མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ལྷན་ཚོཊ་ཀྱི་ཐུགས་གསོ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོར་ས་ཡོམ་ཚབས་བརྒྱབས་ཏེ། མི་ཤི་རྨས་ཀྱི་དོན་རྐྱེན་བློ་ཡུལ་ལས་འདས་པ་བྱུང་བའི་ཐད། དེ་རིང་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད། འཚམས་འཕྲིན་དེའི་ནང་བཀོད་དོན། ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་གྱི་སྔ་དྲོ་བོད་མདོ་ཁམས་སྐྱེ་རྒུ་མདོ་ཁུལ་ཡུལ་ཤུལ་རྫོང་དུ་བོད་ཀྱི་ལོ་རྒྱུས་ནང་མཐོང་ཐོས་དཀའ་བའི་ས་ཡོམ་ཤུགས་ཆེ་ཞིག་བརྒྱབ་ནས་མི་གྲངས་བརྒྱ་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་པ་དང༌། ཁྲི་གཅིག་ལྷག་ལ་རྨས་སྐྱོན་ཕོག་པ། དགོན་སྡེ་གྲྭ་ཚང་དང༌། སློབ་གྲྭ། ཡུལ་མིའི་སྡོད་ཁང་བཅས་ལ་གཏོར་སྐྱོན་ཤུགས་ཆེ་ཐེབས་པ་སོགས་ཆེས་ཛ་དྲག་པའི་གནས་ཚུལ་ཐོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཤིན་ཏུ་སྐྱོ་གདུང་དང་བཅས་འདས་གྲོངས་སུ་ཕྱིན་པ་རྣམས་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་བཟུང་བའི་གསོལ་འདེབས་སྨོན་ལམ་དང༌། ཤུལ་ལུས་ནང་མི་ལྟོས་བཅས་ཡུལ་སྡེ་མི་མང་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།

ད་ལྟ་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་པའི་ཡུལ་མི་རྣམས་མྱུར་སྐྱོབ་ཆེད་འབྲེལ་ཡོད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གནོད་སྐྱོན་ཐེབས་སར་སྐུ་ཚབ་ངེས་པར་དུ་གཏོང་གནང་ཡོང་བ་དང༌། རྒྱ་ནག་གཞུང་གིས་ཀྱང་རྒྱལ་སྤྱིའི་ཐོག་རྣམ་འགྱུར་སྟོན་བྱེད་ཙམ་མ་ཡིན་པར་དོན་ཕན་སོན་ངེས་ཀྱི་རོགས་མགོན་བྱ་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། ཐག་ཉེ་འབྲེལ་མཚུངས་ཀྱི་དགོན་སྡེ་ཁག་སོགས་གཙོས་བོད་མི་མང་པོ་ནས་མྱུར་སྐྱོབ་ཀྱི་རོགས་མགོན་གནང་བཞིན་ཡོད་པའང་ཤེས་རྟོགས་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༡༠ ཟླ་ ༤ ཚེས་ ༡༥ ལ།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 13

  1. བློ་བཟང་། says:
    ལོ་ 16 སྔོན།

    རྒྱ་ནག་གི་ཆོག་མཆན་ཐོབ་ན་བཀག་ཤག་དང་སྤྱི་འཐུས་གང་རུང་། སྐྱེ་དགུ་མདོར་དངོས་སུ་བསྐྱོད་ཐུབ་ན་ལེགས།

    Reply
  2. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    སྤྱི་མཐུས་རྣམས་པས་སྒེར་འཁོན་སྤངས་ཏེགཞིས་ལུས་མི་མང་ཚོར་ཐུགས་བསམ་མང་ཙམ་གཞེད་ཐུབ་ན་ཡག་པོ་འདུག་་དེ་མིན་ཁ་བདེ་པོ་རྐྱང་པས་ཅི་ལ་ཕན

    Reply
  3. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    སྐུ་ངོ་རྒྱག་པ་ཚོ་ལ་ཞུ་རྒྱུ།
    ཁྱོད་ཅག་ཚོ་རྟག་པར་ཁ་སྙན་ཚིག་སྙན་རྐྱང་རྐྱང་བཤད་ནས་མ་བསྡད་པར་དངོས་གནས་གོ་ཆོད་དོན་ཆོད་ཀྱི་བྱ་བ་ཞིག་བསྒྲུབ་རོགས།
    ད་ལྟ་བོད་ལ་གོད་ཆག་འདི་འདྲ་བྱུང་དུས་ཁྱོད་ཚོས་ཐུགས་གསོའི་ཡིག་བྲིས་དང་མིག་ཙམ་ལྟ་ནས་འདུག་རྒྱུ་མ་ཡིན་པར་ཁྱོད་ཚོ་སྐུ་སྟེགས་ཐོག་འཇོག་མཁན་བོད་མི་ཉམ་ཐག་རྣམས་ལ་ལག་པ་ཞིག་འཆང་རོགས།
    ད་ནི་ཁྱོད་ཅག་ཚོ་སྐུ་སྟེགས་སྲུང་ན་མ་བཞུགས་པར་མདུན་མཆོང་བྱེད་རོགས།
    ད་ནི་ཁྱོད་ཅག་ཚོ་གཉིད་ཁུག་ནས་མ་བསྡད་པར་ལངས་འགྲོ་རོགས།
    ད་ནི་ཁྱོད་ཆག་ཚོ་ནང་འཁྲུག་གི་སྐད་ཆ་རྐྱང་རྐྱང་མ་བཤད་པར་བོད་མི་དམངས་ལ་སེམས་འཁུར་གནང་རོགས།
    མདོར་ན་ངས་དེ་རིང་ཁྱོད་ཅག་ལ་ཞུ་འབོད་གཙོ་བོ་ནི།་
    ཁྱོད་ཅག་ང་ཚོ་དང་འདྲ་བ་མཎི་བགྲང་རྒྱུ་དང་སྒུག་ནས་བསྡད་རྒྱུ་མ་ཡིན་པར་དངོས་སུ་རྒ་སྐྱེ་རྒུ་མདོ་ཡི་ས་ཡོམ་གནོད་སེལ་ལག་པ་ཞིག་འཆང་ཨེ་ཐུབ་བལྟ་རོགས།
    སྐྱུ་མཁྱེན་སྐུ་ངོ་རྒྱག་པ་ཚོ།

    Reply
  4. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    བོད་མི་དམངས་སྤྱི་མཐུས་ལྷན་ཚོགས་ནས་གནོད་ཚེ་འཕོགས་པའི་མི་དམངས་ལ་ཐུགས་གསོའི་མཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་ཐུགས་གསོའི་མཚམས་འདྲི་དེ་ལས་དངོས་ཡོད་ལག་ཡོད་ཀྱི་ཐུགས་གསོའི་ལས་འགུལ་ཞིག་སྤེལ་ན་དེ་བས་མ་ལེགས་སམ། བཙན་བྱོལ་བོད་གཞུང་ནས་ཐད་ཀར་རོགས་སྐྱོར་བྱས་ན་རྒྱ་གཞུང་ནས་ཁས་ལེན་བྱ་རྒྱུར་དཀའ་ངལ་ཡོད་འོན་ཀྱང་བོད་གཞུང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་ཞིག་གམ་ཡང་ན་རྒྱལ་སྤྱིའི་རོགས་ཚོགས་ཞིག་བརྒྱུད་དེ་དངོས་ཡོད་ལག་ཡོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་། དེ་ལྟར་བྱུང་ཚེ་འདི་ག་ཨའོ་སི་ཁྲོ་ལི་ཡར་གནས་སྡོད་བོད་རིགས་རྣམས་ནས་རོགས་དངུལ་བསྡུ་རུབ་ཐོག་བོད་གཞུང་བརྒྱུད་དེ་འབུལ་རྒྱུའི་མཆོད་སེམས་ཤིན་ཏུ་ཆེ།

    Reply
  5. karma dorje says:
    ལོ་ 16 སྔོན།

    འདས་པོ་་རྣམས་ལ་སྨོན་ལམ་དང་། མྱ་ངན་་གུས་དུད། གསོན་ལྷག་་རྣམས་ལ་་སེམས་གསོ་དང་། གདུང་སེམས་ མཉམ་འཁྱེར་་ཡོད།

    Reply
  6. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཁ་སང་གི་རང་བྱུང་ས་ཡོམས་ཀྱི་གོད་ཆག་འདི་ནི་ཤར་ལྷོ་ནུབ་བྱང་གི་ས་ཁུལ་གང་དུའང་བྱུང་སྲིད་པ་ཞིག་ཡིན་མོད། ང་ཚོའི་བོད་པར་མཚོན་ན་འདི་ནི་ནམ་ངན་སྒང་ལ་ཟླ་ལྷག་ཞིག་ལས་མ་འདས་བས། ཉིན་རེ་རེ་བཞིན་འདས་གྲོངས་སུ་ཕྱིན་པའི་མིའི་གྲངས་འབོར་ཀྱང་ལྡབ་བཞིན་འཕར་གྱིན་ཡོད་ཀྱང་། མྱུར་སྐྱོབས་སྨན་བཅོས་ཀྱི་རོགས་རམ་ཡང་དུས་ཐོགས་ལྟར་འབྱོར་གྱིན་མེད་སྟབས། ང་ཚོས་སྨོན་ལམ་ཞལ་འདོན་གཅིག་བུ་སྐྱོར་ཏེ་རྒྱང་བལྟ་བྱས་ན་བསྡོད་བཟོད་མ་མཆིས་བས། བཙན་བྱོལ་གྱི་གཞུང་ངམ་ཚོགས་པ་སྒྲིག་འཛུགས་ཚག་ཚུད་ཞིག་གིས་གང་མགྱོགས་ངང་རྒྱ་ནག་གཞུང་ལ་ཐད་ཀར་འབྲེལ་བ་བྱེད་པའམ་ཡང་ན་རྒྱལ་སྤྱིའི་རྒྱ་ཊམ་དམར་བོའི་ཚོགས་པ་ལྟ་བུ་ཞིག་བརྒྱུད་དེ་བོད་ནང་ལ་རོགས་དངུལ་གཏོང་རྒྱུ་ཁ་ཚ་དགོས་སྟུག་ཡིན་སྟབས། ལས་འགུལ་འདིའི་འགོ་སྐྱོང་བྱེད་མཁན་ཡོད་ན་འཇར་མན་ཁུལ་དུ་ས་ཁུལ་སོ་སོ་ནས་བོད་རིགས་ཚོས་དངས་བླངས་ཀྱིས་ཞབས་འདེབས་བསྡུ་བསློངས་བྱས་ཏེ་རོགས་དངུལ་གང་ཐུབ་དུས་ལྟར་གཏོང་ངེས་ཡིན་པས།

    གཞུང་སྒེར་ཚོགས་པ་སུས་སྣེ་ཁྲིད་ན་འཇར་མན་བོད་རིགས་ཚོར་འདིར་འབྲེལ་བ་གནང་རོགས་ཞུ།

    ནམ་མཁའ་བསྟན་འཛིན་ནས།

    Reply
  7. མི་རྐང་གླིང་བུ། says:
    ལོ་ 16 སྔོན།

    སྤྱི་མཐུས་ཚོ་ཁ་སྙན་པོ་རྐྱང་པ་མ་བཤད་པར་ངེས་པར་དོན་གྱི་བོད་ཀྱི་སྤྱི་མཐུས་ཡིན་ན་བོད་དོན་ལ་ལག་པ་འཆང་དགོས། ཕྱི་ལོགས་ཏུ་གནས་པའི་བོད་རིགས་ཡོངས་ཀྱི་རྩ་ནས་འོས་བབ་ཅན་གྱི་གྲངས་བཅད་བྱེད་ནས་དངུལ་བསྡུ་དགོས། དེ་ཡང་འཛམ་གླིང་གི་རོགས་ཚོགས་ནུས་ཅན་ཞིག་དང་ལྷན་དུ་སྦྲེལ་ནས་སྡུག་བསྡལ་གྱི་དོང་དུ་ལྷུངས་པའི་སྤུན་ཟླ་རྣམས་ཀྱི་ཕྱག་ཏུ་ཕུལ་དགོས། དེ་ལྟར་མིན་པ་ཁ་རྒྱག་པ་ཤ་སྟག་བཤད་དེ་བསྡད་ན་ཁྱོད་ཅག་ཡོད་དང་མེད་ཀྱི་ཁྱད་པར་ཅི་ཡིས་ཕྱེ།
    ད་དེ་རིང་ང་རོ་དང་སྡུག་བསྔལ་གྱིས་མནན་ནས་ཡོད། མང་པོ་མི་བཤད། ཁྱོད་ཅག་གིས་ལས་ཀ་འདི་འདྲ་བ་ཤ་སྟག་བྱོས་དང་། ཉི་མ་གཅིག་ང་ཚོགས་ཁང་དུ་ཁྱོད་ཚོ་གཙང་མ་བཟོ་ག་ཡོངས་རྒྱུ་ཡིན།

    Reply
  8. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    གཞི་བདག་ཚོ། ཁྱོད་ཚོ་གསོ་ཕག་མིན།
    མི་རབས་ནས་མི་རབས་ལ་ཡོད་ཚད་ཀྱི་ཡོད་ཚད་ཁྱོད་ཚོར་མཆོད་ཅིང་བཀུར་བའིོ་སྐྱེ་རྒུ་མདོའི་གཞི་བདག་ཚོས་ཉེན་བརྡ་ཙམ་ཡང་མ་བཏང་བར་ངའི་མིང་སྲིང་ཚོ་ས་འོག་ཏུ་བཅུགས་ཟིན་པས་དེ་རིང་ནས་ཁྱོད་ཚོས་སྐྱག་པ་ཟོ། ཕ་མ་གཉིས་ཀས་མི་ཚེ་གང་གོར་ཁྱོད་ཚོར་ཡིད་ཆེས་དང་རེ་བ་བྱས་ཀྱང་། ཉེན་ཁའི་དུས་སུ་བྲོས་ཞེས་བའི་ཚིག་འབྲུ་ཙམ་ཡང་འདོན་མ་ནུས་བས། དེ་རིང་ནས་ཁྱོད་ཚོའི་ཁ་ནང་ལ་ཐལ་བས་རྒྱོབས། སྐྱེ་རྒུ་མདོ་ངའི་མིང་སྲིང་ཚོའི་ཤ་ཁྲག་གིས་བཀང་ཡང་ད་དུང་གྲགས་འགུལ་ཅི་ཡང་མེད་པར་གང་ཞིག་ལ་ཡུབ་ནས་ཡོད། སྐྱིད་དུས་ཀྱི་ཟ་རོགས་འཐུང་རོགས་ཁྱོད་ཚོས་སྡུག་དུས་ཀྱི་ངུ་རོགས་ཀྱང་བྱས་མེད། དེ་རིང་ནས་ཁྱོད་ཚོས་སྐྱག་པ་ཟོ།
    གསོན་པོ་མི་ཡུལ་ན་ཡོད་དུས་ཀྱི་ཟས་ཕུལ་ཟ་མཁན་ཚོ་ད་དུང་གྲགས་མེད་ཚོར་མེད་དུ་གནས་ཡོད། དེ་རིང་ནས་བཟུང་ཁྱོད་ཚོ་ཚང་མས་སྐྱག་པ་ཚོ། མི་ཡུལ་ནས་ཉེས་བརྡ་ཙམ་ཡང་མ་བཏང་བས་ཤི་བོའི་རྣམ་ཤེས་ལ་ཁྱོད་ཚོ་དེ་བས་ཀྱང་དགོས་མཁོ་མེད། དཀར་ཟས་དམར་ཟས་ཀྱིས་མཆོད་པའི་གཞི་བདག་ཚོ། དེ་རིང་ནས་མཆོད་མཁན་མེད། ཟས་ཕུལ་ཟ་མཁན་གྱི་གཞི་བདག་ཚོ། ཁྱོད་ཚོ་སྐྱེ་རྒུ་མདོའི་གསོ་ཕག་མིན། དེ་རིང་ནས་ཁྱོད་ཚོས་སྐྱག་པ་ཚོ།

    Reply
  9. གངས་ཅན་པ། says:
    ལོ་ 16 སྔོན།

    ཕོ་ཤེད་ཆེན་པོས་རྒོལ་ས་མེད་ལ་ཉམ་ཆུང་ཆུང་གིས་མགོ་བཏགས་ཞུ་ས་ཡང་མེད་པའི་ འབྱུང་བཞིའི་ཟིང་འཁྲུག་འདིས་ང་ཚོ་བོད་ཙམ་མ་ཡིན་པར་འཛམ་གླིང་ཡོངས་སུ་ཉམས་ རྨས་གཏོང་གི་ཡོད། ཡང་བསམ་བློ་ཞིག་གཏོང་ན། ང་ཚོས་འབྱུང་བཞི་དབང་དུ་བསྡུས་པའི་ཟོལ་གྱིས་གང་དྲན་དྲན་གྱིས་བཅོས་བསྒྱུར་ དང། ཉམས་རྨས་ཕར་ལ་བཏང་ཡོད་པས། ཚུར་ལ་རྒོལ་བའི་ཚུལ་དུའང་མཐོང། ང་ཚོས་ལས་རྒྱུ་འབྲས་དང་རྟེན་ཅིང་འབྲེལ་འབྱུང་ཟེར་བ་དེ་ཁས་བླངས་ཀྱང་རུང་མ་ བླངས་ཀྱང་རུང། སྣོད་ཀྱི་འཇིག་རྟེན་དང་ང་ཚོ་བཅུད་ཀྱི་འཇིག་རྟེན་གཉིས་ནི་ཕན་ཚུན་གཅིག་ལ་ གཅིག་བརྟེན་གྱིས་གནས་དགོས་པ་ནི་བསམ་བློ་གཏིང་ཟབ་གཏོང་མི་དགོས་པར་བལྟས་པ་ཙམ་ གྱིས་སེམས་ནང་དུ་གསལ་ཡོང་བ་ཞིག་རེད། ད་དུང་ང་ཚོ་སྣོད་ཀྱི་འཇིག་རྟེན་འདི་མེད་ན་ང་ཚོར་གནས་ས་ཡེ་ནས་མེད་པས། ང་ཚོ་གང་དུའང་མེད་པ་དང་གཅིག དེས་ན་ང་ཚོ་ལ་ཚེ་སྲོག་འདི་གལ་ཆེ་བ་བཞིན་སྣོད་ཀྱི་འཇིག་རྟེན་འདི་ཡང་ཧ་ཅང་གལ་ ཆེ་བས། ང་ཚོས་སྣོད་ཀྱི་འཇིག་རྟེན་འདི་ནམ་ཡང་གཏོར་བཤིག་གཏོང་མི་རུང་ལ། ངན་སེམས་ཙམ་ཡང་འཆང་མི་ཉན། མ་གཞི་ནས་ང་ཚོ་འགྲོ་བ་མི་ཟེར་བ་འདི་ནི་འཚོ་བས་ཡིད་ཚིམས་མི་ཤེས་མཁན་གྱི་ སྲོག་ལྡན་རིགས་ཤིག་ཡིན་པས། རིག་པ་ཇེ་རྣོ་ཡིས་ཧམ་སེམས་ཇེ་ཆེར་འགྲོ་ཞིང། བདེ་སྐྱིད་ཇེ་ཆེ་ཡིས་དགོས་མཁོ་མང་རུ་སྒྲུབ་དགོས་མཁན་རེད། ང་ ཚོས་ས་འོག་གི་གཏེར་སྔོགས། ས་སྟེང་གི་རྩི་ཤིང་ནགས་ཚལ་བྲེག རི་ཆུ་ལུང་གསུམ་ལ་སེམས་ཀྱིས་གང་འདོད་དུ་ཕུག་པ་དང་བཀག་པ་ལམ་གཏོད་པ་སོགས་ཀྱིས་ ཅི་འདྲའི་ངོ་གནོང་དགོས་པ་བྱས་ཡོད། ངོ་མ་གོ་ལ་རིལ་རིལ་འདི་སྲོག་ལྡན་གྱི་རིགས་ཤིག་ཡིན་ན་སྲོག་དབུགས་སྔ་ས་ནས་ཆད་ ཚར་བ་བཟོས་ཡོད་རུང་། ཡིན་ན་ཡང་བཟོད་ལྡན་མ་སྟེ་གོ་ལ་འདི་ནི་ད་དུང་ཧ་ཅང་བརྟན་ལྷིང་དུ་གནས་ཡོད། དེས་ན་ང་ཚོས་གོ་ལའི་བཀའ་དྲིན་དྲན་འོས་ལ། གོ་ལ་འདི་ལ་ལྷད་མེད་ཀྱི་བརྩེ་སེམས་བཅངས་འོས། ཡར་ཐོན་པ་འགའ་རེས་འཛམ་གླིང་འདི་བསྐྱུར་ནས་གོ་ལ་གཞན་ཞིག་ན་འགྲིམ་འགྲོ་སྐད། ཁྱེད་རང་གི་བསམ་བློ་ལྟར་འགྲོ་ཆོག་ནའང་ཐང་། ☮ ཁྱེད་རང་ནར་སོན་སའི་ཁོར་ཡུག་ནི་འཛམ་གླིང་འདི་རེད་ལ། ཁྱེད་རང་ལ་གཤོག་ཟུང་འཐོག་སའི་ཚང་ཡང་འཛམ་གླིང་འདི་རེད། དེས་ ན་ཁྱེད་ཀྱིས་འཛམ་གླིང་འདིས་བཀའ་དྲིན་བརྗེད་མི་ཕོད་ལ། ཁྱེད་རང་གི་ཆེད་དུ་བཟོད་སྒོམ་གྱིས་ལང་ཚོ་རྫོགས་སོང་བའི་འཛམ་གླིང་འདི་ལ་ད་ཆ་ ཁྱེད་རང་གིས་གུས་བཀུར་གྱིས་སྲི་ཞུ་སྒྲུབ་རེམ་ཡིན། འཛམ་གླིང་འདི་ང་ཚོའི་ཆེད་དུ་ངུ་མྱོང་ལ་བགད་ཀྱང་མྱོང། འཛམ་གླིང་འདིས་ང་ཚོ་ལ་གླུ་དབྱངས་ལེན་མྱོང་ལ། སྨེ་ངག་འདོན་མྱོང། ད་ལན་ཀྱང་འཛམ་གླིང་འདིས་བཟོད་མི་ནུས་པའི་སྡར་སྐད་ཅིག་བོད་མཐོ་སྒང་ནས་ཤོར་སོང་བས། འདིས་ང་ཚོ་ལ་ཅི་ཞིག་སྨྲས་འདུག སྡར་སྐད་འདི་ལས་ང་ཚོས་རྟོགས་དགོས་པ་ཅི་ཞིག་རེད་འདུག།
    འདི་ང་ཚོ་བོད་མི་ཁོ་ནས་བསམ་དགོས་པ་ཞིག་མ་རེད། འདི་ནི་འཛམ་གླིང་སྤྱི་ཡོངས་ཀྱི་བདེ་སྡུག་དང་འབྲེལ་བས་འཛམ་གླིང་ཤར་ནུབ་ཀུན་གྱིས་སྣང་མེད་དུ་བསྐྱུར་རྒྱུ་མེད་པར་རྣམ་དཔྱོད་ཡོད་ཚད་ཀྱིས་རྟོགས་ཞིབ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།
    ཉམས་རྨས་བྱུང་ཟིན་པ་ནི་བྱུང་ཚར་བ་ཞིག་རེད། ང་ཚོས་སྲོལ་རྒྱུན་བཟང་པོ་ལྟར་བསྔོ་བ་དང་སྨོན་ལམ་ཞབས་རིམ་བྱེད་དགོས་ལ། ཤུལ་ལུས་ཀྱི་ཉམས་ཐག་སྤུན་ཟླ་ཚོར་སེམས་གསོ་དང་རོགས་རམ་གང་དགོས་ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་འབད་པ་བྱེད་དགོས།

    Reply
  10. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    ལས་སྨོན་བྱམས་བརྩེའི་སྲོག་གིས་འབྲེལ་བའི་བོད་རིགས་ཚོ།
    མི་ཚེ་གཅིག་ལ་སྐྱིད་སྡུག་སྣ་ཚོགས་ཡོང་སྲིད་པས། 

    སྐྱིད་དུས་ང་རྒྱལ་མ་བྱེད་བོད་ཀྱི་སྤྱི་དོན་སྒྲུབས།
    སྡུག་དུས་སེམས་ཕམ་མ་བྱེད་གཅིག་ཕན་གཅིག་རོགས་བྱོས།

    རྐྱེན་ཆག་སྒོ་བྱུང་བའི་ཛ་དྲག་དུས། སེམས་སྐྱོ་བ་ཙམ་ཀྱིས་མི་ཕན་པས།
    བློ་རིག་པའི་ཐབས་ཇུས་གྲོས་བྱས་ནས། ལས་དེ་འདྲ་མི་བྱེད་འདི་འདྲ་བྱེད།

    ཚེ་འདས་རྣམས་ལ་ཕན་པའི་ཕྱིར། སྐྱ་སེར་ཕོ་མོ་ཐམས་ཅད་ཀྱིས།
    
བདུན་ཕྲག་བདུན་ཀྱི་དུས་ཡུན་ལ། ཆོས་ལ་ཐོས་བསམ་སྒོམ་པར་མཛོད།

    གསོན་པོ་རྣམས་ལ་ཕན་པའི་ཕྱིར། སོ་སོའི་རང་ནུས་གང་ཡོད་ཀྱིས།
    
དངུལ་གྱིས་ཞབས་འདེགས་འབུལ་བའམ། ལུས་ངག་ཡིད་ཀྱིས་འབད་པར་འཚལ།

    ཤུལ་ལུས་དྭ་ཕྲུག་སྐྱབས་མེད་རྣམས། ཐབས་དང་ཇུས་ཀྱིས་མ་སྐྱབས་ན།

    བོད་ཕྲུག་རྒྱ་ལ་བསྒྱུར་ངེས་པས། ས་ཡོམ་ངན་འབྲས་ཅི་བས་སྡུག

    རྒྱ་མིའི་གཡོ་འཕྲུལ་བྱམས་ན་ཡང་། དེ་ལ་བློ་གཏད་བྱེད་མི་རུང་།
    
ཤིན་ཏུ་ཉམ་ཐག་གྱུར་ན་ཡང་། རང་དབང་རྩོད་ལེན་བརྗེད་མི་རུང་།

    Reply
  11. རས་པ། says:
    ལོ་ 16 སྔོན།

    བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོའི་མཚམས་འཕྲིན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་་བ་དང་། རང་ངོས་ནས་ཡུལ་ཤུལ་ས་ཡོམ་ཁྲོད་རྐྱེན་ལམ་དུ་སོང་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བ་དང་། རྨས་སྐྱོན་ཕོག་པ་དང་འཚོ་བཞུགས་སྤུན་ཟླ་ཡོངས་ལ་འཚོ་བའི་ཐུགས་བསམ་མི་ཕམ་པར་བློ་རྒྱ་བསྐྱེད་པའི་རེ་བ་བྱེད་ཀྱི་ཡིན།

    Reply
  12. ལྷུན་འགྲུབ་། says:
    ལོ་ 16 སྔོན།

    བཙན་བྱོལ་ལ་ཡོད་པའི་བླ་བྲང་རྒྱུ་ཆེན་ཁག་དང་དེ་བཞིན་དགོན་པ་ཁག་དང་ཚོགས་པ་ཁག་སོགས་ལ་ཞུ་རྒྱུ་། ད་ལྟའི་ས་ཡོམ་འདིའི་གནོད་འཚེའི་འོག་ཏུ་དཀའ་ངལ་མྱོང་བཞིན་པའི་ང་ཚོའི་མི་རིགས་ཀྱི་ཆེད་གང་མགྱོགས་ཐོག་དཔལ་འབྱོལ་གྱི་རོགས་པ་མི་ཆུང་བ་གནང་རོགས་ཞེས་རེ་འབོད་ཞུ་བཞིན་ཡོད།
    ཐུགས་རྗེ་གཟིགས།

    Reply
  13. དབྱངས་བུ། says:
    ལོ་ 16 སྔོན།

    དེ་རིང་ཉིན་གུང་ང་རང་ཟ་ཁང་ནང་ཉིན་གུང་ཁ་ལག་བཟའ་བཞིན་པའི་སྐབས་སུ་སྒྲོག་ཙེའི་ཉེ་འགྲམ་ལ་ལོ་ན་བཞི་བཅུ་ཡན་ལ་སླེབས་པའི་མི་ཞིག་བསྡད་སོང། ཕར་བལྟས་ཚོད་ལ་ཤེས་ཡོན་སློབ་སྦྱོང་ལྡན་ལ་གནས་ཡོད་མི་སྣའམ། ཡང་ན་ཚོང་པ་ཆེན་པོ་ཞིག་ཡིན་བཟོ་འདུག ཁོང་གིས་ང་ལ་ཟབ་ནན་ངང་བལྟས་རྗེས་བློ་ཕམ་ཆེན་པོས་བརྗོད་དོན། བོད་གཞུང་གི་གཞུང་ཞབས་རྣམ་པ་དེ་སྔ་ཞོ་སྟོན་སྐབས་ཉིན་གཅིག་གཉིས་རིང་གཞུང་འབྲེལ་གུང་སེང་སྤྲད་ནས་གཟིགས་མོར་ཕེབས་རྒྱུའི་དུས་ཚོད་ཡོད་ཀྱང། དེ་རིང་ཞོགས་པ་གཙུག་ལག་ཁང་ལ་སྨན་རྩིས་ཁང་གི་ལས་བྱེད་ཕེབས་ཐུབ་སར་གཞུང་ཞབས་རྣམ་པ་ཕེབས་མི་ཐུབ་པ་གང་ཡིན་ནམ་ཟེར་གྱི་འདུག དེ་དུས་ང་རང་གི་སེམས་ལ་ལམ་སེང་༸གོང་ས་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་གསལ་གཙུག་ལག་ཁང་ལ་སྨོན་ལམ་འདོན་རྒྱུ་གསུངས་པ་དེ་དྲན་པས་སེམས་ལ་མི་བདེ་བ་ཆགས་པ་ལྷན་དུ་ལན་འདེབས་ཀྱི་སྤོབས་པ་ཡང་རིམ་བཞིན་ཡལ་སོང།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese