མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱེས་སྡོད་བོད་མི་དག་ལ་ངེས་པར་དུ་བཤད་དགོས་པ་འགའ། ཞོགས་ལྗང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་ལྗང་།

ལོ་རྒྱུས་ཀྱིས་འུ་ཅག་ཁ་ཁར་བཏང་བ་ནི་ལོ་རྒྱུས་རང་རེད། དེར་ཁ་གཡར་ནས་རང་དགར་འདུག་པ་ནི་ལས་དོན་ལ་གཡོལ་བའི་མི་དག་གི་སྦྱོར་བ་རེད། ཡང་དེ་ཉིད་ཡོད་ཚད་གཞན་སྟེང་ལ་འགེལ་བ་ནི་རང་གིས་མ་འཁྱོངས་པའི་རྟགས་རེད། རང་གིས་མ་འཁྱོངས་པར་དོན་དག་ཡོད་ཚད་གཞན་ལ་འགེལ་བ་ནི་ལོ་རྒྱུས་མ་ཤེས་པའི་ནག་ཉེས་རེད། ལོ་རྒྱུས་ཀྱིས་དེ་དག་ཡོད་ཚད་ཁས་ལེན་གི་མ་རེད། འུ་ཅག་བྱེས་སྡོད་བོད་མི་མང་ཆེ་བའི་སེམས་ནང་དུ་བོད་འདི་གནས་ཚུལ་འདིར་སྐྱེལ་བ་ནི་ཡོད་ཚད་དགྱ་མི་དག་ལན་པ་རེད་སྙམ་གྱིན་འདུག འདི་ནི་ཁྱོད་ཚོ་ཕྱོགས་ཞེན་གྱི་དབང་དུ་སོང་དྲགས་པས་རེད་སྙམ་ གྱིན་ཡོད། དེ་ལ་ང་ཚོ་ཚང་མས་འགན་ལེན་བྱེད་དགོས། ནག་ཉེས་འདི་ང་ཚོ་མི་རེ་རེའི་སྟེང་དུ་ཡོད། ནག་ཉེས་འདིའི་ཆ་ཤས་འུ་ཅག་གི་རིག་གནས་ཀྱི་སྟེང་དུ་ཡང་ཡོད། ངས་ནམ་ཡང་འདི་ལྟར་འདང་རྒྱག་གིན་ཡོད་ལ། འདི་ལྟར་བསམ་གཞིགས་བཏང་ན་ད་གཟོད་གནད་དོན་མང་བོ་ཞིག་ངང་ངམ་ཤུགས་ཀྱིས་རྙེད་འོང་གིན་ཡོད།

དགྱ་མི་དག་གིས་འུ་ཅག་ཁ་ཁར་བཏང་བ་དེར་ངེས་པར་དུ་འགན་ཁུར་ན་རེད། ཡང་གཅིག་བཤད་ན་ཁོ་རང་ཚོས་ཀྱང་ངོས་ལེན་ཡག་པོ་བྱས་ན་འགྲིག་ གི་རེད་སྙམ་གྱིན་ ཡོད། ཏག་ཏག་བཤད་ན་ན་སྐབས་དེར་མང་བོ་ཞིག་གིས་འུ་ཅག་དབང་དུ་བསྡུས་ན་སྙམ་གྱིན་ཡོད་ ངེས་རེད། དེ་དག་གི་མཇུག་འབྲས་ནི་འུ་ཚོས་ ཚོད་དཔག་རག་ཙམ་བྱ་ཐུབ་པ་ཞིག་ རེད་མོད་ཀྱང་། དེ་དག་རེ་རེ་བཞིན་གླེང་བར་མི་བྱ། གང་ལྟར་མཇུག་མཐར་འུ་ཅག་དགྱ་མིའི་མངའ་འོག་ཏུ་ལྷུང་བ་ནི་དོན་དངོས་རེད། ངས་བསམ་ན་སྐབས་དེའི་ཧམ་སེམས་ ལ་འུ་ཚོས་ལེ་བདའ་བྱ་དགོས་དོན་ མི་འདུག་སྙམ། སུ་ལ་ཡང་ཧམ་སེམས་དེ་ཡོད་ངེས་རེད། ང་རང་དེ་ལས་ཀྱང་ཁོང་ཁྲོ་ལངས་པ་ནི་ད་ལྟའི་གནས་བབ་རེད། ནམ་ཡང་བྲན་གཡོག་གི་ལས་བླངས་ཡོད་ པ་འདི་རེད། འདི་ཡང་འུ་ཚོས་མ་འཁྱོངས་པ་རེད་མོད་ཀྱང་། འདི་ལ་དགྱ་ནག་གིས་ཀྱང་བསམ་གཞིགས་ཡག་པོ་བཏང་ན་འགྲིག་གི་རེད་སྙམ་འོང་། དཔེར་ན། བོད་ཀྱི་སློབ་མའི་སྤུས་ཚད་ལ་ དོ་སྣང་མི་བྱེད་པར་ནམ་ཡང་བྲན་ སྒྱུར་སློབ་གསོ་ རྐྱང་བ་སྤེལ་གྱིན་ཡོད་པ་ལྟ་བུ་རེད། འདི་དག་ནི་འུ་ཚོས་ངེས་པར་དུ་བཤད་དགོས་པ་ཞིག་རེད་ལ། མ་གཏོགས་སྔོན་ཆད་ཀྱི་ཞེ་འཁོན་ ཁོ་ནར་མགོ་འཁོར་ནས་ད་ལྟའི་ གནས་བབ་ལ་ནམ་ཡང་མིག་ མི་གཡར་བ་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་རེད་སྙམ་གྱིན་ཡོད།

ཉེ་སྔོན་བདག་གི་རྩོམ་ཡིག་འགའ་ རེ་བྲིས་པར་མང་བོ་ཞིག་གིས་ ནང་དུ་ཅི་ཞིག་ བཤད་ཀྱིན་ཡོད་པ་དང་གནད་དོན་གང་དུ་ཡོད་པར་བསམ་གཞིགས་ཡེ་ནས་མི་གཏོང་བར། ཐད་ཀར་དགྱ་ནག་དང་འབྲེལ་ཡོད་ཀྱི་ མིང་རེ་དང་ཡང་ན་ཆོས་ལུགས་ དང་འབྲེལ་ཡོད་ཀྱི་ ཚིག་རེ་བཙལ་ནས་ཁ་ནས་ཅི་ཐོན་དང་ལག་ནང་གང་ཡོང་འབྲི་བཞིན་འདུག་པ་ནི་སྐྱོ་གར་ ཞིག་མིན་ནམ་སྙམ་བྱུང་། འདི་ལྟར་ལྟ་ཚུལ་ཅུང་ཙམ་གྱིས་ཡོངས་སུ་རྒྱབ་འགལ་བྱ་འདོད་པ་ནི་དངོས་གནས་འདང་ མི་དཔོག་པ་མ་ཞིག་མ་རེད་དམ། ཉེ་སྔོན་བདག་གི་འོད་དཀར་ཟིན་བྲིས་སུ་གྲྭ་བའི་ཟླ་ཕོག་སྐོར་གྱི་རྩོམ་ཞིག་བཞག་ ཡོད་པར། མི་རེ་འགས་ཉོག་གཏམ་ལུང་བ་གང་ རེ་ལབ་འདུག ཏག་ཏག་བཤད་ན་འདི་དག་ཡོད་པས་ལན་རེར་གཞི་ནས་མཚམས་འཇོག་སྙམ་པ་བྱུང་ཡང་། ང་རང་ནམ་ཡང་མི་སེམས་དཀྱུས་མ་ དང་མཉམ་དུ་འགྲོ་དགོས་སྙམ་ན། ཁོག་ན་ཅི་ཡང་མེད་པའི་མི་འདི་ དག་ལ་འདི་ལྟར་མི་བཤད་ཐུ་མེད་ རེད། ཁྱོད་ཚོས་བདག་གི་རྩོམ་ཡིག་དག་ ཀློག་མི་ཤེས་ན་མ་བཀླག་ཀྱང་ ཆོག་མོད། དེ་དག་མ་བལྟས་པར་དུངས་ཞེན་ཁོ་ ནའི་དབང་གི་སྐད་ཆ་ལབ་པ་ནི་ དུས་ཚོད་འཕྲོ་བརླག་ མ་རེད་དམ་ཞེས་ཡང་ཡང་སྐུལ་བ་ལགས།

དེ་ཡང་ཅུང་སྐྱོན་ཆུང་རེད་མོད། འུ་ཅག་ལ་དུངས་ཞེན་ཆེ་དྲགས་པས་ སམ། ཡང་ན་རྒྱུ་རྐྱེན་དང་དམིགས་ཡུལ་ གཞན་ཡོད་མེད་གང་ཡིན་ཆ་མ་འཚལ་ མོད། ད་ལྟ་བོད་ཕྱི་ནང་གཉིས་སུ་འདི་ ལྟ་བུའི་བཤད་ཚུལ་ཞིག་ཡོང་གིན་ འདུག ཁོ་ཚོས་ཞོགས་དུང་ཚོགས་པ་དང་ན་ གཞོན་གསར་བའི་ཚོགས་པ་ཞེས་དེ་ གཉིས་ནམ་ཡང་ཚོགས་ པ་ཡན་གར་བ་རེ་རེའི་ངང་ནས་ལྟ་གི་འདུག འདི་ནས་ཚང་མས་བསམ་གཞིགས་རྣལ་དུ་ཕབ་ཏེ་བཤད་དགོས་པའི་གཏམ་ཞིག་ལགས་ཏེ། བལྟས་པ་ཙམ་གྱིས་་གནད་དོན་ཆེན་པོ་མེད་ན་ཡང་། མི་འགྱངས་པར་འདི་ཡང་གནད་དོན་ ཆེན་པོ་ཞིག་ཏུ་མི་འགྱུར་བའི་ ངེས་པ་རྦད་དེ་མི་ འདུག སྤྱིར་ན་འདི་གཉིས་ནི་བསམ་བློའི་དཔུང་ཁ་མཐུན་པའི་མི་དག་ལ་འབོད་ཀྱིན་འདུག་ མོད། ཚང་མས་འདི་དག་ཚོགས་པ་ཞིག་ཏུ་ ལྟ་བཞིན་འདུག་པ་ནི་མིག་རྒྱང་ ཐུང་དྲགས་པའམ་ཡང་ན་ གླེན་རྟགས་ཆེ་དྲགས་པས་རེད། གང་ལྟར་འདི་ལྟར་ལྟ་བ་ནི་དངོས་གནས་ཧ་མི་གོ་བའི་དོན་དག་ཅིག་རེད། བསམ་བློའི་མཐུན་ཕྱོགས་ཙམ་གྱིས་ཚོགས་པ་ཞིག་ཏུ་འགྱུར་འགྲོ་ན་ང་རང་ཡང་ཚོགས་པ་ མང་བོ་ཞིག་གི་ཚོགས་མི་ཡིན་ཏེ། ང་ལ་མི་རབས་གསུམ་པ་དང་བཞི་བ། ད་དུང་ཁྱོད་ཚོས་བཤད་ཀྱིན་པའི་ ན་གཞོན་གསར་བ་དང་ཞོགས་དུང་ སོགས་མང་བོ་ཡོད་པས། དོན་དངོས་སུ་ང་རང་ཚོགས་པ་གང་དུ་འཇུག་རྒྱུ་ཡིན་ནམ། གཞི་ནས་དགོད་བྲོ་བའི་བྱ་སྤྱོད་ འདི་དག་ལ་བསམ་གཞིག་བཏང་ན་ ད་དུང་ཁ་བ་མི་མཐུད་ དུ་འབབ་རྒྱུ་ལོས་ཡིན་སྙམ་པ་ཞིག་བྱུང་། ཡང་སྔ་མོ་ནས་ཡང་དང་བསྐྱར་དུ་ན་གཞོན་གསར་བ་ནི་ཚོགས་པ་ཞིག་མིན་ཚུལ་དང་ཞོགས་ དུང་ལ་ཡང་ཚོགས་པ་ཞེས་བོས་ན་མི་ འགྲིག་ཚུལ་བཤད་མྱོང་ན་ཡང་། འདི་དག་ལ་ཇི་ལྟར་བཤད་ན་དེ་ལྟར་ ཇེ་དྲག་ཏུ་སོང་བས། མཐར་དགྱ་ནག་སྲིད་གཞུང་གིས་ཀྱང་ཡོད་ཚོད་ཚོགས་པ་ཞིག་གི་ངོས་ནས་ལྟ་གི་འདུག་ ཅེས་ད་ལྟ་ག་ལེར་ཐོས་འོང་། ནག་ཉེས་འདི་དག་ཡོད་ཚོད་སུ་ཡི་སྟེང་ན་མེད་པར། འུ་ཅག་གི་བསམ་བློའི་མུན་ནག་གི་སྟེང་དུ་ཡོད།

ཡང་ནས་ཡང་དུ་བཤད་རྒྱུ་ཞིག་ལ། འུ་ཅག་སུ་ལ་ཡང་བསམ་བློ་མི་མཐུན་ པ་འབྱུང་སྲིད་ཀི་རེད་ལ། འབྱུང་འོས་པ་ཞིག་ཀྱང་རེད། དཔར་ཤིང་གཅིག་ཏུ་དཔར་བའི་སྐུ་ལྟ་བུ་ཞིག་ཏུ་གྱུར་ཡོད་དུས་གཞི་ནས་ཚར་སོང་བ་ ཡིན་ཏེ། དགྱ་ནག་གིས་འུ་ཅག་དབང་འོག་ཏུ་ འཇུག་དུས་ཀྱང་ད་ལྟ་བུའི་སྣང་ ཚུལ་སྐྱུག་བྲོ་བོ་ དག་གིས་ལན་པ་མ་རེད་ཅེས་སུ་ཡིས་བསྙོན་ཐུབ་བམ། དེ་ན་བྱེས་སྡོད་པ་ཚོས་མཐའ་་གཅིག་ ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་ འཁྱེར་འོང་ནས་གང་ འདོད་འདོད་ཅིག་མ་བརྗོད་རོགས། ཡང་གཞིས་སྡོད་པ་ཚོས་འདི་ཚོགས་པ་དང་གན་ཚོགས་པ་ཞེས་གང་འདོད་འདོད་ཅིག་མི་ འདོགས་རོགས། ང་རང་ཚོ་ནི་ནམ་ཡང་མི་བུ་ཁེར་ རྐྱང་བ་རེ་རེ་ཡིན་པ་ལས། ནམ་ཡང་ཚོགས་ག་གེ་མོ་ཡིན་མི་སྲིད་དོ། ། གལ་ཏེ་ཡིན་དགོས་ཟེར་ང་རང་ཚོ་ནི་བོད་མི་རིགས་མཐུན་སྐོར་ཞིག་ཡིན་པ་དེ་ཙམ་མོ། །

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༡༧ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    བོད་ནང་གི་ཤེས་ལྡན་པ་ཚོར་རྒྱ་མིས་འཇུ་བཟུང་བྱེད་པ་དང་སུན་བཙེར་ལ་གཏོད་པ་ནི་ཤིན་ཏུ་སྡུག་བསྔལ་བ་ཞིག་པ་ཡིན་པ་དང་། དེ་ལས་ཀྱང་བོད་བྱེས་སུ་ཡོད་པའི་ཞབས་མཆན་པ་བསྟན་འཛིན་ཤེས་རབ་ཟེར་བ་དང་། འཚོལ་ཞིབ་པ་ཟེར་བ་སོགས་ཀྱིས་བོད་ནང་གི་ཤེས་ལྡན་པ་རེ་འགའི་གདོང་ལ་ནག་རྩི་བྱུགས་ཀྱིན་འདུག་པ་ནི་དེ་ལས་ཀྱང་སྐྱོ་བོ་རེད། རྒྱ་མིའི་འཇུ་བཟུང་དང་མཆན་ཞབས་པ་རེ་འགའི་བྱེད་སྟངས་འདི་ནི་རེ་བ་རྟ་རྔ་ཙམ་ཡང་གསོན་དུ་མི་འཇུག་རྒྱུའི་བྱུར་ཉེས་ཇི་འདྲའི་ཆེན་པོ་ཞིག་རེད་ཨང་།

    Reply
  2. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    གངས་ལྗོངས་བསྟན་སྲིད་སྐྱོང་ལ་མཐུ་བཙན་པའི། །
    རྨ་རྒྱལ་གངས་རིའི་མཚན་འཛིན་མགོན་པོ་མཆོག །
    འཛམ་གླིང་རིགས་མཆོག་བོད་མིའི་དཔུང་གཉེན་དུ། །
    བསྐལ་བ་རྒྱ་མཚོའི་བར་དུ་བརྟན་གྱུར་ཅིག

    Reply
  3. འཚོལ་ཞིབ says:
    ལོ་ 16 སྔོན།

    ད་ཡིན་ན་བཙན་བྱོལ་ནང་དྲ་བ་ཟིན་བྲིས་བཀག་འགོག་བྱེད་ཀྱི་འདུག་་ད་ནང་ངས་ཞོགས་ལྗང་གི་རྩོམ་འདི་ལ་བསམ་ཚུལ་ཐུང་ཙམ་བྲིས་ཡིན་པས།་ཆུ་ཚོད་གསུམ་ཙམ་བསྡད་མ་སོང།་དུས་བབ་ཚང་གིས་མེད་བཟོས་སོང།་་དོན་དངོས་བརྗོད་མི་ཆོག་པའི་བསམ་ཚུལ་བཤད་ས་བཟོས་ན་ཕན་ཐོག་ཇི་ཚམ་ཡོད་མེད་བསམ་གཞིག་དགོས་པ་ཞིག་རེད།་་དོན་དངོས་དག་ཆ་ཚིགས་སྦྱོར་ལ་ཤན་ཆ་ཤིན་ཏུ་ཆེ་འོ།་

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཕྱོགས་ལྗང་དང་ཐེའུ་རང་གཉིས་བོད་ནང་ནས་གླིང་ཞིང་། ཕྱི་ནས་དྲན་བསྡད་པའི་བོད་ཀྱི་བུ་རྒོད་གཉིས་ཡིན།

    Reply
  5. གནས་ཚང་། says:
    ལོ་ 16 སྔོན།

    གལ་སྲིད་རྒྱ་མི་དམར་པོའི་གཞུང་འདི་མི་གསོད་ལག་དམར་ཡིན་ཚེ། དགུ་ཚུགས་སྐྱ་མོ་ཅན་འདི་བོད་མི་རྩིས་སྤྲོད་ལ་དུང་མཁན་ཞིག་ཡིན་ཤག དེ་ལྟ་མིན་ན། ཞོགས་ལྗང་སོགས་བཙོན་ནང་བཅུག་པ་ཐོས་འཕྲལ་སྐད་ཆ་འདི་རིགས་བཤད་པ་ནི་དངོས་གནས་བདུད་ཀྱི་ལས་རོགས་རང་གི་བྱེད་སྟངས་རང་རེད།

    Reply
  6. གནས་ཚང་། says:
    ལོ་ 16 སྔོན།

    ཞོགས་ལྗང་དང་ཐེའུ་རང་གཉིས་རྒྱ་མིས་འཇུས་འདུག་ཅེས་གོ་སོང་། སེམས་སྐྱོ་དགོས་པའི་དོན་ཆེན་ཞིག་རེད། དོན་ལ་ཞོགས་ལྗང་ལགས་ཀྱི་རྩོམ་ཡིག་ཁག་ཀློག་སྐབས། གཞན་བརྟེན་གཏོར་ནས་རང་འཚོ་ཐུབ་པར་བསྐུལ་མཁན་ཞིག་རེད། དེ་བས། དོགས་སློང་མང་བོ་གནང་ཡོད་པ་རེད་ལ། གནང་ཡང་འོས་པ་ཞིག་རེད།

    དྲ་མགྲོན་ཁ་ཤས་ཀྱིས་ཞོགས་ལྗང་ནི་གླེན་བཤད་གནང་མཁན་ཞིག་ལ་ངོས་འཛིན་བཞིན་པ་ནི་ཁོང་ཚོར་ཞོགས་ལྗང་ལ་རྒྱུས་ལོན་བྱེད་པའི་ཤེས་ཚད་ཀྱིས་ལྕོག་གི་མེད་པ་གསལ་བོ་ཡིན་པར་མ་ཟད། མི་འདི་དག་ད་དུང་གཞན་བརྟེན་གྱི་འཚོ་བར་དུང་བ་ཟབ་མོ་ཞིག་ཡོད་པས་ཀྱང་ཡིན།

    Reply
  7. བཙན་པོའི་བུ། says:
    ལོ་ 16 སྔོན།

    ཨ་དགེ་ལགས། ཡིག་ནོར་མེད་པར་གྱིས་ལ་ཚིག་སྦྱོར་ལེགས་པར་གྱིས་ཞེས་སྐུལ་འདོད་བྱུང་།

    Reply
  8. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    ནོར་བཅོས་་་་་བྱེས་སྡོད་དེ་གཞིས་སྡོད་ལ་བཅོས་རོགས།

    Reply
  9. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    རྩོམ་ཡིག་འདི་ནི་བྱེས་སྡོད་པ་ཞོགས་ལྗང་ལགས་ཀྱི་རྩོམ་ཡིག་དངོས་ཡིན་མིན་ཐེ་ཚོམ་རེད། དེང་གི་ཆར་ངེད་ཚོའི་སྤྱི་ཚོགས་སྟེང་མི་བརྫུན་མ་མང་པོ་ཡོད་ལ་མིང་བརྫུན་མ་དེ་བས་མང་པོ་ཡོད།

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཞོགས་ལྗང་རྒྱ་མིས་བཀག་ཉར་བྱས་པ་ལ་སེམས་གཏིང་ནས་སྙིང་རྗེ་བསམ་གི འོན་ཀྱང་ཞོགས་ལྗང་གྱིས་དུས་རྩོམ་འབྲི་དུས་དགོད་བྲོ་བའི་ཁ་བྱང་མང་བོ་བེད་སྤྱོད་གཏོང་གི་རེད། ད་དུང་ཆབ་སྲིད་སྐོར་ལ་གླེན་བཤད་འཐེན་གི་རེད། ད་དུང་ཧ་ཅང་རྟོགས་ཟད་པ་ཡིན་མདོག་གིས་༧གོང་ས་མཆོག་ལ་བསླབ་བྱ་འདྲ་བོ་འབྲི་ཁུལ་བྱས་པ་རེད། དེའི་རྗེས་༧གོང་ས་མཆོག་གི་རྐུབ་ལྡད་མཁན་ཚོ་བྱེས་སྡོད་པ་ལ་ཚོགས་གཏམ་འདྲ་བོ་གཏོང་ཁུལ་བྱས་པ་རེད། སྐབས་དེར་ཁོ་ལ་ལན་འདྲེ་ཞོགས་ལྗང་དང་ཨ་ཞང་ཚང་གི་རྒྱུགས་ཁྱི་ཚོ་ཞེས་པའི་ཟིན་བྲིས་ཤིས་སྤེལ་བ་ཡིན། སྤེལ་ས་བོད་ནང་གི་ཧི་གཟུགས་ཟིན་བྲིས་རེད། ཁོས་སྨྱོན་རྟགས་མང་བོ་སྟོན་ཡང་ཁོ་ལ་མི་རིགས་ཀྱི་ཤ་ཞེན་གསོན་པོ་ཞིག་ཡོད་པ་ངས་ཧ་གོ་ཡོད། གང་ལྟར་ཡང་ཐེའུ་རང་དང་ཁོང་གཉིས་བཙོན་གྲོལ་ཐོབ་པར་སྨོན།
    འདི་ནི་དྲ་གྲོགས་ཤིས་གིས་ངོས་ནས་གླེང་བ་ཙམ་ཡིན།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཞོགས་ལྗང་རྒྱ་མིས་བཀག་ཉར་བྱས་པ་ལ་སེམས་གཏིང་ནས་སྙིང་རྗེ་བསམ་གི འོན་ཀྱང་ཞོགས་ལྗང་གྱིས་དུས་རྩོམ་འབྲི་དུས་དགོད་བྲོ་བའི་ཁ་བྱང་མང་བོ་བེད་སྤྱོད་གཏོང་གི་རེད། ད་དུང་ཆབ་སྲིད་སྐོར་ལ་གླེན་བཤད་འཐེན་གི་རེད། ད་དུང་ཧ་ཅང་རྟོགས་ཟད་པ་ཡིན་མདོག་གིས་༧གོང་ས་མཆོག་ལ་བསླབ་བྱ་འདྲ་བོ་འབྲི་ཁུལ་བྱས་པ་རེད། དེའི་རྗེས་༧གོང་ས་མཆོག་གི་རྐུབ་ལྡད་མཁན་ཚོ་བྱེས་སྡོད་པ་ལ་ཚོགས་གཏམ་འདྲ་བོ་གཏོང་ཁུལ་བྱས་པ་རེད། སྐབས་དེར་ཁོ་ལ་ལན་འདྲེ་ཞོགས་ལྗང་དང་ཨ་ཞང་ཚང་གི་རྒྱུགས་ཁྱི་ཚོ་ཞེས་པའི་ཟིན་བྲིས་ཤིས་སྤེལ་བ་ཡིན། སྤེལ་ས་བོད་ནང་གི་ཧི་གཟུགས་ཟིན་བྲིས་རེད། ཁོས་སྨྱོན་རྟགས་མང་བོ་སྟོན་ཡང་ཁོ་ལ་མི་རིགས་ཀྱི་ཤ་ཞེན་གསོན་པོ་ཞིག་ཡོད་པ་ངས་ཧ་གོ་ཡོད། གང་ལྟར་ཡང་ཐེའུ་རང་དང་ཁོང་གཉིས་བཙོན་གྲོལ་ཐོབ་པར་སྨོན།
    འདི་ནི་དྲ་གྲོགས་ཤིས་གིས་ངོས་ནས་གླེང་བ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese