མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་རྟོཊ་ཞིབ་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་བཅུ་གཅིག་གིས་གྲུབ་པའི་ཚོགས་ཆུང་ཞིག ཉིན་འདི་འགར་རྒྱ་གར་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱི་དང་རྒྱ་གར་གྱི་གསར་ལམ་ཆེ་ཁག་འགར་སྐོར་སྐྱོད་རྟོགས་ཞིབ་བྱེད་ཀྱིན་ཡོད།

 

རྒྱ་གར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ཚེས་ ༡༣ ཉིན་ནས་ ༡༥ བར་ཉིན་གསུམ་རིང་ངྷ་རམ་ས་ལ་གཙོས་པའི་རྒྱལ་ས་ལྡི་ལི་དང་བལ་ཡུལ་བཅས་ནས་ཕེབས་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་། བོད་ཀྱི་དུས་བབ་གསར་ཁང་། བོད་ཀྱི་ཆ་འཕྲིན་ལྟེ་གནས། ཕ་ཡུལ་དབྱིན་ཡིག་དྲ་བ་བཅས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་བཅུ་གཉིས་ལས་གྲུབ་པའི་ཚོགས་ཆུང་ཞིག རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱལ་སྤྱི་དང་རྒྱ་གར་གྱི་གསར་ལམ་ཆེ་ཁག་གི་དབུས་དང་ཡན་ལག་ལས་ཁུངས་བཅས་སུ་སྐོར་སྐྱོད་རྟོགས་ཞིབ་ཏུ་སྐྱོད་ཀྱིན་པ་དང་། ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་རྒྱ་གར་གྱི་ཧིན་རྡི་དུས་བབ་ Hindustan times གསར་ཤོག་གི་གྲོང་ཁྱེར་ཚན་པའི་རྩོམ་སྒྲིག་པ་བོད་རིགས་བུ་མོ་བསྟན་འཛིན་སྣང་གསལ་ལགས་དང་། རྒྱ་གར་ཆ་འཕྲིན་ Indian Express གསར་ཤོག་གི་པར་པ་བོད་རིགས་བཀྲ་ཤིས་སྟོབས་རྒྱལ་ལགས། དེ་བཞིན་རྒྱ་གར་དུས་བབ་ Times of India དང་། ཨེ་པེ་བརྙན་འཕྲིན་ཁང་ AP Television བཅས་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་ཁག་ཅིག་དང་ལྷན་དུ་གསར་འགྱུར་ལས་རིགས་ཐོག་བགྲོ་གླེང་གནང་ཡོད། 

 

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༥ པའི་སྟེང་། རྒྱ་གར་བརྙན་འཕྲིན་ NDTV གསར་ཁང་བསྙན་འཕྲིན་སྒྲིག་སྦྱོར་བ་བོད་རིགས་ན་གཞོན་བསོད་ཚེ་ལགས་ཀྱི་སྣེ་ཤན་འོག རྒྱ་གར་བརྙན་འཕྲིན་ NDTV གསར་ཁང་དབུས་དོ་དམ་ཁང་དུ་རྟོགས་ཞིབ་བྱས་ཡོད་ལ། སྐབས་དེར་བསོད་ཚེ་ལགས་ཀྱིས་གསར་ཁང་དེ་གའི་སྤྱི་ཡོངས་ཀྱི་གནས་སྟངས་དང་། ཉིན་རེའི་ལས་ཀ་བྱེད་སྟངས། གསར་འགྱུར་སྒྲིག་བཟོ་དང་ཐད་གཏོང་བྱེད་ཕྱོགས་སོགས་ངོ་སྤྲོད་གནང་བྱུང་། ཐེངས་འདིའི་གསར་འགོད་མཐུན་ཚོགས་ཀྱི་རྟོགས་ཞིབ་སྐོར་སྐྱོད་སྐབས། འཛམ་གླིང་གི་གསར་འགྱུར་ཆེ་ཁག་ BBC དང་ CNN.  AP སོགས་དང་། རྒྱ་གར་བརྙན་འཕྲིན་ NDTV དང་། རྒྱ་གར་ཆ་འཕྲིན་ Indain express  ཧིན་ངྷིའི་དུས་བབ་ Hindustan Times སོགས་སུ་སྐོར་སྐྱོད་རྟོགས་ཞིབ་ཀྱིས་གསར་ཁང་དེ་དག་གི་ཉིན་རེའི་ལས་ཀ་བྱེད་སྟངས་དང་། གསར་ཁང་གི་སྒྲིག་འཛུགས་དང་ངོ་བོ། གསར་འགྱུར་སྒྲིག་སྦྱོར་བྱེད་སྟངས་སོགས་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ CNN གསར་ཁང་དུ་བཅར་ཏེ། བོད་ནང་གི་སྐྱེ་རྒུ་མདོར་ས་ཡོམ་གྱི་དོན་རྐྱེན་བྱུང་སྟེ། མི་ཤི་རྨས་བྱུང་བའི་གྲངས་ཚད་ཐད་གསལ་གསལ་བཤད་དང་གནས་ཚུལ་བརྗེ་ལེན་བྱས་ཡོད།

ཐེངས་འདིའི་སྐོར་སྐྱོད་རྟོགས་ཞིབ་མ་བྱས་པའི་སྔོན་ཏེ། ཕྱི་ཚེས་ ༡༡ ཉིན་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་དང་། གསར་ཁང་ཁག་ཅིག་གི་གསར་འགོད་པ་སུམ་ཅུ་ཡས་མས་ཤིག་ལ་ཉིན་གཅིག་རིང་གསར་འགྱུར་རིག་པའི་སྐོར་ལ་ཟབ་སྦྱོང་ཞིག་ཀྱང་སྤྲད་ཡོད་པ་རེད།

 

ཐེངས་འདིའི་སྐོར་སྐྱོད་ཐད་འདི་གའི་གསར་འགོད་པས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། ནམ་རྒྱུན་ང་ཚོས་གསར་འགོད་པ་ཚོར་ཟབ་སྦྱོང་མང་བོ་སྤྲད་ཚར་བ་རེད། མུ་མཐུད་ཟབ་སྦྱོང་སྤྲད་བསྡད་ན་ལས་རིམ་དེ་ནི་ཡང་དང་རིམ་པར་བསྐྱར་སྐོར་རྒྱག་བཞིན་པ་ཞིག་དང་། གསར་འགོད་པའི་ལྟ་སྤྱོད་དང་ཚུལ་ཁྲིམས་སྲུང་ཕྱོགས་ཚང་མ་ཤེས་ཀྱི་ཡོད་སྟབས། དམིགས་བསལ་གྱི་ཕན་ཐོགས་ཡོད་པ་ཞིག་ལ་མཐོང་གི་མེད། དེར་བརྟེན་ངྷ་སར་ཉིན་གཅིག་རིང་གསར་འགོད་པ་ཚོར་གསར་འགྱུར་རིག་པའི་སྐོར་ལ་སྦྱོང་བརྡར་ཞིག་སྤྲད་པ་དང་། དེ་ལ་གསར་འགྱུར་རང་དབང་ཆ་ཚང་ཡོད་པའི་རྒྱ་གར་གྱི་གསར་ཁང་ཁག་གིས་གསར་འགྱུར་གྱི་ལས་ཀ་གང་འདྲ་བྱེད་ཀྱིན་ཡོད་མེད་དང་། རྒྱལ་སྤྱིའི་གསར་ཁང་ཆེ་ཁག་གི་ལས་ཀ་བྱེད་ཕྱོགས་དངོས་སུ་མཐོང་ན། གསར་འགོད་པ་ཚོས་སྔར་དང་མི་འདྲ་བའི་མིག་ཆེན་པོ་ཞིག་འབྱེད་ཐུབ་ཀྱི་རེད་སྙམ་སྟེ། ཐེངས་འདིའི་ཉིན་གསུམ་རིང་གི་སྐོར་སྐྱོད་རྟོགས་ཞིབ་འདི་གོ་སྒྲིག་བྱས་པ་ཡིན། སྤྱིར་སྔོན་མ་ནས་བོད་པའི་གསར་འགོད་མཐུན་ཚོགས་ཀྱི་ངོས་ནས་བོད་པའི་གསར་འགོད་པ་ཚོར་གསར་འགྱུར་ལས་རིགས་ཐད་ལས་འགུལ་མང་པོ་ཞིག་སྤེལ་གྱིན་ཡོད་ནའང་། ལྟ་སྐོར་འདི་ལྟ་བུ་ཞིག་བྱེད་ཐུབ་ན་ཚོགས་མི་ཚོར་དམིགས་བསལ་གྱིས་ཕན་ཐོགས་ཤིག་འབྱུང་གི་རེད་སྙམ་སྟེ། ཐེངས་འདིར་བཞུགས་སྒར་ངྷ་རམ་ས་ལ་གཙོས་པའི་བལ་ཡུལ་དང་ལྡི་ལི་བཅས་ཀྱི་བོད་པའི་གསར་འགོད་པ་དང་རྩོམ་སྒྲིག་པ་ཁག་ཅིག རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱལ་སྤྱི་དང་རྒྱ་གར་རྒྱལ་ནང་གི་གསར་ལམ་ཆེ་ཁག་ཏུ་སྐོར་སྐྱོད་རྟོགས་ཞིབ་གོ་སྒྲིག་བྱས་པ་ཡིན། ཞེས་གསུངས་སོང་།  

 

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༣ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༤ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese