མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བསྟན་འཛིན་བདེ་སྐྱིད་ལ་ལེགས་སྐྱེས་ཆུང་ཆུང་ཞིག རིག་འབྱུང་དོན་བཀྲ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།

བོད་ཡིག་ཀློག་མི་ཐུབ་པའི་དཀའ་ངལ་དེ། ཁྱེད་ལ་འཕྲད་པའི་དཀའ་ངལ་རེད། ངས་བཀླགས་པ་ཡིན། དཀའ་ངལ་དེ་འཕྲད་མཁན། བོད་མི་གཅིག་གཉིས་མ་རེད། བོད་མི་འགའ་ཤས་རེད། འོན་ཀྱང་། སྤྱི་ཡོངས་ནས་བལྟས་ན། བོད་ནང་ན། དཀའ་ངལ་དེ་མི་འདུག བོད་ཕྱི་ན། དཀའ་ངལ་དེ་འདུག དཀའ་ངལ་དེ་ཡོད་མཁན། བོད་མི་ཉུང་ཤས་ཤིག་རེད། བོད་ཕྲུག་ཉུང་ཉུང་ཞིག་ལ། དཀའ་ངལ་དེ་འཕྲད་བཞིན་འདུག བོད་མི་ཚོའི་ཁྲོད་ན། ཁྱེད་ཀྱི་བསམ་ཚུལ་ལ། རྒྱབ་སྐྱོར་བྱེད་མཁན་འདུག་ལ། དགག་པ་རྒྱག་མཁན་ཡང་འདུག ཚོད་དཔག་བྱས་ན། ཕྱི་མ་དེ་མང་བ་འདུག སྔ་མ་དེ་ཉུང་བ་འདུག གང་ལྟར། མང་ཉུང་ལ་མ་བལྟས་བར། དཀའ་ངལ་ནི་འཕྲད་བཞིན་འདུག དཀའ་ངལ་ནི་དངོས་ཡོད་རེད།

དཀའ་ངལ་དེ། བུ་ཕྲུག་གཅིག་པོའི་དཀའ་ངལ་མ་རེད། ཕ་མའི་དཀའ་ངལ་ཡང་ཆགས་འདུག བུ་ཕྲུག་གིས་སྐད་བརྒྱབ་ན། ཕ་མ་ཚོ་ངུ་ཤོར་གི་འདུག དེར་བརྟེན། བར་སྟོང་བཞག་ན། ྐློག་བདེ་བ་ཡོང་གི་རེད་ཟེར། བར་སྟོང་བཞག་ན། གོ་བདེ་བ་ཡོང་གི་རེད་ཟེར། བསམ་ཚུལ་འདི། དཀའ་ངལ་འཕྲད་མཁན་ཚོར་འདུག འོན་ཀྱང་། བར་སྟོང་མི་དགོས་ཟེར་མཁན་མང་། ཧ་ཅང་མང་། བར་སྟོང་མི་དགོས་ཟེར་མཁན་ཚོ། དཀའ་ངལ་མེད་མཁན་ཚོ་རེད། ཁོང་ཚོའི་བསམ་ཚུལ་རེ་ལ། རྒྱབ་ལྗོངས་འགྲེལ་བཤད་རེ་འདུག འོ་ན། ད་ཅི་བྱེད་དགོས་སམ། དཀའ་ངལ་འདི། འདི་ལྟར་འཇོག་གི་ཡིན་ནམ། དཀའ་ངལ་འདི་ལ། ཡ་ལན་མ་སྤྲད་པར། གཡུག་གི་ཡིན་ནམ། བོད་རིགས་ཚོས་། བསམ་བློ་ཐོངས། བསམ་བློ་ཞིབ་ཏུ་ཐོངས། དཀའ་ངལ་ཡོད་མཁན་ཚོས་། ཀླད་པ་དཀྲུགས། རྣམ་དཔྱོད་བརྡར། དཀའ་ངལ་མེད་མཁན་ཚོས། དཔྱད་བསྡུར་བྱོས། ཐབས་ལམ་འཚོལ།

བར་སྟོང་བཞག་ནས། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར། བོད་ཡིག་སློབ་གི་ཡིན་ནམ། དཔེར་ན། “དེ་རིང་ གནམ་ངོ་ དྭངས་ཤིང་ སྤྲིན་པ་ ཉུང་བར་ མ་ཟད་ ཉི་མ་དྲོ་། “ལྟ་བུ།
ཡང་ན། བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངུར་བསྡུས། གོ་བདེ་བར་བྱས་ནས། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར། བོད་ཡིག་སློབ་གི་ཡིན།
དཔེར་ན། “དེ་རིང་། ནམ་མཁར་སྤྲིན་པ་ཉུང་། གནམ་ངོ་དྭངས། ཉི་མ་དྲོ། “ལྟ་བུ།
བར་སྟོང་འཇོག་རྒྱུར། འདོད་མོས་མེད་ན། བར་སྟོང་མ་བཞག་པར། བརྗོད་པ་ཐུང་དུ་བཏང་ན། ཚིག་ཉུང་དུ་བཏང་ན། གོ་བདེ་བར་བཟོས་ན།
ཕན་ ཐོགས་ཀྱི་རེད་དམ། དཀའ་ངལ་ཅན་ཚོར། ཕན་ཐོགས་ཀྱི་རེད་དམ། བརྗོད་པ་ཐུང་དུ་བཏང་ནས། ཐོར་བུར་བཀྲམས་སྟངས་འདི། བོད་ཀྱི་མཁས་དབང་སྔ་མ་ཚོར་འདུག དཔེར་ན། ས་པན་གྱིས། “ཀྱེ་མ། གནའ་དུས་བཟང་པོ་ནུབ། ད་དུས་ངན་པ་ཤར། གནའ་མི་མཁས་པ་འདས། ད་མི་བླུན་པོ་སྐྱེས། “ལྟ་བུ།
འགྲོ་མགོན་འཕགས་ པས། “རྐྱེན་ཅི་ཡིན་ནི་མ་ཤེས། ཁྱེད་མ་བྱོན་པ་དེ་ཡིན། དེ་ལ་ངེད་ཅུང་ཟད་ཡི་ཆད་པ་བྱུང་། ད་དུང་ཆོས་ཀྱི་རྗེ་ནི་མི་བཞུགས་།
གཞན་སློབ་དཔོན་མེད་པས་ཁྱེད་ལ་རེ་ཞིང་མཆིས་།” ལྟ་བུ། ད་དུང་། དེས་ག་ལ་ཚད། ཏུན་ཧོང་གཏེར་ཡིག་ན། “རྟ་ཡི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་རྙིང་རྗེད་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་བཙལ།” ལྟ་བུ། དགེ་འདུན་ཆོས་འཕེལ་གྱི། གཏམ་རྒྱུད་གསེར་ཐང་ན་ཡང་། འདི་ལྟ་བུ་མང་པོ་འདུག

ཐོར་བུར་བཀྲམས་ནས་འབྲི་སྟངས་འདི། བོད་ཡིག་འབྲི་མཁན་གཅིག་པོ་མ་རེད། དབྱིན་ཡིག་འབྲི་མཁན་ཚོར་ཡང་འདུག
དཔེར་ན། སྡོམ་པ་ཚེ་རིང་དབང་མོའི་རྩོམ་ལྟ་བུ། སྡོམ་པ་ཚེ་རིང་དབང་མོའི་རྩོམ་རྣམས། ཁྱེད་ཀྱིས་བཀླགས་མྱོང་ཡོད་རེད།
བསྟན་འཛིན་བདེ་སྐྱིད་ལགས། འདི་ལྟར། བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངུར་བསྡུས། གོ་བདེར་བྱས། ཐོར་བུར་བཀྲམས་ནས་བྲིས་ན།
ཁྱེད་ཀྱིས་ཀློག་ཐུབ་བམ། ཁྱེད་ཀྱི་གྲོགས་པོ་ཚོས། ཀློག་གི་རེད་དམ། འདི་ཁྱེད་ལ་ལེགས་སྐྱེས་ཡིན། གཙང་བཞེས་གནང་རོགས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣
His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

༢༠༢༣/༠༦/༠༢
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡

མཆན། 17

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    བློ་བྱམས་ཀྱི་མ་མ་ཟེར་བ་འདི་རྩོད་གཞི་ཅན་ཞིག་རེད། འདི་འདྲའི་རིགས་རེ་འགའ་མ་གཏོགས་འཕྲད་ཀྱི་མ་རེད་བསམ།
    འདིའི་རིགས་ནམ་ཞག་རྒྱུན་ཏུ་འཕྲད་པའི་དཀའ་ངལ་གྱི་རིགས་མ་རེད།
    འབའ་སྲས་ནས་སྔ་མ་དང་ཕྱི་མ་གཉིས་ཀར་མོས་མཐུན་མེད་ཟེར། དེ་ལ་སྐྱོན་མི་འདུག དཀའ་ངལ་ཆུང་ཆུང་འདི་སེལ་ཐུབ་ལ་ཁྱེད་ཀྱི་ཐབས་ལམ་ཅི་ཡིན།
    ཕྱི་རྒྱལ་དུ་སྐྱེས་བའི་བྱིས་བ་ཚོར་འཕྲད་བཞིན་པའི་དཀའ་ངལ་ཆུང་ཆུང་འདི་སེལ་ཐབས་ཤིག་འདུག་གམ།

    Reply
  2. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 13 སྔོན།

    བློ་བྱམས་ཀྱི་མ་མ་ཡིན་།

    ནམ་རྒྱུན་ནས། དོན་དག་ཆེ་ཆུང་ཚང་མར་རྩོད་གླེང་བྱས་སྡོད་མཁན་གྱི་རྒན་པོ་དེ་དག དེ་རིང་། གནའ་བོའི་བོད་ཀྱི་པར་རྙིང་འཚོལ་སྡུད་བྱེད་མཁན་ཨ་ཁུ་གདུགས་དཀར་སྐྱབས་ཚང་ལ་འཛོམས་འདུག དེ་རིང་གི་རྩོད་གླེང་དེ་ནམ་རྒྱུན་དང་ཅུང་མི་འདྲ་བ་ནི། ནམ་རྒྱུན་ཡིན་ན་རྩོད་གླེང་གི་མཇུག་ཏུ་གང་བདེན་མིན་ལ་ཐག་གཅོད་བྱེད་མཁན་ཞིག་ཡོད་པ་རེད། དེ་རིང་བདེན་རྫུན་དབྱེ་འབྱེད་བྱེད་མཁན་དེའང་ཁ་བཙུམ་སྡོད་པ་ལས་ཅི་བྱ་གཏོད་མེད་དུ་གྱུར།

    རྩོད་གླེང་ནི་འདི་ལྟར། གནའ་བོའི་པར་རྙིང་ཞིག་གི་འོག་ཏུ། པར་འདི་ བློ་བྱམས་ཀྱི་མ་མ་རེད། དགེ་ལེགས་ཀྱིས་ ༡༨༨༩ ཟླ་ཚེས་ལ། ཞེས་བྲིས་ཡོད་འདུག

    ཁ་ན་མ་ཎི་འདོན་ཞིང་། ལག་པ་ན་དངུལ་ཐིམ་རྒྱབ་པའི་འཁོར་ལོ་ཞིག་བར་མེད་སྐོར་བཞིན་པའི་ཨ་མྱེས་ལྷ་རྒྱལ་གྱིས། པར་དེ་ལ་ཞིབ་ཚགས་ཀྱིས་ཐེངས་གཅིག་བལྟས་རྗེས།

    ཨོ། འདི་ བློ་བྱམས་ཀྱི་ མ་མ་ རེད འདུག་ག ཟེར་ནས་གདེང་ཚོད་ཆེན་པོས་བཤད་རྗེས་གཞན་པ་ཚོར་སྐོར་ལྟ་ཐེངས་ཤིག་བྱས་ཏེ་མུ་མཐུད་མ་ཎི་བཏོན་ཞིང་འཁོར་ལོ་སྐོར།

    དེ་ནས་ནམ་རྒྱུན་ཁོའི་ཁ་གཏད་གཅོག་མཁན་ཨ་མྱེས་སྟག་ལྷ་རྒྱལ་གྱིས། ལམ་སང་ལག་གི་བ་སོའི་འཕྲེང་བ་འདེད་མཚམས་བཞག་ནས།

    ག་རེ་གོ ཟེར་ནས་པར་ལ་ཞིབ་ལྟ་ཞིག་བྱས་རྗེས། ཁོང་དགོད་ཅིག་དང་མཉམ། ལྷ་རྒྱལ་འདིས་མི་ཤེས་ཤེས་ཁུལ་བྱས་ནས།

    འདི་བློ་བྱམས་ཀྱི་ མ་ མ་རེད་ཟེར་ནས་ཀློག་དགོས་རེད་ལབ་ནས་ཡིད་ཚིམ་པའི་ངང་ས་རུ་བསྡད།

    དེ་ནས་འགའ་རེས་ མ་མ་ རེད། ཅེས་ཀློག་དགོས་པ་རེད་ཟེར་ནས་རང་རང་རང་གི་རྒྱུ་མཚན་བཤད། འགའ་རེས་ མ་ མ་རེད་ ཟེར་ནས་ཀློག་དགོས་པ་རེད་ཟེར་ནས་རྩོད་པ་རྒྱབ།

    དེ་ནས་བཟུང་ལོ་ངོ་མང་པོ་ཞིག་འགོར། རྩོད་པ་དེ་ད་རུང་ཐག་ཆོད་མི་འདུག ཚན་རིག་པ་འགའ་ཤས་ཤིག་སྐད་བཏང་ཡོང་བར་དེ་ཚོས་ཀྱང་ཐག་མ་ཆོད་པར་ལུས་འདུག དོན་ངོ་མ་པར་དེ་སུ་ཞིག་ཡིན་མིན་དེ། ད་ལྟ་འཛམ་གླིང་གི་གསང་གནས་གལ་ཆེན་ཞིག་ཏུ་གྱུར།

    ཨ་ཁུ་སྟག་ལྷས། མགོ་བོ་འཕྲེད་དུ་གཡུག་བཞིན།

    དགེ་ལེགས་དེས། ཡི་གེ་དེ་འབྲི་སྐབས་ཚིག་མཚམས་བཞག་ཡོད་པ་ཡིན་ན། ང་ཐོབ་ཐོབ་བ་རེད། མ་གཞི་རྩོད་གླེང་འདི་ཡང་ཡོང་ཡོད་པ་མ་རེད་ཟེར་ནས་ཁ་སང་ངས་བཅར་འདྲི་བྱེད་དུས་ཤོད་ཀྱི་འདུག ཨ་མྱེས་ལྷ་རྒྱལ་གྲོངས་ནས་ལོ་གསུམ་ཕྱིན་འདུག་པས་བཅར་འདྲི་བྱེད་ཐུབ་མ་སོང་།

    གསང་གནས་འདི་དུས་རབས་ནས་དུས་རབས་སུ་གསང་གནས་སུ་ལས་རྒྱུ་ཡིན་པ་འདྲ།

    Reply
  3. འབའ་སྲས། says:
    ལོ་ 13 སྔོན།

    ང་ནི་བར་སྟོང་འཇོག་རྒྱུ་དང་རྗོད་པ་བདེ་བོ་བཟོ་རྒྱུ་གཉིས་ལ་མོས་མཐུན་མེད། རྒྱུ་མཚན་། སྔ་མ་མིག་ལ་མི་མཛེས་པ་མ་ཟད་ཀློག་མི་བདེ། ཕྱི་མ་སྐད་ཆའི་རང་བཞིན་འགྱུར་འགྲོ་ངེས་ཡིན། དེ་ཙམ་ཡིན། རྗེས་སུ་གླེང་།

    Reply
  4. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    བར་སྟོང་གི་སྐོར་ལ་རྩོད་པ་བརྒྱབ་བརྒྱབ་པའི་མཐའ་མར། འབབ་ས་འདི་འདྲ་ཞིག་མ་གཏོགས་མེད་པ་འདྲ།
    དཀའ་ངལ་ཞིག་འཕྲད་བཞིན་པ་ནི་དངོས་ཡོད་རེད། དེ་ལ་དཀའ་ངལ་མ་རེད་ཟེར་ཨེ་ཉན།
    བྱིས་བ་ཚོས་སྐད་བརྒྱབ་ན། ཕ་མ་ཚོ་ངུ་ཤོར་གི་ཡོད་རེད། ངུ་ཤོར་མཁན་གཅིག་མདའ་ཚན་པ་ཡང་རེད།
    དེ་ནི། བོད་རིགས་ཚོས་དཀའ་ངལ་ཆུང་ཆུང་དེ་སེལ་ཐབས་ལ་བསམ་བློ་གཏོང་དགོས་རེད་དྲན། གཞན།
    དཀའ་ངལ་ཡོད་མཁན་ཚོས་མུ་མཐུད་དུ་མ་ྐློག དཀའ་ངལ་མེད་མཁན་ཚོས་མུ་མཐུད་དུ་ྐློག་ལབ་ན། དེ་དཀའ་ངལ་སེལ་ཐབས་ཤིག་མ་རེད་འདོད།
    དེ་ཙམ་ཡིན། རྗེས་སུ་མཇལ་ཡོང་།

    Reply
  5. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    དེ་ཡང་གཅིག་ཕྱོགས་གཅིག་རེད། གང་ལྟར། བར་སྟོང་བཞག་མ་བཞག་གི་སྒང་ལ་བརྩད་འདྲ་བརྒྱབ་ནས་ཉི་མ་བསྐྱལ་བ་ལས། འདི་བྱེད་ཐབས་ཤིག་ཡིན་དྲན།
    བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངུར་བཏང་། གོ་བདེ་བར་བྱས། ཐོར་བུར་བཀྲམས་ནས་བྲིས་ན། ྐློག་བདེ། གོ་བདེ། གང་བྐླགས་པ་དེ་སེམས་ལ་འཇགས་སླ་བའི་ཡོན་ཏན་ཞིག་ཀྱང་ཡོད།
    རྩ་འཛིན།
    ༡ བརྗོད་པ་ཐུང་ཐུང་།
    ༢ ཚིག་ཉུང་ཉུང་།
    ༣ གོ་བདེ་བོ།
    ༤ ཐོར་བུར་བཀྲམས་པ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    རིག་འབྱུང་དོན་བཀྲ་ལགས།

    བརྗོད་པ་ཐུང་དུ་གཏོང་རྒྱུ་དང་། བརྗོད་པ་ཁ་ཚང་རེས་གྲུབ་པ་བྱས་ན་ཤིན་ཏུ་ལེགས། འགའ་རེས་བརྗོད་པ་རིང་པོ་དེ་འདྲ་བྲིས་ཡོང་གི་རེད། དེ་དག་གིས་ང་ཚོར་ཡང་དཀའ་ངལ་སྤྲོད་ཀྱི་འདུག བར་སྟོང་གི་བསམ་ཚུལ་འདི་ལོ་སྔོན་མར་གླེང་མ་ཐག་ང་རང་ལ་བསམ་ཚུལ་ཞིག་བྱུང་བ་ནི་བརྗོད་པ་ཐུང་ཐུང་བཟོ་རྒྱུ་འདི་རང་ཡིན།

    དེ་མ་གཏོགས་ཁྱོད་ཀྱི་གཅོད་སྟངས་དེ་ཏག་ཏག་བསྡད་མི་འདུག དཔེར་ན།
    དཀའ་ངལ་དེ་འཕྲད་མཁན། ཞེས་པའི་མཚམས་ནས་ཤད་འཇོག་པ་དང་། བོད་ནང་ན། ཞེས་པའི་མཚམས་ནས་ཤད་འཇོག་པ་འདི་ཁྱད་མཚར་པོ་ཞིག་རེད།

    དྲ་གྲོགས་ཚང་མས་རྗེས་ཕྱོགས་བརྗོད་པ་ཐུང་ཐུང་དང་། བརྗོད་པ་འཐུས་ཚང་གི་ཐབས་འདི་སྤྱད་དེ་བྲིས་ན་ཕན་ཐོགས་ཡོད་སྲིད། འདི་ང་ཚོས་ལག་ལེན་ལ་འདེབས་ཐུབ་པའི་གྲས་རེད། ད་ནས་བཟུང་འདི་རྩ་འཛིན་བྱས་ན་གང་འདྲ་རེད། དེ་དོན་ཚང་མར་བཤད་རོགས།

    རྩ་འཛིན།
    ༡། བརྗོད་པ་ཐུང་ཐུང་།
    ༢། བརྗོད་པ་འཐུས་ཚང་།

    Reply
  7. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ལུང་རིགས་ལགས་ནས་། ཁྲིམས་འགལ་ཡིན་མིན་གྱི་སྐད་ཆ་ཞིག་དྲུད་ནས་སླེབས་འདུག
    ངེད་ཀྱི་བསམ་པར། བོད་ནང་ན། དཀའ་ངལ་དེ་མི་འདུག བོད་ཕྱི་ན། དཀའ་ངལ་དེ་འདུག་ཞེས་བྲིས་ན། ཁྲིམས་འགལ་ཡིན་པ་དང་། བོད་ནང་ན་དཀའ་ངལ་དེ་མི་འདུག བོད་ཕྱི་ན་དཀའ་ངལ་དེ་འདུག་ཞེས་བྲིས་ན་། ཁྲིམས་འགལ་མིན་པ་ཞིག་དམིགས་བསལ་མཐོང་གི་མི་འདུག འདི་ལ་བསམ་བློ་གཏོང་རྒྱུ་ཞིག་ཏན་ཏན་ཡོད་རེད་དྲན།
    ངེད་ཀྱིས་དགེ་འདུན་རབ་གསལ་ལགས་ཀྱིས་བརྩམས་པའི་བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་བྱ་བ་བྐླགས་པ་ཡིན། བོད་སྔ་རབས་ཀྱི་ཚིག་འགྲོས་ཇི་སྙེད་ཅིག་དེ་ན་འདུག དཔེར་ན། “བློན་པོ་རུ་ལས་སྐྱེས་ཀྱིས་རང་གི་མ་ལ་དྲི་བ་ཕུལ་བ་དང་། མས་ལན་བཏབ་པའི་རྣམ་པ་ཞིག
    དཔེར་ན། མྱི་གང་བྱ་གང་ལ་རྗོ་བོ་ཡོད་ན། ངའི་རྗོ་བོ་ག་རེ། མྱི་གང་བྱ་གང་ལ། ཕ་ཡོད་ན་ངའི་ཕ་གར་རེ། “ཞེས་བ་ལྟ་བུ།
    དེའི་ག་ལ་ཚད། གནའ་རྩོམ་ཁྲིམས་ཡིག་གི་ཚན་པ་ཞིག་ལ།
    དཔེར་ན། “གཡག་གི་འོག་དུ་ཚུད་པ་ལ། སྟོང་མཉམ་མོ། སྟོང་མཉམ་པའི་རྣམས། གཅིག་གཡགི་འོག་དུ་ཆུད་པ་ལ། གཅིག་གན་ན་མཆིས་ཏེ། མ་ཕྱུང་ནས། གཡགིས་བཀུམ་ནའ།
    མ་ཕྱུང་བའི་ཆད་པར། སྲང་ལྔ་བརྒྱ་ཕབ་སྟེ། དཀུམ་པ་ལ་སྩལདོ། མ་གུམ་ན། མ་ཕྱུང་བའི་ཆད་པར། སང་ཉི་བརྒྱ་ལྔ་བཅུ་བབ་སྟེ། གཡགི་འོག་ནས་ཐར་པ་སྩལདོ། གཡགི་འོང་ནས་ཕྱུང་ན། ཕྱུང་བའི་བྱ་དགར་བུ་མོསྩལདོ། བུ་མོ་མ་མཆིས་ན། སྲིང་མོ་དབང་ངོ་།” ལྟ་བུ་འདུག
    ཞོར་འཕྲོས། གོང་གི་དབྱིངས་ཡིག་གི་གུ་རྣམས་ཕྱིར་ལོགས་རེད།

    Reply
  8. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    ངེད་ཀྱིས་བཞག་པའི་དཔེར་བརྗོད། བར་སྟོང་བཞག་ནས། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར། བོད་ཡིག་སློབ་གི་ཡིན་ནམ། དཔེར་ན། “དེ་རིང་ གནམ་ངོ་ དྭངས་ཤིང་ སྤྲིན་པ་ ཉུང་བར་ མ་ཟད་ ཉི་མ་དྲོ་། “ལྟ་བུ།
    ཡང་ན། བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངུར་བསྡུས། གོ་བདེ་བར་བྱས་ནས། ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོར། བོད་ཡིག་སློབ་གི་ཡིན།
    དཔེར་ན། “དེ་རིང་། ནམ་མཁར་སྤྲིན་པ་ཉུང་། གནམ་ངོ་དྭངས། ཉི་མ་དྲོ། “ལྟ་བུ། ཁ་བརྡའི་ཐོག་ཏུ་དགེ་འདུན་རབ་གསལ་དང་མདའ་ཚན་པ་གཉིས་ཀྱིས་བཏབས་པའི་མཆན་བུ།

    ༢༧༽ དགེ་འདུན་རབ་གསལ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༠ གི་ཆུ་ཚོད་ ༡༣ སྐར་མ་ ༥༢

    རེད་ལགས། ངས་ཀྱང་སྔོན་མ་ཞིག་ནས་དྲན་མྱོང་བ་ཞིག་ལ། ད་ཡང་དཔེ་ཞིག་འཇོག་དགོས་ཆགས་སོང་། དཔེ་འདི་ལ་མིག་དཔེ་ལྟ་བུར་མི་འཛིན་པ་ཞུ། ཌོག་ཊར་སུའུ་སི་ ཞེས་པའི་དབྱིན་ཇིའི་བྱིས་སྒྲུང་གྲགས་ཅན་འདྲི་མཁན་དེས། ཚིག་འབྲུ་ ༥༠ ཡིན་ནམ་ཅིག་སྤྱད་ནས་བྱིས་པའི་སྒྲུང་ཞིག་བྲིས་པ་རེད་ཟེར། ཞྭ་མོ་གོན་པའི་ཞི་མི་ཟེར་བ་སོགས་ཡིན་པ་འདྲ། ཚིག་འབྲུ་ཉུང་། རྗོད་པ་ཐུང་ངུར་བཏང་ནས་བྲིས་ན་ཡག་པོ་ཡོང་རྒྱུ་གཏན་འཁེལ་བ་རེད།
    རི་བོང་གཅིག རི་བོང་གཉིས།
    རྩྭ་གང་དུ་ཡོད། ཆུ་གང་དུ་ཡོད།

    རི་བོང་གཅིག་ རི་བོང་གཉིས།
    རྩྭ་རི་ལ་ཡོད། ཆུ་ལུང་ལ་ཡོད༎

    རི་བོང་གཅིག་ རི་བོང་གཉིས༎
    རི་གང་དུ་ཡོད། ལུང་གང་དུ་ཡོད།

    རི་བོང་གཅིག་ རི་བོང་གཉིས
    རི་བོད་ལ་ཡོད། ལུང་བོད་ལ་ཡོད།

    གོང་གི་འདི་ ཚིག་འབྲུ་ བཅུ་ ཡིས་གྲུབ་ཡོད། དཔེ་མཚོན་ཡིན་ནོ༎

    ༤༥༽ མདའ་ཚན་པ་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༠ གི་ཆུ་ཚོད་ ༡༣ སྐར་མ་ ༠༩

    དེ་ཡང་ཐབས་ལམ་ཞིག་རེད། ཚིག་ཚོགས་རིང་མོ་ཚོར་བལྟས་ན་བརྒྱ་འགྱུར་གྱིས་ཁྱད་པར་འདུག ངོ་རྒོལ་དང་རྒྱབ་སྐྱོད་གཉིས་ཀྱི་རྩོད་པ་བརྒྱབ་བརྒྱབ་གི་མཐར། འབབ་ས་དེ་ཕལ་ཆེར་དེ་འདྲ་ཞིག་གི་ཐོག་མ་གཏོགས་འབབ་ས་མ་རེད་དེ། དེའང་ཡག་པོ་རེད་ཞུ་འདོད།
    ཁ་སང་དགོང་མོ་ཁྱེད་ཀྱིས་མགོ་རུལ་ལ་ལན་བཞག་པ་དེ་ཚོ་ཡང་སྙིང་རྗེ་མོ་ཞིག་བྲིས་འདུག ཚིག་རྫོབ་རིང་མོ་ཚོ་རྣམ་ཤེས་སྒྲིམ་ནས་མིག་ཚ་བཞིན་ཀློག་ཡོང་ནས་ལྷོད་ཅིག་སེ་བྱེད་པ་དང་ཐོར་བུར་བྲིས་པ་དེ་འདྲ་རེ་མཐོང་ན་ནམ་གསལ་བ་ལྟ་བུའི་སྣང་བ་རེ་སྐྱེ
    ད་བསམ་བློ་ཐོངས།

    Reply
  9. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ད་འདི་བྱེད། ད་ནས་བཟུང་བོད་ཡིག་ཀློག་རྒྱུ་དཀའ་ངལ་འདུག་ཟེར་མཁན་རྣམས་ཀྱིས་བོད་ཡིག་མ་ཀློག དཀའ་ངལ་མི་འདུག་ཟེར་མཁན་རྣམས་ཀྱིས་མུ་མཐུད་དུ་སྔར་བཞིན་བོད་ཡིག་བེད་སྤྱོད་ཐོངས། ད་འགྲིག་ཚར་བ་མ་རེད་དམ།

    གང་ལྟར་བོད་མི་ཚོས་རྒྱ་མི་ཚོ་ནང་བཞིན་སོ་སོའི་སྐད་ཡིག་ལ་སྲུང་སྐྱོབ་ནི་བྱེད་ཐུབ་ཀྱི་མ་རེད། དེ་མ་ཐུབ་དུས་གཏོར་བཤིག་མ་བཏང་ན་ད་འགྲིག་ནས་ཡོད་པ་རེད།

    Reply
  10. བློ་བཟང་། says:
    ལོ་ 13 སྔོན།

    བསྟན་འཛིན་བདེ་སྐྱིད་ལགས་ཀྱིས། བར་སྟོང་གཅོད་མཚམས་ཀྱི་ཆེད་དུ་སློབ་གྲྭ་ཞིག་བཙུགས་ཐུབ་ན་མ་གཏོགས། གཅོད་མཚམས་འདི་དཀའ་ངལ་ཅན་ཞིག་རེད་འདུག

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    འདི་ན་ཡང་ཁྲིམས་འགལ་གྱི་གཅོད་མཚམས་མང་པོ་འདུག བརྗོད་པ་ཁ་ཚང་རེ་རེའི་མཚམས་ནས་གཅོད་དགོས་པ་རེད་མ་གཏོགས། ཙོང་གཏུབ་གཏུབ་བྱས་ན་འགྲིག་གི་མ་རེད། དེ་འདྲ་ཞིག་མ་རེད་དམ།

    Reply
  12. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 13 སྔོན།

    ཀུན་གླེང་ཚང་གིས་བསྟན་འཛིན་བདེ་སྐྱིད་ལ་རྩོམ་འདི་ྐློག་ཅིག་ན་ལྟད་མོ་བལྟ་རྒྱུ་འདུག ད་རུང་

    Reply
  13. མི་ཆུང་། says:
    ལོ་ 13 སྔོན།

    ལེགས་སྐྱེས་ཆུང་ངུ་འདིར་རྒྱབ་སྐྱོར་ཡོད། སྤྱི་ཡོངས་ཀྱི་ཆ་ནས་བརྗོད་པ་ག་ཚོད་ཀྱི་ཐུང་བ་ཡོད་པ། དེ་ཚོད་ཀྱི་ཀློག་བདེ་བ་དང་གོ་བ་ལེན་བདེ་བ་ཡོད། འདི་ཡང་བོད་མཁས་པའི་བཞེད་ལུགས་ཡིན།

    Reply
  14. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 13 སྔོན།

    རིག་འབྱུང་གི་བསམ་ཚུལ་འདི་ལག་ལེན་ལ་བསྟར་ཐུབ་ཚེ་ཡག་པོ་ཡོད་ས་རེད། རྒྱ་མིན་ཕྱི་ཕྲུག་བསྟན་འཛིན་བདེ་སྐྱིད་སོགས་ཀྱིས་སྟོང་གཏམ་སྒྲོག་གི་ཡོད་མ་རེད་མ་གཏོགས་བོད་ཡིག་སྦྱངས་ན་འདོད་གོ་ནི་མ་རེད་དོ།

    Reply
  15. ཤིང་རྟ། says:
    ལོ་ 13 སྔོན།

    བསམ་ཚུལ་ཞུ་རྒྱུར། སྔོན་གྱི་མཁན་དབང་དག་གིས་གཞུང་གི་ཚིག་དོན་མི་འཁྲུག་པའི་ཆེད་དུ་རྒྱ་རིམ་པ་བདུན་ཞེས་གཏན་འབེབས་བྱས་ཡོད། དེ་བས་ལྷག་ཅིག་བར་སྟོང་བཞག་ཀྱང་ལེགས་ཆ་ཞིག་ཐོན་མི་སྲིད་སྙམ། གལ་སྲིད་ལེགས་ཆ་ཡོད་པའི་དབང་དུ་གཏོང་ཡང་། སྤྱིའི་ཆ་ནས་ཆིག་སྒྲིལ་ཞིག་ཡོང་བར་ཤིན་ཏུ་དཀའ་བས་དེའི་ཕྱིར་འདིའི་སྐོར་གཏམ་གླེང་བྱེད་པ་ནི་དོན་མེད་ཀྱི་ཅ་ཅོ་ལས་མ་འདས་སྙམ།

    Reply
  16. བློ་བཟང་། says:
    ལོ་ 13 སྔོན།

    ཧཧཧཧཧཧཧཧཧ། བོད་དུ་ཡོད་པའི་བོད་མི་དང་རིག་གཞུང་རྒྱུན་འཛིན་པ་རྣམས་ལ་བར་སྟོང་མི་དགོས་པ་དང་། བསྟན་འཛིན་བདེ་སྐྱིད་ གཙོས་པའི་ ཕྱི་རྒྱལ་དུ་ ཡོད་པའི་ བོད་ཕྲུག་ བོད་ཡིག་ ཡག་པོ་ མི་ཤེས་མཁན་ རྣམས་ལ་ བར་སྟོང་ བཞག་ཀྱང་ཆོག ག་འདྲ་ འདུག་གམ།

    Reply
  17. གནས་ཚང་། says:
    ལོ་ 13 སྔོན།

    ཁ་སང་དེ་རིང་།
    བོད་ཡིག་སློབ་ན།
    ཚིག་རིང་མི་འདོད།
    ཚིག་ཐུང་བརྙེད་དཀའ།

    དེ་འདྲ་རེད་མོད།
    བོད་ན་སློབ་དེབ།
    གཅིག་ནས་བཅུའི་བར།
    བསྒྲིགས་པ་དེའི་ནང་།
    ཚིག་ཐུང་མང་གི
    སློབ་སྟངས་སླ་གི
    ཕྱི་ཡི་བོད་ཕྲུག
    འཇུག་ས་ཡག་གི

    དེ་ཡི་ནང་དུ།
    ཏང་བསྟོད་མང་ཡང་།
    ཚིག་གི་འགྲོས་རེད།
    སེམས་པར་མ་ཉར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist