མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་གྱིས་མི་ ༦༡༧ བསད་ཅིང་ ༡༠༠༠༠ རྨས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་སྐྱེ་རྒུ་མདོ་རུ་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་ ༦༡༧ བསད་ཅིང་ ༡༠༠༠༠ ལྷག་རྨས་ཡོད་འདུག

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་ཉང་མཐར་མི་ ༦༧ བསད་ཡོད་སྐོར་བརྗོད་ཡོད། ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་ས་ཡོམ་འདི་ནི་ཤུགས་ཚད་ ༦་༩ ཅན་ཞིག་ཡིན་པར་བཤད། རྒྱ་ནག་གཞུང་གིས་དྲ་ཚིགས་སྟེང་ས་ཡོམ་འདིའི་སྐབས་ཀྱི་བསད་རྨས་ཀྱི་གྲངས་འབོར་དང་། ཁང་ཁྱིམ་མང་པོ་འགྱེལ་ཡོད་པར་བཤད། ཁ་པར་གྱི་བརྒྱུད་ལམ་སོགས་ཆད་ཡོད་པར་བརྟེན་མྱུར་སྐྱོབ་རུ་ཁག་གི་སྙན་ཐོ་དུས་ལྟར་འབྱོར་གྱི་མེད་ཚུལ་འདུག

འདི་ནི་སྐབས་ཐོག་གི་གསར་འགྱུར་ཞིག་ཡིན་སྟབས། གསར་འགྱུར་འདི་དང་འབྲེལ་བའི་གནས་ཚུལ་རྣམས་འདིའི་གཤམ་དུ་འགོད་རྒྱུ་ཡིན།

༡། ༢༠༠༨ ལོར་སི་ཁྲོན་དུ་ས་ཡོམ་རིམ་པ་ ༧་༩ ཅན་ཞིག་བརྒྱབ་སྟེ་མི་ ༩༠༠༠༠ བསད་ཡོད་པ་རེད། དེ་རིང་གི་ས་ཡོམ་འདི་ ༦་༩ རེད་འདུག

༢། རྒྱ་ནག་གཞུང་གི་ས་གནས་ས་ཡོམ་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཤུགས་ཚད་ནི་ ༧་༡ ཡིན་པར་བཤད་འདུག

༣། ༢༠༠༥ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ཡུལ་ཤུལ་དུ་རོང་འབྲོག་གཙོ་བོར་བྱས་པའི་མི་གྲངས་ ༨༩༣༠༠ ཡོད་པར་བཤད།

༤། ད་ལྟ་ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། ས་ཡོམ་ཁྲོད་མི་ ༣༠༠ བསད་ཅིང་ ༨༠༠༠ རྨས་འདུག་ཟེར།

༥། རྒྱ་ནག་གཞུང་གིས་དབུས་གཞུང་དང་ཉེ་འཁོར་གྱི་ཞིང་ཆེན་ཁག་ནས་མྱུར་སྐྱོབ་རུ་ཁག་བཏང་དང་གཏོང་བཞིན་པ་ཡིན་ཚུལ་བཤད་འདུག

༦། ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། སྐྱེ་རྒུ་མདོ་གྲོང་བརྡལ་གྱི་ཁང་བ་བརྒྱ་ཆ་ ༨༥ ལྷག་འགྱེལ་འདུག་ཟེར།

༧། ནོར་བསམ་རྒྱལ་ཞུ་བ་ཞིག་གིས་འདི་ག་གསར་ཁང་ལ་བཏང་ཡོང་དོན། ༼སྐྱེ་དགུ་མདོའི་གྲོང་ཁྱེར་དུ་ཡོད་པའི་བོད་མི་ཞིག་ལ་ཁོ་བོས་ད་ལྟ་འབྲེལ་བྱས་ཏེ་ད་ལྟའི་གནས་སྟངས་དངོས་ག་འདྲ་ཞིག་ཡིན་མིན་དྲིས་སྐབས། བོད་མི་དེས་བརྗོད་དོན་ས་འགུལ་བརྒྱབ་ནས་ཆུ་ཚོད་ ༧ ཕྱིན་སོང་ད་ལྟ་བར་དུ་རོགས་བྱེད་མཁན་གཅིག་ཀྱང་འབྱོར་མ་སོང་། ཡུལ་དེའི་ཁང་བ་བརྒྱ་ཆའི་དགུ་བཅུ་བརྡིབས་ནས་འོག་ཏུ་མི་མང་བོའི་ཚེ་སྲོག་འགྲོ་བཞིན་པས་ངོ་མ་ཡིད་སྐྱོ་བའི་གནས་འདུག ཁོ་བོའི་བཟའ་ཚང་སྲོག་མགོ་ཐོན་པ་ཙམ་བྱུང་སོང་ཞེས་བརྗོད་སོང་༽ཟེར། ཡང་ཁོས། ༼ཁ་བརྡ་རིང་བོར་བྱེད་མ་ཐུབ། རྒྱུ་མཚན་ནི་འབྲེལ་བ་བྱེད་ཡུལ་གྱི་ལག་ཐོག་ཁ་པར་དུ་གློག་རྫོགས་ལ་ཉེ་བས་དང་། སྐྱོབས་མཁན་མེད་པའི་བོད་མི་མང་བོའི་ཚེ་སྲོག་འགྲོ་བཞིན་འདུག༽ཟེར།

འབྲེལ་ཡོད་གསར་འགྱུར།

FILE PHOTO: Salal Dam on the Chenab river, in Reasi district, J&K, Monday, May 5, 2025. All gates of Salal Dam on the Chenab River were closed following suspension of the Indus Waters Treaty in the aftermath of the Pahalgam terror attack.(PTI)
Mobile App

པཱ་ཀི་སི་ཐན་ནང་ཆུ་རགས་གསར་རྒྱག་གི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།

སྐར་མ ༧ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་ཨོན་ཊ་རེའོ་བོད་མི་རྣམས་ལ་གསུང་བཤད་གནང་། ༢༠༢༥།༥།༡༨ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་འདི་ལོའི་ཆོས་ཚོགས་ཐེངས་ལྔ་པའི་ཐོག་༧སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཁག་ཅིག་གསལ་པོ་ཆགས་རྒྱུ་ཡིན་སྐོར་གསུངས།

ཆུ་ཚོད་ ༢ སྔོན་ལ།
རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཅང་པིན་(Jiang Bin)། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་དམར་དམག་སློབ་ཆེན་གསུམ་གསར་འཛུགས་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པའི་མཇུག་སྡོམ་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༢༠
Mobile App

ཞོ་སྟོན་ཐེངས་ ༢༩ པ་ཨོ་ཌི་ཤ་ཕུན་ཚོགས་གླིང་དུ་འཚོག་གཏན་ཁེལ་འདུག

ཆུ་ཚོད་ ༢༣ སྔོན་ལ།
US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༡༩
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧

མཆན། 127

  1. migyur says:
    ལོ་ 15 སྔོན།

    ཨ་་་་་་་་་་་་་་་་་་་་་་་ཁ་ཁ་ཁ་ཁ། མི་མང་པོ་དེ་འདྲ་གྲོངས་ཚར་འདུག །དངོས་གནས་བོད་པའི་ལས་དབང་འདི་ལ་སྙིང་རེ་རྗེ།

    Reply
  2. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་ལམ་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེའི་གནས་སྟངས་བརྙན་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་མཐོང་དུས་སྐྱོ་སྣང་ཧ་ཅང་བྱུང་། འོན་ཀྱང་རང་ཉིད་རྒྱང་གྲགས་ལེའུ་མང་པོའི་མཚམས་སུ་གནས་པའི་ཐོག་གནས་སྟངས་གཞན་གྱི་རྐྱེན་པས་བྱ་ཐབས་བྲལ། གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    གངས་ལྗོངས་གླེང་སྟེགས་དྲ་ཚིགས་སུ་གསལ་བ་ལྟར་ན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པུས་ཀྲུང་སྒོར་ས་ཡ་གཅིག་དང་འབུམ་བདུན་༡༧༠༠༠༠༠གྱིས་ས་འགུལ་གྱིས་གནོད་འཚེ་ཐེབས་པའི་ཡུལ་ཤུལ་ས་ཆར་རོགས་སྐྱོར་བྱས་ཤིང་ད་དུང་ཐེངས་གཉིས་པ་ལའང་མུ་མཐུད་དུ་རོགས་སྐྱོར་བྱེད་འཆར་ཡོད་པར་བཤད་འདུག ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་བརྒྱད་ཅུའི་༨༠༠༠༠༠རོགས་སྐྱོར་བྱས་པར་བཤད་ཅིང་ད་དུང་མུ་མཐུད་དུ་བྱ་འཆར་ཡོད་པར་བཤད་འདུག

    Reply
  4. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
    མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས། 

    སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
    སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།

    རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
    བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།

    ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
    
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།

    གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
    
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།

    ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།

    བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག

    རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
    
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།

    Reply
  5. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    བཙན་བྱོལ་ལ་ཡོད་པའི་བླ་བྲང་རྒྱུ་ཆེན་ཁག་དང་དེ་བཞིན་དགོན་པ་ཁག་དང་ཚོགས་པ་ཁག་སོགས་ལ་ཞུ་རྒྱུ་། ད་ལྟའི་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གང་མགྱོགས་ཐོག་དཔལ་འབྱོལ་གྱི་རོགས་པ་མི་ཆུང་བ་གནང་རོགས་ཞེས་རེ་འབོད་ཞུ་བཞིན་ཡོད།
    ཐུགས་རྗེ་གཟིགས།

    Reply
  6. མི་བུ། says:
    ལོ་ 15 སྔོན།

    ཨོ་རོགས་སྐྱོར། སྔོན་མ་རྒྱ་ནག་ལ་ས་ཡོམ་བརྒྱབ་སྐབས་༸རྒྱལ་དབང་ཀརྨ་པ་མཆོག་གིས་རྒྱ་སྒོར་ཁྲི་ཉི་ཤུ་གསོལ་རས་གནང་འདུག་པས་ད་སྐབས་བོད་ནང་ལ་ས་ཡོམ་ཀྱི་གུད་ཆགས་ཆེན་པོ་འདི་འདྲ་བྱུང་དུས་རིན་པོ་ཆེ་ཡིས་རྒྱ་སྒོར་ཁྲི་ཚོ་རྒྱ་ཕྲག་ག་ཚད་ཙམ་གསོལ་རས་གནང་འཆར་ཡོད་དམ།

    Reply
  7. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ད་ཐེངས་རང་བྱུང་གནོད་མཚེའི་འོག་ཏུ་སྡུག་བསྔལ་མྱོང་བཞིན་པའི་མི་རྣམས་འཚོ་བའི་མཐུན་རྐྱེན་ལ་ཧ་ཅང་དཀའ་ངལ་འཕྲད་ཀྱི་འདུག་པས་ཕྱི་ནང་གང་ས་ནས་རོགས་སྐྱོར་ཐོབ་ཐབས་ལ་ང་ཚོ་ཚང་མས་འབད་བརྩོན་བྱེད་དགོས་ཀྱི་འདུག

    Reply
  8. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    http://www.youtube.com/user/Zwilling2007#p/a/u/0/dERkbnMFmkA
    སྤྱི་ལོ་ ༢༠༡༠ ལོའི་ཟླ་བ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་ཤུགས་ཚད་ ༦་༩ ཅན་རྒྱབ་ནས་མི་ཟོག་མང་པོར་ཤི་རྨས་བྱུང་བར་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དབུ་བཞུགས་ཐོག འཕགས་ཡུལ་བྱང་ཆུབ་གླིང་གི་འདུས་སྡེ་གྲྭ་ཚང་དང་། བཤད་གྲྭ། བཙུན་དགོན་ཐུན་མོང་ནས་འབྲི་གུང་འཕོ་བ་དང་སྨོན་ལབ་བསྐྱངས་གཟུགས་མཐོང་པར་རིས།

    Reply
  9. དུར་ཁྲོད། says:
    ལོ་ 15 སྔོན།

    ཁར་སང་སྐྱེ་རྒུ་མདོ་ནས་རང་བྱུང་གི་གནོད་འཚེ་བྱུང་ནས་གནས་ཚུལ་འདུར་གོ་དུས་དགོང་མོ་དུས་ཚོད་༦,༤༥སྟེང་འདྲ་ཞིག་ཕ་ལམ་ཡིན། མཚམས་ཤིག་ནས་སློབ་མ་མང་པོ་འཚང་ཁ་རྒྱབ་ཏེ་ཕན་ཚུན་གྱི་གདོང་པ་ཡང་ནག་རོག་སེ་རེད། སྐབས་ཏེ་སློབ་མ་ཚང་མ་ཚོལས་ཁང་དུ་འཚོགས་ནས་བསྡད། མི་གཅིག་གིས་བཤད་དོན་ཁར་སང་གི་རང་བྱུང་དོན་སྐྱེན་བྱུང་བ་གསར་བསྒྲགས་བྱས་མ་ཐག་། སློབ་མ་རེ་རེས་དབུགས་རིང་རེ་ཕུད་ནས་ངོ་གདོང་སྡུག་བསྔལ་གྱིས་མནར། དེ་ནས་སྐྱེ་རྒུ་མདོའི་སློབ་མ་ཚོས་མཆོད་པ་བྱམ་པ་དང་མཆོད་མེ་སོགས་རྒྱ་ཆེན་པོ་ངྱས་ནས་སློབ་མ་ཚང་མས་སྐྱབས་འགྲོ་དང་མི་ཎི། སུ་རྡུ་སོགས་ཕལ་ཆེར་དུས་ཚོད་༢རིང་ཆོས་ཕྱོགས་ནས་རང་རང་སོ་སོའི་ཐད་ནས་བཏོན། འདི་ལ་བལྟས་ཡོང་ན་འུ་ཚང་གི་ལས་དབང་འདི་ཉམས་ཆུང་བའི་ཚེ་སྲོག་གཅིག་རེད། ཤེས་རབ་དགའ་ཚལ་སློབ་གླིང་ནས།

    Reply
  10. དུར་ཁྲོད། says:
    ལོ་ 15 སྔོན།

    རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་ཚོ ། ས་ཆུ་མེ་རླུང་ནི་རང་བཞིན་གྱི་རང་བཞིན་གྱི་འབྱུང་ཁམས་ཤིག་ཡིན་པས་དེ་ལ་ཇི་ལྟར་བཀག་འགོག་བྱེད་དགོས་མི་ཤེས་མོད།
    འདི་ནི་རང་བྱུང་གི་གནོད་འཚེ་ཞིག་ཡིན་པས་ང་ཚོས་ཆོས་ཕྱོགས་ནས་དགེ་བ་ཅུང་ཙག་རེ་སྒྲུབ་རྒྱུ་མ་གཏོགས་ཐབས་གཞན་མེད་ཀི བདག་གི་སྙིང་ཉེ་བའི་སྐྱེ་་རྒུ་མདོའི་ཡུལ་མི་སྤུན་གྲོགས་རྣམས་པ། འུ་ཚང་གི་ལས་དབང་དེ་གནམ་སྔོན་པོའི་འོག་ནས་འུ་བོད་པ་ཚང་གི་སྐྱིད་སྡུག་མཉམ་མྱོང་ཡིན་ལ། སྡུག་གི་རང་མདངས་འུ་ཚང་གི་ཕ་ཁྱིམ་གྲི་བཞིའི་བླ་སྲོག་བཅོམ་ཀྱང་།འུ་ཚོ་སྡུག་ན་མཉམ་སྡུག་དང་སྐྱིད་ན་མཉམ་སྐྱིད་ཡིན་སྤུན་ཟླ་ཚོ། དེ་རིང་འུ་བོད་པ་ཚང་གི་མགོ་ཐོག་ན་སྡུག་གི་སྨྲིན་པ་འཐུབས་སོང་ཡང་། ཉིན་གཅིག་གི་དུས་ཤར་ཞིག་ལ་འུ་བོད་པ་ཚང་གི་བསླར་ཡང་སྟོབས་ཤིག་གཅིག་ཏུ་སྒྲུམ་ནས་འཛམ་གླིང་ནས་བོད་ཟེར་བ་མངོན་དགོས།

    Reply
  11. གངས་སྨྱུག says:
    ལོ་ 15 སྔོན།

    ཤེས་རྟོགས་བྱུང་བ་ལྟར་ན། ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱིས་གོ་ཆགས་ཤུགས་ཆེན་པོ་ཕོག་མ་ཐག རྡེ་ར་རྡུན་དུ་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་གདན་ས་བྱང་ཆུབ་གླིང་དུ། འབྲི་གུང་བཀའ་བརྒྱུད་བཙུག་ལག་སློབ་གཉརེར་ཁང་དང༌། བཀའ་བརྒྱུད་ནང་བསྟན་མཐོ་སློབ། བཙུན་དགོན་བསམ་གཏན་གླིང༌། སྲོང་བཙན་དཔེ་མཛོད་ཁང་སོགས་ཀྱི་ཚོགས་མང་ལས་བྱེད་ཡོངས་ཀྱི་དབུས། འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་ཡོངས་སུ་གྲགས་པའི་འབྲི་གུང་འཕོ་བ་འཇག་ཚུགས་མ་བསྩལ་བ་དང་ཐུགས་སྨོན་རྒྱ་ཆེན་གནང་ཡོད་པའི་གནས་ཚུལ་འདུག

    Reply
  12. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིསཿ
    སྒྱུ་ལུས་གཡར་པོ་འཇིག་ལ་ཐུག་པའི་ཚེཿ
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབསཿ
    ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅསཿ
    འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེདཿ
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབསཿ
    བསམ་པ་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབསཿ

    Reply
  13. དགྲ་བཅོམ་པ་ཆོས་སྐྱབས། says:
    ལོ་ 15 སྔོན།

    ད་ང་ཚོས་བྱེས་སུ་གནས་པའི་བོད་མི་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་མཚོན་བྱེད་དུ་མཆོད་འབུལ་རྒྱ་ཆེན་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན།

    Reply
  14. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཨོོ་མཎི་པདྨེ་ཧོོ།
    སྐྱེ་རྒུ་མདོ་ཡི་ས་ཡོམ་གོད་ཆགས་ཁྲོད།
    མི་ཤི་རྨས་སྐྱོན་གོད་ཆགས་ཅི་བྱུང་བ།
    བླ་མ་མཆོག་དང་སྤྱན་རས་གཟིགས་དབང་གིས།
    ཐུགས་ཀྱིས་སྨོན་པ་བཞིན་དུ་འགྲུབ་པར་ཤོག
    ཨོོ་མཎི་པདྨེ་ཧོོ།

    Reply
  15. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    དཱ་གནས་ཚུལ་ཡག་པོ་མི་འདུག་་་ཤི་རྨས་མང་ནས་མང་དུ་འགྲོ་བཞིན་འདུག
    ད་ནོངས་ཞོགས་པར་སྦི་སྦི་སི་གསར་ཁང་ནས་ཤི་བ་དྲུག་བརྒྱ་བརྒལ་འགྲོ་ཡི་ཡོདཟེར་བཤད་བྱུང།་ཡང་གསར་ཁང་གཞན་ཞིག་ནས་ཤི་བ་དགུ་བརྒྱ་ཙམ་དང་རྨས་མ་སྟོང་ཕྲག་མང་པོ་འདུག་ཟེར།དྲ་ལམ་བརྒྱུད་ནས་མི་ཞིག་གིས་དགོན་པ་ཞིག་གི་ནང་ཤི་བ་དགེ་འདུན་གཅིག་པོ་བདུན་ཅུ་དང།་ཉེ་འཁྲིས་དུར་ཁྲོད་ཅིག་ཏུ་བེམ་རོའི་རྩེག་པ་བརྩིག་བཞིན་འདུག།དེ་དག་གསར་ལམ་ཁག་ཏུ་ཤི་མིའི་གྲངས་ཀའི་ནང་ཚུད་མེད་པར་བརྗོད་བཞིན།་ཡང་སྙིང་ཤི་རྨས་ག་ཚོད་བྱུང་ཡོད་པ་ད་དུང་ཚོད་དཔག་དཀའ་བ་ཞིག་རེད་འདུག་ཐོན་བཞིན་པའི་གསར་འགྱར་ཁག་ལ་ཡིད་གཟབ་ངང་བལྟས་ན་རྒྱ་གཞུང་གིས་གོད་སྐྱོབ་ཡག་པོ་གཏན་ནས་བྱེད་ཀྱི་མི་འདུག་དམག་མི་ཉུང་ཉུང་ལས་མེད་པ།་དལ་ལྷོད་དང་ཆ་སྐྱེན་ཞན་པ།་དུས་ཐོག་སྨན་དང་ཟས་གོས་སོགས་ཀྱི་མཐུན་རྐྱེན་མཐོང་ས་མི་འདུག་་ད་དུང་ས་དོང་གང་ས་ནས་སྐྱོབ་རོགས་གནོང་ཟེར་མཁན་རྣམས་ལ་ཡ་ལེན་མི་འདུག་ཟེར

    Reply
  16. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ངས་ལྟོས་ན་ང་ཚོ་ལ་འདི་ལྟར་གོད་ཆག་བྱུང་དུས་རྒྱ་ནག་གིས་རོགས་རམ་དང་ཁ་ཡ་ཙམ་ཡང་མ་བྱས་ན་འདི་ང་ཚོའི་རྒྱལ་ཁ་ཡིན་བསམ་བྱུང་། ཡིན་ཡང་རྒྱ་ནག་གཞུང་གི་འདི་ལྟར་ཁྱོན་ནས་བྱེད་མི་ཡོང་། བསྒྲུབ་བྱ་ཆུང་ཆུང་ཞིག་བྱས་ནས་གསལ་བསྒྲགས་ཆེན་པོ་ཞིག་བྱེད་ངེས་ཚང་མས་ལྟོས་སྡོད་ཉོན་སྡོད། ད་ཐང་རྒྱ་ནག་གིས་ཕྱི་ཕྱོགས་ལ་མངོན་པའི་དུས་ཤིག་སླེབས་པ་རེད།

    Reply
  17. ལི་ཆུ་དྭངས་མ། says:
    ལོ་ 15 སྔོན།

    ད་ལམ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་འདི་ལ་ངེའི་དྲྭ་ལམ་འདི་རྒྱུད་ནས་དེའི་ཁུལ་བོད་རིགས་སྤུན་ཟླ་ཡོངས་ལ་གདུང་སེམས་མཉམ་སྐྱེས་དང་། རྐྱེན་འདས་སུ་སོང་བ་ཇི་ཡོད་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང། ད་ལྟ་སྡུག་བསྔལ་མྱངས་བཞིན་པ་རྣམས་ལ་རྐྱེན་ངན་བར་ཆེད་ཞི་ནས་ཚེ་རིང་ནད་མེད་མཐུན་རྐྱེན་ལེགས་ཚོགས་འཕེལ་ཞིང་། ཆོས་མཐུན་ཡིད་བསམ་ལྟར་ལྷུན་གྱིས་འགྲུབ་པ་བཅས་ཀྱི་སྨོན་འདུན་ཞུ་བཞིན་ཡོད། ལྷག་པར་དུ་ཕྱི་སྡིད་བོད་རིགས་སྤུན་ཟླ་རྣམ་པའི་གདུང་སེམས་མཉམ་སྐྱེས་ཀྱི་ད་ལྟ་སྡུག་བསྔལ་ནང་ལྷུངས་པའི་གཞིས་བཞུགས་རྣམས་ལ་རོག་རམས་གང་ཐུབ་བྱེད་རོག་ཞེས་འབོད་བསྐུལ་དང་བཅས་སླར་མི་རིང་བར་གཞེས་བྱས་ལྷན་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས་ལྷོ་མཐའི་ཡུལ་ནས་ལི་ཆུ་དྭངས་མའི་ཕུལ་བ་ལགས།

    Reply
  18. མི་ཆུང་། says:
    ལོ་ 15 སྔོན།

    གནས་ཚུལ་ཤེས་གསལ། མི་ཤི་གོད་ཆག་བྱུང་བ་ཕལ་ཆེ་མི་དམངས་དཀྱུས་མ་རྣམས་ཡིན་པ་འདྲ། གཞུང་གི་མཐོ་རིམ་དཔོན་རིགས་སོགས་མང་པོར་གོད་ཆག་བྱུང་མི་འདུག་ཟེར། དེས་ན་ཁོ་ཚོས་ས་གཡོམ་ཡོང་གི་ཡོད་པའི་གནས་ཚུལ་སྔོན་ནས་ཤེས་པ་དང་། ཕན་ཚུན་ཁ་པར་བཏང་བའི་དོགས་འཆར་མི་མང་པོས་བྱེད་ཀྱིན་ཡོད་པ་འདྲ།

    ད་དུང་རྒྱ་གཞུང་གི་དམག་མི་རྣམས་ཀྱི་གཞུང་ལས་དང་མཐོ་རིམ་དཔོན་རིགས་ཁག་གི་ཁང་པ་སྔོག་འདོན་བྱེད་པ་ལས། མི་དམངས་དཀྱུས་མའི་ཁང་པ་སྔོན་འདོན་བྱེད་ཀྱི་མི་འདུག་ཟེར། འོན་ཀྱང་མི་དམངས་དཀྱུས་མའི་ཁང་པ་སྔོན་འདོན་བྱེད་པ་དང་རོགས་པ་བྱེད་མི་གཙོ་བོ་དགོན་སྡེ་ཁག་གི་གྲྭ་པ་རྣམས་ཡིན་པ་འདྲ།

    ད་དུང་ས་མི་མང་པོས་ས་གཡོམ་འདི་འདྲའི་འབྱང་ཁུངས་ནི། རྒྱ་གཞུང་གི་སྐྱེ་དགུ་མདོའི་ཆུ་མཛོད་ཀྱི་ལྟག་རྒྱབ་ནས་གཏེར་ཁ་སྔོག་འདོན་ཤུགས་ཆེ་བྱས་རྐྱེན་དེས་ཡིན་ཟེར།

    Reply
  19. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ད་ཐེངས་གོད་ཆགས་འདིས་ཤི་བའི་གྲངས་ཀ་ནི་དེ་སྔ་ཤེས་མཁན་མེད་ལ་ད་དུང་ཡང་ཤེས་མི་ཐུབ་པ་མ་ཟད་གྲངས་ཀ་ཏག་ཏག་ཞིག་ནི་གཏན་ནས་ཤེས་ཐུབ་རྒྱུ་མ་རེད་བསམ། གང་གིས་ན་དེ་སྔ་ཤི་བ་རྣམས་ནི་རང་གི་འབྲེལ་ཡོད་རྣམས་ནས་རང་རང་གི་ཕུང་པོ་རྣམས་ཁུར་ནས་དུར་ཁྲོད་དང་། དགོན་འདབས་རྣམས་སུ་ཁུར་འགྲོ་གི་འདུག་ལ། དམག་མི་ལག་ཏུ་གྲངས་ཀ་རྒྱག་ས་སྐྱེལ་གི་མི་འདུག གཞུང་གི་གྲངས་ཀ་དེ་དག་ནི་གཙོ་བོ་གཞུང་གིས་ས་འོག་ནས་གཏོན་པ་དེ་དག་གི་གྲངས་ཀ་ཙམ་རེད་བསམ།
    མདོར་ན་ཕུང་པོ་སྔ་མ་སྔ་མ་དོར་བཞིན་སྲེག་བཞིན་ཕྱི་མ་ཕྱི་མ་དོན་ཡོང་བས་ན་དེ་དག་གཏན་དུ་གྲངས་གཤེར་གཅིག་གིས་སྒང་ནས་གཏོང་བའི་ཚོགས་པ་དང་ཆེད་གཉེར་དག་མེད་པས་ན་ཇི་ལྟར་དུ་གྲངས་ཀ་དཔོག་ཐུབ།
    ད་ནང་དགོན་ཅུང་ཞིག་གི་དུར་ཁྲོད་ན་རི་མོ་བདུན་ཅུ་ལྷག་ཅིག་སྤུངས་སོང་ཟེར། དེ་དང་མཚོན་ནོ།
    གྲོང་ཁྱེ་འདི་དང་ཐག་ཉེ་བ་ན་མཆོད་རྟེན་ནག་འབེལ་ཞེས་པའི་དུར་ཁྲོད་སྐད་གྲགས་ཅན་ཞིག་ཡོད། དེ་ནི་ལོ་རྒྱུས་ཐོག་ཀྱི་སྒྲུང་གཏམ་འདྲ་བོ་ནི་རྒྱ་ཟ་ཀོང་ཇོ་བོད་དུ་རྒྱུད་པའི་ལམ་བར་ནས་ནལ་ཕྲུག་ཞིག་ཡོད་པ་དེ་སྐྱེས་ནས་དེར་གྲོང་པས་ཕུང་པོ་བསྲེགས་ས་རེད་ཟེར། གང་ལྟར་རྒྱུན་དུ་མི་རོའི་རྒྱུན་ཆད་མེད་ལ་བྱ་རྒོད་རིགས་ཀྱང་གནས་དེར་གཏན་ཆགས་བྱས་ནས་བསྡད་ཡོད། དེར་ན་ཤི་བའི་ཕུང་པོ་ཕལ་མོ་ཆེར་སྡེབས་གསོག་བྱེད་ཀྱི་ཡོད་ཙོད།

    Reply
  20. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།

    ༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
    ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།

    ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
    http://www1.voanews.com/tibetan-english/news/
    འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བུའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན།
    སྤུན་ཟླ་རྣམ་པ། ༸གོང་ས་རྒྱལ་བ་རིན་པོ་ཆེས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ད་ལྟ་ཚོགས་པ་ཁག་ཅིག་གིས་སྐྱེ་རྒུ་མདོའི་ཛ་དྲག་གནས་སྟངས་འདིའི་ཆེད་ཞལ་འདེབས་བསྡུ་མགོ་བཙུགས་འདུག

    ༡། བོད་ཀྱི་གྲོང་གསེབ་ལས་གཞི། http://www.tibetanvillageproject.org/

    ༢། བོད་ཀྱི་ངལ་སྐྱོབ་ཐེབས་རྩ། http://www.tibetrelieffund.co.uk/

    ༣། མ་ཅིག་རོགས་ཚོགས། http://www.machik.org/index.ph

    ༤། བོད་ཀྱི་ཐེབས་རྩ་ཁང་། http://www.tibet-foundation.org/news/urgent_emergency_appeal_-_kyekudo_yushu_earthquake/

    ༥། ངོ་དེབ་ཀྱི་ནང་དུའང་མྱུར་སྐྱོབ་རོགས་དངུལ་བསྡུ་བཞིན་འདུག དེའི་དྲ་གནས་ནི། http://www.causes.com/causes/472609 རེད།

    གོང་གི་ཁ་བྱང་དག་བཤུས་ཏེ་ཁ་བྱང་གཏགས་སའི་ནང་བཀོད་ཚེ་ཐད་ཀར་དུ་དྲ་གནས་སོ་སོར་འགྲོ་ཐུབ་པར་འདུག

    Reply
  22. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    བཙན་བྱོལ་གཞུང་སོགས་ཕྱི་ལ་ཡོད་པའི་བོད་པའི་ཚོགས་པ་ཆེ་ཆུང་རྣམས་ཀྱིས་ས་ཡོམ་ཀྱིས་གསད་པ་དང་རྨས་པའི་ང་ཚོའི་མི་རིགས་ཆེད་ཁ་སྐམ་པོ་ཞིག་མ་གཏོགས་གཞན་གང་ཡང་བྱེད་ཀྱི་ཡོད་པའི་རྣམ་པ་མི་འདུག། ཧ་ཅང་གི་བློ་ཕམ་ཡོད།

    Reply
  23. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    རང་རེ་བཙན་བྱོལ་གྱི་གསར་འགྱུར་རྒྱུད་ལམ་ཁག་ནས་དེ་སྔོན་བྱུང་མྱོང་མེད་པའི་བོད་སྒ་སྐྱེ་རྒུ་མདོར་བྱུང་བའི་གནས་ཚུལ་འདི། དོ་སྣང་ཡུལ་ལུང་གཞན་དུ་བྱུང་པའི་ཡིད་སྐྱོའི་གནས་ཚུལ་ཁ་ཤས་ལ་གནང་བ་ནང་བཞིན་ཞིག་གནང་གི་མེད་པའི་འཚོར་བ་བྱུང། ལྷག་པར་དུ། ཨེ་ཤ་རང་དབང་རླུང་འཕྲིན་ཁང་ནས་ཁ་སེང་ཉིན་གུང་དང་གསར་འགྱུར་སྐབས་སུ་ཟུར་ཙམ་ཡང་བཤད་པ་མ་ཐོས། རྒྱུ་མཚན་ཞིག་གཏན་གཏན་ལོས་ཡོད་དེ། འཆི་བའི་མི་གྲངས་༨༠༠་ལ་ཉེ་ཟིན་པ་དང་། འཆི་ངེས་ཅན་སྨས་པ་བརྒྱ་ཚོ་དུ་མ་དང་། སྨས་པ་ཁྲི་ལས་ལྷག་པར་བྱུང་བའི་གནས་སྐབས་འདིར། གདུང་སེམས་བསྐྱེད་ཙམ་དང་། སྨོན་ལམ་འདེབས་པ་ཙམ་གྱིས་ཁ་ཚ་དགོས་ཐུག་ཕན་ཐོག་དགོས་པ་ནང་བཞིན་བྱུང་གི་མེད་པ་གསལ་པོ་རེད།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་བསྒྲགས་པའི་གྲངས་ཀ་འདི་ལ་ངེས་གཏན་ཡོད་པ་མ་རེད། ད་ལྟའི་ཆར་མྱུར་སྐྱོབ་བྱེད་བཞིན་པའི་སྒང་རེད།

    ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གིས་བཤད་ན། ལན་གྲུ་དང་ཁྲིན་ཏུའུ་ནས་མོ་ཊ་གཤར་གྱིན་འདུག་ཟེར། མོ་ཊོ་དེ་དག་གི་ནང་དུ་དམག་མི་དང་། གུར། བཟའ་ཆས་སོགས་འདུག་ཟེར། རི་བརྒྱུད་དེ་དག་གཏུབས་ནས་ཡོང་གི་ཡོད་སྟབས་དེ་རིང་དགོང་མོ་མ་གཏོགས་ཡུལ་ཤུལ་ལ་ཐོན་དཀའ་བར་བཤད།

    ཡ་མཚན་པ་ལ། དམག་མི་འགའ་རེས་བརྙན་འཕྲིན་པར་ཆས་སྙིང་རྗེ་བོ་དེ་འདྲ་ཁྱེར་འདུག་ཟེར།

    མོ་ཊ་མང་པོ་ཞིག་མདང་དགོང་ཡུལ་ཤུལ་ལ་འབྱོར་འདུག་ཟེར།

    གནས་སྟངས་འདིར་བལྟས་ན་མྱུར་སྐྱོབ་རུ་ཁག་འདང་ངེས་ཤིག་ད་དུང་འབྱོར་མེད་ཚུལ་འདུག ཤི་གྲངས་དང་རྨས་གྲངས་ཀྱང་དུས་ཚོད་རེ་རེ་བཞིན་འཕར་ངེས་རེད།

    རྒྱ་གཞུང་གིས་བསྒྲགས་པའི་ཤི་བོའི་གྲངས་ཀ་དང་བོད་མི་འབྲེལ་ཡོད་ཚོས་བསྒྲགས་པའི་གྲངས་ཀའི་བར་ལྡབ་གཅིག་ལྷག་འདུག

    Reply
  25. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་སྐྱེ་རྒུ་མདོ་ལ་ཕྱི་རྒྱལ་གྱི་གསར་འགོད་པ་གཏོང་གི་མི་འདུག དེ་ནི་ཉེན་ཁ་ཆེ་རབས་བཤད་འདུག ད་ལྟ་རང་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་ཊི་ཝེ་ཊར་བརྒྱུད་ནས་བཤད་སོང་།

    Reply
  26. Dhamchoe @Tommy Thokme says:
    ལོ་ 15 སྔོན།

     新华网青海玉树4月15日电(记者骆晓飞、王雁霖、任晓刚)记者从青海玉树州抗震救灾指挥部获悉,截止到15日9时,青海省玉树州“4·14”地震造成的死亡人数已上升至617人,失踪313人,受伤9110人,其中重伤970人。

    Reply
  27. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་ལྟ་དུས་བབ་ཚང་ལ་གནས་ཚུལ་གསར་བ་རེ་ཡོད་ན་མྱུར་དུ་འགོད་རོགས།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese