མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་ནང་ཆོས་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་དྲུག་པའི་ཚེས་མགོར་༧གོང་ས་མཆོག་གིས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་དུ་ཉིན་གཉིས་རིང་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་རྒྱུ་ཡིན་འདུག

༢༠༠༧ ལོ་ནས་བཟུང་ངྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཇི་ལྟར་གསོལ་བ་བཏབས་པ་བཞིན།  ༧གོང་ས་མཆོག་གིས་ལོ་རེར་སློབ་གྲྭ་ཁག་གི་སློབ་མ་རྣམས་ལ་དམིགས་བསལ་གྱིས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་པ་ལྟར། འདི་ལོའི་ནང་ཆོས་ངོ་སྤྲོད་དེ་ཕྱི་ཟླ་ ༦ པའི་ཚེས་ ༡ ནས་ཚེས་ ༢ བར་ངྷ་སྟེང་བོད་ཁྱིམ་གྱི་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་གོ་སྒྲིག་གནང་རྒྱུ་ཡིན་འདུག

སྔར་ལོའི་ནང་ཆོས་ངོ་སྤྲོད་སྐབས་བོད་རིགས་གཞོན་སྐྱེས་ཚོ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་གསུམ་ལྷག་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་ལ། ཐེངས་འདིར་ཡང་ངྷ་སའི་ཉེ་ཁུལ་གྱི་ས་རཱ་མཐོ་སློབ་དང་ནོར་གླིང་མཐོ་སློབ། ངྷ་ཤོད་དང་ངྷ་སྟེང་བོད་ཁྱིམ། གྷོལ་པ་པུར་དང་སུ་ཇཱ་སློབ་གྲྭ།  ཤེས་རབ་དགའ་ཚལ་སློབ་གླིང་། དེ་མིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཐོ་སློབ་ཁག་གི་དགེ་སློབ་བཅས་མི་གྲངས་ ༣༠༠༠ བརྒལ་བ་འདུ་འཛོམས་ཡོང་བའི་ཚོད་དཔག་བྱེད་བཞིན་ཡོད་ཅེས་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་ཚེས་ ༨ ཉིན་འདི་གར་འགྲེལ་བརྗོད་གནང་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 9

  1. tenzin lobsang says:
    ལོ་ 16 སྔོན།

    དེ་ལྟར་གནང་བ་ཐུགས་རྗེ་ཆེ།།

    Reply
  2. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    དུས་རབས་སྟོང་ལ་མ་འཕྲོད་བོད་པའི་ངོ་། །
    ད་ལྟའི་དུས་ལ་འཕྲོད་བྱུང་བོད་པའི་ངོ་། །
    བོད་ངོ་བོད་ལ་སྤྲད་པའི་བཀའ་དྲིན་འདི། །
    བོད་ངོ་ཅན་ཚོས་མ་བརྗེད་བོད་པའི་ངོ་། །

    རྨོངས་འཐོམ་མུན་པ་གཏོར་བའི་བོད་པའི་ངོ་། །
    རིས་ཆད་གཅིག་ཏུ་བསྒྲིལ་བའི་བོད་པའི་ངོ་། །
    བོད་ངོ་སྲིད་དུ་བསྒྲེང་མཁས་བོད་པའི་ངོ་། །
    བོད་ངོས་བསྐལ་བའི་མཐར་ཡང་བོད་ངོ་གླེང་། །

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། ་ཧ་ཧ་་བོད་པ་བཟི་བ་མ་རེད་་་་་་་་རང་ཉིད་ནང་ཆོས་སྦྱང་སར་ནས་བཟི་ནས་རང་མདོག་བསྟན་པ་རེད

    Reply
  4. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    རང་མདོག་མི་མཐོང་བའི་སྨར་དྷཱིཿཟེར་ལགས་། རང་གིས་མི་མཇོན་པར་གཞན་གྱིས་བྱས་ན་ཕྲག་དོག་བྱས་ནས་ཅི་ཕན་ ཁྱེད་དགོངས་པ་བཞེད་དང་ཟླ་བ་ཚེ་རིང་ལགས་ཡག་པོ་ཡོད་དང་མེད་མི་ཤེས་ཀྱང་ད་ལྟའི་ཆར་དངོས་ཡོད་ཀྱི་ལམ་ནས་ཡོངས་གླིང་སློབ་གྲྭ་དེས་རང་རིགས་མང་པོ་ཞིག་ལ་ཕན་ཐོག་ཆེན་པོ་བྱུང་ཡོད། ད་དུང་ཁྱེད་ཀྱི་གསུངས་སྟངས་ལ་ལྟས་ན་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་འགོ་འཛིན་ཆགས་ན་མང་པོ་ཞིག་ཟ་རྒྱུ་ཡོད་པ་འདྲ་ ག་རེ་ཟ་རྒྱུ་ཡོད་དམ་ཁྱེད་ཀྱི་གསུངས་དང་། ཁོང་རྣམས་པའི་ལྷག་བསམ་ལ་ཡིད་རངས་མེད་ཀྱང་ཕྲག་དོག་བྱས་པས་ཅི་ཕན།

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    བདེ་སྐྱིད་ཚོགས་ཁང་རེད་དམ། ངའི་བསམ་ཚོད་ལ་བྱས་ན་དྷ་སྟེང་བོད་ཁྱིམ་གྱི་ཚོགས་ཁང་གསར་པའི་ནང་ཡིན་རྒྱུ་རེད། གལ་སྲིད་བདེ་སྐྱིད་ཚེ་རིང་ཚོགས་ཁང་ནང་ཡིན་ན་གཞོན་སྐྱེས་དེ་ཙམ་མང་པོ་ཚོགས་བཅར་ཞུ་ཐུབ་བམ།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ནང་ཆོས་སྦྱངས་ནས་བོད་པ་བཟི་འདུག །
    རིགས་ལམ་མེ་སྟག་ཞེན་པས་ཚིག་འདུག །
    ཕ་མེས་དུར་སར་བདག་པོ་མི་འདུག །
    ད་ལྟ་ཤེས་དུས་སྐྱོ་བ་སྐྱེས་བྱུང་། །

    བོད་ངོ་བོད་མིས་ཤེས་ཀྱི་འདུག་དང་མི་འདུག་ལགས། དེ་བས་ངོ་སྤྲོད་འདི་དང་མཉམ་དུ་ག་རེ་ངོ་སྤྲོད་ཡོད་ན།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ནང་ཆོས་སྦྱངས་ནས་བོད་པ་བཟི་འདུག །
    རིགས་ལམ་མེ་སྟག་ཞེན་པས་ཚིག་འདུག །
    ཕ་མེས་དུར་སར་བདག་པོ་མི་འདུག །
    ད་ལྟ་ཤེས་དུས་སྐྱོ་བ་སྐྱེས་བྱུང་། །

    བོད་ངོ་བོད་མིས་ཤེས་ཀྱི་འདུག་དང་འདུག་ལགས། དེ་བས་ངོ་སྤྲོད་འདི་དང་མཉམ་དུ་ག་རེ་ངོ་སྤྲོད་ཡོད་ན།

    Reply
  8. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཟླ་བ་ཚེ་རིང་ལགས་ཀྱིས་ཡོངས་གླིང་སློབ་གྲྭ་དགེ་བདག་ཏུ་བསྒྱུར་བའི་བཀའ་དྲིན་དུ་དེ་རིང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ཆགས་འདུག་ད་དུང་ཁོང་གི་ཟ་རྔམ་གྱི་ཁ་ནམ་མཁར་ལྟས་ནས་འདུག་ཡོད་མི་ཚང་མས་གཟབ་གཟབ་གནང་གལ་ཆེ།

    Reply
  9. བོད་པ་ཚང་། says:
    ལོ་ 16 སྔོན།

    དེ་ལྟར་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཀྱི་བརྗོད་གཞི་གང་ཡིན་གསལ་ཁ་མི་འདུག་པས། ད་ལྟ་ནས་གཏན་འབེབས་ཟིན་ན་འགོད་གནང་འོང་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese