མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཞིག་རྒྱ་ལག་ནས་གར་སོང་ཆ་མེད་དུ་གྱུར་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཁམས་འབྲི་རུ་རྫོང་གི་བོད་མི་དཀོན་མཆོག་རྣམ་རྒྱལ་འབོད་པ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་འདུག

བོད་ཀྱི་བང་ཆེན་གསར་འགོད་པ་ངག་དབང་ཐར་པ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གཞུང་གིས། བོད་རང་སྐྱོང་ལྗོངས་མངའ་ཁོང་ནགས་ཆུ་ས་ཁུལ་འབྲི་རུ་རྫོང་ཚ་ཆུ་ཞང་བསྟོད་དོ་གྲོང་ཚོའི་ནང་ཚོགས་འདུ་ཚོགས་སའི་ཁང་པ་ཞིག་གསར་རྒྱག་བྱས་ཡོད་པར་མ་ཟད། ཚོགས་ཁང་དེའི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་ཞིག་བསྒྲེངས་འཛུགས་བྱས་ཡོད་པར། ཉེ་བའི་བདུན་ཕྲག་གཉིས་ཀྱི་ཡར་སྔོན་དུ་རང་ལོ་ ༢༢ ཡིན་པའི་གཞོན་སྐྱེས་དཀོན་མཆོག་རྣམ་རྒྱལ་འབོད་པ་ཞིག་གིས་རྒྱ་ནག་གི་རྒྱལ་དར་མར་ཕབ་སྟེ་རྒྱལ་དར་མེར་བསྲེགས་བཏང་མཐར་ཉེན་རྟོག་པས་སྐབས་དེ་ནས་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་རེད། འཛིན་བཟུང་བྱས་ཏེ་བདུན་ཕྲག་གཉིས་རིང་འགོར་ཡོད་ཀྱང་ད་ལྟའི་ཆར་ཁོང་གི་ནང་མི་གཉེན་འབྲེལ་ཡོངས་ཀྱིས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད། 

བོད་ཤར་ཕྱོགས་སུ་གནས་པའི་ཁམས་འབྲི་རུ་རྫོང་ནི། བོད་རང་སྐྱོང་ལྗོངས་ནགས་ཆུ་ས་ཁུལ་གྱི་ཁོང་གཏོགས་སུ་ཡོད་པའི་རྫོང་ཁག་ཅིག་ཡིན་པ་དང་། ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནས་བཟུང་ཡུལ་དེའི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་འདྲ་མིན་སྤེལ་ཡོད་པར་མ་ཟད། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༢ ཉིན་འབྲི་རུ་རྫོང་རྩྭ་ར་ཞང་གི་སློབ་ཆུང་སློབ་མ་ ༢༠ ལྷག་གིས་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱ་གཞུང་གི་དམ་དྲག་ཤུགས་ཆེ་བའི་ས་ཁུལ་ཅིག་ཆགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༨ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 13

  1. གསེར་སྦྲང་། says:
    ལོ་ 16 སྔོན།

    ཡང་བོད་མི་རྒྱལ་གཅེས་དཔའ་བོ་ཞིག་གི་རང་སྲོག་ཤོར་ཡོད་ས་རེད།
    ང་ཚོ་བོད་མི་རིགས་ཀྱི་ལས་དབང་འདི་ཇི་འདྲའི་བསྐྱོ་བ་ལ

    Reply
  2. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    རིགས་ཞིག་གི་འཐབ་བརྩོད་བྱས་བཏང་འདིར་མདོ་ཁམས་ཁམས་པའི་དཔལ་བོ་དཔལ་མོ་རྣམས་ཀྱིས་སྔར་རྗེས་བར་གསུམ་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་ཤ་ཁྲག་འགྲོ་སོང་གཏོང་དང་བཏོང་བཞིན་པ་ལ་ཞིབ་ན་ཁམས་པའི་གཞོན་སྐྱེས་རྣམས་ཀྱིས་རྒྱལ་དམག་གོང་ཁྲིམ་གྱི་འཁོན་འཛིན་ཆེ་པོ་བཟོ་པར་འདི་དག་ལ་ཡར་བ་མེད་པའི་བློ་སྟོབས་དང་མཚུངས།

    Reply
  3. ལི་ཆུ་དྭངས་མ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན། ད་ང་ཚོའི་བོད་པ་རྣམས་འདི་འདྲ་བྱས་ནས་རྫོགས་འགྲོ་གི་ཡོད་རེད། དྲྭ་གྲོགས་ཚོ་ཐུགས་རྗེ་གཟིགས། བོད་མི་རིགས་དང་རྒྱལ་ཁབས་ཀྱི་དོན་དུ་ལས་དགུལ་ཞིག་མགོ་རྩོམས་ནས་མ་འོང་པར་བོད་འདི་༸གོང་ས་མཆོག་གི་དགོངས་གཞི་ལྟར་བསྐྱོད་ཐུབ་པར་བྱེད་རོགས་མཛོད།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཆོས་གྲོགས་བསེ་རུ་ལགས།
    ཁྱེད་ཀྱིས་ནོར་བཅོས་གནང་པར་ཐུགས་རྗེ་ཆེ། འབྱུང་འགྱུར་ཡང་སློབ་སྟོན་མང་ཙམ་ཡོང་བའི་རེ་སྐུལ་ཞུ་བ་དང་སྦྲགས་བཀའ་དྲི་ཞུ་རྒྱུར། ཕྲན་གྱི་ཟིན་བྲིས་སུ་བརྗོད་བྱ་གསར་སྤེལ་བྱེད་ཐུབ་ཀྱི་མི་འདུག་པས་དེའི་ཐོག་ལ་རོགས་རམ་ཞིག་གནང་རོགས།
    རྩོམ་སྒྲིག་པར་རེ་སྐུལ་ཐེངས་མང་བྱས་ཀྱང་དོན་དམ་པའི་རོགས་སྐྱོར་ཞིག་གནང་མ་བྱུང་།
    ཟིན་བྲིས་གསར་པ་ཞིག་སྒོ་ཕྱེ་ན་དང་ཐོག་ག་རེ་བྱེད་དང་། བར་དུ་ག་རེ་བྱེད་དགོས། ཐ་མར་ག་རེ་བྱེད་དགོས་ཁ་གསལ་ཞིག་གསུངས་རོགས།
    བཀྲ་ཤིས་བདེ་ལེགས།

    Reply
  5. ལྷ་མ་ཡིན། says:
    ལོ་ 16 སྔོན།

    སྙིང་རྗེ། ད་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་གི་ཡོད་ནི་རེད། ཉེ་ཆར་གསེར་རྟ་རྫོང་ནས་ཀྱང་ཁྲོམ་ལམ་ནས་གྲྭ་བ་གཉིས་ཀྱིས་དར་ཆ་ཕྱར་ཏེ་ངོ་རྒོལ་བྱས་པར་བརྟེན་དེ་མ་ཐག་འཛིན་བཟུང་བྱས་འདུག ཡིན་ནའང་ད་ཆ་གྲྭ་བ་གཉིས་ཀྱི་མིང་དང་ཕ་ཡུལ་གང་ནས་ཡིན་པ་གསལ་ཆ་གོ་མེད།

    Reply
  6. ཐོས་དགའ། says:
    ལོ་ 16 སྔོན།

    འགོ་བརྗོད་དང་ནང་དོན་མི་མཚུངས་པ་དེ་ཅི་རེད། ངས་འགོ་བརྗོད་མཐོང་སྐབས་དཀོན་མཆོག་རྣམ་རྒྱལ་རྒྱ་ལག་ནས་བྲོས་ཐར་བ་རེད་བསམ་སོང་།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དཔོན་མཐོ་པོ་དཔོན་ཐོག་དཔོན་སྡོད་རེད།
    མི་ཉམ་ཆུང་གར་ཤི་ཆ་མེད་རེད།
    སྐྱིད་ཟེར་ལེ་མིག་གི་མ་མཐོང་བ།
    སྡུག་ཟེར་ལེ་ཡིད་ཐང་ཆོད་རོགས་རེད།

    སྐྱིད་དཔོན་ཁྲིའི་སྟེང་གི་བཀའ་བློན་དང་།
    སྡུག་རྒྱ་ཁྲིམས་འོག་གི་བཙོན་པ་གཉིས།
    ལུས་རང་དབང་ཡོད་སྟངས་མི་འདྲ་ཁུ།
    བྱམས་སྙིང་རྗེའི་སྐྱོང་སྟངས་མི་འདྲ་ཁུ།

    Reply
  8. བསེ་རུ། says:
    ལོ་ 16 སྔོན།

    དྲ་གྲོགས་ཤེལ་དཀར་བློ་བཟང་ལགས། སྐུ་ཉིད་ཀྱིས་༸གོང་ས་མཆོག་གིས་མཛད་པའི་བདེན་གསོལ་སྨོན་ཚིག་གི་ཚིགས་བཅད་གཅིག་དྲངས་པ་ཐད་ཀར་བཤུས་ཏེ་བཀོད་པ་ནི་འདི་ལྟར།
    “༸གོང་ས་མཆོག་གིས།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིག་སླད།
    གཅེས་པའི་ལུས་སྲོག་ལོང་སྤྱོད་ཡོངས་བཏང་སྟེ།
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།”

    འདིར་དྲངས་པ་བཟང་མོད་ཀྱང་། དག་ཆར་ཐུགས་གཡེང་ཤོར་འདུག
    མ་དག་པ། དག་པ།
    རང་རིག རང་རིགས།
    ལོང་སྤྱོད། ལོངས་སྤྱོད།
    བསྐལ་བ། དཀའ་བ།

    སྐུ་རླུང་མ་བཞེངས་རོགས།

    Reply
  9. karma dorje says:
    ལོ་ 16 སྔོན།

    རྒྱ་མིས་བོད་ནང་གར་ས་གར་སྡོད་བྱས། བོད་མི་ཞིག་རྒྱ་ལག་ནས་གར་སོང་ཆ་མེད་དུ་གྱུར།
    ཏང་མི་རྣམས་ཁྲིམས་མེད་ལུང་མེད་གྱིས། ཁམས་འབྲི་རུ་རྫོང་གི་བོད་མི་དཀོན་མཆོག་རྣམ་རྒྱལ་གར་སོང་ཆ་མེད་དུ་གྱུར། རང་གཞན་གཞན་གཉིས་ཕུང་བགྱིས་པའི་སྙིང་རྗེས་ཡུལ།

    Reply
  10. ཐོ་རེངས་སྐར་ཆེན། says:
    ལོ་ 16 སྔོན།

    སྐུ་དྲག་རྒྱག་པ་ཚོ། བྷ་ར་བྷ་རྗེས་གསོལ་རྗེས།
    བོད་དེ་གར་སོང་བརྩད་གཅོད་ཅིག་བྱས་ན་མི་ལེགས་སམ།

    Reply
  11. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། འགོ་བརྗོད་མཐོང་བ་དང་སེམས་དགའ་སོང་།
    འོན་ཀྱང་དཀོན་མཆོག་རྣམ་རྒྱལ་ལགས
    ད་ཁྱེད་ཀྱི་སྡུག་མྱོང་རྒྱུ་རེད་ཡ

    Reply
  12. རྒྱལ་བསྟན། says:
    ལོ་ 16 སྔོན།

    དཀོན་མཆོག་རྣམ་རྒྱལ་ལགས་ལ་རྒྱ་དམར་གྱིས་སྡུག་ག་འདྲ་ཞིག་བཏང་ཡོད་ན།
    བསམས་ཀྱིན་བསམས་ཀྱིན་སྟོད་རླུང་ཚངས་ཡོང་གིས།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བོད་མི་ཞིག་རྒྱ་ལག་ནས་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་པའི་འགོ་བརྗོད་མཐོང་མ་ཐག་རང་རེའི་སྤུན་ཟླ་ཞིག་རྒྱ་དམར་གྱི་ལག་ནས་བྲོས་བྱོལ་དུ་ཐར་པ་རེད་བསམ་ནས་དགའ་ཚོར་བྱུང་། འོན་ཀྱང་ནང་དོན་ལ་གཞིགས་ན་དེ་ལས་ལྡོག་སྟེ། རྒྱུན་གཏན་ལྟར་རྒྱ་དམར་གྱིས་གདུག་རྩུབ་འོག་ལ་ཚུད་པ་རེད་འདུག

    ༸གོང་ས་མཆོག་གིས།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིག་སླད།
    གཅེས་པའི་ལུས་སྲོག་ལོང་སྤྱོད་ཡོངས་བཏང་སྟེ།
    བསྐལ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese