མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་གྱིས་མི་ ༦༡༧ བསད་ཅིང་ ༡༠༠༠༠ རྨས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་སྐྱེ་རྒུ་མདོ་རུ་ས་ཡོམ་བརྒྱབ་སྟེ་ཉུང་མཐར་མི་ ༦༡༧ བསད་ཅིང་ ༡༠༠༠༠ ལྷག་རྨས་ཡོད་འདུག

རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དུ་ས་ཡོམ་བརྒྱབ་སྟེ་ཉང་མཐར་མི་ ༦༧ བསད་ཡོད་སྐོར་བརྗོད་ཡོད། ཨ་རིའི་ས་ཡོམ་བརྟག་དཔྱད་ཚན་པས་ས་ཡོམ་འདི་ནི་ཤུགས་ཚད་ ༦་༩ ཅན་ཞིག་ཡིན་པར་བཤད། རྒྱ་ནག་གཞུང་གིས་དྲ་ཚིགས་སྟེང་ས་ཡོམ་འདིའི་སྐབས་ཀྱི་བསད་རྨས་ཀྱི་གྲངས་འབོར་དང་། ཁང་ཁྱིམ་མང་པོ་འགྱེལ་ཡོད་པར་བཤད། ཁ་པར་གྱི་བརྒྱུད་ལམ་སོགས་ཆད་ཡོད་པར་བརྟེན་མྱུར་སྐྱོབ་རུ་ཁག་གི་སྙན་ཐོ་དུས་ལྟར་འབྱོར་གྱི་མེད་ཚུལ་འདུག

འདི་ནི་སྐབས་ཐོག་གི་གསར་འགྱུར་ཞིག་ཡིན་སྟབས། གསར་འགྱུར་འདི་དང་འབྲེལ་བའི་གནས་ཚུལ་རྣམས་འདིའི་གཤམ་དུ་འགོད་རྒྱུ་ཡིན།

༡། ༢༠༠༨ ལོར་སི་ཁྲོན་དུ་ས་ཡོམ་རིམ་པ་ ༧་༩ ཅན་ཞིག་བརྒྱབ་སྟེ་མི་ ༩༠༠༠༠ བསད་ཡོད་པ་རེད། དེ་རིང་གི་ས་ཡོམ་འདི་ ༦་༩ རེད་འདུག

༢། རྒྱ་ནག་གཞུང་གི་ས་གནས་ས་ཡོམ་བརྟག་དཔྱད་ཚན་པས་ཐེངས་འདིའི་ས་ཡོམ་གྱི་ཤུགས་ཚད་ནི་ ༧་༡ ཡིན་པར་བཤད་འདུག

༣། ༢༠༠༥ ལོའི་མི་འབོར་ཞིབ་བཤེར་ལྟར་ན། ཡུལ་ཤུལ་དུ་རོང་འབྲོག་གཙོ་བོར་བྱས་པའི་མི་གྲངས་ ༨༩༣༠༠ ཡོད་པར་བཤད།

༤། ད་ལྟ་ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། ས་ཡོམ་ཁྲོད་མི་ ༣༠༠ བསད་ཅིང་ ༨༠༠༠ རྨས་འདུག་ཟེར།

༥། རྒྱ་ནག་གཞུང་གིས་དབུས་གཞུང་དང་ཉེ་འཁོར་གྱི་ཞིང་ཆེན་ཁག་ནས་མྱུར་སྐྱོབ་རུ་ཁག་བཏང་དང་གཏོང་བཞིན་པ་ཡིན་ཚུལ་བཤད་འདུག

༦། ཞིན་ཧྭ་གསར་ཁང་གིས་བསྒྲགས་པ་ལྟར་ན། སྐྱེ་རྒུ་མདོ་གྲོང་བརྡལ་གྱི་ཁང་བ་བརྒྱ་ཆ་ ༨༥ ལྷག་འགྱེལ་འདུག་ཟེར།

༧། ནོར་བསམ་རྒྱལ་ཞུ་བ་ཞིག་གིས་འདི་ག་གསར་ཁང་ལ་བཏང་ཡོང་དོན། ༼སྐྱེ་དགུ་མདོའི་གྲོང་ཁྱེར་དུ་ཡོད་པའི་བོད་མི་ཞིག་ལ་ཁོ་བོས་ད་ལྟ་འབྲེལ་བྱས་ཏེ་ད་ལྟའི་གནས་སྟངས་དངོས་ག་འདྲ་ཞིག་ཡིན་མིན་དྲིས་སྐབས། བོད་མི་དེས་བརྗོད་དོན་ས་འགུལ་བརྒྱབ་ནས་ཆུ་ཚོད་ ༧ ཕྱིན་སོང་ད་ལྟ་བར་དུ་རོགས་བྱེད་མཁན་གཅིག་ཀྱང་འབྱོར་མ་སོང་། ཡུལ་དེའི་ཁང་བ་བརྒྱ་ཆའི་དགུ་བཅུ་བརྡིབས་ནས་འོག་ཏུ་མི་མང་བོའི་ཚེ་སྲོག་འགྲོ་བཞིན་པས་ངོ་མ་ཡིད་སྐྱོ་བའི་གནས་འདུག ཁོ་བོའི་བཟའ་ཚང་སྲོག་མགོ་ཐོན་པ་ཙམ་བྱུང་སོང་ཞེས་བརྗོད་སོང་༽ཟེར། ཡང་ཁོས། ༼ཁ་བརྡ་རིང་བོར་བྱེད་མ་ཐུབ། རྒྱུ་མཚན་ནི་འབྲེལ་བ་བྱེད་ཡུལ་གྱི་ལག་ཐོག་ཁ་པར་དུ་གློག་རྫོགས་ལ་ཉེ་བས་དང་། སྐྱོབས་མཁན་མེད་པའི་བོད་མི་མང་བོའི་ཚེ་སྲོག་འགྲོ་བཞིན་འདུག༽ཟེར།

འབྲེལ་ཡོད་གསར་འགྱུར།

Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦

མཆན། 127

  1. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཤི་རྨས་ཐེབ་ཀྱིན་པའི་མི་མང་གི་ཁ་གྲངས་ནི་གསར་ལམ་ཁག་ཏུ་འདྲ་མིན་བཤད་ཀྱིན་ཡོད་པར་མ་ཟད།བོད་ནང་ལ་འབྲེལ་བ་བྱས་ཀྱང་མི་རེ་རེ་ནས་རེ་རེ་བཤད་ཀྱིན་འདུག་པས་ཁ་ཚོན་གཅོད་ཐུབ་པ་ཞིག་བྱུང་གི་མི་འདུག་མོད།ས་ཡོམ་ཀྱི་ཚད་རིམ་དང་དུས་ཚོད།ས་གནས་དེའི་ཆ་རྐྱེན་སོགས་གང་ལ་བལྟས་ཀྱང་ད་ལྟའི་མི་འབོར་ལས་ལྡབ་གཅིག་གིས་མང་སྲིད་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད།

    Reply
  2. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོའམ་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་ནས་མི་ཤི་རྒྱུ་གོད་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་། ད་ལྟའི་རྫ་ཆུ་ཁའི་ཁོངས་གཏོགས་རྫ་སེར་ཤུལ་དགོན་པའི་གྲྭ་པ་ ༥༠༠ ཙམ་གྱིས་གུར་ ༣༠༠ ཙམ་དང་། ཟས་གོས་སོགས་མཉམ་ཁྱེར་གྱིས་གནོད་སྐྱོན་ཕོགས་ཡུལ་དུ་རོགས་རམ་བྱེད་པར་ཕེབས་ཟིན་ཡོད་པ་དང་།

    དེ་བཞིན་རྫ་ཆུ་ཁའི་ལྕང་མ་དགོན་པའི་དགེ་འདུན་པ་གྲངས་ ༡༠༠ ཙམ་རོགས་སྐྱོར་བྱེད་པར་ཕེབས་ཡོད་པ་འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་ཡང་རྒྱ་གཞུང་གི་མཚོ་སྔོན་རླུང་འཕྲིན་ཟེར་བ་སོགས་ནས་དེའི་སྐོར་ཟུར་ཙམ་ཡང་བཤད་ཀྱི་མི་འདུག

    Reply
  3. སྐྱ་ཀ says:
    ལོ་ 15 སྔོན།

    འདས་གྲོང་གི་གྲངས་ཚད་ག་ཚོད་ཡིན་མིན་ད་དུང་ཁ་གསལ་པོ་མི་འདུག་ཁ་སང་ཉིན་ཕྱེ་ཡོལ་ཙམ་དུ་སྐྱེ་རྒུད་དགོན་པའི་གྲ་ཞིག་བརྗོད་དོན་ལ་དགོན་པའི་ནང་དུ་འདས་གྲོང་ཕྱིན་པའི་ཕུང་པོ་གྲངས་ཚད་བདུན་བརྒྱ་ལྷག་ལས་རྒལ་འགྲོ་བའི་གནས་ཚུལ་འདུག འབོད་བསྐུལ་ཞུ་ཡ་དྲ་གྲོགས་རྣམས་པའི་གནས་ཚུལ་ཁོ་སྤྲོད་གནང་ལགས། མ་ནི་ངག་ཐོག་ནས་བཅོལ་རོགས་གནང་།

    Reply
  4. གྲགས་པ། says:
    ལོ་ 15 སྔོན།

    མཚོ་སྔོན་རླུང་འཕྲིན་ཁང་གི་པར་རིས་ལ་ལྟོས་དང་རོགས་རམ་གནང་མཁན་དམག་མི་ཉི་ཤུ་ལྷག་ཙམ་ལས་གང་ཡང་སྟོན་རྒྱུ་མི་འདུག

    Reply
  5. གྲགས་པ། says:
    ལོ་ 15 སྔོན།

    རྒྱ་ནག་སྲིད་གཞུང་གིས་དམག་དང་སྨན་པ་སོགས་ཡག་པོ་བཏང་ཐུབ་མི་འདུག གྲངས་ཉུང་མི་རིགས་ཤིག་ཡིན་པའི་ཆ་ནས་བློ་ཕམ་ཡོད།

    Reply
  6. གྲགས་པ། says:
    ལོ་ 15 སྔོན།

    ངོ་ཤེས་ཞིག་གིས་ཁ་པར་ཐོག་ནས་བཤད་པ་ལྟར་བྱས་ན། མི་ཤི་ཚད་ཀྱི་ཕུང་པོ་སྟོང་ཕྲག་གཉིས་ལས་བརྒལ་རན་འདུག ཁོང་གི་སྤུན་མཆེད་གསུམ་ཀྱང་དེ་གར་ཤི་འདུག

    Reply
  7. གླིང་ཚང་བྱ་གླག says:
    ལོ་ 15 སྔོན།

    ཕ་ཡུལ་ཀྱི་ས་ཡོམ་ཁྲོད་དུ་ཤི་བའི། །
    གདོང་དམར་བའི་འདས་པ་འདས་མ་རྣམས་པ། །
    འཕགས་མཆོག་ཀྱི་ཕྱག་མ་པདྨོའི་ཐུགས་རྗེས། །
    ཡང་དག་པའི་ཞིང་དུ་སྐྱེ་བར་ཤོག་ཅིག།

    ཨོྃ་མ་ཎི་པདྨེ་ཧཱུྃ།

    Reply
  8. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    འདས་པོར་སྨོན་ལམ་དགེ་སྒྲུབ་དང༌། དེ་བས་ཤུལ་ལུས་སྤུན་ཟླ་རྣམས་ལ་ཐུགས་སེལ་ཁ་ཡོད་ལག་ཡོད་ཀྱི་ཕན་དོགས་ཡོང་དགོས་ན་ང་ཚོ་བཙན་བྱོལ་གཞུང་གི་དབུ་ཁྲིད་དེ་བོད་མིའི་ མི་རེ་ངོ་རེ་ཞལ་འདེབས་རྒྱ་མི་ཆུང་རེ་བསྡུས་ནས་ཁོང་རྣམས་ལ་འབུལ་ཐུབ་ན་བོད་མི་རིགས་ཀྱི་ལ་རྒྱ་དང་། གཞི་བྱེས་འབྲེལ་ལམ། བསྟན་དོན་ལ་ཤིན་ཏུ་སྨན་སྙམ་མོ།

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    འདས་པོར་སྨོན་ལམ་དགེ་སྒྲུབ་དང༌། དེ་བས་ཤུལ་ལུས་སྤུན་ཟླ་རྣམས་ལ་ཐུགས་སེལ་ཁ་ཡོད་ལག་ཡོད་ཀྱི་ཕན་དོགས་ཡོང་དགོས་ན་ང་ཚོ་བཙན་བྱོལ་གཞུང་གི་དབུ་ཁྲིད་དེ་བོད་མིའི་ མི་རེ་ངོ་རེ་ཞལ་འདེབས་རྒྱ་མི་ཆུང་རེ་བསྡུས་ནས་ཁོང་རྣམས་ལ་འབུལ་ཐུབ་ན་བོད་མི་རིགས་ཀྱི་ལ་རྒྱ་ལ་དང་། གཞི་བྱེས་འབྲེལ་ལམ། བསྟན་དོན་ལ་ཤིན་ཏུ་སྨན་སྙམ་མོ

    Reply
  10. གཡང་ལགས། says:
    ལོ་ 15 སྔོན།

    སྤུན་ཟླ་དམ་པ་དེ་དག་གི་རྣམ་ཤེས་མྱུར་དུ་རང་ལམ་ཟིན་ནས་མངོན་མཐོ་ལྷ་མིའི་གོ་འཕང་དང་རྒྱལ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་དུ་སྐྱེ་བར་སྨོན།

    Reply
  11. གཡང་ལགས། says:
    ལོ་ 15 སྔོན།

    ཨོ་མ་ཎི་པདྨེ་ཧུམ།

    Reply
  12. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    北京時間2010年4月14日7時49分許,青海省玉樹藏族自治州玉樹縣(北緯33.1,東經96.7)发生7.1級地震,震源深度33千米。据青海省民政廳4月15日凌晨2時13分報告:截至目前,玉樹州M7.1級地震已造成589人死亡,8,000余人受傷;1.5万戶房屋倒塌,約10万名受災群眾需要轉移安置。目前,地震傷亡及損失情況仍在統計調查中。

    Reply
  13. ལྷག་དཀར། says:
    ལོ་ 15 སྔོན།

    གོང་དེར་མཆན་ཁ་ཤེས་ཞིག་གི་ནང་། མ་ཎི་འདོན་པ་དེ་དག་ལ་ཞུ་རྒྱུར་། འཇིགས་བརྟེན་ཀྱི་དཔེར་ཡང་། དགེ་བ་གསོང་། སྡིག་པ་སྒྲོགས་། ཟེར་བ་རེད་། ཁ་བརྡ་དྲ་ཁང་འདི་བསམ་ཚུལ་བཤད་ས་རེད་མ་གཏོག་། མ་ཎི་ཁང་མ་རེད་། སྨོན་ལམ་ཞིག་རྒྱབ་ནས་བསྡད་རྒྱ་ལས་གཞན་བྱེད་རྒྱ་གང་མི་ཡང་འདུག་འདོག་འདོག་མ་བཤད་འ། ང་ཚོ་བོད་གངས་ཅན་པ་། སྐྱིད་ཀྱི་རྟ་པོ་མཉམ་ཞོན་དང་། སྡུག་གིས་ཁུར་བོ་མཉམ་ཁུར་ཡིནཞ སྟག་དམར་ཡག་ཤི་ཡང་འཛིམས་དྲུག་མི་ཡལ་། དེ་མི་ཚད་། དེ་རིས་གོ་སྐབས་འདི་བཟུང་ནས་རྒྱ་འདྲ་ཚང་གི་ཡང་གཡོ་བསྒྱུ་ཁྲ་གསུམ་སྤེལ་ངེས་རེད་། ང་ཚོ་བོད་གང་པ་། སངྒེ་སྐོམ་ཡང་རྙོག་པའི་ཆུ་མི་མཐུང་། སྤྱང་ཁུ་ལྟོག་ཡང་རོགས་པའི་ཤ་མི་ཟ།

    Reply
  14. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Please do something real things.Not noly pray but generous something from your pockets. Of course,when you donate money,also be careful.I mean do not let Chinese communist official staff take the money for themselves including some Tibetan wolves.

    Reply
  15. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཨོ་མི་ཉག་སྐལ་བཟང་ལྷ་བྲིས་པ་དབུ་སྐྲ་རིང་པོ་དེ་ཡིན་ནམ། གལ་སྲིད་ཡིན་ན་དྲ་བྱང་tashi550@yahoo.comཐོག་གུས་ལ་འབྲེལ་བ་ཞིག་གནང་རོགས་ཞུ།།

    Reply
  16. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    ཞབས་རིམ་དང་སྨོན་ལམ་ཚོགས་སོགས་རིག་གཞུང་དང་འབྲེལ་བའི་བྱེད་སྒོ་ཤིག་རེད། ང་ཚོས་ཁ་ཚ་དགོས་གཏུགས་དང་ཁ་ཡོད་ལག་ཡོད་ཀྱིས་ཕྱིར་སྡོད་བོད་རིགས་ཡོད་དོ་ཅོག་གིས་གདུང་སེམས་མཉམ་སྐྱེས་ཀྱིས་དཔལ་འབྱོར་བསྡུ་རུབ་བྱ་སྟེ་ཐབས་ཤེས་ཡོད་རྒུད་ཀྱི་དཔལ་འབྱོར་ཁོ་ནའི་རོགས་རམ་བྱེད་དགོས་པ་ནི་དུས་ལ་བབ་པ་ཡིན།

    Reply
  17. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    ཕྱི་དྲོ་ཆུ་ ༥ པ་ལ་བལ་ཡུལ་ཁུལ་དུ་ཡོད་པའི་བོད་རིགས་སེར་སྐྱ་གང་མང་ཞིག་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་དུ་བོད་མདོ་ཁམས་སྐྱེ་དགུའི་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་ཕྲལ་ཞབས་རིམ་དང་སྨོན་ལམ་ཚོགས་སོང་། བོད་ནས་གསར་དུ་འབྱོར་བ་གྲྭ་བཙུན་རྣམས་ནས་མུ་མཐུད་ནས་ཚོགས་ཆར་གནང་བཞིན་པ་རེད་འདུག

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སུ་ཞིག་གི་སྙིང་ཁམས་མ་དྭངས་པ་ཡིན་མིན་མ་ཤེས། བོད་དོན་རྒྱབ་སྐྱོར་བ་ཚོའི་ནང་དུ། སྐྱེ་རྒུ་མདོ་དེ་མདོ་སྟོད་སྨད་ཀྱི་ས་ཆ་གང་ཞིག་ཡིན་མིན་བཤད་བསྡད་འདུག

    ཛ་དྲག་གི་དུས་སྐབས་འདི་འདྲ་ཞིག་ལ་བོད་ཀྱི་ས་ཁུལ་ཞིག་ཡིན་པ་ཤེས་པའི་རྗེས་ལ་དོན་དག་གཞན་ག་རེ་གླེང་རྒྱུ་ལྷག་བསྡད་ཡོད་ན་་་་་་

    Reply
  19. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གུས་པའི་ཁྱིམ་དང་སྤུན་ཉེ་མང་ཆེ་བ་སྐྱེ་རྒུ་མདོ་ལ་ཡོད་སྟབས་ཁོ་ཚོར་ཁ་པར་བཏང་བའི་བརྒྱུད་ནས་ཤེས་གསལ་ལྟར་ན། ཧ་ཅང་གཞི་རྒྱ་ཆེ་བའི་སྐྱེ་རྒུ་མདོ་ལ་ས་ཡོམ་གྱི་རྐྱེན་གྱིས་ད་ཆ་ཕན་ཐོགས་ཡོད་པའི་ཁང་གཅིག་ཀྱང་མ་ལྷག་པར་གྱུར་འདུག་ཟེར། ཤི་རྨས་ཀྱི་གྲངས་མང་དྲག་པ་དང་མྱུར་སྐྱོབ་བྱེད་མཁན་གྱི་མི་སྣ་ཉུང་རྐྱེན་གྱིས་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་ཟེར། ཁོ་ཚོ་ཛ་དྲག་གི་རྨས་མ་མང་པོ་ཞིག་ཅི་བྱ་མེད་པར་ལམ་གྱི་འཁྲིས་ལ་བསྡད་ཡོད་ཟེར། སྨན་པ་སོགས་ཀྱི་རོག་རམ་གང་ཡང་ཐོབ་མི་འདུག ས་ཡོམ་གྱི་གོད་ཆགས་ཤོར་བའི་ས་ཆ་རང་ལ་ཡོད་པའི་མི་རྣམས་ཀྱིས་མི་སྟོང་ཕྲག་མང་པོ་ཤི་འདུག་པའི་སྐད་ཆ་བཤད་ཀྱི་འདུག་ཀྱང་འདི་ག་གསར་ལམ་དུ་མི་བཞི་བརྒྱ་ཤི་བའི་གནས་ཚུལ་བཀོད་འདུག་པ་འདི་ལ་ཧང་སང་སོང་། འདི་ནི་རྒྱུ་མཚན་ཅི།

    Reply
  20. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ས་ཡོམ་གྱི་རྐྱེན་ངན་བྱུང་བའི་མི་སྤྱི་དང་། ལྷག་པར་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ། མཆོག་གསུམ་ལ་གསོལ་འདེབས་སྨོན་ལམ་དང་། སྙིང་ནས་ཐུགས་གསོ་ཞུ་བཞིན་ཡོད་ལགས།

    Reply
  21. དོན་འགྲུབ་ says:
    ལོ་ 15 སྔོན།

    ༄༅། ཁམས་སྐྱེ་རྒུ་མདོ་སོགས་སུ་རང་བྱུང་གོད་ཆགས་ས་ཡོམ་གྱིས་རྐྱེན་པས་སྐྱེ་འགྲོ་མང་པོ་བློ་བུར་ཚེ་འཕོས་པ་རྣམས་ལ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་རྗེས་སུ་འཛིན་པའི་བསྔོ་སྨོན་དང་གྲངས་ལས་འདས་པ་རྨས་རྐྱོན་ཤོར་བ་རྣམས་མྱུར་དུ་དྲག་བསྐྱེད་ཡོང་བའི་སྨོན་ལམ་ཞུ།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ངའི་གོ་ཐོས་བཤད་ན་སུད་སི་ཚན་རིག་པའི་ལྟ་ན་བོད་ཀྱི་ས་ཐོག་ཏུ་མེ་འཁོར་ལྕགས་ལམ་རྒྱག་མི་ཐུབ་པར་བཤད་ཡོད་པར་རེད།
    རྒྱུ་མཚན་ནི། བོད་ཀྱི་སའི་འོག་ཨུ་ཁུང་མང་བ་དང་ས་སྲ་མོ་དེ་ཙམ་མི་འདུག་ཞེས་བཤད་མྱོང་ཡོད་པར་རེད།
    ས་ཡོམ་སྐོར་རུ་ཚན་རིག་པའི་བཤད་སྲོལ་ལྟ་ན་སའི་སྟེང་དུ་སྔར་མེད་ཀྱི་ལྕི་ཚད་གསར་དུ་སླེབས་ན་སའི་འོག་ཏུ་ཡོད་པའི་སའི་ཨུ་ཁུང་མར་རྡོལ་འགྲོ་དུས་ས་ཡོམ་རྒྱག་པར་བཤད།
    རྒྱུ་རྐྱེན་དེར་འདྲ་བརྟེན་ནས་ས་ཡོམ་རྒྱག་གིན་ཡོད་པར་ཡིན་ན། བོད་ཀྱི་གཙང་བོ་ཆེན་པོ་རྣམས་འགྲོ་སར་མ་གཏོང་བ་བཀག་ཡོད་པས་བོད་ཀྱི་ས་ཐོག་ཏུ་སྔར་མེད་ཀྱི་ལྕི་ཚོད་རྒྱ་མ་དུང་ཕྱུར་མང་པོ་གསར་དུ་སླེབས་པས་ས་ཡོམ་རྒྱག་པར་མིན་ནམ་སྙམ།

    Reply
  23. བློ་བཟང་། says:
    ལོ་ 15 སྔོན།

    བོད་ནས་ངོ་ཤེས་གཅིག་གིས་ཁ་པར་ཐོག་ཏུ་བརྗོད་དོན། ཤི་ཚར་བའི་ཕུང་པོ་གཅིག་པུ་སྟོང་ཕྲག་གཅིག་ལས་བརྒལ་སོང་ཟེར། རྒྱ་ནག་གི་དམག་མི་ཡང་མང་པོ་མི་འདུག་ཟེར།

    Reply
  24. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ༄༅། །དེ་རིང་སྔ་དྲོ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་སྟེ་ མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེ་ཕོག་པ་ཧ་ཅང་ཡིད་སྐྱོའི་རང་བཞིན་ཡིན། ས་ཡོམ་གྱི་ཁྲོད་དུ་རྐྱེན་འདས་སོང་བ་དང་ཤུལ་ལུས་ནང་མི་སོགས་ལ་ངོས་ནས་འཚམས་ འདྲི་སེམས་གསོ་དང་། སྨོན་ལམ་འདེབས་བཞིན་ཡོད་པར་མ་ཟད། འདི་ག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྐྱེན་འདས་སོང་བ་རྣམས་ཀྱི་ཆེད་ དུ་དམིགས་བསལ་མཆོད་འབུལ་སྨོན་ལམ་ཞིག་ཀྱང་ཚུགས་རྒྱུ་ཡིན།

    ངོས་ཀྱི་རེ་བར་རྐྱེན་ངན་བྱུང་བའི་ས་ཁུལ་གྱི་མི་མང་རྣམས་ལ་དགོས་ངེས་ཀྱི་ངལ་ སེལ་རོགས་རམ་འབྱོར་པ་རྣམས་དུས་ཐོག་མང་ཚོགས་ཀྱི་ལག་ཏུ་འཕྲོད་པ་ཞིག་ཡོང་བ་ དང་། ང་རང་གི་ངོས་ནས་ཀྱང་ཕན་གྲོགས་ཇི་ལྟར་བྱ་རྒྱུ་ཡོད་པ་རྣམས་གང་ཐུབ་ཐབས་ཤེས་ འབད་བརྩོན་བྱ་རྒྱུ་ཡིན། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ལ༎
    http://www.gyalwarinpoche.com/newsdetail.php?recordID=24

    Reply
  25. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ༢༠༠༨ ལོའི་ལྷ་སའི་འདམ་གཞུང་ས་ཁུལ་དུ་ས་ཡོམ་བརྒྱབ་རྗེས། རྒྱའི་དྲ་ཚིགས་མང་བོ་ཞིག་གི་མཆན་ནང་། བོད་ལ་སྙིང་ཚིམས་ཧ་ལས་པ་བརྒྱབ་སོང་། ད་ཐེངས་ཡང་རྒྱ་མི་ཅི་འདྲའི་མང་བོ་ཞིག་དགའ་དྲགས་ཏེ་ཁ་མ་ཟུམ་པར་ཡོད་ངེས།

    Reply
  26. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ༢༠༠༨ ལོར་ཡང་ལྷ་སའི་འདམ་གཞུང་ས་ཁུལ་དུ་ས་ཡོམ་བརྒྱབ་པ་རེད། ས་ཡོམ་དེས་ས་གནས་དེའི་བོད་མི་མང་ཚོགས་ལ་གྱོང་གུལ་ཆེན་པོ་ཐེབས་སོང་། འོན་ཀྱང་རྒྱ་ནག་གིས་ཚོད་འཛིན་བྱས་ཏེ་ཁོ་ཚོའི་བཀོད་སྒྲིག་ལྟར་དང་དམག་མི་རྣམས་མ་གཏོགས་ས་གནས་དེར་འགྲོ་ཡང་མི་ཆོག་པ་བཟོས་སོང་། དངས་བླངས་ཀྱི་རོགས་སྐྱོར་བ་མི་གཅིག་ཀྱང་མ་བཏང་བས། བོད་མི་མང་བོ་ཞིག་གིས་ཨམ་གཙིགས་བསྡམས་པ་ལས་ཐབས་ཤེས་ཅི་ཡང་མེད་པའི་གནས་སུ་ལྷུང་། ད་ཐེངས་ཀྱང་རང་བཞིན་དེ་ག་རང་ལས་ཡོད་མི་སྲིད། དུས་སྐབས་ཛ་དྲག་དང་ཉེན་འཕྲང་ག་འདྲ་ཞིག་གི་འོག་ནས་ཀྱང་རྒྱ་མིས་ཁོ་ཚོའི་སྣང་བརྙན་དང་སྙན་གྲགས་འཛུགས་བསྐྲུན་ཁོ་ནར་རེམ་པ་ལས། མི་དམངས་ཀྱི་དོན་དངོས་ཀྱི་དཀའ་ངལ་ལ་དེ་ཙམ་གྱི་སྣང་བ་འཇོག་གི་མེད།
    ༢༠༠༨ ལོའི་བུན་ཁྲོན་ས་ཡོམ་ལ་བོད་མི་ཚོས་གང་ཐུབ་ཅི་ཐུབ་ཀྱིས་རོགས་རམས་གནང་སོང་། འོན་ཀྱང་ད་ཐེངས་ཀྱི་སྐྱེ་རྒུ་མདོའི་གནས་སྟངས་ལ་རྒྱ་མི་ཚོས་ཅི་འདྲ་ཞིག་བྱེད་མིན་བལྟ་ཆོག བཙན་བྱོལ་བོད་གཞུང་གིས་རྒྱ་ནག་སྲིད་གཞུང་དང་མི་དམངས་གཉིས་ཁ་ཁར་ཕྱེས་ཀྱི་ཡོད། དོན་ངོ་མར་རྒྱ་ནག་མི་དམངས་དང་སྲིད་གཞུང་ལ་དབྱེ་ཁྱད་ཡོད་མེད་ལྷ་སའི་འདམ་གཞུང་ས་ཡོམ་གནས་ཚུལ་གྱིས་རག་ཙམ་ཕྱེ་སོང་ལ། ད་ཐེངས་དེ་བས་ཀྱང་དོན་ངོ་མ་དེ་གསལ་བོར་སྟོན་གྱི་རེད།

    Reply
  27. གླག་ཕྲུག says:
    ལོ་ 15 སྔོན།

    ས་ཡོམ་འདི་འབྱུང་རྐྱེན་གྱི་སྐོར་ལ་གཞིས་ལུས་བོད་མི་མང་པོ་ཞིག་ཆོས་ལུགས་དང་། རྨོངས་དད་སྐྱ་སྒྲིལ་ནས་ཁུངས་འཚོལ་བྱེད་ཀྱི་ཡོད་འདུག དེ་དག་ལས་བསམ་ཚུལ་སྣ་ཚོགས་པ་ཞིག་ཡོད་ནའང་གཙོ་བོ་ཞིག་ནི་ན་ནིང་ལོ་འདིར་སྒ་སྐྱེ་རྐུ་མདོ་འདིར་དོལ་རྒྱལ་ཚོགས་པ་ཞིག་དངོས་སུ་བཙུགས་ཡོད་འདུག་པ་དང་། ཚོགས་པ་དེས་རྒྱལ་བ་རིན་པོ་ཆེ་གཙོས་པའོ་བོད་ཀྱི་བླ་ཆེན་མང་པོ་ཞིག་ལ་དམིགས་ནས་གཏོ་ཆོག་དུ་མ་བྱེད་བཞིན་པ་ཡིན་པ་འདིས་རེད་ཅེས་བཤད་ཀྱི་འདུག ཚོགས་པ་འདི་བཙུགས་ནས་བཟུང་ཡུལ་འདི་ལ་བཀྲ་མི་ཤིས་པས་རྒྱུན་མ་ཆད་པ་བཤད་བཞིན་འདུག

    Reply
  28. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    དབྱངས་བུ་ལགས། རྒྱང་བསྒྲགས་བརྒྱུད་དེ་འདྲའི་ཁྱབ་བསྒྲགས་བྱས་པ་ངས་ཀྱང་གོ་སོང་། འོན་ཀྱང་ཁྱབ་བསྒྲགས་གནང་མཁན་དེ་ཚོས་བོད་ཡིག་གི་དྲ་རྒྱ་འདི་གཟིགས་ཀྱི་ཡོད་མེད་དོགས་པ་ཡོད།

    Reply
  29. ཨརྱ། says:
    ལོ་ 15 སྔོན།

    ས་ཡོམ་གྱི་གོད་ཆག་འདི་བྱུང་ནས་ཆུ་ཚོད་༦དང་སྐར་མ་༤༡གི་རྗེས་སུ་འབྲས་སྤུངས་ན་མྱ་ངན་དང་སྨོན་ལམ་འཚོགས་ཀྱིན་འདུག འདི་ནི་ཅི་འདྲའི་རྗེས་ལུས་ཤིག་རེདའང་།

    Reply
  30. དབྱངས་བུ། says:
    ལོ་ 15 སྔོན།

    དེ་རིང་ཉིན་རྒྱབ་གླ་བྱེད་སྣུམ་འཁོར་ཞིག་གི་ཐོག་རྒྱང་བསྒྲགས་འཁྱེར་ནས་བོད་ནང་ས་ཡོམ་རྒྱབ་ཏེ་མི་སུམ་སྟོང་་༣༠༠༠་གྲོངས་ལུག་བཤད་སོང་བས། ལས་བྱེད་དང་མཁའ་འཁོར་གྱི་མི་མང་པོ་ཧང་སངས་པ་དང་སྐྱོ་སྣང་ཆེན་པོ་བྱེད་ཀྱིན་པ་ངས་དངོས་སུ་མཐོང་སོང། འོན་ཀྱང་གསར་འགྱུར་ཕལ་ཆེ་བའི་ནང་མི་སུམ་བརྒྱ་དང་། བཞི་བརྒྱ་གྲོངས་ལུགས་ལས་། སུམ་སྟོང་གྲོངས་པ་འཁོད་མི་འདུག རྗེས་སུ་གསལ་བསྒྲགས་གནང་སྐབས་གཟབ་ནན་གནང་གལ་ཆེ་བར་མཐོང།

    Reply
  31. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    དེ་རིང་བོད་མདོ་ཁམས་སྐྱེ་རྒུ་མདོ་ཕྱོགས་སུ་ས་ཡོམ་བརྒྱབ་སྐབས་རྐྱེན་འདས་སུ་ཕྱིན་པ་དང་། ལྟོས་བཅས་ཤུལ་ལུས་རྣམས་ལ་༸གོང་ས་མཆོག་གིས་གསུང་འཕྲིན་བསྩལ་བ་ནོར་ཝེ་བོད་སྐད་རླུང་འཕྲིན་དུ་ཆ་ཚང་ཉན་རྒྱུ་འདུག
    http://www.vot.org/player.html?snd=http://www.vot.org/votwedtib.mp3

    Reply
  32. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    གྲོགས་སྤོབས་པ་མཐའ་ཡས་ལགས། ད་ཐེངས་ཀྱི་ས་ཡོམ་རྒྱག་སའི་ལྟེ་བ་དེ་ནི་སྐྱེ་དགུའི་གྲོང་བརྡལ་རང་རེད། གྲོང་བརྡལ་དེར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་། ཡུལ་ཤུལ་རྫོང་གཉིས་ཀའི་གནས་ཡུལ་ལྟེ་བའང་ཡིན། སྲིད་གཞུང་དང་དེའི་མ་ལག་ཆ་ཚང་གནས་དེར་ཡོད།
    ས་ཡོམ་དེས་སྐྱེ་དགུ་གྲོང་དང་སྤྱི་ལེ་བརྒྱ་ཕྲག་ཙམ་གྱིས་ཆོད་པའི་ས་གནས་རག་ཤུལ་དང་། ཟུར་མང་། དགེ་རྒྱས་སོགས་འབྲོག་ཁུལ་དུའང་འདར་སིག་ངར་མ་འགའ་ཞིག་རྒྱབ་ཡོད་འདུག་ཀྱང་མི་ཤི་གོད་ཆགས་ཀྱི་གནས་ཚུལ་གོ་མ་བྱུང་། སྐྱེ་དགུ་གྲོང་གི་མི་སེར་གྱི་སྡོད་ཁང་འགའ་ཞིག་ད་དུང་ཡང་མནན་ཏེ་ཡོད་པ་ལས་སློག་མཁན་ཡང་བྱུང་ཡོད་མི་འདུག མི་གྲངས་དུ་ཤི་ཡོད་སུས་ཤེས། ཨ་གནམ་རྒན་མ།

    Reply
  33. གནས་ཚང་། says:
    ལོ་ 15 སྔོན།

    དོན་རྐྱེན་འདིར་མང་བོ་ལབ་ནས་ཡོང་ཡ་མི་འདུག མདོ་དོན་བརྗོད་ན། ས་ཡོམ་ཡོང་མིན་དང་སྔོན་བརྡ་གཏོང་རྒྱུ་ནི་འཛམ་གླིང་ཤར་ནུབ་སྲིད་གཞུང་མཐའ་དག་གི་འོས་འགན་རེད་ལ། འོས་འགན་དེ་མ་འགྲུབ་ན་སྲིད་གཞུང་ཞིག་གི་ལས་ཀ་འཐུས་ཤོར་ཕྱིན་ཟིན་པ་མཚོན་བཞིན་པའི་ཁར། དམག་དཔུང་མངགས་ནས་རོགས་རམ་བྱེད་རྒྱུའང་སྲིད་གཞུང་རང་གིས་མ་འཇོན་མ་ནུས་པའི་ཁ་གསབ་ཙམ་ཡིན། དེ་བས། ཕྱི་ནང་གི་གནས་ཚུལ་མི་ཤེས་མཁན་ཞིག་ཡིན་ན་མ་གཏོགས་དམག་མིའི་རོགས་བསྐྱོར་ལ་ཡིད་འགུལ་ཐེབས་དགོས་པ་ཞིག་མིན། དེ་ལས་ཀྱང་མི་མང་གིས་རོགས་དངུལ་ཕུལ་བཞིན་པ་དེའང་འོས་འགན་མ་འགྲུབ་པའི་སྲིད་གཞུང་དེའི་སྒྲིབ་གཡོགས་ལྟ་བུར་མི་འགྱུར་བའི་ངེས་པའང་མེད། ཡིན་ནའང་། བཙན་བྱོལ་བོད་གཞུང་གི་ངོས་ནས་རོགས་དངུལ་སྤྲད་དུ་འཇོག་མིན་ལ་མ་ལྟོས་པར་གྲངས་ཚད་མཐོན་པོ་ཞིག་གི་རོགས་དངུལ་སྤྲོད་འདུན་པ་ཕྱི་བསྒྲགས་དང་འབྲེལ་ཕྱི་རྒྱལ་དུ་གནས་འཁོད་བོད་མི་ཚོའང་རོགས་དངུལ་ཕུལ་བར་འབོད་བསྐུལ་ཞུ་འོས་བསམ། དེ་ལྟར་བྱས་ན་ད་གཟོད་འབྲས་བུ་པཱ་ལེ་འདྲ་བ་རེ་ལེན་ཐུབ་ཤག་ཡིན།

    Reply
  34. ཕུན་ཚོགས ། says:
    ལོ་ 15 སྔོན།

    དགོངས་དག་ཡིག་ནོར་ཁ་ཤས་ཤོར་སོང་ཟིག

    Reply
  35. ཕུན་ཚོགས ། says:
    ལོ་ 15 སྔོན།

    སྐྱི་ཡ་བའི་གནས་ཚུལ་སྡུག་ཤོས་ཀྱི་དོན་རྐྱེན་འདི་ནི་རྒྱ་ནག་གཞུང་གི་རྒྱལ་ཁ་ཆེན་པོ་ཞིག་ཏུ་བརྩི་བཞིན་ཡོད་ངེས།རྒྱུ་མཚན་ཞོན་ཧ་དྲ་ཚིགས་སུ་ཐེངས་འདིའི་ས་ཡོམ་གནས་ཚུལ་སྤེལ་མ་ཐག་མིང་ལ་ཡོན་ཅོའོ་ཟེར་བ་ཞིག་གིས་མཆན་འདེབ་དོན།ཐེངས་འདི་ནི་བོད་ཀྱི་རྒྱུ་འབྲས་མེད་པའི་བྱས་ཉེས་ལས་བྱུང་བ་ཞིག་རེད།ཏཱ་ལའི་བླ་མས་བོད་སྐྱོབ་རྒྱུ་ཡིན་ཟེར་བ་མིན་ནམ།ད་ནི་བོད་སྐྱོབ་པའི་དུས་ངོ་མ་ལ་སླེབས་ཡོད་པས་གཤོག་པ་ཡོད་ན་ཕེབས་རན་རེད།དོན་ངོ་མ་ཀུང་ཁྲན་ཏང་མ་གཏོགས་སུ་ཞིག་གིས་སྙིང་རྗེ་བསྐྱེད་དེ་བོད་སྐྱོབ་སྲིད།དེ་རིང་ཁྱོད་ཚོས་ཀུང་ཁྲན་ཏང་གི་ཁ་ཞེ་གཉིས་མེད་ཀྱི་ལྷག་བསམ་ག་འདྲ་ཞིག་ཡིན་པ་གཞི་ནས་ཧ་གོ་ཡོང་ངེས།ཅེས་པའི་སྐད་ཆ་སོགས་བྱུང་ཡོད་པ་འདི་ནི་རྒྱ་ནག་གིས་བོད་ལ་བལྟ་བའི་ལྟ་སྟངས་ཤིག་རེད།
    སྔོན་བོད་ལ་དུས་འགྱུར་བྱུང་ཏེ་སྟེ་ཅུང་མ་འགོར་བའི་སྐབས་དང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་འཁོན་འཛིན་ཤུགས་ཆེར་བྱེད་ཀྱིན་པའི་སྐབས་ཏག་ཏག་ཅིག་ལ་ལྷ་སའི་ས་ཁུལ་ཁ་ཤས་ཤིག་ལ་ཐན་སྐྱོན་ཆེན་པོ་བྱུང་སྟེ་དཀའ་ངལ་བརྩེགས་མ་ཕྲད་པའི་དུས་སུ།རྒྱ་ནག་གཞུང་གིས་ལྷག་བསམ་ཟོལ་མེད་ཀྱི་རྣམ་འགྱུར་རྫུན་མའི་འོག་ནས་གནོད་སྐྱོན་བྱུང་ཡུལ་ཁག་ལ་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་འཆོས་གང་ལེགས་བྱས་པས།སྐབས་དེའི་ཚ་ཚ་འུར་འུར་གྱི་ལས་འགུལ་དང་སེམས་ཤུགས་སོགས་རང་བཞིན་གྱིས་ཤི་བ་དང་།ད་དུང་བོད་མི་ཁ་ཤས་ཤིག་གིས་བོད་དོན་གཏིང་བརྗེད་དུ་གྱུར་ཏེ་མོའོ་དང་ཀུང་ཁྲན་ཏང་ལ་ཡིད་ཆེས་དང་དད་སྟོབས་ཤུགས་ཆེར་སོང་བའི་གནས་ཚུལ་ནི་ད་ལྟའི་ལྷ་སའི་ས་ཁུལ་གང་མང་ན་མཐོང་མོས་ཀྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་འདི་དག་རྐང་ལ་བཙུག་སྟེ།ཐེངས་འདིར་རྒྱ་ནག་གཞུང་གིས་རྣམ་རིག་གྲོང་མདོག་གིས་ཆབ་སྲིད་ཀྱི་ཟློས་གར་ཡིད་དུ་འོང་བ་ཞིག་འཁྲབ་ངེས་པའི་ཚོད་དཔག་བྱེད་ཆོག

    དེ་རིང་དོན་རྐྱེན་བྱུང་རྗེས་ཀྱི་ཆུ་ཚོད་8་དང་སྐར་ཆ་40ལ་སྲིད་འཛིན་ཧོའི་ཅིན་ཐོའོ་ཡིས་སེམས་པ་ཤིན་ཏུ་སྐྱོ་མདོག་གིས་ས་ཡོམ་བྱུང་ཡུལ་གྱི་གནས་ཚུལ་དུས་ཐོག་ཏུ་འདོན་ཐུབ་པ་བྱེད་རྒྱུ་དང་།མི་མང་གི་གནོད་སྐྱོན་ལ་འགན་ཡོད་མི་སྣས་དུས་ཐོག་མྱུར་སྐྱོབས་བྱེད་དགོས་པ་མ་ཟད།སྤྱི་ཚོགས་བརྟན་བརླིང་ལ་དོ་ཁུར་ཆེན་པོ་བྱེད་དགོས་པའི་བཀའ་བརྒྱ་གང་མགྱོགས་ཀྱིས་གཏོང་ཚུལ་ལ་བལྟས་ཡོང་ན།རྒྱ་གཞུང་གིས་དོན་རྐྱེན་འདིའི་གནས་བབ་དང་དུས་ཚིགས་སོགས་ལ་བསམ་ཞིབ་ནན་མོ་བྱས་ཐོག་རྒྱལ་དོན་གྱི་ཁེ་བསང་གང་ལེགས་ཤིག་ལེན་པར་ཤུགས་སྣོན་བྱེད་རྒྱུ་ནི་ཐག་གིས་ཆོད་པའི་གནས་ཚུལ་ཞིག་རེད་སྙམ།

    Reply
  36. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ས་ཡོམ་རྒྱག་ས་ངོ་མ་དེ་སྐྱེ་རྒུ་མདོ་གྲོང་བརྡལ་རེད་དམ་གང་གང་རེད་ཟེར། མི་གྲངས་ག་ཚོད་འདས་གྲོངས་སོང་མིན་དེ་ས་གནས་མི་མང་རང་གིས་མཐོང་སྣང་ལ་ག་འདྲ་ཡོད་དམ།

    Reply
  37. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    འདས་གྲོངས་ཕྱིན་དག་བར་དོའི་འཇིགས་ལས་གྲོལ།།
    རྨས་སྐྱོན་ཕོག་རྣམས་གང་མགྱོགས་དྲགས་སྐྱེད་ཤོག།

    Reply
  38. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ད་ལྟ་ཆུ་ཚོད་༣་དང་སྐར་མ་༤༠་རེད། ད་དུང་ཡང་མྱུར་སྐྱོབ་སྡེ་ཁག་སླེབས་མི་འདུག བོད་པ་རྣམས་ཀྱིས་ཕན་ཚུན་རོ་དྲུད་རོགས་དང་། མིག་ཆུ་འཕྱིད་རོགས་བྱེད་རེས་བྱེད་ཀི་ཡོད་ཟེར། གཞུང་གི་གཟོས་པའི་ལམ་གཡས་གཡོན་གྱི་ཁང་པ་དེ་དག་ནི་གས་པ་དང་། གྲུམ་པ་སོགས་ལས་འགྱེལ་བ་དང་། ལུགས་པ་སོགས་ཆེར་རེད་མི་འདུག་ཟེར། རྦད་དེ་བརྡེབས་ནས་མནན་སོང་བ་རྣམས་ནི་བོད་པ་མི་སེར་རྣམས་ཀྱི་སྡོད་ཁང་རེད་ཟེར།

    Reply
  39. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    ང་རང་དངོས་ཉིད་གསར་འགྱུར་འདི་མཐོང་དུས་ངོ་ཤོར་གྱི་འདུག་འདི་འདྲའི་སྡུག་བསྔལ་ཆེན་པོ་དེ་ལས་གཡོ་ཐབས་ཤིག་ཡོད་ན་ཅི་མ་རུང་།

    Reply
  40. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་རིང་སྔ་དྲོ་ནས་འབྲེལ་ཡོད་ལས་ཁུངས་བརྒྱུད་སྐྱབས་འཇུག་ཞུས་ཟིན་པ་རེད་ལགས།

    Reply
  41. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    རྒྱ་ནག་གཞུང་གིས་རང་གི་དམག་མི་ཚོ་མ་གཏོགས་བོད་མི་རྣམས་རོགས་རམ་བྱེད་པར་གཏོང་གི་མ་རེད་འདོད། ནམ་རྒྱུན་རང་གི་ས་གནས་ནས་འགྲོ་འདུག་ལ་རང་དབང་མེད་པའི་བོད་མི་ཚོ་ས་ཁུལ་གཞན་ལ་མང་མང་འདུ་འཛོམས་དང་། སྤྱི་ཚོགས་ཀྱི་ལས་དོན་ཆེན་པོ་དེ་འདྲའི་ནང་མཉམ་ཞུགས་བྱ་འཇུག་གི་མ་རེད།

    Reply
  42. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ད་གངས་ཅན་སྐྱིད་གཤོང་གི་ལས་བྱེད་ཚང་མ་དེ་རིང་ས་ཡོམ་ཁྲོད་རྐྱེན་འདས་སོང་བ་རྣམས་ལ་སྨོན་ལམ་ཚོགས་སར་འཛོམས་གྲབ་བྱེད་ཀྱི་འདུག

    Reply
  43. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    མདོ་ཁམས་སྐྱེ་དགུ་མདོའི་ས་ཡོམ་སྐོར་ལ་ཉན་ཞིབ་བྱས་པ།

    ཉིན་ཤས་སྔོན་ནས་ས་ཡོམ་གྱི་སྐོར་དང་འབྲེལ་བ་ཡོད་པའི་ཡིག་ཆ་མང་པོ་ཞིག་བཙལ་ཞིང༌། དེ་དག་བཀླགས་ནས་ས་ཡོམ་གྱི་སྐོར་ལ་རྒྱུས་ལོན་ཏོག་ཙམ་བྱེད་མགོ་བཙུགས་ཏེ་ཡོད། དེ་རིང་ཞོགས་པར། མདོ་ཁམས་སྐྱེ་དགུ་མདོར་ས་ཡོམ་ཚད་རིམ་བདུན་དང་ཚེག་གཅིག་ཅན་བརྒྱབ་པའི་གནས་ཚུལ་སྐོར་བརྙན་འཕྲིན་དང་དྲ་ངོས་དག་ནས་མཐོང༌། གཡས་གཡོན་གྱི་གྲོགས་པོ་དག་ལས་ཀྱང་ཁུངས་དང་ལྡན་མིན་སྣ་ཚོགས་པ་ཞིག་ཐོས།
    ངས་བཀླགས་པའི་ས་ཡོམ་ཡིག་ཚགས་ནི། ཕྱི་ལོ་ ༡༨༧༠ ལོ་ནས་ ༡༩༨༢ ལོའི་བར་ལ་བོད་ཁུལ་དུ་ས་ཡོམ་ཅི་བྱུང་སྐོར་ཚོ་གཅིག་དང༌། ཡང་ཡིག་རིགས་གཞན་ནས་བོད་ཡིག་ཏུ་བསྒྱུར་བའི་ཡིག་ཆ་གཅིག་བཅས་ཡིན། དེ་གཉིས་ལས་སྔ་མའི་ནང༌། ཕྱི་ལོ་ ༦༤༢ ནས་ཕྱི་ལོ་ ༡༩༨༢ བར་གྱི་ས་ཡོམ་སྐོར་བཀོད་འདུག ཕྱི་མ་དེའི་མཇུག་ནས་ཡར་རྩིས་པའི་གྲངས་གསུམ་པ་ནི། དེ་རིང་གི་ས་ཡོམ་བྱུང་ཡུལ་སྐྱེ་དགུ་མདོ་རེད། ས་ཡོམ་དེ་ཕྱི་ལོ་ ༡༩༨༢ ལོའི་ཟླ་ ༣ ཚེས་ ༧ ཉིན་གྱི་ཆ་ཚོད་ ༡༩ དང་སྐར་མ་༤༨ སྟེང་བརྒྱབ་འདུག དེ་ནི་དེང་སང་གི་ཚད་གཞི་འཇལ་ལུགས་ལྟར་བྱས་ན། སའི་གོ་ལའི་འཕྲེད་ཐིག་བྱང་མའི་ཐིག་ཚད་ ༣༣྄།༥ དང༌། ཤར་གྱི་གཞུང་ཐིག་གི་ཐིག་ཚད་ ༩༤།༧ ལ་འཁེལ་ཡོད། ས་ཡོམ་དེ་ནི་རིམ་པ་ ༥།༢ གྱི་ས་ཡོམ་ཞིག་ཆགས་ཡོད་སྐོར་བཀོད་འདུག ཡིག་ཚགས་ནང་གསལ་བ་ནི་དེ་ཙམ་རེད། ཡིག་ཚགས་འདིར་ཐོ་འགོད་རེའུ་མིག་ཅིག་འདུག་པའི་ནང༌། ཕྱི་ལོ་ ༦༤༢ ལོ་ནས་ཕྱི་ལོ་ ༡༩༨༢ ལོའི་བར་དེར། བོད་ཁུལ་སྟོད་སྨད་དུ་ས་ཡོམ་གྲངས་ ༦༡༢ བརྒྱབ་པ་ཐོ་འགོད་བྱས་འདུག དེའི་ནང་གི་ས་ཡོམ་ཚད་རིམ་མཐོ་ཤོས་ནི། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༨ ཚེས་ ༡༥ ཉིན་གྱི་ཆུ་ཚོད་༢༢ དང་སྐར་མ་ ༩ སྐར་ཆ་ ༣༤ ཐོག་མེ་ཏོག་རྫོང་ལྷོ་ཁུལ་དུ་བྱུང་བའྀ་ས་ཡོམ་དེ་ཡིན་སྐོར་གསལ་འདུག
    དེ་རིང་གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལ། ད་ནངས་ཞོགས་པའི་ཆུ་ཚོད་ ༧ དང་སྐར་མ་ ༤༩ ཐོག་སྐྱེ་དགུ་མདོར་ས་ཡོམ་རིམ་པ་བདུན་དང་ཚེག་གཅིག་ཅན་བརྒྱབ་པ་དང༌། ཐོག་མར་མི་གྲངས་ ༦༠ སྐོར་ཤི་བའི་གྲངས་ཐོ་ནས་དེ་རིང་ཉིན་རྒྱབ་བར་མི་གྲངས་ ༤༠༠ བར་དང་རྨས་མ་གྲངས་ ༡༠༠༠ བར་འཕར་ཆ་བྱུང་ཡོད། དེ་བཞིན་སྔ་དྲོའི་རིང་སྲིད་གཞུང་གི་སྐྱོབ་རོགས་དུས་ཐོག་སླེབས་ཀྱི་མེད་པའི་གནས་ཚུལ་ནས་ད་ཆར་དམག་མི་ཁྲི་ལྔ་རོགས་སྐྱོར་བྱ་ཡུལ་དངོས་ལ་བཏང་འབྱོར་བྱུང་ཡོད་པའི་གསར་འགྱུར་སྤེལ་བ་བྱུང་ཡོད། དེ་རིང་གི་ས་ཡོམ་འདི་སྐྱེ་དགུ་མདོ་གཅིག་པུ་མ་ཡིན་པར། ཁྲི་འདུ་སྐུལ་བཟང་དགོན་པའི་གྲྭ་ཤག་ཕལ་མོ་ཆེ་འགྱེལ་ལོག་བྱུང་ཡོད་པ་དང༌། མཁར་དགོན་པ། ཁྲ་མགུ་དགོན་པའི་གྲྭ་ཤག་མང་པོའང་འགྱེལ་ལོག་བྱུང་ཡོད་འདུག
    རྫ་སེར་ཤུལ་དགོན་པའི་གྲྭ་པ་ ༥༠༠ ཙམ་གྱིས་གུར་སུམ་བརྒྱ་དང༌། ཟས་གོས་སོགས་མཉམ་འཁྱེར་གྱིས་སྐྱོབ་རོགས་སུ་ཕེབས་ཐོན་གནང་བ་དང༌། རྫ་ཆུ་ཁའི་ལྕང་མ་དགོན་པའི་གྲྭ་པ ༡༠༠ སྐོར་ཞིག་རོགས་སྐྱོར་སླད་ཕེབས་ཐོན་གནང་བ་གསལ་བ་འདིས། མི་འགྱངས་པར་བོད་ཁུལ་རང་གི་རོགས་སྐྱོར་བ་མང་པོ་ཞིག་ས་གནས་དེར་འདུ་འཛོམས་ཡོང་རྒྱུ་ཡིན་པ་གསལ་པོ་ཆགས་ཡོད། གང་ལྟར་ནའང༌། གནས་ཚུལ་ཡོང་ཁུངས་དག་ནས་གནས་ཚུལ་སྤེལ་བ་དག་གི་ནང༌། ཤི་རྨས་བྱུང་བའི་གྲངས་ཀ་དུས་ཚོད་རེ་རེ་བཞིན་ཡར་འཕར་གྱི་ཡོད་པར་བལྟས་ན། ད་རེས་ཀྱི་ས་ཡོམ་འདིའི་ནང་ཤི་གོད་གཉིས་ཀའི་གྲངས་ཀ་མཐོན་པོ་ཞིག་ཆགས་རྒྱུར་ངེས་པ་ཞིག་རེད།
    ད་ལྟ་རང་ས་གནས་ཀྱི་མི་ལ་འབྲེལ་གཏུགས་བྱས་ནས་ཐོས་གསལ་བྱས་ན། མི་གྲངས་བཞི་བརྒྱ་སྐོར་ཤི་ཡོད་པ་དང༌། སྡོད་ཁང་བརྒྱ་ཆ་གྱ་ལྔ་འགྱེལ་ལོག་བྱུང་ཡོད་པ་དང༌། དེ་ཡང་གཞུང་གི་ཁང་པ་རྣམས་ལ་དེ་ཙམ་གྱི་གནོད་སྐྱོན་ཆེན་པོ་བྱུང་མེད་པ་དང༌། འགྱེལ་ལོག་ཐེབས་ཡུལ་ཁང་པ་མང་ཆེ་བ་ནི་ས་གནས་བོད་མིའི་སྡོད་ཁང་རེད་ཅེས་དང༌། རྒྱ་གཞུང་ནས་དམག་མི་ཁྲི་ལྔ་རོགས་སྐྱོར་བྱ་ཡུལ་དུ་བཏང་ཡོད་པའི་གསལ་བསྒྲགས་བྱས་སོང་ལ། དམག་མི་གང་མང་འབྱོར་གྱི་འདུག་ཟེར། གནས་ཚུལ་གཞན་ཞིག་ལ། ས་གནས་སྲིད་གཞུང་གི་འབྲེལ་ཡོད་ཚན་པ་ནས། དམག་མི་དང་ཡུལ་མིའི་བར་འཁོན་འཁྲུག་མི་ཡོང་བ་བྱེད་དགོས་པ་དང༌། ཅི་སྟེ་འཁོན་འཁྲུག་རིགས་བྱུང་བ་ཡིན་ན། ཁྲིམས་ལ་སྦྱོར་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱེད་ཀྱི་འདུག་ཟེར།

    Reply
  44. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    དགེ་བཤེས་སྨོན་ལམ་མཐའ་ཕྱིན་གྱིས་གནས་ཚུལ་གཏང་གསལ་ལྟ་ན་བོད་གཞུང་གིས་འདས་པོ་དེ་དག་རྣམས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཚོན་བྱེད་དུ་མཆོད་འབུལ་དང་མ་ནི་གསོག་སྒྲུབ་སོགས་ཞུས་ཚོད་གདའ་ད་དུང་ཐུགས་རྗེ་གཟིགས་༧གོང་ས་སྐྱབས་མགོན་ཆེན་པོ་དང་ས་སྐྱ་༧གོང་མ་ཀརྨ་པ་སོགས་གཙོས་པའི་བླ་ཆེན་ཁག་གི་སྐུ་མདུན་ལ་བཅར་ཏེ་སྙན་གསན་ཞུ་དགོས་རྒྱུ་གལ་ཆེ་རེད་འདུག

    Reply
  45. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    དྲགྲོགས་དབུས་ཕྲུག་ལགས་ཀྱིས་ཁ་བྱང་གནང་བ་དེར་གཟིགས་དང་དེ་རིང་ས་ཡོམ་གྱི་སྐོར་དེ་མཐོང་གི་འདུག་ལ་ཕ་གསོད་ཀྱི་བཤན་པ་ཡིན་ཡང་མིག་ཆུ་ཤོར་ངེས་རེད།

    Reply
  46. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ད་ལྟ་ཧོང་ཀོང་དུ་ཡོད་པ་ཕ་ཡུལ་སྐྱེ་རྒུ་ནས་ཡིན་པའི་ གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་ནས་གསུངས་དོན། དེ་རིང་ཞོགས་པའི་སྐྱེ་རྒུར་ས་ཡོམ་གྱི་དོན་རྐྱེན་ཁྲོད་ང་རང་གི་ངོ་ཤེས་པ་མི་བཅོ་ལྔ་ཙམ་རྐྱེན་ལམ་དུ་སོང་པར་རེ་རེ་བཞིན་མིང་སྨོས་ནས་བསྔོ་རྟེན་འབུལ་རོགས་ཟེར། དཀོན་མཆོག་མཁྱེན་དེ་དང་དེ་འདྲ་བ་ག་ཚོད་ཡོད་རེད།

    Reply
  47. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    དེ་རིང་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་གངས་སྐྱིད་གསོལ་ཐབ་ཚོགས་ཁང་དུ་སྨོན་ལམ་གསུང་རྒྱུ་རེད་འདུག

    Reply
  48. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    གྲོགས་དབུས་ཕྲུག་ཚེ་རིང་ཁྱེད་ལ་ཐུགས་རྗེ་ཆེན་ཞུ་་་ཁྱེད་ཀྱིས་ཁ་བྱང་འདི་ཡིས་ཕན་ཐོག་བྱུང

    Reply
  49. གངས་སྨྱུག says:
    ལོ་ 15 སྔོན།

    བོད་མི་རིགས་ལ་གོ་ཆགས་ཚབ་ཆེན་ཕོག་པ་འདིས། མ་འོང་པར་བོད་མི་རིགས་ཉུང་བའི་སྒང་ལ་ཆེས་ཉུང་དུ་འགྲོ་བ་དང༌། ཆབ་སྲིད་དང༌། དཔལ་འབྱོར་སོགས་གང་བཅས་གྱོང་གུད་ཆེན་པོ་ཡོང་བར་གདོན་མི་ཟ།
    སླད་གྲྭ་བཙུད་ཚང་མར་མི་རིགས་གོང་འཕེལ་ཆེད་དུ་ཁྱིམ་པའི་གོམས་སྟབས་སྒྱུར་ཡག་ཤིན་ཏུ་གལ་འགངས་ཆེ་བར་སེམས།

    Reply
  50. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 15 སྔོན།

    ད་ལྟ་རྒྱ་གཞུང་གིས་ས་ཡོམ་གོད་ཆག་ཁྲོད་མི་ ༤༠༠ རྐྱེན་འདས་སུ་ཕྱིན་པ་དང་། མི་ ༡༠༠༠༠ ལྷག་ལ་རྨས་སྐྱོན་བྱུང་སྐོར་སྤེལ་འདུག
    http://tibet.people.com.cn/140815/11369109.html

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese