔ་ལས་ཅུང་བཟང་དུ་ཕྱིན་པ་ལྟ་བུ་མངོན་ཀྱང་དེང་སང་ཡང་སྐུ་ངོ་ཚོའི་འདུན་ཅོག་སྟེང་དབྱིན་ཡིག་གི་ཡིག་ཆ་དག་ལས་བོད་ཡིག་གི་ཡིག་ཆ་ནི་ཤིན་ཏུ་དཀོན། བདེན་པ་ཡིན༎ ༎

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese