མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཡིག་ལ་བར་སྟོང་འཇོག་དགོས་སམ། ནགས་ཤོད་སད་མི།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

                                                                           ནགས་ཤོད་སད་མི།
 
ཉེ་ཆར་རེས་གཟའ་ལྷག་པའི་ཨ་རིའི་རླུང་འཕྲིན་ལས་བསྟན་འཛིན་བདེ་སྐྱིད་འབོད་པའི་བུ་མོ་ཞིག་གིས་བོད་ཡིག་གཅོད་མཚམས་བཞིན་བར་སྟོང་འཇོག་དགོས་པའི་རྒྱུ་མཚན་འགའ་ངར་ངར་ཤུགས་ཤུགས་ཀྱིས་བསྐྱར་བརྗོད་ཡང་བརྗོད་བྱས་ཏེ་བཤད་སོང་ལ་རྒན་བསོད་ནམས་རྒྱལ་མཚན་གྱིས་མི་དགོས་པའི་རྒྱུ་མཚན་འགའ་ལྡོག་ཏེ་དྲངས་སོང་།  ཕྲན་གྱིས་གླེང་གཞི་འདི་གོ་ཐོས་བྱུང་བ་དང་པོ་མིན་ན་ཡང་། བརྗོད་གཞི་འདི་རིགས་ལ་ཐུན་མིན་གྱི་སྤྲོ་སྣང་ལྡན་ཡོད་པས་དེ་ནས་བཟུང་ཉིན་འདི་སྐོར་ལ་བསམ་གཞིགས་ནར་མར་བྱ་དགོས་བྱུང་།  དེའི་ཕྱིར།  ད་རེས་ངས་བརྗོད་གཞི་འདི་ཐད་གང་བསམ་དེ་དྲན་གྱི་བསམ་འཆར་འགའ་ཐད་བརྗོད་བྱ་འདོད་ཡོད། 
 
         རེད།   ཏག་ཏག་རེད། བརྗོད་གཞི་འདི་རིགས་ཁྱེར་ཏེ་གླེང་སློང་བཟོ་མཁན་ཞིག་ཡོད་ན་ཏན་ཏན་ཁོང་ཚོ་ལྟ་བུའི་ཕྱི་གླིང་བའི་སྤྱི་ཚོགས་ན་འཚོ་བཞིན་པའི་ཕྱིར་སྡོད་བོད་པ་ཞིག་དང་བོད་རྒྱའི་ས་མཚམས་ན་སླས་སྡོད་བྱ་མཁན་ཞིག་ཏན་ཏན་ཡིན་དགོས་སྙམ།   དེ་གང་ཞེ་ན།  དཀའ་ངལ་འདི་རིགས་ཀྱི་ཡོང་གཞི་གཙོ་བོ་ནི་བོད་རང་གི་ཕ་སྐད་ཤོད་པར་ཕུ་ཆུ་ཐུར་དུ་རྒྱུག་པ་ལྟ་བུའི་བྱང་ཆ་མེད་པའི་ཉེར་ལེན་ལས་ད་གཟོད་སྡུག་སྐད་འདི་ཤོར་འོངས་བ་རེད་སྙམ། གལ་ཏེ་བོད་རང་གི་སྐད་ཆ་ཤོད་པར་བྱང་གོམས་ཚད་དང་ལྡན་པ་ཞིག་ཡོད་ཚེ།   བསམ་ཚུལ་དང་དྲི་གཞི་འདི་གླེང་སྟེགས་རྭ་བར་དུས་ནམ་ཡང་སླེབས་ཐུབ་ཀྱི་མ་རེད་འདོད།   འདི་ནི་ངས་བཤད་བསམ་པའི་སྐད་ཆའི་སྡོམ་ལྟ་བུ་ཞིག་ཡིན་ནའང།   འདིར་ཁྱབ་མཐའ་ཡོད་པའི་སྐད་ཆ་མིན་ལ་ཡོད་དགོས་དོན་ཡང་མེད། 
 
          བསྟན་འཛིན་བདེ་སྐྱིད་ཀྱིས་ད་ལྟ་བོད་སྐད་ཡིག་གཡང་ས་ལ་ཕྱོགས་ཡོད་པས་བདེ་ས་འཇམ་ས་ཞིག་ལ་ཕྱིར་ལྡོག་དགོས་ཟེར།   དེའི་ཐབས་ཚུལ་ནི་བསྒྱུར་བཅོས་ཆུང་ཆུང་ཞིག་གིས་ཕན་རླབས་ཆེན་པོ་ཞིག་ལྡན་ཡོང་ཟེར།   དེ་ནི་བོད་ཀྱི་བརྡ་སྤྲོད་རྣམ་གཞག་སོར་འཇོག་གིས་ཡི་གེའི་གཅོད་མཚམས་རྣམས་སོ་སོར་ཕྲལ་ཏེ་འབྲི་རྒྱུ་དེ་ཁོ་ནརེད་ཅེས་བརྗོད།  འདི་ལྟར་བྱ་དགོས་པའི་སྒྲུབ་བྱེད་དུ་དབྱིན་ཡིག་དུས་རབས་བདུན་པ་ནས་ཁ་ཕྲལ་ཚར་ཡོད་ལ། དུས་རབས་བཅུ་བདུན་ནས་ཧིན་ཡིག་སོགས་ཀྱང་ཕྲལ་ནས་བྲིས་ཡོད་པ་དེ་རྒྱུ་མཚན་འཐད་ལྡན་ཡིན་པར་བརྗོད།  འོན་ཏེ་ཞིབ་པར་བསམས་ན། དབྱིན་ཡིག་དུས་རབས་བདུན་པ་ནས་ཁ་ཕྲལ་བ་དེ་ང་ཚོས་ད་ལྟ་བརྗོད་ཀྱིན་པའི་བོད་ཡིག་ཁ་ཕྲལ་ཏེ་འབྲི་དགོས་ཞེས་པ་དང་གཅིག་མཚུངས་མ་རེད།   དབྱིན་ཡིག་ཁ་ཕྲལ་ནས་བྲིས་པ་དེ་ཚེག་ཁྱིམ་སོ་སོར་ངོས་འཛིན་བདེ་བའི་ཆེད་དུ་ཚེག་ཁྱིམ་ཡིན་ཚད་ལ་ཁ་ཕྲལ་བ་ཙམ་ཞིག་རེད་པས།   ང་ཚོས་ཤོད་ཀྱིན་པ་ནི་ཡི་གེའི་གཅོད་མཚམས་མི་འཁྲུལ་བའི་ཆེད་ལབ་གླེང་བྱ་བཞིན་པ་མིན་ནམ།   དེས་ན་འདི་གཉིས་བཙན་ཚུགས་ཀྱིས་
མཉམ་གཅིག་ཏུ་སྦྱར་རྒྱུ་མི་དཔེ་མི་སྲིད།   གཉིས་པའི་ཆ་ནས།   བརྒྱ་ལ་ཁ་ཕྲལ་ཏེ་འབྲི་དགོས་ན་འབྲི་མཁན་དེས་གཅོད་མཚམས་ཤེས་དགོས་པ་རེད།  དེ་མིན་ན་སྔར་ལས་ཇེ་ཞན་ཇེ་སྡུག་ལ་འགྱུར་རྒྱུ་རེད།  དཔེར་ན།གངས་ལྗོངས་ས་མཐོར་དཔྱིད་དཔལ་རབ་ཏུ་བཞད་ལྟ་བུའི་བརྗོད་ཚིག་འདིར་ཆ་མཚོན་ན།  གཅོད་མཚམས་ཇི་བཞིན་མི་ཤེས་པ་ཞིག་ལ་ཚིག་དུམ་འདི་ཁ་ཕྲལ་ཏེ་འབྲིར་བཅུག་ཚེ།   གངས་ལྗོངས་ས་    མཐོར་དཔྱིད་    དཔལ་རབ་    ཏུ་བཞད་ལྟ་བུ་འབྲི་སྲིད་པ་རེད།   དེ་ལྟར་བྲིས་འོངས་ན་ཁོ་རང་དང་ཤེས་ཚད་མཉམ་པའི་ཀློག་པ་པོ་གཞན་དེར་འཁྲུལ་ཐོག་འཁྲུལ་བརྩེགས་ཡོང་རྒྱུ་ལས་གནས་མེད་སྐབས་མེད།   གལ་ཏེ་གཅོད་མཚམས་མི་ནོར་བར་ཏག་ཏགའབྲི་ཐུབ་མཁན་ཞིག་ཡིན་ན། བཅད་ནས་དགག་དགོས་ཅི་ཞིག་ཡོད་པ་རེད།   གཞན་མདོ་དང་བསྟན་བཅོས་ཀྱི་བརྩམས་ཆོས་ཡི་གེ་བཅད་ནས་བྲིས་ན་ཆེས་ཤིན་ཏུ་ཛོར་པོ་ཡོང་རྒྱུ་ཨ་ཅང་ཅང་སྟེ། ང་ཚོའི་ཐད་ཀ་ཐད་སོར་ན་ཡོད་པའི་བརྙན་འཕྲིན་ངོས་ཀྱི་ཡིག་རིས་དང་དཔེ་དེབ་ཀྱི་མདུན་བྱང་།  དེ་བཞིན་རེའུ་མིག་སོགས་བརྒྱང་དགོས་ས་ན་དེས་དཀའ་ལས་འཕར་མ་བཟོ་ཡོང་། དེས་མ་ཚད་མ་འོངས་བོད་མི་ཚོར་བསྐལ་པ་བཟང་པོ་འདྲ་ཤར་ནས་འཛམ་གླིང་སྤྱི་ལུགས་ལྟར་བཟོ་གྲྭ་སོགས་འཛུགས་ཐུབ་རྒྱུའི་དབང་དུ་བཏང་ན།ཐོན་རྫས་ཀྱི་མིང་བརྡ་ཐུང་ངུ་དེ་ཚོའང་མི་རྒན་གྱི་སོ་བཞིན་ཐར་རེ་ཐོར་རེ་བྱས་ནས་འབྲི་རྒྱུ་ཡིན་ནམ།  དེས་ག་ལ་ཚད།  རྒྱ་ཡིག་ཤོག་ལྷེ་གཅིག་ལ་བོད་སྒྱུར་བྱས་དུས་ཤོག་ལྷེ་ཕྱེད་གཉིས་ཐོན་གྱི་ཡོད་པ་རེད།   འདི་འདྲའི་རྒྱུ་མཚན་གྱིས་བོད་ནང་ཚོང་ཁང་དང་ཇ་ཁང་སོགས་ཀྱི་ཁ་བྱང་དེ་དག་ལ་ཅིག་ལྟོས་དང་། དང་པོ་ནས་བརྗོད་བྱ་གཅིག་རང་ལ་ཡི་གེ་མང་ཉུང་འདི་ཙམ་ཤོར་ཡོད།      དེའི་སྟེང་དུ་རྒྱ་མིས་ཁ་གཡར་ས་ལྟ་བུ་བྱས་ནས་ཡིག་རིགས་གཉིས་ཀ་ཐིག་གཅིག་ནང་ཨེ་ཤོང་མི་ཤོང་བལྟས་ནས།  བོད་ཡིག་གི་སྒོ་བྱང་མང་པོ་ཞིག་མིག་ནང་བླུགས་རྒྱུ་ལྟ་བུ་ཞིག་བཟོས་ཡོད།   འདིའི་སྟེང་དུ་ང་ཚོས་ད་དུང་བར་སྟོང་བཞག་ནས་རིང་དུ་བཏང་སོང་ན། མཐར་བོད་ཡིག་ཤོང་ས་ཞིག་རྙེད་དཀའ་ལ་བལྟས་པ་ཙམ་གྱིས་བོད་ཡིག་ནུས་མེད་ཡིན་པའི་རྣམ་པ་ལྟ་བུ་ངང་ཤུགས་ཀྱིས་ཐོན་འགྲོ་བ་རེད།  གཞན་བོད་ཡིག་སྦྱངས་ནས་ནར་སོན་པའི་མི་དེ་དག་ཀྱང་ཨུ་ཚུགས་ཀྱིས་བཅད་ནས་འབྲི་དགོས་ཞེས་ལབ་ན།   དེ་ལ་དགོས་པ་ཅི་ཞིག་ཡོད།  གལ་ཏེ་ཡི་གེ་ཀློག་པར་དཀའ་ངལ་ཡོད་པ་ཚོར་ཕན་ཐོགས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་ན།   དེ་ནི་སྤྲོས་བྲལ་རང་རེད།  ཁྱོད་ཀྱིས་ཡི་གེ་ཀློག་ཙམ་ཐུབ་ཀྱི་མེད་དུས།  གོ་དོན་རྟོགས་རྒྱུ་ཕ་རིའི་སྤང་རྒྱན་རེད། 
 
 
          ཡང་།  རྒན་བསོད་ནམས་རྒྱལམཚན་གྱིས་བོད་ཡིག་འདི་རྒྱ་མིའི་ཡི་གེ་དང་འདྲ་མཚུངས་སུ་ཡོད་པ་རེད།   རྒྱ་མིའི་ཡི་གེ་ཚིག་གྲུབ་རེ་རེའི་བར་མཉམ་གཅིག་ཏུ་སྦྱར་ཡོད་ལ་ཡི་གེ་རེ་རེས་གོ་དོན་རེ་རེ་བསྟན་ཡོང་།   དེས་མ་ཟད་སྒྲ་གདངས་ཀྱི་ཆ་ནས་ཀྱང་འདྲ་ཆེ། གལ་ཏེ་རྒྱ་ཡིག་ལ་དེ་འདྲའི་དཀའ་ངལ་ཕྲད་དེ་གཅོད་མཚམས་བཞིན་ཁ་ཕྲལ་ཡོང་ན། ང་ཚོས་ཀྱང་བསམ་བློ་གཏོང་དགོས་པ་རེད་ཟེར།   རྒྱ་མིའི་ཡི་གེ་དང་འདྲ་ཆེ་བ་རེད་ཟེར་བ་འདི་དངོས་པོའི་གནས་ཚོད་ཀྱིས་ཁས་ལེན་བྱ་བཅུག་གི་མ་རེད།   འོན་ཏེ་འདྲ་བའི་ཆ་གཅིག་རང་ཡོད་པ་དེ་ཚིག་གྲུབ་གཅིག་བར་སྦྱར་ནས་བྲིས་ཡོད་པ་འདི་རེད།   འདི་ནི་བོད་ཡིག་གི་འབྲི་སྟངས་དང་ཆུ་ལ་ཆུ་བཞག་གི་རྣམ་འགྱུར་ཁོ་ན་རེད།   རེད་དེ་ཚིག་གྲུབ་གི་འགྲོ་སྟངས་མགོ་འཇུག་ཅུང་ཟད་ལྡོག་ཡོད་པ་ཡིན།   ཡིག་རིགས་འདི་གཉིས་ཀྱི་འབྲུ་རེ་རེ་ནས་གོ་དོན་ཡོད་པ་གཅིག་མཚུངས་ཡིན་སྨྲ་ན།   ཅུང་ཟད་ཐལ་སོང་བ་རེད།   དོན་དམ་པས་བོད་རྒྱ་ཡིག་རིགས་གཉིས་ཀར་ཡི་གེ་འགའ་ཞིག་གི་གོ་དོན་འདི་རེད་ཅེས་ལབ་དགོས་ན་ཕལ་ཆེར་འགྲེལ་བརྗོད་བྱ་རྒྱུར་དཀའ་མོ་ཆགས་ངེས་རེད།   ཡང་ཁོང་གིས།    རྒྱ་མི་ཚོར་འདི་ཐད་ཀྱི་དཀའ་ངལ་མེད་དུས་ཟེར་མོད་འདི་ཡང་འདྲ་གི་མ་རེད།   ང་ཚོ་བོད་ཀྱི་ཡིག་སྐད་དང་ཁ་སྐད་དབར་བར་ཐག་གང་འཚམས་ཤིག་ཡོད་པ་རེད།   འདི་ཐད་རྒྱ་མིའི་ཡི་གེ་བཟང་ཆ་ཧ་ཅང་ཆེན་པོ་རེད།   ཡིག་སྐད་དང་ཁ་སྐད་བར་ཐག་ཆེས་ཤིན་ཏུ་ཐུང་ཐུང་རེད།  དཔེར་མཚོན་ན།     བོད་མི་ཤེས་ཡོན་པ་ཞིག་གི་ཁ་ནས་གང་བཤད་ཡིག་ཐོག་ཏུ་འབེབས་མི་ཐུབ།   རྒྱ་རྒན་ཤེས་ཡོན་པ་ཞིག་གིས་བཤད་འོངས་ན་ཤོག་ངོས་ན་འབེབས་མི་ཐུབ་པ་ཞིག་ཏན་ཏན་ཡོང་གི་མ་རེད།   དེའི་ཕྱིར་ན་འདི་ཚོ་སྒྲུབ་བྱེད་ཉི་ཚེ་བ་ཞིག་དང་རྒྱུ་མཚན་ལྟར་སྣང་ཙམ་རེད་པས་དུས་ནམ་ཡང་བསྒྲུབ་བྱ་དང་ཁ་ཐག་ཇེ་རིང་ལས་འོས་མེད། 
 
           དེལྟར་གོང་དུ་རྒོལ་སྔ་ཕྱི་གཉིས་ཀྱི་སྤྱིའི་ཁས་ལེན་སོང་ཕྱོགས་དང་།   དགག་བཞག་གི་ཚུལ་དུ་རང་ལུགས་མཛུབ་མོ་རི་སྟོན་ཙམ་སྨྲས་ཟིན་པས།  ད་ནི་རྩོད་སྤོང་གི་དོད་དུ་ཅུང་ཙམ་ཤོད་འདོད།  དེ་ཡང་ཐད་ཀར་བརྗོད་ན།ང་ཚོས་གླེང་གཞི་འདི་ཐག་གཅོད་བྱ་བར།   ཐོག་མར་བོད་ཡིག་ཀློག་པར་དཀའ་ངལ་འཕྲད་སའི་ཡུལ་ངོས་འཛིན་དགོས།  འདི་གལ་ཆེའི་དོན་ཆེ་ཞིག་རེད།  དེ་ངོས་མ་བཟུང་ན་འབེན་མ་མཐོང་བཞིན་མདའ་རྡེག་པ་དང་ཨ་ན་མ་ན་རེད།  དེའི་ཕྱིར།  དོན་དམ་པས་བོད་ཡིག་ཀློག་པར་དཀའ་ངལ་ཡོད་མཁན་དེ་ཚོ་གང་དུ་ཡོད་པ་རེད།   དེ་སུ་ཞིག་རེད་ཟེར་ན།    བོད་ཡིག་ལ་ཐོག་མར་སྦྱོང་བ་བྱེད་མཁན་ཟེར་ནའང་འདྲ་ལས་དང་པོོ་བ་དེ་ཚོ་དང་།   གོང་དུ་ཞུས་པ་བཞིན་འཁོར་ཡུག་གིས་རྐྱེན་པས་བོད་སྐད་ལ་མ་བྱང་བའི་བོད་མི་དེ་ཚོ་ཁོ་ན་རེད།   རྒྱུ་མཚན་དེ་འདྲ་ཡིན་དུས་མི་འདི་སྐོར་ལ་དཀའ་ངལ་དེ་སེལ་སོང་ན་དེ་གས་འགྲིག་གི་ཡོད་པ་རེད་ལ།  དེ་གས་འཐུས་པ་ཡིན་པས། དེའི་ཕྱིར་སློབ་ཆུང་སྤོབ་དེབ་གཅིག་པུར་བོད་ཡིག་གཅོད་མཚམས་བཞིན་ཕྲལ་ནས་བསྒྲིགས་བཞག་ན་མི་འགྲིགས་པ་ཅི་ཡང་ཡོང་མི་སྲིད།  དེས་མ་ཚད་ཁོང་ཚོར་སློབ་བདེ་འཇུག་བདེ་ཞིག་ཡོང་སྲིད་པ་རེད་ལ། འདིས་དྲངས་ཏེ་ང་ཚོས་རྒྱུན་གཏན་ཤོད་ཀྱིན་པའི་ང་ན་  ཚྭ་མེད་  ཁལ་རྔ་ཀར་ཤི་ཟེར་བ་དང་།  ཕོ་བྲང་ཆེན་  པོ་པོ་ཏཱ་ལ་སོགས་ཀྱི་གཏམ་རྒྱུད་འདི་ཚོ་ལོ་རྒྱུས་ཙམ་དུ་འགྱུར་རྒྱུའི་རེ་བ་ཡོད་པ་རེད།   འོ་ནའང་།  བོད་ཡིག་ཁ་ཕྲལ་ནས་འབྲི་རྒྱུ་དེ་ངེས་པར་དུ་གཞི་རིམ་ཙམ་དང་སློབ་གྲྭ་ཆུང་ཁག་རང་ཡིན་དགོས་པ་ལས་སྤྱིར་བཏང་གི་སྤྱི་ཚོགས་ལས་རིགས་ནང་བཀོལ་སྤྱོད་བྱ་མི་ཆོག་པའི་ཁྲིམས་གཞི་ནན་པོ་བཟོས་ཏེ་དོ་དམ་བཏང་འཛིན་ཚགས་ཚུད་བྱ་དགོས། 
 
         མཇུག་ཏུ།   ཁྱེད་ཅག་གིས་སྙིང་ནས་བོད་སྐད་ཡིག་ལ་ཤ་ཚ་དང་ལེགས་བཅོས་བྱ་རྒྱུའི་འདོད་འདུན་ཡོད་པ་དང་།   ཇི་སྲིད་སྔོན་ཐོན་གྱི་སྐད་ཡིག་གཞན་དག་ནམ་འཚོའི་བར་ཁ་བ་ཅན་གྱི་སྐད་ཡིག་འདི་ཉིད་ཀྱང་མཉམ་ཅིག་ཏུ་གསོན་པོར་གནས་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་བློ་སེམས་ཡོད་ན།  ཆུ་གཉེར་བཞིན་ཐོན་བཞིན་པའི་དེང་དུས་འཕྲུལ་རིགས་འདི་ཚོའི་མིང་དང་བཀོལ་སྤྱོད་བྱེད་སྟངས།  དེ་བཞིན་དེང་དུས་ཀྱི་གློག་ཀླད་ཤེས་བྱའི་སྐོར།  བརྡ་འཕྲིན་སྐོར།  སྨན་དཔྱད་སྐོར།  ཟས་གོས་སྐོར།  འགྲིམའགྲུལ་སྐོར།  ཐ་ན་རྩི་ཤིང་ནགས་ཚལ་དང་བྱ་རི་དྭགས་སོགས་ཀྱི་མིང་བརྡ་གྲངས་ཀས་མི་ཟིན་པ་ཞིག་ཆད་ནས་ཡོད་པ་འདི་ཚོ།   གཞན་སྐད་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་མྱུར་བ་ཉིད་དུ་བོད་རང་གི་སྐད་དང་མཐུན་པར་ཁ་སྐོང་བྱ་རྒྱུ་དང་། རེ་ཞིག་བསྒྱུར་ཟིན་པ་རྣམས་སློབ་སྦྱོང་དང་ལག་ལེན་ཚུལ་བཞིན་བྱ་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་གི་ཡོད།   དེ་ཙམ་དུ་མ་ཟད།  གློག་ཀླད་དྲ་རྒྱ་ལས་དབྱིན་ཡིག་དང་རྒྱ་ཡིག་སོགས་བདེ་ཐང་ཅན་གྱི་སྐད་ཡིག་འདི་ཚོ་ཕན་ཚུན་གང་འཚམས་ཤིག་རང་སྒྱུར་བྱ་ཐུབ་ཀྱི་ཡོད་པ་རེད།  དབྱིན་ཡིག་སོགས་ལ་ཡིག་ནོར་འགོད་ཐལ་ཤོར་ནའང་དམར་རྟགས་ཐོན་གྱི་ཡོད་པ་རེད།  འདི་རིགས་ང་ཚོ་བོད་ཡིག་ལ་ཡང་དེ་ལྟར་བཟོ་ཐུབ་ན།དངོས་གནས་དྲང་གནས་ཀྱི་རླབས་ཆེན་བྱས་རྗེས་རེད།  དེ་ལྟར་བྱ་ཐུབ་ཚེ། ང་ཚོའི་སྐད་ཡིག་འདི་ནད་མེད་ཚེ་རིང་གི་སྒོ་ནས་བསྐལ་པའི་མཐའ་ལ་གཏུག་གི་བར་སྐྱོན་བྲལ་ངང་གསོན་པོར་སྡོད་ཐུབ་ངེས་རེད།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 9

  1. ᫙᪠་᫕᪙ᨓ᫞ᨎ says:
    ལོ་ 16 སྔོན།

    ᪠ᩰ᪄་᫕᫇ᨑ᪄་᪠᩶ᨓ་ᨪᨑ᩶་᫞ᨵ᫥་᪄᫥་᫙ᩏ་᫙ᨓ᫕ᨑ་᪠ᨕ᩶་᨜ᨑ་ᨨ᩶་᫗ᨑᨵ་᫞་᩶ᨕ་᪉ᩏ་᩶ᩏ་ᩴᨵ᫥་᫄᪠་᫗ᨕ᩶་᪍་᪠ᩔᨵ᫥་᪠ᩞᨕ᩶་ᫎ་ᩃ་᫗ᨑ᪄ᨎ ᫗ᨑ᪄་᪄᫕ᩏ་᫙ᩏ་᫙ᨓ᫕ᨑ་᩹᫥་᫙᪠་᩶ᩏ་᪱ᨑ་᫙᪠་᪱ᩏ་᪍ᨕ᫕ᨑ་᫞ᨕ་ᩃ᫥་᪀᪄་᪍᫕ᨑ་᪠ᨕ᩶་᫗ᨑᨵ་᩶ᨓ་᪠ᫍᨑ᪄་ᨵ᪄᩶་᩶ᨕ᪄་᫬་ᩖᩏ་ᨵᨑ་ᩛᩏ་ᩐ་ᫍᨑᨵ་ᨵᨑ་ᩚᨓ᩶་᩹་᪠ᩌ᫙་᪠ᩖᨕ᫥་ᨵᩧᨕᩏ་᩶ᨵᨕ᫥་᫿ᨵ᫥་᪠ᩞᨕ᩶་᪍་᩶ᨓ་᫅᫞་᩶ᩏ་᪀᪄་᪍་ᫀ་᪠་᪄་᪱ᨑ᪄ᨎ ᪠ᨕ᩶་᫗ᨑᨵ་᩶ᨓ་᪠ᫍᨑ᪄་᫙ᨑ᪄་ᩲᩏ་ᩖ᪄་᩶ᩏ་᫙ᩏ་᫙ᨓ་ᨵᩏ᫥་ᩖ᪄་᩠ᨕᩏ᫥་᨜ᨑ་᫙ᨑᨵ་ᨵᫎᩏ་ᨵᨑ་᪱ᨑᨵ་ᩮ་᪢་᫗ᨑ᪄་᪍᫥་᫙ᩏ་᪉ᩏ་ᨵᩏ་᩼᪄་ᨹᨑ་᪠ᩌ᫙་᪠ᩖᨕ᫥་ᨵᩧᨕᩏ་᪠་ᨵ་᫞་᪙ᨕ᩶ᨎ ᪠ᨕ᩶་᫗ᨑᨵ་ᨠᨕᨵ་ᩰᩏ᫥་᪱་᫡ᨓ᫥་᪍᫕ᨑ་᩶᪠ᩏ་ᨵᨑ᫥་᪠᫙་ᩰᨕᩏ་᫥ᨕᨵ᫥་᪠ᩌ᫙་᪠་ᨵᩧᨕᩏ་᩶ᨵᨕ᫥་᫕᪤ᩏ་᪄་᪱ᨑ་᫙ᨓ᫙་᩶ᨙ᫕་ᩏ᫞་᫙ᨓ་᫗ᨕ᩶་ᩰ᪠᫥་᪠᫙་ᫍᨑᨵ་᪠ᨕ᩶་᫗ᨑᨵ་᩶ᨓ་᪠ᫍᨑ᪄་᪠᫜ᨵ་ᨵᩧᨕ᫙་᫕ᨻᨕ་ᩡᨓ᪄་ᩚᨓ་᪠᫥་ᩴᨵ᫥་᪠᫥᪱་ᩂ་ᩚᨓ་᫗ᨕᩏ་᪠་ᫎᨎ

    Reply
  2. གངས་རླུངས says:
    ལོ་ 16 སྔོན།

    ནགས་ཤོད་སད་མི་ལགས་ཁྱེད་ཀྱི་ཟིན་བྲིས་དེ་དངོས་གནས་ཡག་པོ་འདུག་ཅེས་དྲ་གྲོགས་མང་པོ་ཞིག་གིས་གསུང་འདུག ད་དུང་མང་ཙམ་འབྲི་བའི་རེ་བ་ཡོད།

    Reply
  3. ནགས་མེ། says:
    ལོ་ 16 སྔོན།

    ཁྱེད་ཚོས་ལྷག་བསམ་རྣམ་དག་གིས་གདེང་འཇོག་གནང་བ་ཐུགས་རྗེ་ཆེ། གནད་དོན་འདི་བོད་སྤྱིའི་སྲོག་རྩ་དང་ཐད་ཀར་འབྲེལ་ཆགས་པས་ང་ཚོས་ཚང་མས་དོ་སྣང་ཅི་ཆེ་བྱ་དགོས།

    Reply
  4. གཡང་ལགས། says:
    ལོ་ 16 སྔོན།

    བོད་ཡིག་ལ་རྒྱུས་མངའ་ཅན་གྱི་བསམ་འཆར་རིན་ཐང་ཅན་རེད་འདུག ཐོག་མར་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་ཆུང་འགའ་ཤས་ནང་ཚོད་ལྟ་བྱས་ན་ཡག་མོ་ཡོད་ས་རེད།

    Reply
  5. མགོ་རུལ། says:
    ལོ་ 16 སྔོན།

    སེང་རྡོར་དྲ་བའི་ཁ་འབྱེད་ཨེ་ཐུབ་ཀི

    Reply
  6. འབའ་སྲས། says:
    ལོ་ 16 སྔོན།

    ཧ་ཅང་ལེགས། ཐུགས་རྗེ་ཆེ། བསམ་ཚུལ་འདི་ལས་ལྷག་གང་ཡང་མི་དགོས། ང་རང་གིས་ཀྱང་འདི་ལས་གཞན་གང་ཡང་བསམ་གི་མེད། ངེད་གཉིས་བསམ་ཚུལ་གཅིག་པ་རེད།

    Reply
  7. ལྷུན་འགྲུབ་། says:
    ལོ་ 16 སྔོན།

    ཁྱོབ་རང་དངོས་ནས་ཕོ་རབ་ཞིག་རེད་ཅེས་བཤད་འདོད་བྱུང་།
    བསམ་བློ་གཏང་ས་ཡོད་པའི་བསམ་ཚུལ་ཞིག་འདུག་། ད་དུང་མང་ཙམ་འབྲི་བའི་རེ་བ་ཡོད།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ནགས་ཤོད་སད་མི་ཞེས་པའི་ཟིན་བྲིས་བཏབས་མཁན་འདིས་ནི། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་ལེགས་པོ་བྱས་པའི་སྐད་ཆ་ཞིག་རེད།
    ད་སྐད་དངོས་གནས་ཕྲད་བཞིན་པའི་བོད་ཡིག་དང་བོད་སྐད་ཀྱི་དཀའ་ངལ་དེ་ནི། དངོས་པོ་གསར་པ་དང་ལམ་ལུགས་གསར་པའི་སྐོར་ལ་མིང་ཚིག་གི་འདང་ཀྱིན་མེད། འདི་ལྟ་བུའི་དཀའ་ངལ་འོག་མི་མང་པོ་ཞིག་གིས་རྒྱ་ཧིན་དབྱིན་གསུམ་གྱི་མི་ཚིགས་བེད་སྤྱོད་དགོས་བྱུང་ཡོད། དེས་ན་མྱུར་དུ་མིང་ཚིགས་ལེགས་པོ་འདོགས་ལ་དེ་བེད་སྤྱོད་བྱེད་དགོས།

    Reply
  9. སྐར་མདའ། says:
    ལོ་ 16 སྔོན།

    ནགས་ཤོད་སད་མི་ལགས་ཁྱེད་ཀྱི་ཟིན་བྲིས་དེ་རགས་རིམ་ཙམ་ཞིག་ཀློག་ཟིན།
    མཐའ་གཅིག་ཏུ་རྗེས་སུ་ཡི་རང་དང་ཡོད་ལ་བཀའ་དྲིན་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese