མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་གྱིས་མི་ ༦༡༧ བསད་ཅིང་ ༡༠༠༠༠ རྨས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་སྐྱེ་རྒུ་མདོ་རུ་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་ ༦༡༧ བསད་ཅིང་ ༡༠༠༠༠ ལྷག་རྨས་ཡོད་འདུག

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་ཉང་མཐར་མི་ ༦༧ བསད་ཡོད་སྐོར་བརྗོད་ཡོད། ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་ས་ཡོམ་འདི་ནི་ཤུགས་ཚད་ ༦་༩ ཅན་ཞིག་ཡིན་པར་བཤད། རྒྱ་ནག་གཞུང་གིས་དྲ་ཚིགས་སྟེང་ས་ཡོམ་འདིའི་སྐབས་ཀྱི་བསད་རྨས་ཀྱི་གྲངས་འབོར་དང་། ཁང་ཁྱིམ་མང་པོ་འགྱེལ་ཡོད་པར་བཤད། ཁ་པར་གྱི་བརྒྱུད་ལམ་སོགས་ཆད་ཡོད་པར་བརྟེན་མྱུར་སྐྱོབ་རུ་ཁག་གི་སྙན་ཐོ་དུས་ལྟར་འབྱོར་གྱི་མེད་ཚུལ་འདུག

འདི་ནི་སྐབས་ཐོག་གི་གསར་འགྱུར་ཞིག་ཡིན་སྟབས། གསར་འགྱུར་འདི་དང་འབྲེལ་བའི་གནས་ཚུལ་རྣམས་འདིའི་གཤམ་དུ་འགོད་རྒྱུ་ཡིན།

༡། ༢༠༠༨ ལོར་སི་ཁྲོན་དུ་ས་ཡོམ་རིམ་པ་ ༧་༩ ཅན་ཞིག་བརྒྱབ་སྟེ་མི་ ༩༠༠༠༠ བསད་ཡོད་པ་རེད། དེ་རིང་གི་ས་ཡོམ་འདི་ ༦་༩ རེད་འདུག

༢། རྒྱ་ནག་གཞུང་གི་ས་གནས་ས་ཡོམ་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཤུགས་ཚད་ནི་ ༧་༡ ཡིན་པར་བཤད་འདུག

༣། ༢༠༠༥ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ཡུལ་ཤུལ་དུ་རོང་འབྲོག་གཙོ་བོར་བྱས་པའི་མི་གྲངས་ ༨༩༣༠༠ ཡོད་པར་བཤད།

༤། ད་ལྟ་ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། ས་ཡོམ་ཁྲོད་མི་ ༣༠༠ བསད་ཅིང་ ༨༠༠༠ རྨས་འདུག་ཟེར།

༥། རྒྱ་ནག་གཞུང་གིས་དབུས་གཞུང་དང་ཉེ་འཁོར་གྱི་ཞིང་ཆེན་ཁག་ནས་མྱུར་སྐྱོབ་རུ་ཁག་བཏང་དང་གཏོང་བཞིན་པ་ཡིན་ཚུལ་བཤད་འདུག

༦། ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། སྐྱེ་རྒུ་མདོ་གྲོང་བརྡལ་གྱི་ཁང་བ་བརྒྱ་ཆ་ ༨༥ ལྷག་འགྱེལ་འདུག་ཟེར།

༧། ནོར་བསམ་རྒྱལ་ཞུ་བ་ཞིག་གིས་འདི་ག་གསར་ཁང་ལ་བཏང་ཡོང་དོན། ༼སྐྱེ་དགུ་མདོའི་གྲོང་ཁྱེར་དུ་ཡོད་པའི་བོད་མི་ཞིག་ལ་ཁོ་བོས་ད་ལྟ་འབྲེལ་བྱས་ཏེ་ད་ལྟའི་གནས་སྟངས་དངོས་ག་འདྲ་ཞིག་ཡིན་མིན་དྲིས་སྐབས། བོད་མི་དེས་བརྗོད་དོན་ས་འགུལ་བརྒྱབ་ནས་ཆུ་ཚོད་ ༧ ཕྱིན་སོང་ད་ལྟ་བར་དུ་རོགས་བྱེད་མཁན་གཅིག་ཀྱང་འབྱོར་མ་སོང་། ཡུལ་དེའི་ཁང་བ་བརྒྱ་ཆའི་དགུ་བཅུ་བརྡིབས་ནས་འོག་ཏུ་མི་མང་བོའི་ཚེ་སྲོག་འགྲོ་བཞིན་པས་ངོ་མ་ཡིད་སྐྱོ་བའི་གནས་འདུག ཁོ་བོའི་བཟའ་ཚང་སྲོག་མགོ་ཐོན་པ་ཙམ་བྱུང་སོང་ཞེས་བརྗོད་སོང་༽ཟེར། ཡང་ཁོས། ༼ཁ་བརྡ་རིང་བོར་བྱེད་མ་ཐུབ། རྒྱུ་མཚན་ནི་འབྲེལ་བ་བྱེད་ཡུལ་གྱི་ལག་ཐོག་ཁ་པར་དུ་གློག་རྫོགས་ལ་ཉེ་བས་དང་། སྐྱོབས་མཁན་མེད་པའི་བོད་མི་མང་བོའི་ཚེ་སྲོག་འགྲོ་བཞིན་འདུག༽ཟེར།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 127

  1. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    དཀོན་མཆོག་ལས་འབྲེལ་གང་ཡིན་ནམ་་་་ཆོས་ལུང་་་ཆོས་བྱེད་་་་ཆོས་ལྗོངས་་་་་ཆོས་མི་་་་་འདི་འདྲིའི་མི་རིགས་ཞིག་ལ་རྐྱོན་ངན་འདི་འདྲ་ཡོང་དགོས་དོན་གང་ཡིན་ནམ་་་་ཁྱོད་དངོས་ནས་ལས་འབྲེལ་ཡིན་ན་རྒྱ་ཡིན་དཔོན་པོའི་སྟེང་དུ་མ་ཡོང་བ་གང་ཡིན་་་་འོ་ན་ཁྱེད་ཁོང་ཚོའི་སྟེང་དུ་ཕན་ཐོག་མེད་པ་ཡིན་ནམ་་་་་་་་་་ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ་་་་་་་་་་་

    Reply
  2. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    ངས་ད་ལྟ་cctvཐད་གཏོང་ལ་བལྟས་མ་ཁད་ཡིན། ཕལ་ཆེར་གནས་ཚུལ་ཚབས་ཆེན་ཡིན་ས་རེད། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།

    Reply
  3. གངས་སྨྱུག says:
    ལོ་ 15 སྔོན།

    ཁྲ་འགུ་དགོན་པ་གནོད་སྐྱོན་ཆེན་པོ་ཐེབས་འདུག

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ང་ཚོ་བོད་པ་ཚོས་ལས་ངན་པ་ཅི་ཞིག་བསགས་པ་རེད།་ཕྱི་ནས་རྒྱ་དམག་གིས་བོད་མི་བསད་བསད་གཏུབ་གཏུབ་བྱས།་ནང་ནས་འབྱུང་བཞིས་གནོད་པ་ཕོག་་ད་འདི་འདྲ་གང་རེད།ངོ་མ་ཤེས་མ་སོང་།དཀོན་མཆོག་མཁྱེན།

    ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་སོང་བའི་འདས་པོ་འདས་མོ་ཇི་ཡོད་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་སྟེ་དལ་འབྱོར་རྟེན་བཟང་འཐོབ་པར་ཤོག

    Reply
  5. བྱམས་རྒྱལ། says:
    ལོ་ 15 སྔོན།

    མཆོད་མེ་ཞིག་སྤར་ མ་ནི་ཞིག་འདོན་ ཨོྃ་མ་ཎི་པདྨེ་ཧུྃ

    Reply
  6. གངས་སྨྱུག says:
    ལོ་ 15 སྔོན།

    རྣམ་རྟོག་དང་ཞེ་སྣང་རྔམ་སྐྲག་སོགས་མི་ཡོང་བའི་ཆེད། ནང་མི་སྤུན་མཆེད་སུ་གང་ཡོད་འབྲེལ་བྱིངས་སྐྱེ་བོ་ཀུན་ལ་སེམས་སོ་བྱེད་ཡག་གལ་ཆེན་པོ་རེད། ཨཾོ་མ་ཎི་པདྨེ་ཧཱུཾ།
    འཕགས་མཆོག་ཕྱག་ན་པདྨོའི་ཞིང་ཁམས་སུ་གེགས་མེད་སྐྱེ་བའི་སྨོན་ཚིག་འདེབས།

    Reply
  7. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    ཁ་བྱང་འདི་བརྒྱུད་ས་གནས་ས་ཐོག་གི་གནས་ཚུལ་གང་འཚམས་ཤིག་ཤེས་ཐུབ།
    http://www.youtube.com/watch?v=FCA-jNESZ8M

    Reply
  8. དབུས་ཕྲུག་ཚེ་རིང་། says:
    ལོ་ 15 སྔོན།

    ཁ་བྱང་འདི་youtrub ནང་གི་ས་གཡོམ་རྒྱག་སའི་ས་གནས་ཀྱི་བརྙན་པར་ཐུང་ངུ་རེད།
    http://www.youtube.com/watch?v=FCA-jNESZ8M

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐབས་འདིར་ཚང་མས་སོ་སོའི་འབྲེལ་ཡོད་མི་སྣར་འབྲེལ་གཏུགས་ཀྱིས་ཤི་རྨས་ཀྱི་གྲངས་ཀ་གསལ་བོ་རེ་ལོན་རྒྱུ་ནི་གལ་ཆེ་ཤོས་རེད།

    རྒྱ་ནག་གཞུང་གིས་གྲངས་འབོར་དེ་གསལ་བོ་ཞིག་བཤད་མི་བཤད་ཁག་པོ་རེད། ཡིན་ཡང་། ཧ་ལས་པའི་གསང་བ་བྱ་རྒྱུ་ཡང་དེང་སང་དཀའ་ལས་ཁག་པོ་ཡོད་པ་རེད། དེར་བརྟེན་དྲ་གྲོགས་ཚོས་ཤི་རྨས་དང་གོད་ཆག་གི་གྲངས་ཀ་དང་ཚད་གཞི་དེ་གསལ་བོ་དང་དག་པོ་བཟོ་ཐབས་ལ་འབད་རོགས།

    Reply
  10. ནགས་མེ། says:
    ལོ་ 15 སྔོན།

    ཨ་ཁ་ཁ། ཡང་རྒྱ་གུང་ཁྲན་ལ་ཆབ་སྲིད་ཀྱི་གཡོ་འཁྲབ་བྱེད་རྒྱུའི་གོ་སྐབས་བླ་མེད་ཅིག་རག་པ་རེད། བོད་པ་འདི་ཚོ་སྙིང་རྗེ། ག་དུས་ཡིན་ན་ཕམ་ཁ་རྐྱང་རྐྱང་རེད། ཨོྃ་མ་ཎི་པདྨེ་ཧུྃཿ

    Reply
  11. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 15 སྔོན།

    http://www.facebook.com/group.php?gid=114671665218930#!/photo.php?pid=3701392&op=1&o=global&view=global&subj=114671665218930&id=553579136&fbid=398059279136
    འདི་དྲ་རྒྱ་ནང་དུ་གཟུགས་དང་ཞིབ་ཕྲ་འདུག

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་ས་ཁུལ་འདིར་ཕྱི་ལོ ༡༧༡༠ ལོའི་རྗེས་ནས་རིམ་པ་མཐོ་ཤོས་བརྒྱབ་པའི་ས་ཡོམ་ཐེངས་གཉིས་པ་དེ་ཆགས་འདུག ས་ཁུལ་འདི་ལ་འདི་འདྲའི་གོད་ཆག་ཡོང་དོན་ལ་དཔྱད་པར་བྱ་བའི་གཞི་གཅིག་ཡོད། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་གསང་བའི་དུག་མཚོན་བཟོ་སའི་ལྟེ་བ་ཞིག་ཏུ་འཁེལ་ཡོད་པར་སྨྲ་ལ། ད་དུང་ལོ་རེ་བཞིན་ཆར་ཆུ་དུས་སུ་མི་འབབ་པ་དང་ལོ་ཕྱུགས་རྟག་ཏུ་མི་ལེགས་པའི་གནས་ཚུལ་ངན་པའང་འདུག ལོ་ངོ་སུམ་བརྒྱའི་ཡར་སྔོན་ལ་གནས་འདིར་ས་ཡོམ་རིམ་པ་མཐོ་ཤོས་བརྒྱབ་པའི་སྐོར་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རྣམ་ཐར་དུ་གསལ་བའི་དུང་དཀར་རིན་པོ་ཆེས་གསུངས་འདུག་ལ། དེ་མིན་ཚོར་བས་ཤེས་པ་ཙམ་མང་བོ་ཡོད་པར་སྨྲ། གང་ལྟར་ཡུལ་འདི་ན་རྨ་འབྲི་རྫ་གསུམ་གང་ཡིན་མ་ངེས་མོད། ཆུ་མཛོད་ཆེན་པོ་ཞིག་ཡོད། དེ་ལ་གས་སྐྱོན་འདྲ་བྱུང་ན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁྲོད་མེད་པའི་རྐྱེན་ངན་ཞིག་ཡོང་གི་རེད།

    ད་ལྟ་རང་ཁུངས་ལྡན་གྱི་གནས་ཚུལ་ཞིག་འབྱོར་བ་ལྟར་ན་ནམ་གསལ་ལ་མ་གསལ་བའི་མཚམས་ཤིག་ལ་བརྒྱབ་པ་ཡིན་སྟབས། མི་ཚང་ཉལ་ཡོད་པའི་སྐབས་ལ་འཁེལ་ཡོད། དེའི་སྟབས་ཀྱིས་ལོག་སོང་བའི་ཁང་བ་ཚང་མའི་ནང་དུ་མི་ཤི་བའི་དོན་རྐྱེན་ཡོད་ངེས་སུ་སོང་བས། ཚོད་དཔག་ལྟར་ན་མི་ལྔ་སྟོང་ཟིན་པར་བཤད། ཡིན་ནའང་ད་ལྟའི་ཤི་གྲངས་ལ་ཆ་འཇོག་མེད། ད་དུང་མུ་མཐུད་དུ་ས་སློག་རྒྱག་གི་འདུག་ཅེས་བཤད། གང་ལྟར་དགྱ་ནག་གི་གསར་འགྱུར་ལ་ཆ་འཇོག་བྱེད་རྒྱུ་མེད་པར་མཐོང་།

    Reply
  13. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    བང་ཆེན་ཚང་ལ་བརྐུས་ཡིན།

    Reply
  14. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་ལྟ་ས་ཡོམ་གྱིས་མི༤༠༠ལྷག་བསད་པ་དང་མི༡༠༠༠༠ལྷག་ལ་རྨས་ཕོག་འདུག་

    Reply
  15. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    སྐྱེ་དགུ་མདོའམ་ཡུལ་ཤུལ་ཁུལ་དུ་ས་ ཡོམ་གྱི་དོན་རྐྱེན་བྱུང་ནས་མི་ཤི་རྒྱུ་གོད་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་རྫ་ཆུ་ཁའི་ཁོངས་གཏོགས་རྫ་སེར་ཤུལ་དགོན་པའི་གྲྭ་པ་༥༠༠ ཙམ་གྱིས་གུར་༣༠༠ ཙམ་དང་། ཟས་གོས་སོགས་མཉམ་ཁྱེར་གྱིས་གནོད་སྐྱོན་ཕོགས་ཡུལ་དུ་རོགས་རམ་བྱེད་པར་འགྲོ་ རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་།

    དེ་བཞིན་རྫ་ཆུ་ཁའི་ལྕང་མ་དགོན་པའི་དགེ་འདུན་པ་གྲངས་༡༠༠ ཙམ་རོགས་སྐྱོར་བྱེད་པར་འགྲོ་བཞིན་ཡོད་འདུག

    Reply
  16. འཆི་མེད། says:
    ལོ་ 15 སྔོན།

    ཐམས་ཅད་ཀྱི་བསྔོ་སྨོན་གསུང་རོགས།

    Reply
  17. འཆི་མེད། says:
    ལོ་ 15 སྔོན།

    ཡང་ཆར་གནས་ཚུལ་འདུག་ན་གཏང་རོགས་གནང་།

    Reply
  18. འཆི་མེད། says:
    ལོ་ 15 སྔོན།

    དེར་ས་སྐྱ་པའི་དགོན་ཆེན་ཞིག་ཡོད་རེད་དེ་ལ་གནོད་རྐྱོན་འདྲ་ཐེབས་ཡོད་ན།

    Reply
  19. འཆི་མེད། says:
    ལོ་ 15 སྔོན།

    གཅིག་བྱེད་ན་རྒྱ་མིས་བཟོས་པ་ཞིག་ཡིན་ལས་ཆེ།

    Reply
  20. འཆི་མེད། says:
    ལོ་ 15 སྔོན།

    ཐམས་བཅད་བདེ་ཆེན་ཞིང་དུ་སྐྱེ་བར་ཤོག།

    Reply
  21. ཐུབ་པ།། says:
    ལོ་ 15 སྔོན།

    བླ་མ་མཁྱེན་དེ་འདྲའི་ག་རེ་ཡིན་ན་་་་་་་་་་་ཨ་ཁཁཁ

    Reply
  22. ཁམས་སྟག་སྐྱེས། says:
    ལོ་ 15 སྔོན།

    ངོ་མ་འཇིགས་ཡེར་བའི་དོན་རྐྱེན་འདིས།
    ང་ནི་ཞེ་སྨྲིང་ཞིང་ཡིད་སྐྱོ་བའི་ཤུག་རིང་ཡང་ཡང་དུ་འཆོར་བའི་ཚད་ལ་བསྐྱར་སོང་།
    དེ་ལྟར་ཡང་ངས་མྱ་ངན་གྱི་མ་ཎི་ཡང་ཡང་བགྲང་
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ ཨོྃ་མ་ཎི་པདྨེ་ཧུྃཿ
    དགེ་བ་འདི་ཡིས་འདས་ཚད་ཀུན།།
    བདེ་ཆེན་ཞིང་དུ་སྐྱེ་བར་ཤོག།

    Reply
  23. སྐྱ་ཀ says:
    ལོ་ 15 སྔོན།

    ང་འདི་ནས་ཐེངས་གཅིག་ངུས་པ་ཡིན།

    Reply
  24. སྐྱ་ཀ says:
    ལོ་ 15 སྔོན།

    དེ་རིང་གོ་ཐོས་བྱུང་བའི་ངུ་ཚོང་གི་གོད་ཆགས་དེ་ཅི་ཞིག་གི་འཇུག་འབྲས་རེད་དམ། ཉེ་ཐོས་ལ་སྤྱི་བཏང་སྔོན་དང་མི་འདྲ་བའི་ད་ལོའི་ལོ་དེར་ས་གནས་འདིའི་ཕྱོགས་སུ་ཆར་ཆུ་སོགས་རྒྱུན་ཆད་ནས་ས་ནས་རྩ་དང་རྩི་ཤིང་རིགས་སྐམ་ལ་ཉེ་བར་གྱུར་ཡོད་པར་བཤད་ཀྱིན་འདུག གང་ལྟར་རབ་ཤོས་ཟེར་བའི་ས་གནས་འདིར་ལ་གཏེར་གནས་རྩ་ཆེན་ཞིག་ཡོད་པའི་ཉེ་འགྲམས་སུ་ཀ་རྒྱུད་པའི་དགོན་ཆུང་ཞིག་ཡོད་པར་འདུག་དེ་ནི་གང་མཚམས་ཤིག་ནས་གནས་སྤོ་བྱས་ནས་དེའི་འཇུག་ཏུ་གཏེར་བརྔོགས་འདོན་བྱས་པའི་གནས་ཚུལ་དེས་རྐྱེན་པར་ཚོད་དཔགས་བྱེད་ཀྱིན་འདུག ངས་ཀྱང་དེ་ནས་རྐྱེན་སློང་བ་མིན་ནམ་དྲན་ནས་ཟུར་བཤད་བྱས་པ་ཡིན། ང་ཚོ་ཕྱི་ལོག་གནས་པའི་བོད་མི་ཡོངས་ཀྱི་སྡུག་སེམས་མཉམ་སྐྱེད་ཐོག་ནས་འདས་གྲོང་སོང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་དང་། ད་ལྟར་སྐྱོན་ཆ་ཕོག་པ་རྣམས་ཀྱི་ཆེད་དུ་མྱལ་ངན་བྱེད་དགོས་པར་ཡིན་ཙང་དེས་ན་ངས་ཀྱང་འདིའི་ནང་དུ་ཟིན་བྲིས་སྟེང་དུ་འབྲི་ཚིག་འགའ་ཞིག་བཀོད་རྒྱུ་བྱུང་སོང།

    Reply
  25. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ད་ཡིན་ན་དཀོན་མཆོག་འགྲིག་མི་འདུག་ཐུགས་རྗེ་གཟིགས་བོད་མི་འདི་ཚོ་སྐྱེ་བ་སྔོན་མ་ག་རེ་བྱས་པའི་ལས་བསགས་ཡོད་ན་ཀྱེ་མ། དྲིན་ཆེན་བླ་མ་ཐུགས་རྗེ་གཟིགས་རོགས་གནོངས།

    Reply
  26. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྐྱེ་རྒ་ན་འཆི་དབང་མེད་འཇིག་རྟེན་མི།།
    འབྱུང་བཞིའི་གནོད་པ་འགོག་མེད་སླེབས་དུས་སུ།།
    ཉེས་མེད་མི་ཚོགས་མང་བོ་ཤི་བ་དེར།།
    ཕྱི་མ་དག་པའི་ཞིང་དེར་སྐྱེ་བར་ཤོག།

    Reply
  27. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ད་དུང་ཤི་བའི་གྲངས་འབོར་འཕར་གྱིན་འདུག་ལ། གནས་དེར་འཁོད་པའི་སྐྱེ་བའི་དེ་ཡིས་གླེང་དོན་ལ། ད་དུང་ཡང་གློག་ཆུའི་ཆེད་དུ་བཀག་བསྐྱིལ་བྱས་པའི་ཆུ་མཛོད་དེ་ཤོར་ཡོང་ངམ་སྙམ་པའི་དངང་སྐྲག་བྱེད་ཀྱི་ཡོད་ཟེར། གལ་སྲིད་ཆུ་མཛོད་དེ་ཁ་ཤོར་བ་ཡིན་ན། ལུང་པ་དེའི་མདའ་རུ་ཆགས་པའི་གྲོང་ཁྱེར་སྐྱེ་དགུ་མདོ་ཞེས་པ་འདི་ཉིད་ཕྱགས་མ་རྒྱག་གི་རེད་ཅེས་ཞེད་སྣང་བྱེད་ཀྱི་འདུག

    Reply
  28. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ཁ་པར་བརྒྱུད་ནས་ཐོས་གསལ་ལྟར་ན་གྲོང་ཁྱེར་ནང་གི་མི་སུམ་ཆ་གཅིག་ཙམ་འདས་གྲོངས་སུ་སོང་འདུགཟེར། ནང་མི་དང་སྤུན་མཆེད་རྣམས་ལ་ཁ་པར་འགྲོ་ཡི་མི་འདུག དངོས་གནས་སེམས་ཁྲལ་ཆེན་པོ་འདུག

    Reply
  29. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    འདི་དག་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུྲྲ
    ངན་སོང་ངན་འགྲོ་ལོག་པར་ལྟུང་་བ་ཡི།།
    སྐྱེ་གནས་རྣམས་སུ་ནམ་ཡང་མི་སྐྱེ་ཞིང།
    དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག།

    Reply
  30. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    གྲོང་ཁྱེར་ཞིག་གི་ཁང་པ་མང་་ཤོས་འགྱེལ་འདུག་པས་མི་༣༠༠ཞིག་བསད་སོང་ཟེར་བ་ཚོད་དཔག་ཙམ་རེད་་་་ད་ཆུ་ཚོད་རེ་རེར་སྡོད་དང་ཤི་རྨས་ཀྱི་གྲངས་འབོར་ལྡབ་འགྱུར་འཕར་རྒྱུ་རེད་་་་་ཡུལ་དེར་འབྲེལ་བ་ཡོད་པའི་བོད་མི་ཚོས་དམིགས་བསལ་གྱིས་འབྲེལ་བ་བྱས་ནས་གནས་ཚུལ་མཁོ་སྤྲོད་གནང་དགོས་པ་རེད་་་་་་གསར་འགྱུར་འདི་མཐོང་དུས་སེམས་ལ་བཟོད་མི་ཐུབ་པའི་ཚ་ཤེད་ཅིག་བརྒྱབས་སོང་་་་་དཀོན་མཆོག་མཁྱེན་་་བོད་མི་ཚོའི་ཐོག་ཏུ་འདི་འདྲ་ཞིག་་་

    Reply
  31. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    འདི་ནས་ད་ལྟ་གོང་ས་མཆོག་ལ་སྙན་སྒྲོན་ཞུ་འཆར་འདུག

    Reply
  32. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས་ལགས་ནས་གནས་ཚུལ་ཁ་གསལ་དང་དཔར་རིས་འདྲ་རག་བྱུང་ན་གུས་པའི་དྲྭ་བྱང་ཐོག་བསྐུར་རོགས།

    Reply
  33. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གཤམ་འདི་སྐར་མ་གཉིས་གསུམ་གོང་གི་སྐད་ཆ་རེད། ཆུ་ཚོད། ༡༢།༤༠ ནས།

    Reply
  34. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གུས་པས་ནང་མི་ལ་ཁ་པར་བརྒྱུད་ནས་འབྲེལ་བ་བྱས་ཏེ་ཤེས་གསལ་ལྟར་ན་ད་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ལྔ་པ་ཡས་མས་ལ་སྐྱེ་རྒུ་མདོ་ལ་ས་ཡོམ་ཆེན་པོ་རྒྱབ་ཏེ་ཁང་པ་མང་ཆེས་ཤོས་འགྱེལ་བ་དང་མི་ཧ་ཅང་མང་པོ་ཤི་རྨས་བྱུང་ཡོད་ཀྱང་ད་ལྟ་ཆུ་ཚོད་དང་པོ་གཉིས་པ་ཟིན་ཀྱང་ད་དུང་གཞུང་ནས་སྐྱོབས་མཁན་སུ་ཡང་སླེབས་མི་འདུག་པས་ཤི་རྨས་ཀྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་འདུག་ཟེར། དངོས་གནས་སྙིང་རྗེ་ཡ་རང་རེད།

    Reply
  35. གནམ་ལྕགས། says:
    ལོ་ 15 སྔོན།

    ད་ལྟ་རང་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཤི་བའི་གྲངས་ཚད་ལོན་ཡོད་ན་ནི་ཆིག་སྟོང་ལས་བརྒལ་འདུག་ཟེར། འདི་ནི་ས་ཡོམ་བརྒྱབ་སྟེ་ཆུ་ཚོད་དགུའི་རྗེས་ཀྱི་གནས་ཚུལ་རེད་ལ། གནས་ཚུལ་ལེན་མཁན་ཁོང་གིས་རང་གི་ནང་ལ་ཁ་པར་བཏང་དུས། དམག་མི་འགའ་རེ་ཡོང་གི་འདུག་ཀྱང་ད་དུང་ཁང་བ་རྡིབ་ཤུལ་སྔོག་པའི་མགོ་བཙུགས་མི་འདུག་ཟེར། ས་གནས་རང་གི་མིས་ཚོད་དཔག་བྱས་པ་ལྟར་ན་ད་རེའི་ས་ཡོམ་འདིའི་ནང་དུ་ཤི་གྲངས་སུམ་སྟོང་ལས་བརྒལ་ངེས་རེད་ཅེས་བཤད་ཀྱི་འདུག་ཟེར། ད་ལྟ་སྐར་ཆ་གསུམ་གྱི་གོང་ལ་ཁ་པར་བརྒྱུད་གནས་ཚུལ་འབྱོར་བ་ཞིག་ཡིན།

    Reply
  36. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདི་ལ་དུས་བབ་ཚང་གིས་པར་མང་ཙམ་དང་གནས་ཚུལ་ཅང་ཞིབ་རྒྱས་རེ་བྲིས་ན་ལེགས།པར་དང་གསར་འགྱུར་ནི་གསར་ལམ་ཁག་ཏུ་ཁེངས་ཡོད་པའདི་མ་ཡིན་ནམ།
    གནས་ཚུལ་ཛ་དྲག་ཡིན་པས་རྒྱ་ནག་གི་བཤད་པ་གཅིག་པུ་ལ་ཉན་ཏེ་མི་འདུག་པར།བོད་ནང་གི་བོད་པ་ཚོའི་གནས་སྟངས་ངོ་མ་ཤེས་ཆེད་བོད་ནང་ལ་འགྲེལ་བ་འཛུགས་རྒྱུ་ཤིན་ཏུ་གལ་ཆེ་བས་དུས་བབ་ཚང་ལ་གྲ་སྒྲིག་ཡོད་པའི་རེ་བ་ཞུ།་ཐུགས་རྗེ་ཆེ།་

    Reply
  37. བསོད་འོད says:
    ལོ་ 15 སྔོན།

    བོད་ནང་གི་ཉིན་གུང་ཆུ་ཚོད་༢པའི་སྟེང་ནས་གནས་ཚུལ་འབྱོར་དོན། ད་ལྟ་བར་མི་གྲངས་༥༨༣རྐྱེན་འདས་སུ་གྱུར་ཚར་སོང་ཟེར། སྨན་ཁང་ནང་ནས་ད་དུང་མང་པོ་ཞིག་འདས་གྲོང་དུ་འགྲོ་གི་འདུག་ཟེར། སྨན་བཅོས་ཀྱི་མཐུན་རྐྱེན་མི་འདུག་ཟེར། ད་དུང་ས་འོག་དུ་གྲངས་འབོར་ཧ་ཅང་མང་པོ་ལུས་ཡོད་རེད་ཟེར

    Reply
  38. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    མི་གྲངས་ཤི་ཚད་ཁ་ཚོན་ཆོད་པ་ཞིག་རེད་མི་འདུག གྲོང་ཁྱེར་ཡོངས་ཀྱི་ཁང་པ་མང་ཆེ་བ་ཞིག་བརྡིབས་འདུག་ཟེར། ད་དུང་ཐོག་ཁང་བརྡིབས་པའི་དོང་འོག་ནས་ངུ་འབོད་བྱེད་ཀྱིན་འདུག་ཟེར། མྱུར་སྐྱོབ་ཀྱི་རིགས་མཐོང་རྒྱུ་མི་འདུག་ཟེར།
    རང་གི་འབྲེལ་ཡོད་ཞིག་ནི། འབྲོག་ཁུལ་ནས་འབྱོར་བའི་མི་ཚང་གཟའ་མི་དྲུག་ཅན་ཞིག་ནས་བུ་ཕྲུག་གསུམ་པོ་སློབ་གྲྭ་སོང་ཤུལ་ན་ཕ་མ་གཉིས་དང་བྱིས་པ་ཅུང་ཤོས་བཅས་མནན་འདུག་ཟེར། དམག་གི་ལྟེ་བ་ཞིག་གི་སྒོ་ཐད་རེད་འདུག་པས་རོགས་སྐྱོར་བྱེད་རོགས་ཞུས་ཀྱང་ཡོང་རོགས་མ་བྱས་ཟེར། ལག་ཆ་ཅི་ཡང་མེད་པས་ད་དུང་ལོན་མེད་ཟེར། འདི་དཔེ་མཙོན་ཙམ་རེད།
    ད་བཤད་ཕོད་ས་མ་རེད། དཀོན་མཆོག་མཁྱེན། འཛམ་གླིང་གི་སྤྱི་སྒེར་ཡོངས་ལ་རོགས་སྐྱོར་གྱི་འབོད་སྐུལ་ཞུས།

    Reply
  39. བློ་བཟང་། says:
    ལོ་ 15 སྔོན།

    ཚེ་ལས་འདས་པ་རྣམས་ཀྱི་ཆེད་དུ་ཆེད་དུ་མྱ་ངན་གུས་བཏུད་ཡོད། བོད་གཞུང་མང་གཉིས་ཀྱི་ངོས་ནས་ཞལ་འདེབས་བསྡུ་རུབ་བྱ་སྟེ་ཕུལ་དགོས། ཧ་ཅང་གི་བློ་ཕམ་སོང་།

    Reply
  40. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    མི་དྲུག་ཅུ་ཟེར་བ་རྫུན་མ་རེད་འདུག་སྐྱེ་རྒུ་གྲོང་ཁྱེར་གྱི་ཁང་པ་མང་ཆེ་བ་འགྱེལ་འདུག་ཟེར་དཀོན་མཆོག་མཁྱེན་བཤད་མ་ཕོད་པ་ཞིག་བཟོས་ཡོད་འདུག།

    Reply
  41. མགོ་རུལ། says:
    ལོ་ 15 སྔོན།

    དབྱིན་ཡིག་གི་གསར་འགྱུར་ལྟར་ན་རྒྱ་ནག་གི་དམག་མི་མང་པོ་ཞིག་མྱུར་སྐྱོབ་ཀྱི་ཆེད་དུ་ལམ་ལ་ཆས་སོང་ཟེར།

    Reply
  42. གངས་ཅན་པ། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ལ་རྒྱ་གཞུང་གིས་མྱུར་སྐྱོབས་བྱ་རྒྱུར་བསྐུལ་མ་བྱེད་རྒྱུ་ཡོད་དམ།

    Reply
  43. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གདན་ས་ཁག་དང་ཆོས་སྡེ་ཁག་གིས་ཚ་ཚ་འུར་འུར་བྱས་ནས་སྨོན་ལམ་གསུང་རོགས་གནོངས།

    Reply
  44. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བོད་པ་ཚང་ལ་གོད་ཆགས་དང་རྐྱེན་ངན་རེད་ཡིན་ནའང་ད་ནི་ཚེ་ལས་འདས་པ་དང་འདས་མ་རྣམས་ཀྱི་ཆེད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་མདུན་སར་བསྔོ་བརྟེན་ཞིག་དབུལ་ཐུབ་ན་དགེ་མཚན་ཆེ་བ་མངོན།

    Reply
  45. མགོ་རུལ། says:
    ལོ་ 15 སྔོན།

    http://www.google.com/hostednews/afp/article/ALeqM5hpoZR_IS82VLpHNn6R_HO6k3-eaw

    Reply
  46. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་དུང་དགོན་པ་ཞིག་ལའང་སྐྱོན་ཤོར་ཡོད་ཚུལ་འདུག

    Reply
  47. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཞིན་ཧ་དྲ་ཚིགས་སུ་བཀོད་དོན།
    ད་ནངས་ཞོགས་པའི་པེ་ཅིན་ཆུ་ཚོད་7དང་སྐར་ཆ་49སྟེང་བོད་མདོ་ཁམས་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་ལ་ཚད་རིམ་༧.༡ ཅན་གྱི་ས་ཡོམ་ཆེན་པོ་ཞིག་བརྒྱབ་འདུག་ཅིང་། ས་ཡོམ་ཁྲོད་བོད་མི་༦༧ལྷག་འདས་ཀྲོངས་སུ་ཕྱིན་ཡོད་པ་དང་། འདས་གྲོངས་སུ་སོང་བ་མང་ཆེ་ཤོས་ནི་སློབ་ཕྲུག་དང་བོད་མི་རེད་ཅེས་ཟེར་ལ། ད་སྔ་སྡོད་ཁང་༨༩ལ་སྐྱོན་ཤོར་ཡོད་ཅིང་། གཞུང་གི་ཁང་བརྩེགས་སོགས་དང་མི་མང་གི་སྡོད་ཁང་སློབ་གྲྭ་ཁག་ལ་གོད་ཆག་ཤིན་ཏུ་ཚབ་ཆེན་བཟོས་ཡོད་འདུག་ད་ལྟའི་གནས་ཚུལ་དང་མ་འོངས་པར་མི་དང་སྡོད་གནས་ལ་གོད་ཆག་ག་ཚོད་བྱུང་གི་ཡིན་མིན་ཁ་ཚོན་གཅོད་དཀའ་བ་ཞིག་རེད་ཟེར་ཀྱི་འདུག

    Reply
  48. མགོ་རུལ། says:
    ལོ་ 15 སྔོན།

    ངས་བལྟས་ན་སའི་གོ་ལ་འདིའི་གཏིང་གི་མེ་རི་འབར་ཤུགས་ཆེ་རུ་སོང་སྟེ་ད་ལྟ་ཚད་ཅིག་ལ་བསླེབས་བསྡད་འདུག ལོ་སྔ་ཕྱིའི་ས་ཡོམ་ལ་བརྟགས་ན་ངོ་མ་སའི་གོ་ལ་ཇི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་ཨང་བསམས་ནས་སྐྲག་གི་ཡ།

    Reply
  49. སྐར་མདའ། says:
    ལོ་ 15 སྔོན།

    གསར་འགོད་པ་ལགས།
    ནོར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅོས།
    ཉང་མཐར་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཉུང་མཐར
    འབྱོར་གྱི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འབྱོར་གྱིན

    Reply
  50. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་འཛམ་བུ་གླིང་འདི་ལ་ན་ཚ་འདྲ་ཞིག་ཕོག་ཡོད་ངེས་རེད། ཉིན་ཤས་སྔོན་མེག་སི་ཁོ་སོགས་སུ་ས་ཡོམ་བརྒྱབ་སོང་།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese