མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༧༠༠༠ འདས་གྲོངས་སུ་ཕྱིན་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཞོགས་པ་ནས་བཟུང་ཡུལ་ཤུལ་ཁུལ་ཏུ་མི་ ༧༠༠༠ ལྷག་འདས་གྲོངས་སུ་ཕྱིན་ཡོད་ཚུལ་བོད་ནང་གི་འབྲེལ་ཡོད་མི་སྣས་ཁ་པར་བརྒྱུད་བཤད་ཡོད་འདུག

ས་རཱ་མཐོ་སློབ་དུ་སློབ་གཉེར་བྱེད་ཀྱིན་པའི་ཡུལ་ཤུལ་ཚེ་རིང་བསྟན་འཛིན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ས་ཡོམ་བརྒྱབ་རྗེས་རྒྱལ་སྤྱིའི་གསར་ལམ་ཁག་གིས་མི་ ༤༠༠ ལྷག་ལས་ཤི་སྐྱོན་བྱུང་མེད་པའི་གནས་ཚུལ་བཀོད་ཀྱང་། དེ་རིང་ཞོགས་པར་ས་གནས་མི་མང་གིས་ཁ་པར་བརྒྱུད་བཤད་པ་ལྟར་ན། སྔར་གྱི་གྲངས་འབོར་ལས་འཕར་སྣོན་བྱུང་སྟེ།བོད་མི་ ༧༠༠༠ ལྷག་ཤི་ཡོད་པའི་སྐོར་བརྗོད་ཡོད་པར་མ་ཟད། ཐེངས་འདིའི་ས་ཡོམ་གྱི་གཏོར་བཅོམ་ཐེབས་པའི་ཁང་པ་མང་ཆེ་བ་ཉེ་བའི་ལོ་འགའི་སྔོན་རྒྱ་ནག་གི་དགའ་རྒྱེ་སྡེ་གྲོང་ཚོ་གཙོས་པའི་འབྲོག་སྡེ་ཁག་ཅིག་གྲོང་ཁྱེར་ཅན་དུ་བསྒྱུར་བར་ཁ་གཡར་ཏེ་གནས་སྤོར་བྱས་ཡོད་པ་དེ་དག་ཡིན་འདུག  ས་ཡོམ་ཁྲོད་གནས་སྤོར་བྱས་པའི་འབྲོག་པ་དེ་དག་གི་ཁང་པ་གཅིག་ཀྱང་མ་ལུས་པར་གཏོར་བཤིག་ཐེབས་ཡོད་པར་མ་ཟད། ཁྲ་མགུ་དགོན་པའི་ནང་འདུ་ཁང་དང་ཚོགས་ཁང་གཉིས་ལྷག་ཡོད་པ་ལས་གཞན་ཁང་པ་ཆ་ཚང་ལ་གཏོར་བཅོམ་བྱུང་སྟེ། གྲྭ་པ་ ༧༠ ལྷག་ལ་ཤི་སྐྱོན་བྱུང་ཡོད་ཚུལ་བརྗོད་བྱུང།

ཁ་སང་ས་ཡོམ་བྱུང་རྗེས་རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་ཏུ་མྱུར་སྐྱོབ་དམག་མི་འབོར་ཆེན་བཏང་ཡོད་སྐོར་བརྗོད་ཡོད་ནའང་། དམག་མི་མ་སླེབས་པའི་ཡར་སྔོན་དུ་ཉི་ཧོང་གི་མྱུར་སྐྱོབ་ཚན་ཁག་ཅིག་སླེབས་ཡོད་ཚུལ་བརྗོད་འདུག་ལ། ཕྱིས་སུ་དམག་མི་ ༡༠༠༠ ལྷག་སླེབས་ཡོད་ཀྱང་།  དམག་མི་ཚོས་ཡུལ་དེའི་གློག་འདོན་ཆུ་མཛོད་ཤོར་ཉེན་ཡོད་པར་ཁ་གཡར་ཏེ། དེར་ཡོད་མི་མང་ལ་མྱུར་སྐྱོབས་བྱས་མེད་པར་རྒྱ་གཞུང་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས། དེ་བཞིན་ལས་བྱེད་ཚོ་མྱུར་སྐྱོབས་བྱས་ཡོད་སྟབས། དེར་ཡོད་ས་གནས་མི་མང་བློ་ཕམ་ཆེན་པོ་སྐྱེས་ཀྱིན་ཡོད་པ་དང་། ད་ལྟའི་ཆར་མི་མང་གིས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་དེ་གཞུང་ཞབས་པ་ཚོས་སྔར་ནས་གོ་ཡོད་ཚུལ་ཡང་འགྲེལ་བརྗོད་གནང་གི་ཡོད་འདུག་ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 19

  1. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ལམ་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེའི་གནས་སྟངས་བརྙན་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་མཐོང་དུས་སྐྱོ་སྣང་ཧ་ཅང་བྱུང་། འོན་ཀྱང་རང་ཉིད་རྒྱང་གྲགས་ལེའུ་མང་པོའི་མཚམས་སུ་གནས་པའི་ཐོག་གནས་སྟངས་གཞན་གྱི་རྐྱེན་པས་བྱ་ཐབས་བྲལ། གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།

    Reply
  2. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    གངས་ལྗོངས་གླེང་སྟེགས་དྲ་ཚིགས་སུ་གསལ་བ་ལྟར་ན། གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གཅིག་པུས་ཀྲུང་སྒོར་ས་ཡ་གཅིག་དང་འབུམ་བདུན་༡༧༠༠༠༠༠གྱིས་ས་འགུལ་གྱིས་གནོད་འཚེ་ཐེབས་པའི་ཡུལ་ཤུལ་ས་ཆར་རོགས་སྐྱོར་བྱས་ཤིང་ད་དུང་ཐེངས་གཉིས་པ་ལའང་མུ་མཐུད་དུ་རོགས་སྐྱོར་བྱེད་འཆར་ཡོད་པར་བཤད་འདུག ཡང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲི་བརྒྱད་ཅུའི་༨༠༠༠༠༠རོགས་སྐྱོར་བྱས་པར་བཤད་ཅིང་ད་དུང་མུ་མཐུད་དུ་བྱ་འཆར་ཡོད་པར་བཤད་འདུག

    Reply
  3. ཇིང་སྲས་མིག་གསུམ་པ། says:
    ལོ་ 16 སྔོན།

    ས་ཡོམ་གྱིས་གནོད་འཚེ་འོག་འདས་པོ་རྣམས་ཀྱི་ཆེད་དུ
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔

    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔

    Reply
  4. karma dorje says:
    ལོ་ 16 སྔོན།

    ཚེ་གླིང་ཡོངས་འཛིན་རིན་པོ་ཆེའི་བར་དོར་ཆེད་དམིགས་གསོལ་འདེབས་ལས།

    ཆ་མེད་ཡུལ་དུ་གྲོགས་མེད་གཅིག་པུར་འཁྱམས། །
    འཇིགས་སྐྲག་འཁྲུལ་བའིསྣང་བ་ཆུ་ལྟར་འཁྲུགས། །
    གར་སྐྱེ་གདེང་མེད་བར་དོའི་འགྲོ་ཀུན་གྱི། །
    སྐྱབས་མགོན་མཛོད་ཅིག་བླ་མ་ཡི་དམ་ལྷ། །

    དེ་དེ་བཞིན་དུ་དལ་འགྲོའི་རྟེན་བཟང་མྱུར་ཐོབ་ཤོག །

    Reply
  5. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    ཁ་སང་བོད་ཟླ་གཉིས་པའི་ཚེས་སུམ་ཅུ་དང་། ཕྱི་ལོ་༢༠༡༠།ཟླ་༤པའི་ཚེས་༡༤རེས་གཟའ་ལྷག་པ་ཉིན། བོད་ཡུལ་ཁམས་སྒ་སྐྱེ་དགུ་མདོར་རང་བྱུང་གི་གོད་ཆགས་འདི་བྱུང་མ་ཐག་ཏུ་རང་ཅག་བོད་འབངས་རྣམས་ཀྱི་ཁོག་པའི་སྙིང་དང་། དཔྲལ་བའི་མིག་ཏུ་གྱུར་པའི་༸གོང་ས༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་ཐུགས་ཕམ་ཙད་མེད་དང་བཅས་གཞིས་བྱེས་གཉིས་ལ་དཀའ་ངལ་འདི་དག་གདོང་ལེན་གྱི་ཆེད་དུ་བཀའ་བསྩལ་པ།

    ༄༅། །ད་ནང་ཞོགས་སྐད་གསར་འགྱུར་གོ་བ་ལ། སྐྱེ་དགུ་མདོའི་ས་ཁུལ་དེ་ལ་ས་ཡོམ་ཤུགས་ཆེན་པོ་ཞི་བོ་ཞིག་རྒྱབ་གཞག ད་ནངས་ཞོགས་སྐད་གསར་འགྱུར་བྱས་པ་ཡིན་ན། མི་དྲུག་ཅུ་རེ་གཉིས་ཤི་བ་རེད་ཟེར། ད་རེས་འདི་བ་གོ་དུས་མི་བརྒྱ་ཕྲག་ཁ་ཤས་དང་། སྟོང་ཕྲག ཁ་ཤས་ཀྱིས་སྟོང་ཕྲག་གཉིས་གསུམ་ཟེར་གི་འདུག་ཟེར། ཞིབ་ཕྲ་ཞིག་ཤེས་མ་སོང་། བྱས་ཙང་ས་ཡོམ་སྡུག་ཅག་ཅིག་རྒྱབ་གཞག ཤུགས་ཆེན་པོ་དགའ་རབ་ཞིག་བརྒྱབ་གཞག ད་བྱེད་ཡ་ནི་གང་ཡང་ཡོད་མ་རེད། སྨོན་ལམ་བརྒྱབ་ནས་བསྡད་ན་མ་གཏོགས། ད་ང་ཚོ་བོད་སའི་ས་ཁུལ་ལ་བྱུང་བ་རེད། གཙུག་ལག་ཁང་འདིར། ཆོས་དོན་ལ་བཀའ་མོལ་ཞིག་ཞུས། སྨོན་ལམ་ཞིག་འཚོགས་ཐུབ་ན། སྙིང་རྗེ།
    ད་ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་གང་བྱུང་བ་ཡིན་ནའང་གཙོ་བོ་སོ་སོར་སོ་སོའི་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ད་ས་ཡོམ་གི་འོག་ནས་རྐྱེན་འདས་སུ་ཕྱིན་པ་དང་། ནད་པ། ནད་གཅོང་ཆགས་པ་དེ་དག་སོ་སོའི་སྔོན་བསགས་གི་ལས་ངན་པའི་འབྲས་བུ་སྨིན་པ་རེད། དེ་འདྲ་ཡིན་དུས། སྡུག་བསྔལ་མྱངས་པ་དེ་ཡིས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡིག་པ་བསགས་བཞག་པ་དེ་ཚོའི་གྲས་དེ་དག་པར་ཡོང་བར་ཤོག་སྙམ་པའི་སྨོན་ལམ་རྒྱབ་པ་ཡིན་ན་ཕན་གི་རེད། སོ་སོའི་སེམས་ལ་ཡིན་ནའང་ཏོག་ཙམ་སྡུག་བསྔལ་རྔམས་སྐྲག་ཤུགས་ཆུང་དུ་འགྲོ་བ་དང་། སྡུག་བསྔལ་བྱུང་བ་དེས་བསོད་ནམས་གསར་པ་གསོག་པའི་རྐྱེན་དུ་འགྲོ་བའི་དེ་འདྲའི་ཕན་ཐོག་ཡོང་གི་རེད། ཁྱོད་རང་ཚོས་འདི་ནས་ཕར་ལན་སྐྱེལ་སའི་བཟོ་འདྲ་བོ་བྱུང་བ་ཡིན་ན་སྡུག་བསྡལ་ནི་བྱུང་ཚར་བ་རེད། རྐྱེན་ངན་ནི་ཕྲད་ཚར་བ་རེད། ཞེའུ་སེམས་མ་སྐྱིད་པ་བྱས་ནས་བསྡད་པ་ལས་ག་ཚད་ཐུབ་ཐུབ་ཀྱིས་དགེ་བ་གསོག་ཐུབ་ན་གཟུངས་སྔགས་འདྲ་གསོག བློ་སྦྱོང་གི་ཉམས་ལེན་འདྲ་བྱེད་ཐུབ་པ་ཡིན་ན་སྡུག་བསྔལ་དང་ལེན་དེ་འདྲའི་བསམ་མནོ་ཏོག་ཙམ་གཏོང་ཐུབ་པ་ཡིན་ན་ཅིག་ཕན་འགྲོ་གི་རེད་པཱ། རྐྱེན་ངན་དགེ་བའི་གྲོགས་སུ་འགྱུར་བ་དང་། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན་ཡག་པོ་རེད་པཱ། རེད་པཱ་ཡ།
    ཞེས་བསྩལ་བ་ཁོ་བོས་ཡིག་ཐོག་ཏུ་ཕབ་ཅིང་ཞུས་དག་ནན་ཏུར་བྱས་ཁུལ་ཡིན་ཡང་གློག་བརྙན་གྱི་དྲ་ཐག་འདི་ལ་རྩ་འཛིན་ཞུ་རོགས།
    (http://www1.voanews.com/tibetan-english/news/)
    འདི་ན་རང་གིས་འཇོན་འདོག་བྱས་པ་མ་ཡིན་ཅིང་ཞེ་ཕུག་བོད་དང་རྒྱལ་བ་རིན་པོ་ཆེ་ལ་གཏད་ནས་ཡོད་པའི་གཞིས་བཞུགས་བོད་མའི་རྣམས་ཀྱི་བསམ་པའི་རྒྱག་ཕྱེ་ཞིག་དང་། ངུ་ངག་འདི་ལྟ་བའི་ཁྲོད་ནས་མིག་ཆུ་འཕྱིད་རོགས་ཞིག་ཏུ་འགྱུར་བའི་རེ་བས་འདིར་ཕབ་བཀོད་ཞུས་པ་ཡིན། སྤུན་ཟླ་རྣམ་པ།
    ༸གོང་ས་རྒྱལ་བ་རིན་པོ་ཆེ་ནས་གསུངས་པ་ལྟར་ལུས་སེམས་གཉིས་ཀ་སྡུག་བསྔལ་གྱི་འོབས་དོང་ལྷུངས་པའི་གཞིས་བཞུགས་རྣམས་པ་ལ་བཀའ་སློབ་འདི་ཉིད་རྒྱུད་སྒྲགས་བྱེད་རོགས་ཞུ།

    Reply
  6. བཀྲ་ཤིས་དོན་གྲུབ། says:
    ལོ་ 16 སྔོན།

    ང་ཚོ་ལ་རྐྱེན་ངན་འདི་འདྲ་ཞིག་བྱུང་བར་སྡུག་བསྔལ་བཟོད་ཐབས་མེད་པ་ཞིག་ཡོད་མོད། སྡུག་བསྔལ་འདི་བརྩེ་སེམས་ཀྱི་མེ་རི་ལ་བསྒྱུར་དགོས། སྡུག་བསྔལ་འདི་མཐུན་སྒྲུལ་གྱི་ལྕགས་སྒྲོག་ལ་བསྒྱུར་དགོས། སྡུག་བསྔལ་འདི་རིགས་ཞེན་གྱི་སྲོག་རྩ་རུ་བསྒྱུར་དགོས། སྡུག་བསྔལ་འདི་རང་སྲུང་གི་ལྕགས་རི་ལ་གཏོང་དགོས།

    Reply
  7. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
    མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས། 

    སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
    སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།

    རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
    བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།

    ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
    
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།

    གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
    
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།

    ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།

    བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག

    རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
    
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།

    Reply
  8. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ད་ལྟ་རང་གནས་ཚུལ་ཐོན་གསལ་ལྟར་ན། པེ་ཅིན་ཆུ་ཚོད་༢༢དང་སྐར་༢༦ཐོག་ནག་ཆུ་ཁུལ་དུ་ས་ཡོམ་རིམ་པ་༤་༥ཅན་ཞིག་རྒྱུགས་འདུག ཁྱབ་ཚད་ཀེ་ལོ་མུས་ཁྲི་༡༠ནང་རེད་ཟེར།

    Reply
  9. ལྷུན་འགྲུབ་། says:
    ལོ་ 16 སྔོན།

    བཙན་བྱོལ་ལ་ཡོད་པའི་བླ་བྲང་རྒྱུ་ཆེན་ཁག་དང་དེ་བཞིན་དགོན་པ་ཁག་དང་ཚོགས་པ་ཁག་སོགས་ལ་ཞུ་རྒྱུ་། ད་ལྟའི་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གང་མགྱོགས་ཐོག་དཔལ་འབྱོལ་གྱི་རོགས་པ་མི་ཆུང་བ་གནང་རོགས་ཞེས་རེ་འབོད་ཞུ་བཞིན་ཡོད།
    ཐུགས་རྗེ་གཟིགས།

    Reply
  10. དབྱངས་བུ། says:
    ལོ་ 16 སྔོན།

    གསར་འགོད་པ་ལགས། འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་་༧༠༠༠ རེད་དམ་ ༧༠༠ ཕ་ཡུལ་དྲ་རྒྱ་སོགས་ཀྱི་ནང་དྲུག་བརྒྱ་ལྷག་བྲིས་འདུག་ན་ཕལ་ཆེར་༧༠༠མིན་ནམ་སྙམ། དོགས་འཆར་ཙམ་ཡིན། གལ་སྲིད་བྲིས་ནོར་ཕེབས་ཡོད་ན་ནོར་བཅོས་གནང་རོགས། ང་དང་ང་འདྲ་བའི་མི་མང་པོ་ཞིག་ལ་སེམས་ཁྲལ་བཟོ་བཞིན་འདུག

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    ཝན་ཅ་པོའོ་དེ་རེས་ཡུལ་ཤུལ་ས་ཡོམ་ལ་ལྟ་བསྐོར་སླེབས་འདུག་དྲ་བྱང་འདི་ཐོག་གཟིགས་དང་ཁོང་རང་གི་འདྲ་པའི་ཁེངས་འདུག་ཡགtp://news.qq.com/a/20100415/003084.htm

    Reply
  12. རྒྱལ་ཐང་ཡོན་ཏན says:
    ལོ་ 16 སྔོན།

    ས་ཡོམ་གྱིས་གནོད་འཚེ་འོག་འདས་པོ་རྣམས་ཀྱི་ཆེད་དུ
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།།ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔
    ཨོཾ་མ་ཎི་པདྨེ་ཧཱུཾ༔ ཨོཾ་མ་ཎི་པདྨེ་ཧཱུཾ༔།། འཕགས་པ་སྤྱན་རས་གཟིགས་ཀྱི་རྗེ་བཟུང་ཤོགས
    དེ་བཞིན་རྨས་སྐྱོན་ཕོགས་པ་རྣམས་མྱུར་དུ་དྲ་སྐྱིད་ཡོང་བའི་སྨོན་ཤུགས་དྲག་དང་བཅས

    Reply
  13. སྨར་སྨྱོན་དུང་མགོ་ཅན། says:
    ལོ་ 16 སྔོན།

    རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་སུ་ཡོད་པའི་དཔལ་ས་སྐྱའི་མ་དགོན་བཤད་གྲྭ་རུ་སྒྲོལ་ཕོའི་མཁོན་གདུང་༧བདག་ཆེན་རཏྣ་བཛྲ་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་པ་བརྒྱ་ལྷག་ཙམ་ཞིག་གིས་ས་ཡོམ་ཁྲོད་འདས་གྲོང་སུ་ཕྱིན་པ་རྣམས་ཀྱི་ཆེད་ཐུགས་སྨོན་ཟབ་རྒྱས་གནང་སོང་། དེ་ཡང་ཉིན་དེའི་སྔ་དྲོ་རིན་པོ་ཆེ་མཆོག་གིས་དཔེ་ཁྲིད་གྲོལ་མཚམས་སུ་བཀའ་སྩལ་དོན། ཁ་སང་སྔ་དྲོ་ཁམས་སྐྱེ་རྒུར་ས་ཡོམ་ཤུགས་ཆེར་རྒྱབ་པར་རྟེན་བསྟན་པ་དང་སེམས་ཅན་ལ་གནོད་འཚེ་ཆེན་པོ་ཕོག་ཡོད་ཙམ་ཕྱི་དྲོ་གཏོར་བསྔོ་གྲོལ་མཚམས་སུ་སྨོན་ལམ་རྣམས་གསུམ་དང་བསྟན་འབར་བཅས་གསུང་རོགས་གནང་ཞེས་བཀའ་སྕལ་སོང་། ཕྱི་དྲོ་དེ་བཞིན་དུས་མཚམས་སུ་བཀའི་དགོངས་བཞིན་ཐུགས་སྨོན་གནང་སོང་།

    Reply
  14. འོས་ལངས། says:
    ལོ་ 16 སྔོན།

    ཅི་ཞིག་གི་སྟབས་ཀྱིས་ས་ཡོམ་གོད་ཆག་སྐོར་གྱི་གནས་ཚུལ་རྣམས་དེ་ཙམ་མི་མཐུན་ལ་གསལ་པོ་ཡང་མི་འདུག་པ་དེ་ནི་རྒྱ་གཞུང་གི་གཡོ་ཇུས་ལས་བྱུང་བར་འདོད། ཐེངས་འདིའི་ས་ཡོམ་གྱི་ཤུགས་ཚད་དང་། ཁོར་ཡུག་གི་མཐུན་རྐྱེན། འདས་དང་ད་ལྟའི་རྒྱ་གཞུང་གི་རོགས་སྐྱོར་ཞན་པ་བཅས་ལ་གཞིགས་ན། ས་ཡོམ་གོད་ཆག་ཁྲོད་བོད་རིགས་སྤུན་ཟླ་སྟོང་ཕྲག་འགའ་ཡི་ཚེ་སྲོག་ཤོར་ཡོད་ངེས་ནི་་་བལ་བོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས་་་པར་འགྱུར་བའི་བཟོ་འདྲ་རེད།

    Reply
  15. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    རྒྱ་གཞུང་ཕྱོགས་ཀྱི་ཉེན་སྐྱོབས་མི་སྣ་མདང་དགུང་ཆུ་ཚོད་༨་དང་༩་ཡས་མས་ཏེ་ས་འགུལ་བྱུང་བྱུང་ནས་ཆུ་ཚོད་༢༠་ལྷག་གི་རྗེས་ནས་མ་གཏོགས་ཐོན་མེད་དང་། གློག་ལམ་དང་ཁ་པར་ཡང་ཆད་སོང་ཟེར། འོན་ཀྱང་མི་ཤི་བའི་གྲངས་ཀ་ཚོད་ཚོད་ལ་ཞིན་ཧྭ་ཚང་གིས་བཏང་ཡོང་གི་འདུག

    Reply
  16. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཝུན་ཇ་པོ་ཡང་ཡུལ་ཤུལ་ལ་སླེབས་སོང་ཟེར།

    Reply
  17. རྭ་རྒྱ་བློ་དབང་། says:
    ལོ་ 16 སྔོན།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆུ་ཚོད14:40ཡས་མས་སུ། ཡུལ་ཤུལ་གནོད་ཐེབས་ས་ཁུལ་ནས་ཡོང་བའི་རྨས་མ་སྐོར་དང་པོ་སྟེ་མི38ཟི་ལིང་གནམ་གྲུ་ཐང་ལ་བསླེབས་ཤིང་། རྨས་མ་དེ་དག་སོ་སོ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་། ཞིང་ཆེན་བོད་སྨན་ཁང་། ཞིང་ཆེན་མི་དམངས་སྨན་ཁང་ལྔ་བ་བཅས་ལ་བཀོད་སྒྲིག་བྱས་ཏེ་སྲོག་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད། །

    Reply
  18. མི་བུ། says:
    ལོ་ 16 སྔོན།

    ཆུ་ཚོད།་༥ དང་སྐར་མ ༤༦ ལ

    Reply
  19. མི་བུ། says:
    ལོ་ 16 སྔོན།

    རེད། རང་བྱུང་གི་གནོད་མཚེ་ཕོགས་པའི་ཡུལ་དེར་ཡོད་པའི་ནང་མི་སྤུན་ཉེ་དང་ངོ་ཤེས་དུ་མ་ལ་ཆུ་ཚོད་ཁ་ཤས་སྔོན་ལ་ཁ་པར་བཏང་ཡིན། ཁོང་ཚོས་མི་གྲངས་ཁྲི་ཙམ་ཤི་བ་དང་མི་མང་ཆེ་བ་ལ་རྨས་སྐྱོན་ཕོགས་ཟེར། ད་དུང་གཞུང་དམག་གིས་དེ་ཙམ་རོགས་རམ་བྱེད་ཀྱི་མི་འདུག་ཟེར། ཟས་གོས་མཐུན་རྐྱེན་སོགས་ལའང་རོགས་རམ་སྐྱོ་བོ་རེད་འདུག་ཟེར། ཕྱོགས་རེ་འགའ་ལ་རོགས་སྐྱོར་བྱས་པ་རྣམས་ཀྱང་གློག་བརྙན་འཁྲབ་སྟོན་ལྟ་བུར་པར་དང་བརྙན་པར་རྒྱག་གི་འདུག་པ་དེ་དག་ནི་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ས་རེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese