མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ལ་སྒྲུང་ཞིག་ཤོད་དང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ཆ་ང་ཚོས་བོད་ཀྱི་དམངས་ཁྲོད་བྱིས་སྒྲུང་ཐུང་ངུ་སྐོར་བསྡུ་ལེན་བྱེད་བཞིན་ཡོད་ལ། མི་འགྱང་པར་ལྷག་དཀར་གྱི་ལས་གཞིའི་ཞར་བྱུང་སྡེ་ཚན་ཁོང་དུ་བྱིས་པ་ལོ་ལྔ་མན་ལ་རན་པའི་བྱིས་སྒྲུང་གློག་ བརྙན་བོད་སྐད་ཀྱི་ལམ་ནས་བཟོས་ཏེ། བྱིས་པ་ཆུང་ཆུང་ཚོའི་ མཐོང་བྱེད་ལམ་དུ་ཕུལ་ནས་ཕ་སྐད་གཙང་མའི་ས་བོན་ལ་རིན་མེད་དུ་འབུལ་རྒྱུ་ཡིན།
དེ་ཕྱིར་ཁྱེད་ཅག་རྩོམ་པ་པོ་རྣམས་ནས་བྱིས་སྒྲུང་གི་ཞལ་འདེབས་ལྷུག་པར་སྩོལ་བར་ཞུ།
ཇོ་ཇོ་ལགས། ཨ་ཅག་ལགས་ང་ལ་སྒྲུང་ཞིག་ཤོད་དང་། “

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༩ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༣ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 20

  1. ལྷག་དཀར། says:
    ལོ་ 16 སྔོན།

    གུར་འོས་དྲ་གྲོགས་རྣམས་པ་། གོང་གསལ་བསྒྲགས་དང་མཉམ་དུ་ངེད་ཚོའི་དྲ་བྱང་ཡོད་མོད་། དེ་དྲ་བདག་གིས་བཀོད་མི་འདུག། ངེད་ཚོའི་འབྲེལ་གཏུགས་བྱེད་ས་། ནི་ལྷག་དཀར་ཡིན། http://iamtibetan.wordpress.com/ དེར་ཕེབ་ན་གསལ་བོར་མཁྱེན་ཐུབ་། ང་ཚོའི་དྲ་འཕྲིན་ནི་། iamtibetan@gmail.com.
    ཐུགས་རྗེ་ཆེ།

    Reply
  2. ལྷག་དཀར། says:
    ལོ་ 16 སྔོན།

    གུར་འོས་དྲ་གྲོགས་རྣམས་པ་། གོང་གསལ་བསྒྲགས་དང་མཉན་ངེད་ཚོའི་དྲ་བྱང་ཡོད་མོད་། དེ་དྲ་བདག་གིས་བཀོད་མི་འདུག། ངེད་ཚོའི་འབྲེལ་གཏུགས་བྱེད་ས་། ནི་ལྷག་དཀར་ཡིན། དེར་ཕེབ་ན་གསལ་བོར་མཁྱེན་ཐུབ་། ང་ཚོའི་དྲ་འཕྲིན་ནི་། iamtibetan@gmail.com.

    ཐུགས་རྗེ་ཆེ་།

    Reply
  3. གཡག་རྒོད says:
    ལོ་ 16 སྔོན།

    བསེ་རུ་ལགས་ལ་ཐུགས་རྗེ་ཆེ། ཡིག་ཟམ་བརྒྱུད་ནས་འབྲེལ་བ་བྱེད་ཡོང་།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། བོད་དྲི་ཡལ་བཞིན་པའི་ཕྲུག་གུ་ཚོའི་ཕ་མ་དག་གི་འདིའི་ཐོག་མཐུན་འགྱུར་བྱེད་ན་ལེགས་
    ཁྱེད་ཅག་གི་དགའ་མགུ་ཡི་རིང་སོགས་བྱས་་པ་ལས་དེའི་ཐོག་ཕན་པ་གང་ཙམ་རེད་བྱས་ན་མ་རེད་དམ།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    དྲ་གྲོགས་གཡག་རྒོད་ལགས།
    ཞུ་དག་ཐོག་ཁོ་བོས་དང་བླང་ཞུས་ཆོག
    ཐུགས་མོས་ཡོད་ན། གློག་འཕྲིན་ཁ་བྱང་། samkhar2003@yahoo.com ཐོག་འབྲེལ་བ་གནང་རོགས།།

    Reply
  6. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ངས་ཁྱོོད་རྣམས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    གློག་རྙན་དེ་འདྲ་བོད་སྐད་ཐོག་ནས་བཟོ་ཐུབ་ན་དཀའ་དྲིན་ཆེ་ཞུ་རྒྱུ་དང་ངས་ཡང་ལས་ཞོར་དུ་ཁ་ཤས་ཤིག་བྲིས་ཡོད་པའིི་ཕུལ་ཆོག།ཁྱེད་རྣམ་པའི་དྲ་ངོས་སུ་འབྲེལ་བ་བྱ་ས་གང་ཡང་གནང་མི་འདུག།

    Reply
  8. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 16 སྔོན།

    ངོས་ནས་བྱ་བ་དེར་རྒྱབ་སྐྱོར་དང་ཐུགས་རྗེ་ཆེ་ཞུ་གི་ཡིན།

    ༼རྨོངས་འཆར༽ཕྲུག་གུ་ཚོར་བརྙན་དེབ་འབྲི་ཚེ་ཚིག་གང་སླ་སླ་དང་། གོ་གང་བདེ་བདེ། ཚིག་གང་སྙན་སྙན། ཚིག་ཚོགས་གང་ཆུང་ཆུང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེ་ལྟར་མ་བྱས་ཚེ་ཕན་ཐོགས་དེ་ཙམ་ཡོང་གི་མ་རེད། དེ་ངའི་ཉམས་མྱོང་གི་ཐོག་ནས་ཞུ་གི་ཡོད།

    “པ་ཊི་ཤ། ཤེ་ཕི་ནི”ཞུ་བས་ Patricia Schiaffini (Ph.D., Chinese Literature, University of Pennsylvania, 2002) ངལ་བ་ཁྱད་བསད་ཀྱིས་བོད་ཕྲུག་གཞོན་ནུ་ཚོའི་ཆེད་དུ་བོད་ཡིག་བརྙན་དེབ་ཁག་གཉིས་དཔར་འདེབས་གནང་ཡོད། ངོས་ནས་ཁོང་ལ་གློག་འཕྲིན་གྱི་ལམ་ནས་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན། སྐབས་དེ་དུས་ཁོང་གི་ང་ལ་བརྙན་དེབ་དེ་གཉིས་བསྐུར་ནས་བསམ་འཆར་ཡོད་ན་གསུང་རོགས་ཞེས་ལབ་བྱུང་། ངོས་ནས་དེབ་གཉིས་ཀ་ཞེ་དྲག་ཡག་པོ་འདུག་མོད། འོན་ཀྱང་“སྦལ་པ་ཆུང་ངུ་དང་ཕོ་རོག” ཅེས་པའི་བརྙན་དེབ་དགའ་མོས་ཆེ་བ་བྱུང་། གང་ལགས་ཤེ་ན་ཧ་ཅང་གོ་བདེ་པོ་དང་ཕྲུག་གུ་ཚོས་ཀློག་སྤྲོ་བ་ཞིག་འདུག་ཅེས་བཤད་པ་ཡིན། རྗེས་སོར་ངས་དེབ་གཉིས་ངའི་ཚ་བོ་ཚ་མོར་བསྐུར་བ་ཡིན། ཁོང་ཚོས་“སྦལ་པ་ཆུང་ངུ་དང་ཕོ་རོག”ཅེས་པའི་བརྙན་དེབ་དེར་དགའ་མོས་ཆེན་པོ་བྱས་སོང་། བརྙན་དེབ་གཞན་དེ་ཀློག་པ་ཙམ་བྱས་མ་སོང་། 


    ཁོང་ཚོའི་དྲ་བྱང་།
    Tibetan Arts and Literature Initiative
    http://www.talitibet.org/childen_literature.html

    ༡ “སྦལ་པ་ཆུང་ངུ་དང་ཕོ་རོག” A Small Frog and a Crow (2007), written by Tenzin Norbu Nangsal and Tsering Choedron; illustrated by Dedron

    ༢ “རྒྱལ་སྲས་དང་དྲང་སྲོང་གི་བུ་མོ” The Prince and the Yogin’s Daughter (2007), adapted and illustrated by Serdrak Dondrup Tseten; book design by Tracy Ellen Smith

    Reply
  9. karma dorje says:
    ལོ་ 16 སྔོན།

    འདི་རིང་གི་སྒྲུང་ ཐུང་།

    ཚ་བོ་དོན་གྲུབ་ཇོའོན་ དང་། ཚ་མོ་སྒྲོལ་མ་ཀིམ་གཉིས་ལ། དོ་དགོང་ཇོ་ཇོ་དང་ཨ་ཅག་གཉིས་ཀྱིས་ཁས་བླངས་པའི་སྒྲུང་དེ། ངས་འདི་རིང་ཨ་ཅག་ལགས་ལ་གསུང་རོགས་ཞུས་པ་ཡིན་ཏེ། ཁྱེད་རང་གཉིས་ཀྱི་སྒྲུང་དེ། བོད་སྐད་ཐོག་ལ་ཤོད་དགོས་ཟེར་ཙང་། ཨ་ཅག་ལགས་བོད་ལ་ཚར་ལོངས་བྱས་ཙང་། རྒྱ་སྐད་བོད་སྐད་ཚིག་མཛོད་དེ་རྙེད་མ་སོང་ཟེར་བགྱིད། ཇོ་ཇོ་ང་ཡང་བཙན་བྱོལ་བོད་གཞུང་གི། ཨིན་ཇིའི་སློབ་གྲྭར། ཕྱིན་པ་ཡིན་ཙང་། ངའི་ཨིན་ཇི་བོད་སྐད་ཚིག་མཛོད་དེ་ཀློག་ཡ་བརྗེད་འདུག དགོངས་དག སང་ཉིན་དགོང་དྲོ་མ་ཉལ་གོང་ལ། བོད་སྐད་ཐོག་ལ་སྒྲུང་ཅིག ཤོད་ཐུབ་པ་བྱེད་ཀོ སང་ཉིན་སྔ་པོ་ལངས་ནས། སློབ་གྲྭར་འགྲོ་དགོས་ཙང་། དོ་དགོང་སྒྲུང་མེད་པར་མགྱོགས་པོ་ཉོལ་ཅིག གཟིམས་འཇམ་གནོངས་དགོས། ད་གློག་གསོད་བགྱི་ཡིན་ནོ།

    Reply
  10. གཡག་རྒོད says:
    ལོ་ 16 སྔོན།

    ངས་སྒྲུང་ཐུང་རི་མོ་ཅན་མང་པོ་བྲིས་ཡོད། ད་ལྟ་དཔར་སྐྲུན་བྱེད་མཁན་འཚོལ་བཞིན་པའི་སྒང་ཡིན། ལྷག་པར་དུ་བོད་ནང་དུ་རིན་མེད་དུ་འབུལ་ཐུབ་པ་ལ་རེ་བ་བྱེད་ཀྱིན་ཡོད།

    འཚམས་རེ་ཞུ་དག་གཏོང་མཁན་རེ་དགོས་མཁོ་ཆེ་བས། བོད་ཡིག་གི་དག་ཆའི་ཐཽག་ལ་རོགས་རམ་བྱེད་འདོད་ཡོད་ན་ལན་བསྐུར་རོགས།

    Reply
  11. བསེ་རུ། says:
    ལོ་ 16 སྔོན།

    བོད་ཡིག་ཐོག་བྱིས་སྒྲུང་བརྩམ་རྒྱུ་དང་། བོད་ཡིག་སྦྱོང་ཐབས་ཀྱི་བྱིས་པའི་རྩེད་ཆས་གང་མང་ཞིག་གསར་གཏོད་དགོས་པ་ནི། ད་ལྟ་ང་ཚོའི་མིག་མདུན་དུ་ལྷག་པའི་སྟོང་ཆ་ཆེ་ཤོས་ཤིག་རེད། དེའི་ཐོག་ཚང་མས་ཐུགས་སྣང་གནང་རོགས།།

    Reply
  12. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་ཕུན་ཚོགས་ལགས་ཀྱིས་གནང་བའི་དྲི་བ་དེ་ལ་ལན་ཅི་ནུས་ཞིག་ཞུ་ན་འདི་བཞིན་ཡིན།
    སྤྱི་ནང་པའི་ལྟ་སྤྱོད་རྣམས་ནི་བྱིས་སྒྲུང་ལས་ཤེས་བཀའ་ཡང་གོམ་པ་བྱ་བའི་ཕྱིར་ཏེ། རྒྱལ་སྲས་ཞི་བ་ལྷས། གོམ་ན་སླ་བ་མི་འགྱུར་བའི། དངོས་དེ་གང་ཡང་ཡོད་མ་ཡིན་ཞེས་གསུང་པ་ཇི་བཞིན་ནོ།།

    Reply
  13. རྒྱལ་བསྟན། says:
    ལོ་ 16 སྔོན།

    བྱིས་པའི་སྒྲུང་སྐོར་བྲིས་པ་དེ་མཐོང་སྐབས་ལྟ་འདོད་སྐྱེས་བྱུང། གང་ཡིན་ཟེར་ན་ཁ་སང་ངེད་ཀྱི་གྲོགས་པོ་་རབ་དགའ་དང་ཁ་པར་ནང་སྐད་ཆ་མང་པོ་བཤད་སྐབས་ཁོ་རང་གི་བུ་མོ་ད་ལྟ་ལོ་གཉིས་ཡིན། ཕྲུ་གུར་སྐད་ཆ་ཚང་མ་བོད་སྐད་ཐོག་བཤད་ཀྱི་ཡོད་སྒྲུང་བཤད་སྐབས་བོད་ཡིག་ཐོག་རི་མོ་དང་ཡི་གེ་ཆེན་པོ་ཡོད་པ་དེ་འདྲ་བྱུང་ན་ཡག་པོ་ཡོང་ས་རེད་ ཡིན་ན་ཡང་དེ་འདྲ་རགས་ཀྱི་མི་འདུག ཨ་རིར་དབྱིན་ཡིག་ཐོག་བྱིས་སྒྲུང་དེབ་སྤུས་དག་དེ་འདྲ་མང་པོ་འདུག དེ་ཚོ་ནས་ཐད་བསྒྱུར་བྱས་ཏེ་བཤད་ཀྱི་ཡོད་ཟེར་གྱིས། བོད་རིགས་ཕ་མ་ཚོར་ཕྲུུ་གུ་ལ་བོད་སྐད་དང་བོད་ཡིག་སློབ་པར་དཀའ་ངལ་ཆེན་པོ་ཡོ་ཟོ་འདུག ཁྱེད་རྣམས་པས་ལས་འཆར་དེ་འདྲ་ཞིག་གནང་བར་རྗེས་སུ་ཡི་རང་དང་ལས་དོན་ལེགས་བསྒྲུབ་བྱུང་ན་ང་ཚོའི་སྤྱི་ཚོགས་འདི་ལ་ཕན་པ་ཆེན་པོ་ཡོང་རྒྱུར་ཐེ་ཚོམ་ཡོད་མི་སྲིད།

    གང་མགྱོགས་ལེགས་བསྒྲུབ་ཡོང་བར་སྨོན།

    Reply
  14. ཕུན་ཚོགས ། says:
    ལོ་ 16 སྔོན།

    དོན་གྲུབ་བཀྲ་ཤིས་ལགས།་སྒྲུང་འདི་ལ་ཡིན་གཅིག་མིན་གཉིས་ནང་ཆོས་དང་འབྲེལ་དགོས་པའི་རྒྱུ་མཚན་གང་ཡིན་གསལ་བཤད་ཅིག་གནང་རོགས།

    Reply
  15. ཕུན་ཚོགས ། says:
    ལོ་ 16 སྔོན།

    འདི་ནི་ངོ་མ་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོའི་ཤ་ལ་ཐུག་པའི་ལས་དོན་གལ་ཆེན་ཞིག་རེད།་སྙིང་ནས་བཀའ་དྲིན་ཆེ་ཞུ།
    ངས་ལས་དོན་འདི་གཉེར་མཁན་ཚོར་རེ་བ་ཞུ་རྒྱུ་ཞིག་ལ།་སྟག་གི་རྔ་མར་མི་འཇུ།་།འཇུས་པའི་རྗེས་ལ་མི་གཏོང་།་།ཟེར་བའི་སྡོམ་ཚིག་འདི་སེམས་ལ་ཉར་ཏེ་།ལས་ཀ་འདིའི་མགོ་མཇུག་ཚང་ཞིང་སྤུས་དག་པ།་ཤིན་དུ་ཕལ་སྐད་དུ་གྱུར་བའི་སྐད་གདངས་དང་བསྲེ་ལྷད་ཅན་ཀྱི་རིགས་འདོར་ཅི་ཐུབ་དང་།བྱིས་པའི་སེམས་ཁམས་དང་མཛེས་དཔྱོད་ལ་བསྟུན་ཅི་ཐུབ།་སྙིང་སྟོབས་དང་དྲང་ཚུགས་ཀྱི་སློབ་གསོའི་རིགས་ཅི་འདུས་ལ་འབད་པར་འཚལ་ཞེས་ཡང་ཡང་ཞུ།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ལས་གཞི་དེ་ལ་དགའ་བསུ་ཡོད། ཡིན་ན་ཡང་བྱིས་སྒྲུང་དེ་ནང་ལ་ནང་ཆོས་དང་འབྲེལ་བ་ཡོད་པ་ཞིག་ཡོང་བའི་རེ་ཡོད། ཐུགས་རྗེ་ཆེ།།

    Reply
  17. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བྱིས་སྒྲུང་འགྲེམས་སྤེལ་གྱི་ལས་གཞི་ལ་རྒྱབ་སྐྱོར་ཁ་ཞེ་གཉིས་མེད་ཡོད། བྱིས་པའི་ཀླད་པར་བག་ཆགས་བཞག་པ་ཡིན་ན་ཧ་ཅང་གཏིང་ཟབ་སྡོད་ཀྱི་ཡོད་ལ་མི་ཚེའི་ཁ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དེ་ང་རང་གི་མི་ཚེའི་མྱོང་བ་ཡིན། དེར་བརྟེན་སྒྲུང་དང་འབྲེལ་བའི་ལམ་ནས་རྒྱ་ནག་གིས་བོད་ལ་སྡུག་པོ་བཏང་རབས་སྐོར་ཅིག་ངེས་པར་བཅུག་རོགས་ཅེས་སྙིང་ཁུང་རུས་པའི་གཏིང་ནས་རེ་བ་ཞུ་བཞིན་ཡོད།

    བྱིས་སྒྲུང་བཟོ་མཁན་གྱི་སྒྲིག་འཛུགས་དེའི་འབྲེལ་གཏུགས་ཁ་བྱང་དང་ཁ་པར་ཨང་ཡོད་ན་ jigdalten@yahoo.com ཞེས་པའི་ཐོག་གཏོང་གནང་ཡོང་བའི་རེ་བ་ཞུ།

    Reply
  18. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། ངའི་ལག་སྟོངས་མཆན་ཁུང་དུ་བཅུག་དེ་འདིར་ཁ་གཡང་ཞིག་བསྒྲགས་རྒྱུ་ལས་གཞན་ཅི་ཡང་མེད།
    ངོ་མ་བཀའ་དྲིན་ཆེ།
    འབྱུང་འགྱུར་གྱི་ཕྲུ་གུ་ཚོའི་སྐད་ཡིག་ཐོག་ཕན་ངེས་རེད།

    Reply
  19. དབྱངས་བུ། says:
    ལོ་ 16 སྔོན།

    གོང་གསལ་བྱིས་སྒྲུང་ཕྱོགས་བསྒྲིགས་བྱ་མཁན་གྱི་ཚོགས་པའམ་སྡེ་ཚན་དེའི་འབྲེལ་གཏུགས་ཁ་བྱང་གསལ་པོ་འགོད་གནང་ཡོང་བ་ཞུ། གུས་པ་རང་ངོས་ནས་ལས་ཞོར་ལ་བྱིས་སྒྲུང་རྩོམ་སྒྱུར་ཞུས་པ་མི་ཉུང་པ་ཡོད།་

    Reply
  20. བདེ་ཁང་བསོད་ནམས་བཟང་པོ། says:
    ལོ་ 16 སྔོན།

    བྱིས་སྒྲུང་གློག་བརྙན་བཟོ་བའི་ལས་འཆར་ལ་རྒྱབ་སྐྱོར་གང་ཐུབ་བྱ་རྩིས་ཡོད་ལ། བྱིས་སྒྲུང་གང་མང་ཞིག་བདག་གིས་གསག་འཇོག་བྱས་ཡོད་པས་འབྲེལ་གཏུགས་བྱ་སའི་འབྲེལ་ལམ་གསལ་པོ་ཞིག་གསུང་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese