མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞིང་བྲན་ལ་རྗེས་དྲན་ཞུ། ལྷམ་ཀོག

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

 
ལྷམ་ཀོག་ནི་མི་སྙིང་མེད་ཅིག་ཡིན་པས་བཤད་དགོས་སར་ སྐད་ཆ་འདི་ལྟ་བུ་རེ་ལས་ཤོད་ཀྱིན་མེད་པས་སྙིང་སྟོབས་ལྡན་པའི་ སྐྱེ་བུ་དག་གིས་བག་ཡངས་ས་ནས་འཕྱ་བར་མི་བྱའོ།།

བོད་ཞིང་བྲན་བཅིངས་གྲོལ་ བཏང་ནས་ད་ལོ་ནི་ལོ་ངོ་ལྔ་བཅུ་འགོར་བའི་མཚམས་སུ་བསླེབས་ཡོད་རྐྱེན་རྒྱལ་ཁབ་ ཀྱིས་བདེ་འཇགས་བྱ་བར་ཤུགས་བསྣོན་བྱས་ཏེ།  བོད་ས་གང་ན་ཡང་བདེ་འཇགས་མི་སྣ་རུ་དཔུང་བསྒྲིགས་ནས། དམངས་ཕལ་བ་ཚོའི་སེམས་ ངོར་རང་བཞིན་གྱིས་མི་མཐུན་པའི་ལག་པ་ཞིག་འགུལ་བར་ཡང་འཇིགས་སྣང་ཐོན་ཡོད་པའི་ སྐབས་འདིར།  ངས་རང་རིས་རླབས་ཆེ་བའི་མི་སྣ་དག་གི་སྔོན་གྱི་ཞལ་བཞེས་གནངས་པའི་ཡིག་ཆ་དག་ བསྐྱར་ཀློག་བྱེད་གྱིན་ཡོད། ༡༩༥༡ལོའི་ཟླ་བ༤ཚེས་༢༩ཉིན་ནི་ལོ་རྒྱུས་ཐོག་བརྗེད་དུ་མི་རུང་བའི་ཀྲུང་དབྱང་ སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་ཞི་བའི་གྲོས་མོལ་གྱི་ཚོགས་འདུ་ ཐེངས་དང་པོ་ཚོགས་པའི་དུས་ཡིན་ཞིང་། སྐབས་དེའི་ཀྲུང་དབྱངས་ཕྱོགས་ཀྱི་འཐུས་མི་གཙོ་བོ་ནི།ལི་ཝུའེ་ཧན་ཡིན་པ་དང་། འཐུས་མི་གཞན་དག་ནི། ཀྲང་ཅིན་ཝུའུ་དང་། ཀྲང་གོ་ཧྭ། སུན་ཀྲི་ཡོན་བཅས་ཀྲོའུ་ ཙོང་ལིས་ཐག་གཅོད་ལྟར་ཡིན་པ་མ་ཟད། ལུའུ་ཡུས་ཧུང་དང་འབའ་བ་ཕུན་ཚོགས་དབང་རྒྱལ་ གཉིས་ཀྱང་ཟུར་དུ་ཞུགས་རྒྱུ་བྱས་ཡོད་འདུག དེ་དུས་ཀྱི་བོད་ཕྱོགས་ཀྱི་འཐུས་མི་ ནི།ང་ཕོད་གཙོ་བོ་བྱས་ཐོག ཁེ་སྨད་བསོད་ནམས་དབང་འདུས་དང་། ཐུབ་བསྟན་བསྟན་དར། ཐུབ་བསྟན་ལེགས་སྨོན། བསམ་ཕོ་བསྟན་འཛིན་དོན་འགྲུབ་བཅས་ཡིན་འདུག སྐབས་འདིར་ ཀྲུའུ་ཙོང་ལི་མཆོག་གིས་ཏང་གི་མི་རིགས་སྲིད་ཇུས་དང་དེ་བཞིན་བོད་ཞི་བས་བཅིངས་ གྲོལ་གཏོང་རྒྱུའི་སྐོར་གྱི་གཏམ་བཤད་མང་དུ་གནངས་པར་མ་ཟད།  ལྷག་བསམ་ཟོལ་མེད་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཞིག་ལེན་ཐུབ་རྒྱུའི་འབོད་ སྐུལ་ནན་ཆེར་གནངས་པ་ཡིན་འདུག   ཚོགས་འདུ་རབས་དང་རིམ་པ་ཚོགས་པའི་རྗེས་སུ་ཀྲུང་དབྱང་གི་འཐུས་མི་གཙོ་བོ་ལི་ ཝུའེ་ཧན་གྱིས་འདི་ལྟར་བཤད་གཏམ་གནངས་འདུག      ཀྲུང་གོ་གུང་ཁྲན་ཏང་གི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་ཚུལ་དེ་མི་རིགས་ ཆེ་ཆུང་ལ་མ་བལྟས་པར་ཚང་མ་འདྲ་མཉམ་ཡིན་པ་དང་།  བཙན་རྒྱལ་རིང་ལུགས་ཀྱིས་བོད་ལྗོངས་ཚུད་པའི་རང་རྒྱལ་གྱི་མི་རིགས་ཁག་ལ་བཙན་ འཛུལ་དང་གཉའ་གནོན་བྱེད་པར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་གྱི་ཡོད་ལ།  ཀྲུང་གོ་རྙིང་བའི་རྒྱལ་རབས་རིམ་བྱུང་གི་དབང་བསྒྱུར་གྲལ་རིམ་དང་གོ་མིན་ཏང་ ལོག་སྤྱོད་ཤོག་ཁག་གི་རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་གཉའ་གནོན་སྲིད་ཇུས་ལ་ འང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལུགས་ཡང་ཡང་ནན་བཤད་གནངས་པ་མ་ཟད།  ཀྲུང་གོ་གསར་བས་ལག་བསྟར་བྱེད་པའི་མི་རིགས་ཁག་འདྲ་མཉམ་དང་། མཐུན་ བསྒྲིལ། རོགས་རེས། ཐུན་མོང་ཐོག་གྲ་རྒྱས་སུ་བསྒྱུར་དགོས་ཞེས་དང་། ཆེ་བས་ཆུང་ བར་གཉའ་གནོན་བྱེད་པའི་མི་རིགས་མཐོང་ཆུང་དང་། དབང་དུ་འདུལ་བ།གཉའ་གནོན། རང་ འདྲར་འགྱུར་བ་བཅས་ཀྱི་ལོག་སྤྱོད་སྲིད་ཇུས་དང་མི་འདྲ་བའི་ངོ་བོ་ནན་བཤད་གནངས་ པ་རེད། འདི་ནི་མོའུ་ཀྲུའུ་ཞི་མཆོག་གིས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ རིགས་ཁག་མཐུན་སྒྲིལ་གྱིས་ཤིག་ཅེས་པའི་གསུང་གི་དགོངས་པ་ལག་ཏུ་བསྟར་བའི་གཏམ་ བཤད་ཅིག་ཡིན་པ་འདྲ།  སྐབས་དེའི་གཙོ་འཛིན་དག་གི་དགོངས་ཆར་དང་སྒྲིག་གཞི་ནི་རྒྱལ་ཁབ་འདིའི་བརྟན་ བརླིང་དང་འཕེལ་རྒྱས་སུ་འབྲེལ་འདུག་པ་ཤིན་ཏུ་ནས་ཀྱང་གསལ་བོ་རེད།  འོན་ཀྱང་བར་ལམ་སྐེད་ལམ་ནས་མགོ་ཁྲིད་ངན་པས་བྱས་ཉེས་དང་དམངས་ཀྱི་མི་རེ་འགའི་ མཁྲེགས་འཛིན་གྱི་དབང་དུ་སོང་ནས།  དུས་ཟིང་ཆེན་པོ་ལངས་པར་མ་ཟད། བོད་མི་རིགས་ཀྱི་རིག་གནས་དང་རྒྱུ་ནོམ་སོགས་ ཤུལ་བཞག་རིན་ཐང་བྲལ་བ་དག་གཙང་པོའི་ཆུ་དང་།  དམར་པོའི་མེ། ཡང་མོའི་རླུང་སོགས་ཀྱི་ཁ་ནས་མི་མངོན་པའི་དབྱིངས་སུ་བཏང་བའི་ ལོ་རྒྱུས་དེ་འང་སུ་ཞིག་གིས་བསྒྱུར་ནུས།  དེང་གི་ན་གཞོན་གྱི་གྲས་སུ་གཏོགས་པ་ཁོ་བོས་འདིའི་ཐད་ལ་བསམ་བློ་ཉི་ཚེ་བ་ཞིག་ བཏང་ན་འང་།  འདི་ནི་ཏང་ཀྲུང་དབྱང་དང་མར་མེ་རིང་ལུགས་ཀྱི་དགོངས་པ་ཞིག་མ་ཡིན་པར།བར་ལམ་ གྱི་མི་འགའ་ཞིག་གིས་ཀྲུང་དབྱང་སྲིད་གཞུང་དང་ཏང་གི་སྣང་བརྙན་ལ་ནག་ཉེས་བཟོས་ པ་ཡིན་པར་འདོད།  དེའི་ཕྱིར་བཅིངས་གྲོལ་དམག་བོད་སྐྱོད་ཀྱི་ལམ་བར་ནས་བོད་མི་ཕལ་བ་མང་པོར་བཟོད་ བརླགས་མེད་པའི་དཀའ་ངལ་ཐོན་ཡོད་པ་ནི་ཏང་ཀྲུང་དབྱང་གིས་ཕལ་ཆེར་ཤེས་ཡོད་ཚོད་ མི་འདུག  གལ་ཏེ་ལམ་བར་གྱི་དམག་མི་རེ་འགས་བྱ་སྤྱོད་དེ་གཙོ་འཛིན་མོའུ་ཀྲུའུ་ཞིས་གསན་ ཡོད་རྒྱུ་ན།དེ་ལྟར་འོང་བ་ནི་གནས་མ་མཆིས་སོ། རྒྱུ་མཚན་ནི་ཁོང་གིས་རླུང་ འཕྲིན་ལས། སྐབས་དེར་དབུས་སྐྱོད་ཀྱི་དམག་མི་ཚོར་ང་ཚོས་ངེས་པར་དུ་འབད་བརྩོན་ གང་ཐུབ་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་སྲུང་སྐྱོབ་བྱེད་དགོས་གསུངས་པར་མ་ ཟད།  ཡང་ཁོང་གིས་བོད་ཀྱི་གནད་དོན་གང་འདྲ་ཞིག་ལ་བསམ་བློ་བཏང་རུང་དང་ཐོག་མི་རིགས་ དང་ཆོས་ལུགས་ཀྱི་དོན་དག་ཡིད་ལ་འཁོར་བ་བྱས་ཏེ་ལས་དོན་ཐམས་ཅད་བརྟན་བརླིང་གཟབ་ སྐྱོད་བྱེད་དགོས་པར་མཛུབ་སྟོན་གནངས་པ་དག་ལས་ཤེས་འདུག   དེར་མཐུད་ཀྲང་གོ་ཧྭ་སོགས་ཀྱིས་ལྷ་སར་འབྱོར་དུས་རྒྱལ་བ་རིན་པོ་ཆེ་ལ་མཎཌལ་ རྟེན་གསུམ་ཕུལ་དགོས་པ་དང་བློ་མཐུན་ཕུན་དབང་གིས་དངོས་སུ་ཕྱག་འཚལ་ནས་ཏང་གི་ སྣང་བརྙན་དམངས་ཀྱི་མིག་སྔར་ཅེ་ཡགས་སུ་བཏང་བའི་བྱེད་ཕྱོགས་དག་ལས།  ང་ཚོས་ཤེས་ཐུབ་པ་ནི་ཕྱོགས་གཅིག་ནས་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་ དང་། ཕྱོགས་གཉིས་ནས་རྒྱལ་ཁབ་ཀྱི་བུ་རབས་ཚ་རྒྱུད་དག་གི་མ་འོངས་པའི་མཐུན་ སྒྲིལ་དང་བརྟན་བརླིང་ལ་དམིགས་པ་ཞིག་ཡིན་པའི་ཐོག་ནས་ར་འཕྲོད་གྱིན་ཡོད།  སྐབས་དེའི་ཀྲུང་གོ་གུང་ཁྲན་ཏང་གི་བྱེད་སྒོ་དག་ནི་ང་ཚོའི་ཡིད་ངོར་འབབ་པ་ཞིག་ ཡིན་པ་དང་། བོད་ཞིང་བྲན་ལས་བཅིངས་གྲོལ་བྱ་རྒྱུར་དམིགས་པ་ཞིག་ཡིན་པ་གསལ་ རུང་། བར་ལམ་གྱིས་བྱས་ཉེས་དག་གིས་དམངས་ལ་འཚེ་བ་དང་ཏང་ལ་གནོན་པ་སོགས་མང་དུ་ བྱས་རྐྱེན།  ནུབ་ཕྱོགས་པ་དག་གི་ཁ་རུ་ལྕེ་བཞག་པ་དང་བོད་ཀྱི་སྐུ་དྲག་རེ་འགས་ཁ་གཡོར་ས་ རྙེད་དུ་བཅུག་པ་ཡིན་འདུག དེར་བསྟུན་ནས་ང་ཚོའི་མི་མང་པོ་ཞིག་གིས་རིག་གནས་གསར་རྗེས་ཟེར་ན་སྙིང་འགས་པར་ གྱུར་བ་དང་།  ༡༩༥༠   ༡༩༦༠ ༡༩༧༠ བར་དྲན་དུས་མགོ་ན་བ་ཞིག་བྱུང་བས། མཐུན་སྒྲིལ་དང་བརྟན་ བརླིང་ལ་གནོད་པ་ཆེར་ཐེབས་ཏེ། ཁ་སང་དེ་རིང་ཡང་ལོ་ངོ་ལྔ་བཅུ་འཁོར་བའི་རྟེན་ འབྲེལ་ཞུ་མཁན་དག་ལ་སྐུ་སྲུང་བ་མང་དུ་འདུག་དགོས་བྱུང་ཡོད།  འདི་ནི་དེང་གི་ཀྲུང་གོ་གསར་བས་བོད་ལ་དཔལ་འབྱོར་གྱིས་བདག་རྐྱེན་མ་ཐོབ་པ་ཞིག་ ལས་བྱུང་བ་མ་ཡིན་པར་འདོད།  དེར་མ་ཟད་བོད་མི་དག་གི་སེམས་ངོ་ན་ཡང་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ ཀྱི་དུས་ལ་བལྟས་ཏེ་སྐྱིད་པར་མ་འདོད་པ་མ་རེད།  འོན་ཀྱང་བར་ལམ་གྱི་དཔོན་ངན་ཏང་དང་རྒྱལ་ཁབ་མི་སེམས་པ་དང་དམངས་དང་མ་འོངས་པ་ མི་སེམས་མཁན་ཚོས་བོད་མིའི་དུངས་ཞེན་ལ་གནོད་པ་དྲག་པོ་ཕོགས་པའི་རྐྱེན་དུ་ཤར་ ཡོད།  དཔེར་ན། ང་བརྒྱད་ང་དགུའི་ལོ་ནས་ལོ་མང་པོའི་རིང་ལ། སློབ་མས་བླ་མར་འཐབ་རྩོད་ བྱེད་དུ་བཅུག་པ་དང་། བུ་ཕྲུག་གིས་ཕ་མར་འཐབ་རྩོད་བྱེད་དུ་བཅུག་པ། རང་གི་རིག་ དངོས་རྩ་ཆེན་དང་ལྷག་པར་བོད་མིས་སྲོག་ལས་ཀྱང་འདོར་དུ་མེད་པའི་མཆོག་གསུམ་གྱི་ རྟེན་དང་དགོན་སྡེ་དག་གཏོར་བཤིགས་སུ་བཏང་བའི་ཤུགས་རྐྱེན་ངན་པ་མང་དྲག་པས་ཡིན་ འདུག  གནད་འདི་དག་ཏང་ཀྲུང་དབྱང་གིས་རྟོགས་འཕྲལ་ཆོས་དད་རང་མོས་དང་མི་རིགས་རང་ སྐྱོང་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་གཏན་ལ་ཕབ་ནས་ད་ལྟ་མངོན་གསལ་ཡར་རྒྱས་ དང་དམངས་ཀྱི་བསམ་བློ་གཅིག་གྱུར་ལ་འགྲོ་བའི་སྒང་ཡིན་མོད།  བོད་རིགས་ཀྱི་ས་ཆ་ལ་ལ་ན་ད་དུང་མི་རིགས་དང་རིག་གཞུང་ཆོས་ལུགས་དད་མོས་སོགས་ ཀྱི་སྲིད་ཇུས་ལ་ལྷོད་ཡངས་དེ་འདྲ་ཆགས་མེད་པས།  ང་ཚོའི་གོང་རིམ་གྱིས་དེ་ལ་ཕུགས་རྒྱང་རིང་བས་ཞིབ་དཔྱོད་བྱས་ན་རེད།    ལྷག་པར་དུ་རྒྱ་རིགས་བོད་རིགས་དང་འབྲལ་ཐབས་མེད་ཅིང་བོད་རིགས་ རྒྱ་རིགས་དང་འབྲལ་ཐུབ་མེད་པ་ཞིག་དཔལ་འབྱོར་དང་རིག་གནས་ལོ་རྒྱུས་ཁྲིམས་ལུགས་ སོགས་གང་ཐད་ནས་ཡིན་ཞིང་། ནམ་རྒྱུན་གཅིག་གིས་གཅིག་ལ་མེས་རྒྱལ་ཁྱིམ་གཞིས་ཆེན་པོའི་འདིའི་ནང་སྲུང་བརྩི་ ཞུ་དགོས་པ་ནི། ཏང་ཀྲུང་དབྱང་གི་དགོངས་པ་རྨ་མེད་པ་ཡིན་རུང་།བར་གྱི་ཁེ་སྙན་དང་གོ་ཐོབ་ཁོ་ནར་ དགའ་བའི་མགོ་ཁྲིད་རེ་འགས་བྱ་ཐབས་གང་མང་ཞིག་ཡོག་ལི་བྱས་ནས་བསྒྲུབས་ཡོད་ རྐྱེན་བོད་འབངས་གང་མང་གི་སེམས་ལ་སྡུག་བཞག་ཡོད་པ་རེད། སྤྱིར་བོད་མི་དམངས་ལ་མཚོན་ན་པན་ཆེན་རིན་པོ་ཆེས་གསུངས་པ་བཞིན།ང་ཚོ་བོད་མི་ རིགས་མི་དམངས་ནི་ལས་ལ་བརྩོན་ཞིང་བབས་ཆགས་པ་དང་། བློ་གྲོས་ལྡན་ལ་དཔའ་ངར་ཆེ་བ།མེས་རྒྱལ་དང་གུང་ཁྲན་ཏང་ལ་དགའ་ཞེན་བྱེད་མཁན་ ཞིག་ཡིན་གསུངས་པ་ལྟར་དུ་གནས་པར་མ་ཟད། ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་ པ་དང་།བློ་མཐུན་ཏེང་ཞའོ་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ ལུགས་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་། སྒྱུར་བཅོས་སྒོ་འབྱེད་ལག་བསྟར་བྱས་ཚུན་བོད་ལ་གནམ་ས་བློ་འོག་བསྒྱུར་འདྲའི་ གྲུབ་འབྲས་ཐོབ་པར་བསྟུན། སྔར་ལས་མཐུན་སྒྲིལ་དང་དང་བདེ་སྐྱིད་ཀྱི་ངང་དུ་འཚོ་ མོད།ས་གནས་རྒྱ་རིགས་ལས་བྱེད་པ་དང་མིག་རྒྱང་ཐུང་བའི་བོད་ཀྱི་མགོ་ཁྲིད་པ་རེ་ འགས།ཏང་གི་དགོངས་དོན་ལྟར་གྱི་བོད་ནང་གི་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཐུན་ པ་ཆེ་གྲས་མཉམ་སྡེབ། མི་མཐུན་པ་ཆུང་གྲས་སོར་བཞག་གིས་བྱ་བ་སྒྲུབ་དགོས་པའི་ དགོངས་དོན་རྒྱབ་ཀྱིས་བསྐྱུར་ནས། རང་ཤེད་དང་བཀའ་འབེབ། ཕྱོགས་རེ་བ།སྤྱིར་བཏང་བ།བཙན་ཤེད།གཞན་འགན་འཕྲོག་སྒྲུབ་ བཅས་བྱས་པར་བསྟུན། རྒྱལ་ཁབ་ཀྱི་བརྟན་བརླིང་དང་མཐུན་སྒྲིལ་ལ་གནོད་པ་མང་དུ་བྱས་ཡོད་པ་རེད། དཔེར་ ན་བོད་ཀྱི་ལོ་རྒྱུས་དང་།  བོད་ཁུལ་གྱི་འཕེལ་རྒྱས་སོགས་འཁྱོག་སྒྱུར་བྱེད་པ། བོད་ས་རང་ན་བོད་ཀྱི་སློབ་ གྲྭ་མང་ཡང་། བོད་ཡིག་སྦྱངས་པའི་སློབ་མ་དག་གི་མདུན་ལམ་སྲིད་གཞུང་ན་ཆུང་དུ་ འགྲོ་བ།  བོད་ཀྱི་གཞི་རིམ་མང་ཚོགས་ཀྱི་མདུན་སར་གཏམ་བཤད་རིང་ཐུང་ཅི་བྱེད་ཀྱང་རྒྱ་སྐད་ རྐྱང་བ་ལས་བོད་སྐད་ཀྱི་གཏམ་བཤད་སྤེལ་གྱིན་མེད་པ། བོད་ཀྱི་དགོན་སྡེ་ཁག་ལ་དམངས་ཀྱི་ལྟ་སྟངས་དང་མི་མཚུངས་པའི་བྱེད་སྒོ་སྤེལ་ཏེ་ ཆོས་ལུགས་ལས་རིགས་ལ་ཕྱི་ཡི་རྣམ་པ་ཙམ་ལས་ ལྟ་སྟངས་ལེགས་པོ་མིན་པ། སོགས་ཀྱིས་རྐྱེན་པའི་ང་ཚོའི་གཞི་རིམ་ཚོགས་ཀྱི་མིག་ སྔར་སྣང་བརྙན་ལེགས་པོ་ཞིག་བཞག་མེད་པ་འདིས་ཏང་གི་མཚན་སྙན་ལ་གནོད་པར་མ་ཟད།  སྔོན་གྱི་ལོག་སྤྱོད་པ་དག་གིས།  ཆེད་མངགས་རྫུན་བཟོའི་དཀྲོག་གཏམ་བཟོས་པ་སྟེ། བཅིངས་གྲོལ་དམག་བོད་ལ་ཡོང་ན་མི་ཕོ་མོ་རྒན་གཞོན་ཚང་མ་བསོད་རྒྱུ་རེད་ཟེར་བ།  རྒྱུ་དངོས་ཡོད་པའི་ས་ནས་རྒྱུ་དངོས་འཕྲོག་བཅོམ་དང་།  མི་དྲག་རྣམས་སྡོད་བཟོད་མི་བདེ་བ་བཟོ་གི་རེད་ཟེར་བ།  མི་རིགས་གོམས་གཤིས་དང་ཆོས་ལུགས་རྩ་མེད་བཟོ་གི་རེད།  དགོན་པ་གྲྭ་ཚང་མེད་པར་བཟོ་གི་རེད་ཟེར་བ་སོགས་མང་དུ་བསྒྲགས་པ་དག་ལ་གོ་སྐབས་ སྤྲད་པ་ལྟ་བུ་བཟོ་ཡི་འདུག་པ་སོགས་ལ་ཐུགས་མཉམ་འཇོག་དགོས་གི་རེད།དེ་ལས་གཞན་ གྱི་དཀའ་ངལ་མང་དག་ཅིག་ད་དུང་སེལ་གིན་མི་འདུག  འདི་ནི་ཏང་ཀྲུང་དབྱང་གི་སྲིད་ཇུས་མ་འགྲིག་པ་ཅིག་རེད་ཅེས་ཤོད་གྱིན་མིན། བར་ གྱི་ཁེ་བཟང་དང་བྱས་རྗེས་ལ་རྔམ་པའི་དཔོན་པོ་ངན་རུལ་བ་དག་གིས་བྱས་ཉེས་སུ་ འཁུམས་པས། ནམ་རྒྱུན་སྲིད་ཇུས་བཟང་པོ་རི་གྲོང་དུ་བསླེབ་རྒྱུའི་རེ་བ་ཡོད།     ང་ཚོའི་མི་མང་གི་རེ་འདུན་ནི་སྐབས་ཀྱི་གནངས་སྦྱིན་ཙམ་དང་འཛུག་སྐྲུན་ཐོར་བུ་ ཡིས་བསྐང་ཐུབ་གིན་མེད་པ་རེད །། མུ་འགོད།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 5

  1. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 16 སྔོན།

    ལྷམ་ཀོག རི་ཁ་བ་ཅན་གྱི་ལྷམ་ཀོག ལྷམ་ཀོག་འདི་སྤྱིར་བཏང་གི་ལྷམ་ཀོག་ཅིག་མིན་ཡ་དྲ་གྲོགས་ཚོ།

    Reply
  2. Sopa Lhatse says:
    ལོ་ 16 སྔོན།

    བསེ་རུ་ལགས་ཀྱི་དགོངས་ཚུལ་ལེགས། གསར་འགྱུར་དང་དཔྱད་གླེང་གང་ཞིག་ཡིན་ཀྱང་བརྡ་དག་དང་མཐུན་གལ་ཆེན་ཡིན། མཆན་འདེབས་པ་པོ་རྣམས་ཀྱི་ཀྱང་ཡིག་སྐད་བེད་དཔྱོད་ངེས་པར་གནང་རོགས། གོང་གི་ལྷམ་ཀོག་ལས་ཀྱི་དཔྱད་གླེང་ནང་གཏམ་བཤད་ལ་བཤད་གཏམ་དང་རྒྱུ་ནོར་ལ་རྒྱུ་ནོམ་ཞེས་བྲིས་པ་ནི་བརྡ་དག་མི་མཐུན་སྙམ་ན་དཔྱད་པ་ཚལ༎

    Reply
  3. གཡག་རྒོད says:
    ལོ་ 16 སྔོན།

    ལྷམ་ཀོག་འདྲ་བའི་མི་མང་བོ་ཡོད་ན་ང་ཚོ་བསོད་ནམ་ཆེ།

    Reply
  4. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    ལྷམ་ཀོག་འདིས་དུས་ནམ་ཞིག་ཡིན་རུང་རང་གི་ལ་རྒྱ་དང་སྤོབས་པ་ཞིག་ཁུར་ནས་ཡོང་གི་འདུག དེ་བཞིན་དྲ་གྲོགས་ཚང་མར་འདི་འདྲའི་བློ་ཁོག་དང་དཔྱོད་ཤེས་ཤིག་ཡོད་ན་ཅི་མ་རུང་།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུར། དྲ་ངོས་གཞན་ནས་གསར་འགྱུར་དང་སྤྱི་ཚོགས་དཔྱད་གླེང་ལ་སོགས་པའི་རྩོམ་རིགས་དུས་བབ་དྲ་ངོས་སུ་འདྲེན་སྐབས། ཞུ་དག་ཉུང་མཐར་ཚར་གཅིག་གནང་རྗེས་འདིར་དྲངས་ན། བོད་ཀྱི་དུས་བབ་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཀྱང་མངོན་ཐུབ་ལ། བོད་ཀྱི་སྐད་ཡིག་ལ་ཞབས་འདེགས་ཤིག་ཏུའང་འགྱུར་ངེས། འདི་ནི་ངའི་གཞེན་སྐུལ་ཡིན་ལ། ངའི་རེ་བ་ཡང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese