མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་བདེ་སྲུང་ལས་བྱེད་གསུམ་བཙོན་དུ་བཀག་ཉར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡ ཉིན་གྱི་མཚན་མོའི་ཆུ་ཚོད་དགུ་བ་ཙམ་ལ་ངྷ་ས་གངས་སྐྱིད་དུ་རྒྱ་གར་ཡུལ་མི་འགའ་དང་གངས་སྐྱིད་ཀྱི་མཚན་སྲུང་བའི་བར་དུ་ཁ་རྩོད་བྱུང་བ་དང་། སྐབས་དེར་བོད་གཞུང་བདེ་སྲུང་ལས་བྱེད་གསུམ་གྱིས་བར་འདུམ་བྱས་སྐབས་ཡུལ་མི་དང་བདེ་སྲུང་མི་སྣའི་བར་དུ་ལག་འཛིང་ཤོར་ཏེ་རྒྱ་གར་ཡུལ་མི་གསུམ་དང་། བདེ་སྲུང་མི་སྣ་གཅིག་བཅས་ལ་རྨས་སྐྱོན་བྱུང་ཡོད་འདུག་ལ། ཕྱི་ཉིན་དེར་བདེ་སྲུང་གི་མི་སྣ་དེ་གསུམ་ཀང་རཱ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་ཡོད་འདུག

ཕྱི་ཚེས་ ༥ ཉིན་འདི་གའི་གསར་འགོད་པས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་ཡེ་ཤེས་ཆོས་གྲགས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ནམ་རྒྱུན་གངས་སྐྱིད་ཀྱི་ཐང་ཆེན་དུ་རྒྱ་གར་ཡུལ་མིའི་གླ་འཁོར་འཇོག་གིན་ཡོད་པ་དང་། དེའི་སྔོན་ནས་གླ་འཁོར་གྱི་སྣུམ་རྐུ་ལ་ཤོར་བ་དང་ཤེལ་སྒོ་བཅགས་པ་སོགས་ཀྱི་རྩོད་ཉོག་ཅིག་ཡོང་བསྡད་ཡོད་ས་རེད། དེའི་དགོང་མོ་དེར་ཡང་གླ་འཁོར་ཁ་ལོ་བ་འགས་ཁོང་ཚོའི་གླ་འཁོར་གྱི་ཤེལ་སྒོའི་ཆར་ཕྱིས་ཞིག་དང་རྒྱབ་མཐོང་ཤེལ་སྒོ་གཉིས་བཅགས་འདུག་ཟེར་ནས་མཚན་སྲུང་བ་དང་མཉམ་དུ་ཉོག་དྲ་བཤད་འདུག དེའི་སྐབས་སུ་ང་ཚོའི་ལས་བྱེད་གཉིས་མེག་གྷན་ནས་མར་ཡོང་བ་དང་ཁ་ཐུག་བརྒྱབས་ཏེ། རྒྱུ་མཚན་དྲིས་སྐབས་རྒྱ་གར་ཡུལ་མི་ཚོས་ཁོང་ཚོར་ཇུས་གཏོགས་མེད་སྐོར་བརྗོད་པ་སོགས། ཕན་ཚུན་ལ་བཤད་རེས་དང་ཕུད་རྒྱག་བཏང་སྟེ་མཐར་འཁྲུག་འཛིང་ཤོར་འདུག་ཅེས་འཁྲུག་འཛིང་ཤོར་སྟངས་སྐོར་ངོ་སྤྲོད་གནང་།

ཡང་ཁོང་གིས་མུ་མཐུད་དེ། འཁྲུག་འཛིང་ཤོར་ཏེ་ཕན་ཚུན་གཉིས་ཀར་རྨས་སྐྱོན་བྱུང་རྗེས་ང་ཚོའི་ལས་བྱེད་དེ་ནང་དུ་སོང་ནས་སྨན་བཅོས་བྱས་བསྡད་འདུག ཉེན་རྟོག་པར་ཁ་པར་བཏང་སྟེ་ཁྲིམས་གཏུག་བྱེད་སྐབས་འགྲོ་ལ་མི་འགྲོ་ལ་བྱས་ཏེ་ནང་དུ་བསྡད་པའི་སྐབས་དེར་ཉེན་རྟོག་པ་སླེབས་པ་དང་། བདེ་སྲུང་ལས་བྱེད་ཚོ་དེ་གར་མེད་སྟབས་ཉེན་རྟོག་པས་རྒྱ་གར་ཡུལ་མི་ཚོ་སྨན་ཁང་དུ་ཁྲིད་ནས་སྨན་བཅོས་བྱས་འདུག དེ་ནས་ཉེན་རྟོག་པས་ང་ལ་ཁ་པར་འབྱོར་ཏེ་མར་ཤོག་ཟེར་གྱིན་འདུག་པས་ང་མར་ཕྱིན་པ་ཡིན། སྨན་ཁང་དུ་འབྱོར་དུས་རྨས་སྐྱོན་བྱུང་བའི་ཡུལ་མི་རྣམས་ལ་སྨན་བཅོས་བྱེད་ཀྱིན་འདུག་ལ། ཉེན་རྟོག་པས་ང་ཚོའི་མི་གང་དུ་ཡོད་ཟེར་གྱིན་འདུག ང་ཚོའི་མིར་རྨས་སྐྱོན་ཕོག་སྟེ་ནང་དུ་ཡོད་པ་རེད་ཅེས་བརྗོད་པ་ཡིན།

ནམ་དཀྱིལ་དེར་ང་ཚོ་ཡར་ཡོང་སྟེ་ཁོང་ཚོ་ཕར་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་དྲི་བ་དྲིས་ལན་བྱས་རྗེས་སྨན་བཅོས་བྱེད་དུ་མར་ཁྲིད་རྒྱུ་ཡིན་བརྗོད་སོང་། སྨན་བཅོས་བྱེད་དུ་ཁྲིད་སྐབས་ང་ཚོའི་ལས་བྱེད་རོགས་པ་ཞིག་མཉམ་དུ་བཏང་ཡོད། མཚན་གྱི་ཆུ་ཚོད་དང་པོ་ཙམ་ལ་ཁོང་ཚོ་མར་ཕྱིན་པ་རེད། དེ་ནས་ཁོང་ཚོ་ཉིན་གཉིས་རིང་བཙོན་ཁང་དུ་བཀག་ཉར་བྱེད་ཀྱི་ཡིན་ཞེས་བརྗོད་དེ་བཀག་སྐྱིལ་བྱས་པ་དང་། ཁ་སང་ཚེས་ ༥ ཉིན་རྒྱབ་ཁྲིམས་ར་འཚོགས་རྒྱུ་བྱས་ཡོད་ཅེས་བརྗོད།

ཡིན་ནའང་། ཁ་སང་ཁྲིམས་ར་འཚོགས་རྒྱུ་བྱུང་མེད་པར་བརྟེན་འདི་གའི་གསར་འགོད་པས་ཕྱི་ཚེས་ ༦ ཉིན་ཁོང་ལ་དེའི་སྐོར་བསྐྱར་དུ་བཀའ་འདྲི་ཞུས་པར། ཁོང་གིས་ཁ་སང་ཁྲིམས་རྩོད་པ་ཁོ་རང་ཚོའི་ངོ་རྒོལ་གྱི་ཉིན་མོ་ཞིག་ལ་འཁེལ་འདུག་སྟབས། ཕྱི་ཚེས་ ༡༦ བར་དུ་འཕར་འགྱང་བྱས་པ་རེད་ཅེས་གསུངས།

ཁོང་གིས་ད་དུང་ཐེངས་འདིའི་ཡུལ་མི་དང་བདེ་སྲུང་མི་སྣའི་བར་འཁྲུག་རྩོད་ཤོར་བའི་ཐད་དུ། ང་ཚོའི་ལས་ཁུངས་ཀྱི་ངོས་ནས་ཁྲིམས་ཐོག་ནས་ག་རེ་བྱས་པ་ཡིན་ནའང་། དེ་ལས་ལྷག་པ་ཞིག་བྱེད་ཐུབ་ཀྱི་མི་འདུག ཁྲིམས་ཐོག་ནས་ཁྲིམས་རྩོད་པ་གླ་རྒྱུ་སོགས་ག་རེ་བྱ་རྒྱུ་ཡོད་ན་དེ་བྱས་བསྡད་ཡོད། ཅེས་བདེ་སྲུང་མི་སྣ་གསུམ་འཇུ་བཟུང་བྱས་པར་གཞུང་འབྲེལ་ངོས་ནས་གང་ཡང་གནང་གི་མེད་པར་གཙོ་བོ་ཁྲིམས་རྩོད་པར་བརྟེན་རྒྱུ་ཡིན་སྐོར་གསུངས་ཡོད།

ད་ལྟ་འཛིན་བཟུང་བཀག་ཉར་བྱས་པའི་བདེ་སྲུང་ལས་བྱེད་རྣམས་ནི་ཚེ་རིང་རྒྱལ་མཚན་དང་ཚེ་རིང་དར་རྒྱས། ཚེ་དབང་སོགས་ཡིན་འདུག་ལ། ཁོང་ཚོ་ཉེས་དོན་གཏུག་བཤེར་གྱི་བཅའ་ཁྲིམས་དོན་ཚན་ ༣༠༧ དང་ ༣༢༤། ༣༢༣ ། ༣༤ བཅས་སུ་ཐོ་འགོད་བྱས་ཡོད་འདུག ཁོང་ཚོ་མུ་མཐུད་ནས་བཙོན་ཁང་དུ་བཀག་ཡོད་འདུག་ལ། རྒྱ་གར་དེ་ངྷ་ཤོད་རྒྱ་གར་གཞུང་གི་སྨན་ཁང་དུ་ཡོད་འདུག

གནས་ཚུལ་འདིའི་ཐད་དུ་ཕྱི་ཚེས་ ༣ ཉིན་གྱི་རྒྱ་གར་གྱི་ Himachal Jagran ཞེས་པའི་ཧིན་ངྷའི་སྐད་ཀྱི་གསར་ཤོག་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཕུར་བུའི་མཚན་མོར་གྷམ་རུ་གྲོང་སྡེའི་ཡུལ་མི་ར་ཇེན་ལྡར་གྱི་བུ་མུ་རི་རམ་ལ་ལག་ཆ་ཐོགས་པའི་བོད་མི་གསུམ་གྱིས་ཚབས་ཆེའི་ཉེས་རྡུང་བཏང་སྟེ། སྲོག་ལའང་ཉེན་ཁ་ཡོད་སྐོར་བཀོད་ཡོད་པ་མ་ཟད། ར་ཇེན་ལྡན་ཀུའུ་མར་ལའང་ཚབས་ཆེའི་རྨས་སྐྱོན་ཕོག་སྟེ་ད་ལྟ་སྨན་ཁང་དུ་ནད་བཅོས་བྱེད་ཀྱིན་པ་དང་།  ད་ལྟ་འབྲེལ་ཡོད་ཉེན་རྟོག་མི་སྣས་གནས་ཚུལ་འདིའི་ཐད་དུ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་མ་ཟད། ཉེན་རྟོག་མི་སྣ་གཞན་ཁ་ཤས་དོན་རྐྱེན་བྱུང་སར་བསྐྱོད་དེ་གནས་ཚུལ་འདིའི་ཞིབ་ཕྲའི་གནས་ཚུལ་ལ་རྟོག་ཞིབ་དང་། རྨས་སྐྱོན་ཕོག་མཁན་གྱི་ནང་མིར་ཐུག་འཕྲད་བྱས་ཏེ་སེམས་གསོ་གནང་བ་སོགས་ཀྱི་འགན་འཁྲི་དང་ལེན་བྱས། གཞན་ཡང་གནད་དོན་འདིའི་ཐད་དུ་བོད་གཞུང་དང་མཉམ་དུ་སྐད་ཆ་བཤད་རྒྱུ་ཡིན་འདུག ཁོང་ཚོས་གླ་འཁོར་བཀག་འཇོག་གི་གནད་དོན་ཞིག་གི་དོན་དུ་འཁྲུག་འཛིང་བྱས་པ་ཡིན་སྐོར་བཀོད་འདུག

གནད་དོན་འདིའི་ཐད་དུ་བདེ་སྲུང་དྲུང་ཆེ་ཡེ་ཤེས་ཆོས་གྲགས་ལགས་ཀྱིས། དགོང་མོ་དེར་ཡུལ་མི་རྨས་མ་ཚོ་སྨན་ཁང་དུ་འབྱོར་སྐབས་རྒྱ་གར་གསར་འགོད་པའང་འབྱོར་འདུག་ལ། ཁོང་ཚོས་ཡུལ་མི་རྨས་མ་ཚོར་པར་བརྒྱབས་ཏེ་ཚགས་པར་ནང་བཀྲམས་འདུག ཁོང་ཚོས་གསར་འགྱུར་དུ་བཀོད་པ་དེ་དག་དག་ཅིག་བསྡད་ཡོད་མེད་གང་ལྟར་ཡང་། སྟབས་ཉེས་པ་ཞིག་ལ་གནས་ཚུལ་འདི་ལྟ་བུ་ཞིག་བྱུང་བ་རེད་ཅེས་གསུངས་ཡོད།

དེ་བཞིན་ཕྱི་ཚེས་ ༦ ཉིན་འདི་གའི་གསར་འགོད་པས་གངས་སྐྱིད་ཀྱི་མཚན་སྲུང་བ་པདྨ་ཚུལ་ཁྲིམས་ལགས་སུ་གནད་དོན་འདིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། རྒྱ་གར་གྱི་གླ་འཁོར་ཞིག་གི་ཆར་ཕྱིས་དང་རྒྱབ་མཐོང་ཤེལ་སྒོ་གཉིས་བཅགས་འདུག སྤྱིར་བཏང་རྒྱ་གར་དེ་ནམ་རྒྱུན་ནས་མཚན་མོར་ར་བཟི་ནས་ཡོང་གི་རེད་ལ། ང་ཚོ་མཚན་སྲུང་བ་ཚོར་ཐེངས་མང་བོར་བརྙས་བཅོས་བྱས་པ་རེད། དེར་བརྟེན་གླ་འཁོར་གྱི་ཆར་ཕྱིས་དང་རྒྱབ་མཐོང་ཤེལ་སྒོ་བཅགས་དུས་ཁོས་མཚན་སྲུང་བར་ཡ་ལན་སྤྲད་པ་རེད། ངའི་གླ་འཁོར་བཅགས་འདུག ཁྱེད་ཚོས་ག་རེ་བྱས་ནས་བལྟས་མེད་ཟེར་ནས་ཉོག་དྲ་བཟོས་པར་བརྟེན་ང་ཚོས་མཚན་སྲུང་མགོ་པ་ཚེ་རིང་དོན་གྲུབ་ལགས་སྐད་བཏང་སྟེ། ཁོང་ཕེབས་ནས་མཚན་སྲུང་བ་ཚོ་ནི་གངས་སྐྱིད་ཀྱི་ལས་ཁུངས་ཁག་སྲུང་མཁན་ཡིན་པ་ལས་ཁྱོད་ཚོའི་གླ་འཁོར་སྲུང་མཁན་མ་རེད་ཅེས་སོགས་བརྗོད། སྐབས་དེར་མི་མང་བོ་སླེབས་སོང་། བར་སྐབས་དེར་བདེ་སྲུང་གི་མི་གཉིས་ཀྱིས་འཕྲུལ་རྟ་ཞོན་ནས་སླེབས་པ་དང་ཁ་ཐུག་བརྒྱབས་སོང་ལ། ཁོང་གཉིས་ཀྱིས་ཡུལ་མི་ཚོར་སྐད་ཆ་བཤད་པ་དང་འགྲེལ་བཤད་བྱས་ནའང་། རྒྱ་གར་བས་ཁྱོད་ལ་ག་རེ་ཇུས་གཏོགས་འདུག ང་ཚོས་ང་ཚོའི་སྐད་ཆ་བཤད་ཀྱིན་ཡོད་ཅེས་སོགས་བརྗོད་དེ་བདེ་སྲུང་མི་དེའི་བྲང་ཁོག་ནས་འཇུས་བར་བརྟེན། ཁོང་གཉིས་བར་འཁྲུག་འཛིང་ཤོར་སོང་། 

དེའི་རྗེས་རྒྱ་གར་བ་དེས་ང་ལ་བོད་མི་ཚོས་རྡུང་གི་འདུག་ཟེར་ནས་སྐད་བརྒྱབས་པས།  རྒྱ་གར་མང་བོ་ཞིག་སླེབས་ནས་རུབ་བརྒྱབས་ཏེ་ཁོང་གཉིས་ལ་ཉེས་རྡུང་བཏང་སོང་། སྐབས་དེར་ང་ཚོས་ཅི་ཙམ་བཀག་ནའང་འགོག་ཐུབ་ཀྱི་མི་འདུག་ལ། དེའི་བར་དུ་གྲི་སུས་ཁྱེར་ཡོང་ཡོད་མེད་ཤེས་རྟོགས་མ་བྱུང་མོད། རྒྱ་གར་ཡུལ་མི་བྷན་ལོའི་ལག་ཏུ་ཚལ་ཞིག་ཁྱེར་ཏེ་བདེ་སྲུང་ལ་གཞུ་རྩིས་བྱེད་སྐབས་ངས་བར་འདུམ་བྱས་པས་ངའི་ལག་པར་རྨ་བཟོས་སོང་། དེའི་རྗེས་མཚན་སྲུང་བའི་མགོ་པའི་བཀོད་མངགས་ལྟར། ང་བདེ་ལེགས་སྨན་ཁང་དུ་སྨན་བཅོས་བྱེད་དུ་ཕྱིན་པ་ཡིན།

ང་བདེ་ལེགས་སྨན་ཁང་ནས་ཕྱིར་ཐོན་དུས་རྒྱ་གར་གྱི་ཡུལ་མི་ཚང་མས་ཚལ་གྲི་སོགས་བཟུང་ནས་སྒུག་འདུག ང་ལ་ཁྱོད་རང་གསོད་ཀྱི་ཡིན་ཟེར་ནས་ངའི་ཐོག་ཏུ་བརྒྱུགས་སླེབས་པས་ང་བྲོས་ཕྱིན་པ་ཡིན་ཞེས་བརྗོད།

ཡིན་ནའང་། ཁོས་དང་ཐོག་བདེ་སྲུང་གི་མི་གཉིས་མ་གཏོགས་མེད་མོད། དེའི་དཀྱིལ་དུ་བདེ་སྲུང་ལས་བྱེད་གཞན་ཞིག་སླེབས་འདུག་པ་ཇི་ལྟར་སླེབས་མིན་དང་གང་ནས་ཡོང་མིན་སོགས་ཤེས་རྟོགས་གང་ཡང་མ་བྱུང་ཟེར།

མཇུག་མཐར་ཁོས། ཕྱི་ཉིན་ང་ཚོ་མཚན་སྲུང་བ་ཚང་མ་བདེ་སྲུང་དྲུང་ཡིག་ཆེན་མོ་དངོས་གྲུབ་རྡོ་རྗེ་ལགས་ཀྱི་དྲུང་དུ་བཅར་ནས། ང་ཚོ་ཉེན་རྟོག་པའི་སར་ཁྲིད་དང་ང་ཚོས་རྩོད་ཉོག་འདིའི་སྐོར་དཔང་པོ་བྱ་རྒྱུ་ཡིན། ང་ཚོ་ལ་དུས་རྒྱུན་བརྙས་བཅོས་བྱས་པ་སོགས་བཤད་རྒྱུ་ཡིན་ཞེས་བརྗོད་ཀྱང་། ཕར་ཁྲིད་མ་སོང་ལ་ད་ལྟའི་བར་ཉེན་རྟོག་པ་ཚུར་སྐད་ཆ་འདྲི་རུའང་ཡོང་མ་སོང་ཟེར།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 14

  1. ལུང་རྟོགས། says:
    ལོ་ 16 སྔོན།

    མི་ཡུལ་ལ་བདེ་སྐྱིད་མི་འདུག རང་ཡུལ་ལ་ལོག་ས་མི་འདག བོད་མི་ཡི་ལས་དབངསྐྱོ་མོ། སེམས་ཁོང་གི་སྨུག་པར་གྱུར་སོང་།

    Reply
  2. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 16 སྔོན།

    སྐྱོན་ནི་མ་རེད་དེ་འདྲ་རེ་ལོས་ཡོང་། དཀོན་མཆོག་མཁྱེན།

    Reply
  3. འཇམ་དཔལ་རྣོན་པོ་། says:
    ལོ་ 16 སྔོན།

    ཁོ་རེ། ཨ་རིག་འགྱུར་མེད། ཀླུའི་རྒྱལ་པོ་རྔ་སྒྲའི་ལུང་ཚིག་བསུབ་དགོས་དོན་གང་རེད། སུ་ལ་སྐྱད་བརྗོད་བྱས་མེད་ད། ག་རེ་རེད། ཝེ།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སྐྱོན་་་་་་་་་་ངོས་་་་སོགས་བཅོས

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། ་ཨ་རིག་འབྱུར་མེད་འདི་ངོ་མ་དགོད་སྤྲོ་བོ་ཞིག་རེད
    མཆན་འདེབས་དུས་སྐྱོན་བརྗོད་ཀྱི་རིགས་སྤང་རོགས། གལ་སྲིད་དེའི་རིགས་བྱུང་ཚེ་དགོས་དབང་གིས་གསུབ་གྱིན་ཡོད་ལ། ད་སྔ་མཆན་མི་ཉུང་བ་ཞིག་བསུབ་དགོས་འཁེལ་བྱུང་། ཅེས་གསུངས་འདུག
    གསུབ་ཡང་ཚར་འདུག
    ད་དུང་སྐྱོན་བརྗོད་རིགས་གཅིག་ལྷག་འདུག་པས
    སྐྱོ་བརྗོད་གང་གི་རིགས་གསུབ་བཞིན་ཡོད་དམ་་་་གསལ་བཤད་ཞིག་མེད་ན་དགྲ་དགའ་གཉེན་ཕྱོགས་ཡིན་པས་ངིས་འཛིན་བྱེད་རྒྱུ་ལས་གཞན་མི་འདུག

    སྐྱིན་ཅན་ནམ་ཡང་ན་བདེན་པ་ལ་གསལ་བཤད་བྱས་ན་སྐྱོན་བརྗོད་དུ་རྩིས་ན་མ་འོས་བ་ཞིག་དུ་ངོས་འཛིན་བྱེད་རྒྱུ་ཡིན

    Reply
  6. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས།ཁྱེད་ཀྱིས་གསུངས་པ་དང་བྱས་པ་གཉིས་ཁག་ཁག་རེད་འདུག་དྲན་བཞིན་ཡོད།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    གང་ལྟར་ཡང་རྒྱ་གར་མི་སེར་ཚོས་བོད་མི་རྣམས་ལ་བརྙས་བཅོས་གཏང་ལུགས་འདི་ནི་ཧང་སངས་དགོས་པ་ཞིག་རེད། བོད་ནང་ན་རྒྱ་གཞུང་གིས་བོད་ལ་དམ་དྲགས་ཡོད་མོད་རྒྱ་མི་སེར་ངོས་ནས་འདི་འདྲའི་བརྙས་བཅོས་གཞི་ནས་མེད། མ་ཟད་བོད་ཀྱི་ས་ཁུངས་ནས་བོད་མི་ཚོས་ཕར་བརྙས་བཅོས་གང་མང་བཏོང་བཞིན་པ་དངོས་སུ་མཐོང་མྱོང་། སྐྱབས་བཅོལ་པ་འདི་ཚོའི་ལང་དབང་གང་ཞིག་ཡིན་ན།

    Reply
  8. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། བསྟོད་པ་ཤ་སྟག་འཐེན་ནས་སྡོད་ཨཱ། ཨ་ལ་རྩེད་མོ་ཡིན།

    ཨ་རིག་འགྱུར་མེད་ལགས་ཀྱིས། མཆན་འདེབས་དུས་སྐྱོན་བརྗོད་ཀྱི་རིགས་སྤང་རོགས། གལ་སྲིད་དེའི་རིགས་བྱུང་ཚེ་དགོས་དབང་གིས་གསུབ་གྱིན་ཡོད་ལ། ད་སྔ་མཆན་མི་ཉུང་བ་ཞིག་གསུབ་དགོས་འཁེལ་བྱུང་། ཅེས་གསུངས་འདུག
    ༡ མཆན་འདེབས་དུས་ཁུངས་མེད་སྐྱོན་བརྗོད་ཀྱི་རིགས་བསུབ་དགོས་ངེས་ཀྱང་། ཁུངས་ཡོད་ལ་སྐྱོན་ཡང་ཡིན་པའི་སྐྱོན་བརྗོད་བྱེད་མི་ཆོག་ན་མཆན་འདེབས་སའི་ས་ཆ་འདི་བསྟོད་པ་འཐེན་སའི་ཆེད་དུ་ཡིན་ས་རེད།
    ༢ སྐྱོན་བརྗོད་ཀྱི་རིགས་བསུབ་ཀྱི་ཡོད་ན་བསྟོད་པ་འཐེན་བཞིན་སྡོད་པ་དེ་རིགས་ཀྱང་བསུབ་དགོས་ཀྱི་རེད་བསམ་གྱི་འདུག སྐྱོན་བརྗོད་མི་ཆོག་ན་བསྟོད་པ་བརྗོད་ཆོག་དགོས་པའི་རྒྱུ་མཚན་མི་འདུག
    ༣ ཡང་འགའ་ཞིག་ལ་སྐྱོན་བརྗོད་བྱས་པ་བསུབ། འགའ་ཞིག་ལ་སྐྱོན་བརྗོད་བྱས་པ་འཇོག་གི་ཡོད་པ་དེ་འདྲ་ནི་ཡིན་རྒྱུ་མ་རེད་བསམ་གྱི་ཡོད།
    ༤ མཆན་འདེབས་མཁན་གྱི་མི་འདི་དག་བོད་ཀྱི་དུས་བབ་ཀྱི་ངོས་ནས་ངེས་པར་དགོས་ས་ཞིག་ལ་བརྩིས་སྤྲོད་བྱེད་རྒྱུ་ཡོད་པ་ཞིག་དང་པོ་ནས་བྱེད་དགོས་ཀྱི་རེད་མ་གཏོགས་ཟིན་བྲིས་པ་དང་། མཆན་འདེབས་མཁན་དྲ་འབུ་ཚོ་སུ་ཡིན་ཁུངས་ཙམ་ཡང་སྟོན་རྒྱུ་མེད་ན་ཏག་ཏག་བསྡད་ཡོད་མ་རེད་བསམ་གྱི་འདུག
    ༥ ཟིན་བྲིས་པ་དང་མཆན་འདེབས་པའི་ཁུངས་ལུངས་སྟོན་རྒྱུ་ཡོད་པའི་གནས་བབ་ཀྱི་འོག་ནས་མཆན་འདེབས་མཁན་ཚོར་ག་རེ་བཤད་རྒྱུ་འདུག་ན་བཤད་བཅུག་ན་འགྲིག་གི་རེད་བསམ་གྱི་འདུག སོ་སོས་བཤད་པ་དེ་སོ་སོས་འགན་ཁུར་དགོས་བྱེད་ཀྱི་རེད། དེ་འདྲ་བྱུང་ན་བོད་ཀྱི་དུས་བབ་ཀྱི་ངོས་བྱ་བདེ་བྱེད་བདེ་ཡོང་གི་རེད་དྲན་གྱི་འདུག

    Reply
  9. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ལགས་སོ

    Reply
  10. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    བཀུར་འོས་དྲ་གྲོགས་ཚོ། མཆན་འདེབས་དུས་སྐྱོན་བརྗོད་ཀྱི་རིགས་སྤང་རོགས། གལ་སྲིད་དེའི་རིགས་བྱུང་ཚེ་དགོས་དབང་གིས་གསུབ་གྱིན་ཡོད་ལ། ད་སྔ་མཆན་མི་ཉུང་བ་ཞིག་གསུབ་དགོས་འཁེལ་བྱུང་། ཐུགས་འཇགས་འཚལ།

    Reply
  11. ཤིང་རྟ། says:
    ལོ་ 16 སྔོན།

    ཀྱེ་ཧུད། བོད་གཞིས་བྱེས་གཉིས་ཀྱི་ལས་སྐལ་འདི་བསམ་ན་ཅི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད། ཕྱོགས་གཞན་ཞིག་ལ་བསམ་ན་བོད་ནང་ཁུལ་དུ་ནང་འཁྲུག་དང་ཕྱོགས་རིས་འཐེན་འཁྱེར་སོགས་མཚམས་འཇོག་དགོས་པའི་བསླབ་བྱ་དང་། ཆིག་སྒྲིལ་གྱི་མདུན་སྐྱོད་ཆེན་མོ་དགོས་པའི་གསལ་བརྡ་རུ་འགྱུར་ངེས་པས་དེ་ཙམ་ཡིད་སྐྱོ་དགོས་དོན་མི་འདུག

    Reply
  12. ཨ ༚ བཙན་པོ། says:
    ལོ་ 16 སྔོན།

    རྒྱ་ནག་ཏུ་རྒྱ་ནག་མི་སེལ་གྱིས་ང་ཚོར་བརྙས་བཅོས་ཆེན་པོ་བྱེད་མི་ཐུབ་ཀྱང་། དམར་གཞུང་གིས་བརྙས་བཅོས་ཚད་མེད་བྱེད་གྱིན་ཡོད། འདིར་རྒྱ་གར་གཞུང་གིས་ང་ཚོར་བརྙས་བཅོས་མི་བྱེད་ཀྱང་། མི་སེར་ཚོས་བརྙས་བཅོས་བྱེད་པ་ནི་ཚད་ལས་བརྒལ་བ་རེད་འདོད། ད་གང་ལྟར་ང་ཚོ་བརྙས་བཅོས་ལས་ཐར་ཐབ་དཀའ་གི་ཡ། ཤུ་་་་་ཤུ་་་་་ཤུ

    Reply
  13. kunsal says:
    ལོ་ 16 སྔོན།

    གནས་ཚུལ་འདི་དང་འདི་འདྲ་བ་ལ་བསམས་ནས་བོད་མི་ཚོ་ནང་རྩོད་ཁོ་ན་མ་བྱས་པར་དབུ་འཁྲིད་ཀྱི་ལམ་སྟོན་ཐོག་གཅིག་བསྒྲིལ་གྱིས་ཤར་སྐྱོད་བྱས་ཏེ་བོད་ཀྱི་བདེན་མཐའ་བསལ་ཐབས་ལ་རང་རང་ཁོས་དཔགས་རེ་བསྒྲུབ་གལ།
    ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ལས་དྲངས་པ་ལྟར་ཡུལ་དུས་གནས་སྐབས་ལའང་བསམ་བློ་གཏོང་དགོས། རྒྱའི་བརྙད་བཅོས་ལས་ལྷག་པ་ཞིག་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པས་བཀའ་མོལ་གཟབ་གཟབ་བྱས་ནས་གནང་དགོས་འདུག།

    Reply
  14. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅་།།་མཁས་དབང་ལགས་་་་་་་་་་་་་་་་་་་་་་་་་་་ནོར་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese