མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉུང་མཐར་བོད་མི་ ༡༠༠༠༠ བསད་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། མདང་དགོང་མཚན་ལ་ས་ཡོམ་ཐེངས་གསུམ་བརྒྱབ་པ་དང༌། དེ་རིང་ཞོགས་པར་ས་ཡོམ་ཐེངས་གཅིག་བརྒྱབ་འདུག དེའི་ཁྲོད་སྐྱེ་རྒུ་མདོ་ནས་མར་ཡོང་སའི་འབྲི་ཆུའི་ཉེ་འགྲམ་དུ་མི་ ༢༠ བསད་འདུག་ཟེར།

ས་རཱ་མཐོ་སློབ་དུ་སློབ་གཉེར་བྱེད་ཀྱིན་པའི་ཡུལ་ཤུལ་ཚེ་རིང་བསྟན་འཛིན་ལགས་ཀྱིས་བོད་ལ་ཁ་པར་བརྒྱབ་པ་ལྟར་གནས་ཚུལ་ཤེས་རྟོགས་བྱུང་དོན། ད་ཆ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་མི་ཁྲི་གཅིག་ཙམ་ཤི་ཡོད་འདུག་ཟེར། དེ་ཡང་སྐྱེ་རྒུ་མདོ་དགོན་པ་གཅིག་པུའི་ནང་བེམ་རོ་སྟོང་ཕྲག་ལྷག་ཙམ་བཞག་ཡོད་པ་དང༌། ད་དུང་དུར་ཁྲོད་དུ་ཁྱེར་བ་དང་དགོན་པ་གཞན་དུ་ཁྱེར་བ། སྨན་ཁང་ནང་འཆི་བ། ས་འོག་ཏུ་ལུས་པ་སོགས་བྱས་ན་ཤི་བའི་གྲངས་འབོར་དེ་ཧ་ཅང་ཚད་མཐོན་པོར་སླེབས་ཡོད་འདུག མི་དམངས་ལ་རོགས་པ་བྱེད་མཁན་གཙོ་བོ་དགོན་སྡེ་ཁག་གི་གྲ་པ་རྣམས་ཡིན། དཔེར་ན་སྐྱེ་རྒུ་དགོན་པ་ནས་གྲྭ་ ༧༠༠ དང༌། སེར་ཤུལ་ནས་གྲྭ་ ༧༠༠། གསེར་རྟ་ནས་གྲྭ་ ༥༠༠། དེ་མིན་དགོན་པ་ཆུང་ཁག་མང་པོ་ནས་ཕེབས་ཡོད་ཟེར།

གཞན་ཡང་ཁོང་གིས་བརྗོད་པ་ལྟར་ན། གཞུང་གི་བརྙན་འཕྲིན་སོགས་ཀྱི་དྲིལ་བསྒྲགས་ནང་མི་གྲངས་དྲུག་བརྒྱ་ལྷག་ཙམ་ཤི་ཡོད་ཅེས་དང༌། ད་དུང་རོགས་སྐྱོར་ཡག་པོ་ཡོད་ལུགས་བཤད་ཀྱང༌། ས་ཡོམ་གྱི་ཁྲོད་སློབ་ཕྲུག་མང་པོ་ཤི་ཡོད་དུས་སློབ་གྲྭ་ཁག་གི་དགེ་རྒན་ཚོས་གཞུང་ལ་ཞུ་གཏུག་རྒྱག་གི་འདུག་ཟེར། རྒྱུ་མཚན་ནི། གཞུང་གི་དྲིལ་བསྒྲགས་དང་ས་གནས་དངོས་ཀྱི་གནས་ཚུལ་རྦད་དེ་ཐ་དད་པ་ཡིན་པས་རེད་ཅེས་བརྗོད། རྨས་སྐྱོན་ཤོར་བའི་ནད་པ་རྣམས་གནམ་གྲུའི་ནང་ཟི་ལིང་དང་ཟི་ཁྲོན་དུ་དབོར་གྱི་ཡོད་འདུག
 
ས་ཡོམ་འདི་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་ཚད་རིམ་མཐོ་ཤོས་དང་ཤི་རྨས་མང་ཤོས་ཀྱི་ས་ཡོམ་ཞིག་ཡིན་པར་འདོད། ད་དུང་ཡང་མི་དམངས་ལ་གཞུང་ཕྱོགས་ཀྱིས་རོགས་སྐྱོར་ལྡང་ངེས་ཤིག་རྩ་བ་ནས་རེག་གི་མི་འདུག་ཟེར། དེ་ལས་ལྡོག་སྟེ་མཚོ་སྔོན་ཁུལ་སོགས་ནས་བོད་རིགས་མང་པོ་རོགས་པར་ཡོང་འཆར་ཡོད་ཀྱང༌། གཞུང་གིས་ས་གནས་ས་ཐོག་གི་ལག་ཁྱེར་མེད་དུས་གཏོང་གི་མི་འདུག་ཟེར། གང་ལྟར་ཡང༌། ད་ལྟའི་ཆར་དམག་མི་རྣམས་ཀྱིས་མཐོ་རིམ་དཔོན་རིགས་དང་གཞུང་གི་ཁང་པ་བསྔོགས་པ་ལས་མི་དམངས་དཀྱུས་མར་རོགས་པ་བྱེད་ཀྱི་མི་འདུག་ཅེས་གསུངས། ད་དུང་ཡང་ས་ཡུལ་དངོས་སུ་གནས་ཚུལ་ཛ་དྲག་གི་ནང་ལྷུང་འདུག

རྒྱ་ནག་གཞུང་གིས་དུས་ཐོག་མྱུར་སྐྱོབ་མ་བྱས་སྟབས། ད་སྐབས་ས་གནས་བོད་མི་ཚོས་རྒྱ་ནག་གཞུང་ལ་སྔར་ལས་ལྷག་པའི་ཞེ་འཁོན་འཛིན་མགོ་བཙུགས། རོའུ་ཊར་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། རང་ལོ་ ༢༨ ལ་སོན་པའི་གྲྭ་ཚེ་རིང་ཕུན་ཚོགས་ཀྱིས་བརྗོད་དོན། ང་ཚོས་སོ་སོར་གོ་སྒྲིག་བྱེད་གི་ཡོད། ང་ཚོར་ལྟ་སྐྱོང་བྱེད་པ་ལ་རྒྱ་ནག་གཞུང་དགོས་དོན་མེད། བོད་མི་རིགས་ལ་རོགས་པ་བྱེད་རྒྱུ་དེ་ང་ཚོར་མཚོན་ན་ལས་སླ་བོ་རེད་ཅེས་བཤད་འདུག རང་ལོ་ ༢༥ སོན་པའི་གྲྭ་དོན་རྒྱལ་གྱིས་བཤད་དོན། ས་ཡོམ་བརྒྱབ་མ་ཐག་ས་གནས་འདིར་ཡོང་སྟེ་རོགས་རམ་བྱེད་མཁན་ནི་ང་ཚོ་དགེ་འདུན་པ་ཚོ་ཡིན། གཞུང་མ་རེད་ལ་དམག་མི་ཚོའང་མ་རེད། གཞུང་ལས་ལྷག་ཅིག་ང་ཚོས་བྱས་ཡོད། གང་ཡིན་ཅེ་ན་ང་ཚོས་སོ་སོའི་མི་རིགས་འདི་ཡག་པོར་ཤེས་ཀྱི་ཡོད་ཅེས་བཤད་འདུག

སི་ཨིན་ཨིན་གྱི་གསར་འགོད་པ་ john vause  ཡིས་ཊི་ཝེ་ཊར་བརྒྱུད་ནས་བཤད་དོན། བོད་མི་ཚོས་རྒྱ་གཞུང་གི་དམག་མི་རྣམས་ཀྱིས་རོགས་རམ་བྱས་མ་སོང་ཞེས་ཞུ་གཏུགས་རྒྱག་གིན་འདུག་ཟེར་ལ། པེ་ཅིན་གྱིས་གཞུང་ངོས་ནས་གང་ཡོང་ཡོོང་ཞིག་བྱས་པ་ཡིན་ཅེས་བོད་མི་ཚོའི་སྐྱོན་བརྗོད་ལ་ངོས་ལེན་བྱེད་ཀྱི་མི་འདུག་ཟེར། གཞན་ཡང་ཤི་རྨས་ཀྱི་གྲངས་ཚད་ཐད་ལའང་རྒྱ་གཞུང་གིས་བསྒྲགས་པ་དེ་བདེན་པ་མ་རེད། དོན་དངོས་ཀྱི་ཤི་གྲངས་ནི་འདི་ལས་མཐོ་བ་ཡོད་ཅེས་བོད་མི་ཚོས་རྒྱ་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཅེས་བཤད།

ཉིན་རེའི་ཏར་འཕྲིན་ཞེས་པའི་གསར་ཁང་གི་གསར་འགོད་པ་ Malcolm Moore ཞུ་བ་ཁ་སང་ཕྱི་དྲོ་ནས་བཟུང་ཡུལ་ཤུལ་ལ་འབྱོར་ཡོད་པ་དང་། ཁོང་གིས་ཊི་ཝེ་ཊར་བརྒྱུད་ནས་བཤད་པ་ལྟར་ན། སྨན་བཅོས་ཀྱིས་འདང་གི་མི་འདུག་ལ། རྨ་ཤུལ་ནད་ཀྱིས་ཟིན་མཁན་དང་། སྨན་བཅོས་ཐེབས་ཅག་རེ་མ་གཏོགས་བྱས་མེད་མཁན་མང་པོ་འདུག གུར་ནང་གི་བོད་མི་མང་པོ་ཞིག་གིས་ཟ་མ་དང་འཐུང་ཆུ་མི་རག་པའི་དཀའ་ངལ་བཤད་གི་འདུག སེར་ཁང་དགོན་པ་གཅིག་པུའི་ནང་དུ་གྲྭ་པ་ ༡༠༠ ལྷག་བསད་འདུག་ཟེར།

དུས་བབ་དྲ་ངོས་སུ་སྒོམ་སྡེ་དོན་གྲུབ་རྒྱལ་མཚན་ཞུ་བས་བཤད་པ་ལྟར་ན། ཁོང་གི་སྤུན་མཆེད་ཀྱིས་དངོས་སུ་མཐོང་བ་ལ་བེམ་པོ་ ༤༠༠༠ ལྷག་ཡོད་པར་བཤད།

རྒྱ་གཞུང་གིས་དེ་རིང་ཞོགས་པར་ས་ཡོམ་ཁྲོད་མི་ ༧༦༠ ཤི་ཡོད་པར་བཤད་འདུག་ལ། རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ཁག་གིས་ཀྱང་རྒྱ་གཞུང་གི་གྲངས་གནས་འདི་རྩ་འཛིན་བྱེད་ཀྱིན་ཡོད་འདུག

ས་ཡོམ་གྱི་ཤུགས་ཚད་ཐད་དུའང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ས་ཡོམ་བརྟག་དཔྱད་སྡེ་ཚན་གྱིས་ ༦་༩ ཡིན་པར་བཤད་ལ། རྒྱ་ནག་གཞུང་གིས་ཚད་རིམ་ ༧་༡ ཡིན་པར་བཤད། དབྱེ་ཞིབ་པ་དག་གིས་བཤད་ན། སློབ་གྲྭ་ཁག་གི་ཁང་པའི་སྤུས་ཚད་ནི་ས་ཡོམ་ཚད་རིམ་ ༧ ལས་བརྒལ་དགོས་པར་བརྟེན། རྒྱ་ནག་གཞུང་གིས་རང་སྟེང་ལ་སྐྱོན་བརྗོད་མི་ཡོང་བའི་ཆེད་དུ་ས་ཡོམ་གྱི་ཤུགས་ཚད་སྤར་བ་ཡིན་པར་བཤད།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༤ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 47

  1. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ། ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧ ཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ྨེ་ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ

    Reply
  2. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།

    Reply
  3. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།

    Reply
  4. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།

    Reply
  5. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།

    Reply
  6. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།

    Reply
  7. འབྲོང་སར་ཚེ་ཉི། says:
    ལོ་ 15 སྔོན།

    ཤུལ་ལུས་གྱི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ།

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    རྒྱལ་ཁབ་གཅིག་པའི་མི་རྣམས་ལ་འདི་འདྲ་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ དེ་བཞིན་སང་ཉིན་མི་དམངས་འཛོམས་ནས་སྨོན་ལམ་འདོན་རྒྱུ་ཡིན་འདུག་ཞུ།།ཕ་སིན་ནས་རྩམ་ཟས་ཞིག་གི་ཕུལ།།

    Reply
  9. ལྡན་མ་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    གཙང་གསུམ་ཆུ་བོ་བམ་རྨ་འབྲི་རྫ་གསུམ་ཁྲག་གིས་སྦག་ཅིང་སྒ་ལུང་རུ་བཞིར་མི་རོས་ཁེངས་པའི་ཁ་སང་དང་དེ་རིང་་་་་་་གོ་སྐབས་ཤིག་ཏུ་རྩིས་ཏེ་ཝན་ཇ་པོ་ཡིས་ལྕེ་བརྐྱངས་ཀྱི་ཟློས་གར་གསོན་པོ་སྒ་ཡུལ་་དུ་འཁྲབ་ཅིང་གཡོ་སྒྱུ་ཡི་མིག་ཆུ་ནག་པོའི་ཐེག་པ་འགའ་ཞིག་གཙང་གསུམ་ཆུ་བོའི་གཞུང་ལ་གཏོར་ཏེ་འགྲོ་སོང་ཟེར།

    Reply
  10. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    རྒྱ་གཞུང་གིས་ཅི་བཤད་ཀྱང་རུང་། བྱིས་པ་འདིའི་གདོང་གི་རྨ་ཁར་རྨ་དཀྲིས་ཤིག་རྒྱག་རྒྱུ་ཕར་ཞོག ཁྲག་ཀྱང་ཕྱིས་མ་ཐུབ་པར་སྐམ་འདུག་པས་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དངོས་གནས་སེམས་འཚབ་སྐྱེ་འོངས་བ་ཞིག་རེད།

    Reply
  11. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    【多維新聞】西藏流亡政府高級官員16日說,達賴喇嘛有意願前往青海玉樹災區安慰災民并為他們祈福。

    西藏流亡政府首席部長桑東仁波切,4月16日在印度達蘭薩拉格爾地佛學院一個慶祝佛學刊物出版第100期的活動上說,達賴喇嘛有意前往玉樹災區安慰災民,并派藏人協助進行援救工作和提供物資援助。

    Reply
  12. གངས་ཅན་གྱི་བུ་ཆུང་། says:
    ལོ་ 15 སྔོན།

    ཕྱིའི་རྒྱ་ཁབ་ཡོ་རོ་པ་དང་ཨ་རི་ཐ་ཝན་བཅས་ཁག་གིས་ཁམས་སྒ་ཡུལ་ཤུལ་ས་ཡོམ་གྱི་ཁྲོད་དུ་གནོད་འཚེ་ཐེབས་པའི་བོད་མི་རྣམས་ལ་རོགས་སྐྱོབ་ཀྱི་འདོད་དངོས་གྲ་འགྲིག་ཡོད་ཅེས་རྒྱ་གཞུང་ལ་ཞུས་སྐབས་རྒྱ་གཞུང་གིས་དེ་ལ་དངོས་ལེན་ཡག་པོ་བྱས་མེད། བོད་ཆོལ་གསུམ་གྱི་མི་རིགས་རྣམས་རྒྱ་འོག་དང་ས་འོག་ཏུ་ཚེ་སྲོག་ཤོར་དགོས་པའི་ལས་དབང་དེ་ཅི་ནས་བྱུང་།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ང་ཚོས་འདི་ནས་ཀྱང་བྱེད་ཡ་ནི་གང་ཡང་མི་འདུག་ལབ་ནས་སྨོན་ལབ་བཏོན་ནས་བསྡད་བསྡད་ན་འགྲིགས་གི་མ་རེད། བྱེད་ཡ་ལོས་ཡོད། རབ་ན་གཤིན་པོའི་རོ་འདོན་རོགས་དང་རྨས་མ་ཚོ་སྨན་ཁང་དུ་ཁྱེར་རོགས་བྱ་དགོས། ཐ་ན་ཤུལ་ལུས་ནང་མི་ཚོའི་མདུན་དུ་བུད་ནས་སེམས་གསོ་ཞིག་གཏོང་བ་ཡང་མཁོ་གལ་ཆེན་པོ་རེད། ད་ཐེངས་བོད་གཞུང་དང་བོད་ཅིག་ཅིག་མིག་མིག་ཟེར་ནས་མིང་ཆེན་པོ་ཁུར་འདུག་མཁན་ཚོས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་པའི་དུས་ཚོད་མ་རེད། དངོས་གནས་བོད་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་མཁན་གྱི་ཚོགས་པ་རེ་ཡོད་ན་གནོད་སྐྱོན་ཐེབས་པའི་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད། ད་ལྟ་བར་དུ་ཆེ་ས་ནས་ཆབ་སྲིད་དང་འབྲེལ་བའི་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་ཆུང་ས་ནས་མི་སྒེར་རེ་རེ་ནས་བོད་མི་ག་ཚོད་མང་པོ་ཞིག་རྒྱ་ནག་ནང་དུ་འགྲོ་ཆོག་གི་ཡོད་ས་ནས་ད་ཐེངས་རོགས་སྐྱོར་ཁོ་ནའི་ཆེད་དུ་འགྲོ་མཁན་ཞིག་རྒྱ་ནག་གིས་འགོག་དོན་ཡོད་པ་མ་རེད། དེ་ང་ཚོ་ཚང་མས་དེ་ཤེས་ཀྱིན་ཡོད་རེད། མ་མཐའ་ཡང་འབད་བརྩོན་བྱེད་དགོས་པ་རེད། གལ་སྲིད་དངོས་གནས་རྒྱ་ནག་གཞུང་གིས་མ་བཏང་ན་དེ་ལུགས་ཁྱབ་བསྒྲགས་བྱེད་ཆོག་གི་རེད། རྗེས་མར་རང་གཞན་སུའི་ངོས་ནས་ཡི་ཆད་འགྱོད་པ་མེད་པ་རེད།

    Reply
  14. སྐར་མདའ། says:
    ལོ་ 15 སྔོན།

    ས་ཡོམ་ནི་རང་བྱུང་ཁམས་ཀྱི་གནོད་འཚེ་ཞིག་རེད། འོད་ཀྱང་སྲིད་གཞུང་གི་རོགས་རམ་དང་སྙིང་བརྩེ་མེད་པ་འདི་ནི་བོད་མིའི་དགོས་ཁུལ་གྱི་སྡུག་བསྔལ་ཡིན།
    མ་ཟད་ཕྱིའི་རྒྱལ་ཁབ་ཁག་གིས་ཀྱང་རོགས་རམ་ཆེན་བྱེད་འདོད་མེད་པ་འདྲ། འདིའི་གནད་དོན་འབྱུང་ཁུངས་ནི་ རྒྱ་ནག་གིས་ནམ་རྒྱུན། ང་ཆེ་ང་བཙན་སྨྲས་པ་དང་གཅིག
    མ་ཟད་ད་བོད་མཐོ་སྒང་དང་གྲང་ངར་ཆེ་ལ་མཁའ་དབུག་སྲབ་པའི་སྐྱེན་གྱིས་ཕྱི་རྒྱལ་བ་སོང་ན་ཉེན་ཁ་ཡོད་ཚུལ་གྱི་སྒོ་ནས་འཇིགས་བསྐུལ་བྱེད་བཞིན་པ་གཉིས།
    གཞན་ཡང་གསར་འགོད་པ་རང་མོས་ལྟར་གཏོང་ཀྱིན་མེད་པ་དང་གསུམ་ལ་ཐུགས་ཡོད།
    གངས་ཅན་པའི་ལས་དབང་འདི་ཅི་ཞིག་ཡིན་ན།

    Reply
  15. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    据青海玉樹抗震救災指揮部新聞发布會通告稱,截至16日下午17時,青海玉樹“4·14”地震已經造成1,144人遇難,417人失蹤,11,744人受傷,其中包括重傷員1,192人。救災指揮部16日上午10時通告稱,截至16日上午10點,此次地震共造成103名學生死亡,教師12人,仍有38名學生失蹤。

    Reply
  16. karma dorje says:
    ལོ་ 15 སྔོན།

    ༸གོང་ས་མཆོག་བོད་ནང་ས་ཡོམ་ས་ཐོག་གདན་འདྲེན་ལ་ཤུགས་རྒྱག་དགོས་འདུག
    དེ་མ་བྱུང་ན་བོད་གཞུང་ལས་བྱེད་གཅིག་དང་སྨན་པ་གཅིག མི་མང་སྐྱུས་མ་གཅིག་བཅས་ཡོད་པའི་རོགས་རམ་དང་སེམས་གསོར་ཕེབས་དགོས་པ་དང་། དེ་ཡང་མ་བྱུང་ན་བཙན་བྱོལ་མི་མང་གི་སྐུ་ཚབ་ཚོགས་པ་གཅིག་ངེས་པར་འགྲོ་ཐུབ་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་དགོས་རེད་སྙམ།

    Reply
  17. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    གནད་འགག་འདི་འདྲ་ལ་སླེབས་དུས་མ་གཏོགས་ངས་གྲྭ་བ་རྣམས་ཚེའི་འདིར་སྐྱབས་མཁན་དུ་ཡོང་རེད་བསམ་པ་མེད། དུས་སྐབས་འདི་ལ། ས་ཡོམ་གྱིས་ས་ཞབས་སུ་སླེབས་པའི་ཚེ་སྲོག་རེ་ཟུང་གི་སྐྱབས་འཚོལ་ས་ནི། ཉེ་འཁོར་ཁག་ནས་ཕེབས་པའི་གྲྭ་བ་རྣམས་རེད་འདུག། སོ་སོས་སོ་སོའི་ཕ་མ་སྤུན་ཟླ་ཡ་ང་བའི་གནས་ལ་ལྷུང་སྐབས་རོགས་སྐྱོར་གང་ཐུབ་བྱེད་པ་ནི་འོས་བབ་མཐུན་པ་ཞིག་རེད།
    ཀྲུང་གོ་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཟེར་བའི་ཚིག་འདི་ལབ་འདོད། དེ་སྔོན་རྨི་ལམ་ཚུན་དུ་གཏོང་མྱོང་མེད། འོན་ཀྱང་ངས་དེ་རིང་གྱང་གོག་ས་ཞིག་འོག་ནས་ཚེ་སྲོག་གི་ལྷག་མ་ལུས་པའི་སྤུན་ཟླ་མི་གཅིག་སྐྱོབ་ཐུབ་པ་ཞིག་དང་། རུས་ཆགས་ཀླད་འཐོར་སོང་བའི་ནད་པ་གཅིག་སྐྱོབ་ཐུབ་པ་ཞིག་བྱུང་ནའང་། སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  18. སྐར་མདའ། says:
    ལོ་ 15 སྔོན།

    མི་ནག་ཚང་ལུང་རིགས་རྒྱལ། དང་པོ་ ༧༠༠༠ ཟེར། དེ་ནས་གྲངས་ཚད་མར་ཆགས་ནས་༧༦༠ ཟེར། ཡང་གྲགས་ཚད་ཡར་མཐོ་ནས་གཅིག་ཁྲི་རེད་ཞེས་བྲིས་འདུག་ལ།
    སྤྱིར་བོད་མི་འདས་གྲོངས་སོང་ཅི་ཙམ་སོང་ཡོད་ད་དུང་གསལ་པོ་མེད་དངོས་གནས་རེད།
    ཡིནའང་གསར་འགོད་པ་འདི་ཚོའི་དངོས་གནས་ཁྱབ་བསྒྲགས་ཡག་པོ་བྱེད་ཤེས་ཀྱིན་མི་འདུག གསར་འགོད་པ་ཚོའི་དང་པོ་ཁ་བྱང་ཐོགས་ལ་གསལ་ཁ་ལེགས་པོ་བཏོད་ནས་དགོས། ཁྱེད་རང་འུར་ལངས་དོན་ཅི་རེད།
    བདག་གི་ཕ་ཡུལ་ལ་ཁ་རྒྱབ་ནས་དངོས་ཡོད་གནས་ལ་བལྟ་རྒྱུ་མ་གཏོགས། གསར་འགོད་འདི་ཚོ་ལ་ཡིད་སྟོན་རྒྱུ་མི་འདུག
    གང་ལྟར་ཡང་འདས་གྲོངས་ཀྱི་གྲངས་ག་ཉུང་བའི་སྨོན་ལམ་འདེབས།

    Reply
  19. kunsal says:
    ལོ་ 15 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ང་ཚོའི་ཕ་ཡུལ་སྐྱེ་རྒུ་མདོ་ཡུལ་ཤུལ་དུ་ས་ཡོམ་གྱིས་རྐྱེན་ངན་འོག་རང་རིགས་མང་པོའི་ཚེ་སྲོག་ཤོར་བར་གདུང་སེམས་སྙམ་སྐྱེད་ཀྱིས་མྱ་ངན་ཞུ་བ་དང་ཆབས་ཅིག་དམ་པ་དེ་དག་གི་ཚེ་རབས་ཐོག་མ་མེད་པ་ནས་བྱས་བསགས་སྡིག་ལྟུང་རྣམས་ལྷག་མེད་དུ་ཞི་ནས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་འཐོབ་པར་ཤོག ཤུལ་ལུས་རྣམས་ཀྱི་དཀའ་སེལ་ཆེད་རང་རིགས་ཡོངས་ནས་ཞལ་འདེབས་རྒྱ་མི་ཆུང་བ་རེ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ། རང་ཉིད་ལུས་གཅོང་ལས་མེད་འཚོ་བ་ཕྲུ་གུར་བརྟེན་པ་ཞིག་ཡིན་རུང་གང་ཐུབ་ཞིག་ངེས་པར་འབུལ་རྩིས་ཡོད། ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ
    ཨོཾ་མ་ཎི་པདྨེ་ཧཱུྃཿ

    Reply
  20. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    མི་ངན་ཁ་ལས་གཏམ་ངན་ལས་ཅི་ཡོད། ཚོད་དཔག་ཙམ་བྱས་པ་ལས་མི་གྲངས་ཅི་ཙམ་ས་ཞབས་ཤོར་ནས་འདས་གྲོངས་སོངས་ཡོད་པ་ད་དུང་སུ་གང་གིས་ཤེས་ཀྱི་མེད། བེམ་གྲངས་ཇི་ཙམ་བརྙེད་ཡོད་པ་དང་། སྨན་ཁང་དུ་འདས་གྲོངས་ཇི་ཙམ་ཤོར་ཡོད་མེད་ད་དུང་མི་ཤེས་པའི་ཐོག་ཁ་གསལ་ཏག་ཏག་ཅིག་ཤེས་ཐུབ་མིན་ཁག་པོའི་གནས་སུ་མཐོང་་། འོན་ཀྱང་མི་ཤི་བའི་རེ་རེའི་གྲངས་ཀ་ཡིན་ནའང་ཉུང་བའི་སྨོན་འདུན་རྒྱག་བཞིན་པའི་སྐབས་འདིར་། གྲངས་འབོར་བསམ་བརྗོད་ལས་བའི་འདས་གྲོངས་ཤོར་བའི་སྐད་ངན་རྒྱེབ་མཁན་ཁྱོད་ནི། ཤི་མཁན་མང་ན་སེམས་དགའ་བཞིན་ཡོད་པའི་རྣམ་འགྱུར་དུ་མཐོང་།

    Reply
  21. རྒྱལ་བསྟན། says:
    ལོ་ 15 སྔོན།

    ད་ལྟ་རང་ངེད་ཀྱི་སྤུན་མཆེད་ལ་ཁ་པར་རྒྱབ་པས།
    རྒྱ་མིའི་གསར་གྱུར་ནང་དེ་རིང་མི་ཤི་ཚད་གྲངས་༧༩༡ སླེབ་ཡོད་པ་བཤད་སོར་ཟེར།

    Reply
  22. གོང་ཐུབ། says:
    ལོ་ 15 སྔོན།

    དེ་རིང་ཞོགས་ཀར་ཁ་པར་བརྒྱུད་ནས་གོ་ཐོས་ལ་རྔ་བའི་རོང་འབྲོག་མང་ཚོགས་དང་དགོན་སྡེ་སྤྱི་ཡོང་ནས་རང་རིགས་ས་ཡོམ་གོད་ཆགས་ཐེབས་ཡུལ་ལ་ཐུགས་གསོ་དང་རོགས་སྐྱོར་དུ་དངུལ་བསྡུ་བྱེད་བཞིན་པའི་གནས་ཚུལ་འདུག ལས་འགུལ་འདི་ཁ་རྩང་ནས་འགོ་བཙུགས་འདུག དེ་བཞིན་༸གོང་ས་མཆོག་གི་ཆིབས་གཟིགས་ནི་ཚེ་འདས་དག་གི་རྣམ་ཤེས་ཀྱི་རེ་ལྟོས་རིང་མོ་ཞིག་ཡིན་ཞིང་གསོན་པོ་ང་ཚོའི་ཡིད་ལ་རིང་དུ་བརྣག་པའི་མངོན་འདོད་དེ་རེད་ཅེས་གསུང་གི་འདུག

    Reply
  23. འོས་ལངས། says:
    ལོ་ 15 སྔོན།

    ཀྱེ་མ་ཀྱི་ཧུད། ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་ཟིན་པའི་སྤུན་ཟླའི་གྲངས་འབོར་དེ་འདྲའི་མང་པོ་ཡིན་ནམ། སྙིང་རླུང་སྟོད་ལ་འཚངས། མིག་མཐར་མཆི་མ་འཁོར། སེམས་པར་སྡུག་གིས་ཁེངས། སྐྱོ་བའི་ཤུགས་རིང་འབྱིན།
    རྒྱ་འདྲེ་ཡིས་མགོ་ནས་མནན།
    འབྱུང་གནོད་ཀྱིས་འོག་ནས་གཙེས།
    གཞན་རིགས་ཀྱིས་བར་ནས་བརྙས།
    མི་རིགས་འདི་སྐྱོབ་མཁན་སུ།
    ལྷར་རློམ་ཚོ་མི་མངོན་གནས་སུ་ཡིབ།།
    བླ་སྤྲུལ་ཚོས་རྒྱུ་འབྲས་ཡིན་ཚུལ་སྒྲོག །
    བོད་དཔོན་ཚོས་མི་སྨྲའི་བརྟུལ་ཞུགས་འཛིན།།
    རྒྱ་དཔོན་ཚོའི་རྫུན་གཏམ་རྒྱལ་སྤྱིར་ཁྱབ།།
    མི་རིགས་འདིའི་ལས་དབང་སྐྱོ་བ་ལ།།

    Reply
  24. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། སེམས་ནང་དྲན་རྒྱུ་ཞིག་མི་འདུག ་་་་ངོ་མ་སྡུག་ནི་ཞིག་རེད།

    ད་ཐང་ཐེ་ཝན་བཞིན་གོ་སྐབས་ཞིག་འཛིན་ཐུབ་རྒྱུ་ན་ཤི་གསོན་ཀུན་ལ་དེ་ལས་ཕན་པ་ཞིག་མེད་པ་རེད། འོན་ཀྱང་ངའི་རེ་བ་སྟོང་པ་ཡིན་རྒྱུ་རེད།

    Reply
  25. བློ་བཟང་། says:
    ལོ་ 15 སྔོན།

    ད་རེ་ངོ་ཤེས་ཞིག་གིས་ཁ་པར་ཐོག་ཏུ་ཕྲན་ལ་བརྫོད་པར། ཁོང་གི་ཁྱིམ་དུ་མི་གྲངས་དགུ་ཡོད་པ་ཚང་མ་ཤི་ཚར་འདུག བསྔོ་རྟེན་ཕུལ་རོགས་གསུང་། མི་གྲངས་ཁྲི་༢༠༠༠༠་ཙམ་ཤི་ཡོད་རྒྱུ་ཟེར། རོགས་པོ་གནང་མཁན་མང་ཆེ་བ་གྲྭ་པ་རེད་ཟེར། ནང་ཆེན་རྫོང་གི་གྲྭ་པ་ཡོངས་ཀྱིས་རྒྱགས་ཆས་དང་། གོས་ཆས་རིགས་བསྣམས་ནས་ཕེབས་འདུག་ཟེར།

    Reply
  26. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    མི་ཆུང་དང་མི་ནག་གཉིས་ཀྱིས་བཤད་དོན་ལྟར་ད་ལན་ང་ཚོས་གོ་སྐབས་འདི་བཟུང་ནས་དོན་ཆེན་ཞིག་བསྒྲུབ་ཐུབ་པ་བྱེད་དགོས།
    ༡གཅིག་ནི་ཐེ་ཝན་མི་དམངས་ཀྱིས་༸གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་སར་གདན་འདྲེན་ཞུས་ཏེ་འདས་སོན་རྣམས་ཀྱི་རེ་བ་བསྐོང་བ་བཞིན་ད་ལན་ང་ཚོ་བོད་གཞིས་བྱེས་གཉིས་ཀའི་མི་དམངས་ནས་ཐབས་བརྒྱ་ཇུས་སྟོང་གིས་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་ཐུབ་ཐབས་བྱ་དགོས།
    འདི་ལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་བཅས་ནས་འགན་འཁུར་དང་མང་ཚོགས་ལ་དུས་ནས་དུས་སུ་ལམ་སྟོན་བྱེད་དགོས།་་་་་གལ་ཆེ་ཤོས་ཤིག་ལ་༸གོང་ས་མཆོག་སྐུ་ཕྱཱའི་ཐོག་དམིགས་བསལ་གྲ་སྒྲིག་འཐུས་ཚང་དང་སྐྱོན་ཆ་མ་ལྷག་པ་བྱེད་དགོས།
    སྐབས་དེར་གཞུས་བཞུགས་བོད་རིགས་ཡོད་དོ་ཅོག་གིས་ཀྱང་༸གོང་ས་མཆོག་ས་ཡོམ་གྱི་གོད་ཆག་བྱུང་སར་ཆིབས་བསྒྱུར་དང་གསོལ་འདེབས་བསྔོ་སྨོན་གནང་དགོས་པའི་རེ་འབད་དང་།་ཞུ་གཏུག་་རྔམ་སྟོན་ཁྲོམ་སྐོར་གྱིས་མཚོན་མདོར་ན་བོད་མདོ་དབུས་ཁམས་གསུམ་ནས་དུས་གཅིག་ཏུ་ཡར་ལངས་ཀྱིས་གནས་ཚུལ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བཟོ་དགོས།
    ༢གཉིས་ནི།གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་ལས་ཁུངས་ཁག་དང་དམིགས་རྒྱལ་སྤྱིའི་གསར་འགོད་པའི་མདུན་སར་རྒྱ་གཞུང་གིས་ས་ཡོམ་གྱི་གོད་ཆག་གནོད་སེལ་དང་མྱུར་སྐྱོབ་ཡག་པོ་བྱེད་མེད་པའི་ཞུ་གཏུག་བྱེད་དགོས།་དེ་ཡང་མི་ནག་གི་གོང་དུ་བཀོད་པ་ལྟར་གཤམ་འཁོད་དོན་ཚན་ཁག་གཞི་རྩར་བཟུང་སྟེ་ཞུ་གཏུག་བྱ་ཆོག
    ༡ས་ཡོམ་ཡོང་རྒྱུའི་སྔོན་བརྡ་མ་སྤྲད་པ།
    ༢་དུས་ཐོག་མྱུར་སྐྱོབ་མ་བྱེད་པ
    ༣་མྱུར་སྐྱོབ་བྱེད་མཁན་ཧ་ཅང་ཉུང་ཞིང་མཐུན་རྐྱེན་འདང་ངེས་མེད་པ།
    ༤གསར་འགྱུར་རྫུན་བཟོ་དང་གསལ་བསྒྲགས་རྫུན་མ་སྤེལ་བ།
    ༥རྨས་མ་རྣམས་ལ་སྨན་བཅོས་འཐུས་ཚང་དང་བདག་སྤྲོད་མ་བྱེད་པ།
    ༦བོད་ཀྱི་ཕྱོགས་མཐའ་ཁག་ནས་རོགས་སྐྱོར་བྱེད་མཁན་བཀག་འགོག་བྱེད་པ་སོགས་མདོར་ན་རྒྱ་གཞུང་གི་བྱེད་ཉེས་རྣམས་ཐེར་བཏོན་བྱས་ཏེ་ཞུ་གཏུག་ཡིད་ཚིམས་པ་བྱ་ཐུབ་ན་ང་ཚོ་ལ་གོ་སྐབས་ཤིག་འདུག་་དེ་མིན་མཎི་དང་གཟུངས་སྔགས་ཙམ་འདོན་ནས་བསྡད་ན་དེ་ཙམ་ཕན་ཐོགས་མེད་གདའ།་
    བོད་མི་ཚོ།་རང་རང་གིས་རྣམ་དཔྱོད་དཀྲུག་ནས་ལས་འགུལ་སྣ་ཚོགས་སྤེལ་རོགས།
    ཨོོ་མཎི་པདྨེ་ཧོོ།

    Reply
  27. མི་ཆུང་། says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ།
    ད་ང་ཚོའི་སྨོན་ལམ་དང་གསོལ་འདེབས་རྐྱང་པས་གནོད་འཚེ་ཕོག་སའི་ས་གནས་རང་ལ་སྐབས་བབ་ཀྱི་གེགས་བར་སེལ་མི་ནུས། དེ་ལས་བཙན་བྱོལ་ནང་གི་བོད་རིགས་ཡོད་དོ་ཅོག་གིས་ས་གནས་སོ་སོའི་གོ་སྒྲིག་འོག་ཞལ་འདེབས་བསྡུ་དགོས།

    ཞལ་འདེབས་དེ་དག་ཕར་འཕྲོད་པར་བྱེད་པར། བཙན་བྱོལ་གཞུང་དང་བཙན་བྱོལ་མི་དམངས་ཀྱི་མིང་ཐོག་ནས་སླེབས་མི་ཐུབ་ཀྱང་། རྒྱལ་སྤྱིའི་ཚད་ལྡན་ཀྱི་ཐེབས་རྩ་ཚོགས་པ་དང་། དེ་མིན་གྱི་རོགས་ཚོགས་མང་པོ་ཡོད་པས། དེ་དག་གི་ཁ་བྱང་དང་ཁོང་ཚོར་སྤྲོད་དགོས། ཁོང་ཚོ་བརྒྱུད་ནས་ས་ཡོམ་བྱུང་སའི་ས་གནས་སུ་ངེས་པར་འཕྲོད་ཐུབ་ངེས།

    ད་ལྟའི་ཆར་ཕྱི་རྒྱལ་གྱི་རོགས་ཚོགས་མང་པོས་བོད་ཀྱི་ཆེད་དུ་ཞལ་འདེབས་བསྡུ་གི་ཡོད་ལ། དེ་ཡང་གཞུང་འབྲེལ་གྱི་ཐོག་ནས་བོད་དུ་སླེབས་ཀྱི་ཡོད། འདི་ནི་ང་ཚོས་ལག་ལེན་བསྟར་དགོས་པའི་ཐབས་ཇུས་ཤིག་ཡིན།

    གཞན་ཁ་ནས་སྙིང་རྗེ་དང་ཞལ་འདོན་རྐྱང་པར་ཕན་ཐོགས་དེ་ཙམ་མེད། ད་ལྟའི་ཆར་གཙོ་བོ་དཔལ་འབྱོར་རེད། འབྱུང་འགྱུར་ཡང་དཔལ་འབྱོར་གྱིས་སློང་དགོས་ཀྱི་ཡོད། ང་ཚོའི་ཞལ་འདེབས་འདི་ནི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་རེད།

    གཞན་དུ་ན། ཐེ་ཝན་གྱིས་ས་ཡོམ་གྱི་གནོད་འཚེ་ཕོག་སར་༸གོང་ས་མཆོག་གདན་དྲངས་པ་བཞིན། ང་ཚོས་ཀྱང་གོ་སྐབས་དེ་དང་བསྟུན་ནས་རྒྱ་གཞུང་ལ་འབོད་སྐུལ་ཞིག་ཞུ་དགོས། དེ་ཡང་གོ་སྐབས་ཤིག་རེད། ཕལ་ཆེར་འདི་འགྲུབ་མི་སྲིད་ཀྱང་། འདས་གསོན་གྱི་སྤུན་ཟླ་རྣམས་ཀྱི་སེམས་ཁྱད་རེད། གཉིས་ནས་ཆབ་སྲིད་ཀྱི་ཐབས་ཇུས་དང་འབྱུང་འགྱུར་གྱི་ལས་འགུལ་འཕེལ་ཕྱོགས་ཤིག་ཀྱང་རེད།

    Reply
  28. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བོད་ལ་ Huang Qi དང་ Tan Zuoren ལྟ་བུ་རེ་ཡོད་དམ།

    Huang Qi དང་ Tan Zuoren གཉིས་ནི་ ༢༠༠༨ ལོའི་སི་ཁྲོན་ས་ཡོམ་སྐབས་སློབ་ཕྲུག་མང་པོ་ས་འོག་ལ་གནོན་སའི་ཁང་པ་དག་ལ་ཞིབ་འཇུག་བྱས་པ་བརྒྱུད། སློབ་གྲྭའི་ཁང་བའི་སྤུས་ཀ་རྒྱལ་ཡོངས་ཀྱི་ས་ཡོམ་ཉེན་འགོག་གི་ཚད་གཞི་ལ་བསླེབས་མེད་པར་བསྒྲགས་མཁན་གཉིས་རེད།

    ཁོང་གཉིས་ཀྱི་ཞིབ་འཇུག་གི་སྙན་ཐོ་ཕྱིར་བསྒྲགས་རྗེས་རྒྱ་ནག་གཞུང་གིས་ཁོང་གཉིས་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་བྱེད་མཁན་དང་། རྒྱལ་ཁབ་ལ་ཉག་ཉེས་འཛུགས་མཁན་ཡིན་པའི་ཉེས་པ་བཀལ་སྟེ་ཁོང་གཉིས་བཙོན་ཁང་དུ་བཅུག་པ་རེད།

    འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་ སོ་ཧྥི་ རི་ཆར་ཌི་སོན་ གྱིས་རྒྱ་ནག་གཞུང་ལ། ད་ནི་སི་ཁྲོན་ས་ཡོམ་རྗེས་སུ་བྱུང་བའི་ངོ་ཚ་བའི་དོན་དག་དེ་འདྲ་བསྐྱར་དུ་འབྱུང་མི་འཇུག་རྒྱུའི་རེ་བ་ཡོད་ཅེས་འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་དྲ་ངོས་སུ་བཀོད་འདུག

    བོད་མི་ཚོའི་ནང་དུའང་སློབ་གྲྭའི་ཁང་བའི་སྤུས་ཚད་ལ་ཞིབ་འཇུག་བྱེད་མཁན་རེ་ཡོད་ན་ཅི་མ་རུང་།

    Reply
  29. ཕུན་ཚོགས ། says:
    ལོ་ 15 སྔོན།

    རྩོམ་སྒྲིག་པ་ལུང་རིག་ལགས་ལ་སྙིང་ནས་གུས།
    གནས་ཚུལ་དུས་ལྟར་འགོད་པ་དང་བཀོད་པར་དབྱེ་ཞིབ་ཡོད་པ་འདི་ནི་བོད་པ་ཚང་གི་དེ་རིང་ལ་མཁོ་བའི་རྩོམ་སྒྲིག་པ་ངོ་དེ་རད་ཨང།ཐུགས་རྗེ་ཆེ།

    Reply
  30. འབྲི་འབྲོང་། says:
    ལོ་ 15 སྔོན།

    ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཡེ། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་ཀུན་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འདྲེན་པ་མཉམ་མེད་ཐུབ་དབང་ཤཱཀྱའི་ཏོག །ཕྱོགས་བཅུའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་མཆོད་སྤྲིན་དུ། །སྙིང་པོ་ཡི་གེ་དྲུག་མས་འབྱུང་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འདས་པའི་སངས་རྒྱས་རྣམས་ཀྱི་དགོངས་རྫོགས་དང༌། །མ་འོངས་སངས་རྒྱས་རྣམས་ཀྱི་ཚོགས་གསག་དང༌། །ད་ལྟར་བཞགས་པ་རྣམས་ཀྱི་ཞབས་བརྟན་དུ། །སྙིང་པོ་ཡི་གེ་དྲུག་མས་འབྱུང་བར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ལས་ཀྱིས་འབྲེལ་བའི་ཕ་མ་སློབ་དཔོན་དང༌། །གཉེན་འདུན་མཐུན་གྲོགས་རེ་ཞིང་ལྟོས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ དེ་ལ་བརྟེན་ནས་ཆགས་སྡང་རྨོངས་གསུམ་གྱི། །ནད་གདོན་དགྲ་བགེགས་ཚེ་ལེན་བདུད་སྡེ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ མི་བརྗེད་ཞུས་པའི་སྦྱིན་བདག་དྲིན་ཅན་དང༌། །མ་བརྗེད་གསུངས་པའི་སྦྱིན་བདག་ཕོ་མོ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ སྐུ་གསུང་ཐུགས་རྟེན་བླ་མ་དགེ་འདུན་དཀོར། །སྐུ་གླུད་དད་ཟས་བརྟེན་པའི་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ སྡིག་སྤྱོད་རྒྱལ་བློན་འབངས་དང་མི་ངན་གྱིས། །ཁྲེལ་མེད་གཡོ་སྒྱུའི་ངན་སེམས་འཆང་བ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ མི་དགེ་བཅུ་དང་མཚམས་མེད་ལྔ་པོ་དང༌། །དེ་དང་ཉེ་ལྔ་སྤྱོད་པའི་ལས་ངན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ བསྔོ་ཡིག་སྐྱ་མོ་ལག་ན་བྱིན་པ་དང༌། །གཤིན་པོའི་ཟས་སྐལ་བླངས་པའི་ཚེ་འདས་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཤི་བ་རྣ་བས་ཐོས་དང་མིག་གིས་མཐོང༌། །འཇིག་རྟེན་ཁམས་ཀྱི་ཚེ་འདས་མ་ལུས་པ། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ གྲི་ཤི་མུག་ཤི་ལ་རོ་ཆུ་རོ་སོགས། །དགེ་མེད་སྡིག་མེད་བར་དོ་འཁྱམས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འོ་ཞོ་འཐུངས་པའི་མ་འབྲི་དྲིན་ཅན་དང༌། །ཤ་ཁྲག་ཟོས་པའི་སེམས་ཅན་མ་ལུས་པ། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ མི་ཁྱོག་ཁལ་བཀལ་བཞོན་པ་ཞོན་ཞིང་བརྡུང༌། །མི་འགྲོ་སྣ་ཕུག་རྨོས་སུ་རྨོས་པ་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ དབུས་གཙང་ཁམས་གསུམ་མངའ་རིས་འཛམ་བུ་གླིང༌། །དེ་བཞིན་གླིང་གསུམ་གླིང་ཕྲན་ཉི་འོག་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ འབྱུང་བ་ཆེན་པོ་ལྔ་ལ་གནས་བཅས་ཏེ། །གཟུགས་ཅན་གཟུགས་མེད་ཕྲ་རགས་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མ་ཡིན། །ལྷ་མི་ལ་སོགས་ཁམས་གསུམ་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ལས་འདས། །དེ་བཞིན་གཏུང་དཔག་དཀའ་བའི་སེམས་ཅན་རྣམས། །མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། །དེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྂ་ཧྲཱི༔

    གང་མང་གསོག་རོགས་གནང༌།

    Reply
  31. ཕུན་ཚོགས ། says:
    ལོ་ 15 སྔོན།

    དུས་ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གི་རྒྱབ་རྕར་ཀ་ལང་ལང་བྱེད་ཀྱི་འདུག་

    Reply
  32. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཆག་སྒོ་བྱུང་མཁན་གྱི་བོད་རིགས་ཚོས་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱེད་བཞིན་པའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བསྟོད་པ་བྱས་ཤིང་། ས་ཡོམ་གྱི་གནོད་འཚེ་འདི་ལ་དུས་ཐོག་ཛ་དྲག་གི་མྱུར་སྐྱོབ་བྱས་པ་རླབས་ཆེན་ཡིན་ལུགས་བཤད་འདུག

    བཙན་བྱོལ་བོད་གཞུང་གི་ཇེ་ནེ་ཝའི་སྐུ་ཚབ་ཀྱིས་ག་རེ་གནང་གི་ཡོད་ན། ངག་དབང་གྲགས་པ་ལགས་ནི་ཇེ་ནེ་ཝ་རུ་ཡོད་བསམ། བཙན་བྱོལ་བོད་གཞུང་གིས་ཁོང་ལ་བཤད་དེ། མཉམ་འབྲེལ་རྒྱལ་ཚོགས་ལ་དྲན་སྐུལ་ཞིག་བྱེད་རན་རེད།

    Reply
  33. ཕུན་ཚོགས ། says:
    ལོ་ 15 སྔོན།

    གནམ་ལྕགས་ལགས།འདི་ནི་ངུ་རྒྱངས་ཞིག་གི་ཚབ་ཏུ་འབད་པའི་རང་ནུས་ཀྱི་འོས་འགན་སྒྲུབ་པ་ཙམ་ལས་།ཐུགས་རྗེ་ཆེ་ཟེར་དགོས་པའི་གནས་ཚུལ་གང་མེད།

    Reply
  34. ཕུན་ཚོགས ། says:
    ལོ་ 15 སྔོན།

    ནག་ཆུ་ན་ཡོད་པའི་བླ་བྲང་དང་རེབ་གོང།དེ་བཞིན་མཚོ་ལྷོ་སོགས་ནས་ཡིན་པའི་ཚོང་བ་ཚོས་ཡུལ་ཤུལ་གྱི་གནོད་འཚེ་ལ་དམིགས་ནས་དང་བླང་གིས་རོགས་དངུལ་བསྡུ་བཞིན་ཡོད་ལ།ད་ལྟ་སྒོར་ཁྲི་དྲུག་ལྷག་འདུས་ཡོད་ཟེར།

    Reply
  35. འབྲི་འབྲོང་། says:
    ལོ་ 15 སྔོན།

    ད་རེས་སྐྱེ་དགུ་ས་ཡོམ་གྱིས་གོད་ཆག་ཁྲོད་དུ་གྲྭ་པ་ཚོས་དཀའ་ངལ་ལ་གངོང་ལེན་དང༌། སེམས་ཅན་ལ་སྙིང་བརྩེ་བའི་ཐོག་རང་གི་ལུས་སྲོག་འཕང་པ་རེད་པར་རོགས་རམ་གནང་བ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གྲྭ་པ་ཚོ་ད་དུང་ད་རེས་ཙམ་མ་ཡིན་པར། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཡིན་ན་ཡང་སྔོན་ལ་འདུན་བསྐྱོད་བྱེད་མཁན་གྲྭ་པ་རེད། མི་ཤི་རྐྱེན་ཆག་ལ་སོགས་ལས་དོན་དཀའ་ཁག་ཆེ་སར་གདོང་ལེན་བྱེད་མཁན་གྲྭ་པ་རེད། ལོས་ཡིན་སངས་རྒྱས་བསྟན་པའི་རྗེས་འཇུག མཆོག་གསུམ་གྱི་ཡ་གྱལ། ཕྱག་བྱ་བའི་འོས་སུ་གྱུར་པ་དགེ་འདུན་རིན་པོ་ཆེ། ཤེས་ཡོན་དང༌། ཁོག་རྒྱ་ཆེ་བ། བློ་གཅིག་སེམས་གཅིག་འདི་ལྟར་ན། གྲྭ་པ་ནི་བོད་གངས་ཅན་པའི་བསྟན་པ་དང༌། ཆབ་སྲིད་དེ་བཞིན་སྤྱི་སྒེར་ཀུན་ཕན་ཐོག་ཆེ་བའི་བཀའ་དྲིན་ཅན་ཞིག་རེད་འདུག་སེམས།

    Reply
  36. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་ལམ་སྐྱེ་རྒུ་མདོའི་ས་འགུལ་གོད་ཆག་དེའི་གནས་སྟངས་བརྙན་འཕྲིན་སོགས་ཀྱི་བརྒྱུད་ལམ་ནས་མཐོང་དུས་སྐྱོ་སྣང་ཧ་ཅང་བྱུང་། འོན་ཀྱང་རང་ཉིད་རྒྱང་གྲགས་ལེའུ་མང་པོའི་མཚམས་སུ་གནས་པའི་ཐོག་གནས་སྟངས་གཞན་གྱི་རྐྱེན་པས་བྱ་ཐབས་བྲལ། གོད་ཆག་བྱུང་ས་དེར་༸གོང་ས་མཆོག་ཞབས་སོར་འཁོད་ཐུབ་ན་ཚེ་འདས་རྣམས་ལ་ཕན་པ་སྨོས་མེད་ཐོག་མང་ཚོགས་སྐྱོ་གདུང་སངས་ངེས་ཡིན།

    Reply
  37. གནམ་ལྕགས། says:
    ལོ་ 15 སྔོན།

    ཕུན་ཚོགས་ལགས། ད་རེར་ཁྱོད་ཀྱིས་དུས་ཐོག་ཏུ་གནས་ཚུལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

    Reply
  38. ཕུན་ཚོགས ། says:
    ལོ་ 15 སྔོན།

    ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ཁམས་དང་ཨ་མདོའི་སློབ་མ་རྣམས་ཀྱི་ཕྱོགས་གཅིག་ནས་ཞལ་འདེབས་བསྡུ་བ་དང་ཕྱོགས་གཉིས་ནས་ཁྲི་འདུ་ལ་ཁྱེར་ཡོང་པའི་ནད་པ་ཚོར་ཞབས་ཞུ་དང་རོགས་སྐྱོར་གང་ལེགས་བྱེད་ཀྱིན་འདུག་ཟེར/

    Reply
  39. ཕུན་ཚོགས ། says:
    ལོ་ 15 སྔོན།

    གངས་ལྗོངས་གཞོན་ནུའི་དྲ་བར་ཆོས་དཔལ་བཟང་བོ་ཟེར་བ་ཞིག་གིས་ཡུལ་ཤུལ་གྱི་གོད་ཆག་ལ་་ལ་བྲིས་པའི་གདུང་འབོད། །

    མཐོན་པོའི་གངས་རྫ་ སྤང་གསུམ། །
    བསང་དང་གསོལ་ཁ་མ་ཆད། །
    དམའ་མོའི་མཚེའུ་ རྫིང་གཙང་གསུམ། །
    བསྐང་གསོའི་ཀླུ་ མཆོན་མ་ཆད། །

    བར་གྱི་དེའུ་བྲག་ ནགས་གསུམ། །
    གསུར་དང་ལྷ་ཆབ་མ་ཆད། །
    ཁྱིམ་གྱི་ཁྱིམ་ལྷ་ཐབ་ ལྷར། །
    ཇ་མར་མཆོད་པ་མ་ཆད། །

    མ་ཆད་མཆོད་པ་མ་ཆད། །
    ལོ་སྒྲུབ་ཟླ་སྒྲུབ་ མ་ཆད། །
    གོམ་པས་འགོམ་ཙམ་མ་དགོས། །
    ཉེ་མཐའི་ཤིང་ཐུར་མ་བཅག །

    བོད་ཀྱི་ཡུལ་་ལྷ་ གཞི་བདག །
    སྤྲེའུ་རིགས་ལ་སྐྱེས་སམ། །
    ཕར་ལ་ཀུ་ཤུ་བྱིན་ན། །
    ཚུར་ལ་སྤར་མོས་འབྲད་བྱུང་། །

    གཞེས་ལོ་ལུང་དགུའི་མདོ་རུ། །
    འབུམ་ཕྲག་ཚེ་སྲོག་འཕྲོག་སོང་། །
    ད་ལོ་སྐྱེ་རྒུའི་མདོ་རུ། །
    ག་ཙམ་ཤུལ་མེད་བཟོ་ རྒྱུ། །

    ཁོར་ཡུག་གཏོར་བཤིགས་བྱས་པར། །
    རང་བྱུང་ཆད་པ་ཟེར་ན། །
    ཉེས་མེད་མི་སེར་འདི་ ཚོས། །
    ནག་ཉེས་ཅི་ཞིག་བསགས་ ཡོད། །

    རྣོ་ལྕགས་བསླས་མའི་ ནང་གི།
    བཀོད་འདོམ་པ་ཚོར་མ་ སྐྱོན། །
    ཉམ་ཐག་ཤིང་ཁང་ནང་གི།
    མི་སེར་དཀྱུས་མ་ཚར་ སོང་། །

    འཚིག་པ་གཡག་ལ་ཟོས་ན། །
    ལྕག་ཚན་རྟ་ལ་གཞུ་ བའི། །
    བོད་ཀྱི་གཞི་བདག་འདི་ཚོ། །
    འདི་འདྲའི་མདོ་མེད་ཡིན་ནམ། །

    ཆུ་བོ་རྨ་འབྲུ་རྫ་ གསུམ། །
    རི་བོ་རྨ་རྒྱལ་སྤོམ་ ར། །
    གསལ་མོའི་མིག་གིས་ལྟོས་ལ། །
    དྭངས་མོའི་འདང་ཞིག་རྒྱོབས་དང་། །

    ཁམ་བུ་བཏོག་པ་ངས་ མེད། །
    ཁམ་སྙིང་ཟོས་པ་ངས་ མེད། །
    ཁམ་བུའི་སྡོང་བོ་འགྱེལ་ནས། །
    མགོ་ཆགས་བྱེད་དོན་ཅི་རེད། །

    ཨ་ཆད་ཞི་ལིའི་ངག་ནས། །
    ཧ་བོའི་སྡུག་ཡུས་ ཤོར་བ། །
    ཨ་མྱེ་རྨ་རྒྱལ་སོགས་ ཀྱིས། །
    ཧ་ལམ་ཐོས་པའི་སྨོན་ ལམ། །

    Reply
  40. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སི་ཁྲོན་ས་ཡོམ་སྐབས་གྲོངས་པའི་བྱིས་པ་ཚོའི་ཕ་མ་ཚོས་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པ་རེད། ང་ཚོའི་བོད་རིགས་ཚོས་ཀྱང་གནད་དོན་འདི་ཞུ་གཏུགས་བྱ་དགོས་པ་རེད། དགེ་རྒན་ཚོ་གཅིག་པུས་ཞུ་གཏུགས་བྱས་ཀྱང་ཕན་གི་མ་རེད། ཕ་མ་དང་དགེ་རྒན་ཚོ་མཉམ་རུབ་ཀྱིས་ཞུ་གཏུགས་བྱ་དགོས་པ་རེད།

    ༡། ཁང་པའི་སྤུས་ཚད་ཀྱིས་མ་འདང་བ།
    ༢། དུས་ཐོག་མྱུར་སྐྱོབ་མ་བྱས་པ།
    ༣། གནས་ཚུལ་དྲང་པོར་མ་བསྒྲགས་པ།
    ༤། ས་གནས་གཞན་གྱི་བོད་རིགས་མྱུར་སྐྱོབ་པ་ཚོ་བཀག་པ།
    ༥། ས་ཡོམ་གྱི་ཉེན་བརྡ་མ་བཏང་བ།
    ༦། དུས་ཐོག་རོགས་སྐྱོར་གྱིས་མ་འདང་བ།

    འདི་དག་གཞི་རྩར་བཟུང་སྟེ་ཞུ་གཏུགས་བྱ་ཆོག་གི་རེད།

    Reply
  41. གངས་ཅན། says:
    ལོ་ 15 སྔོན།

    འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་ནས། ཤི་གསོན་ཐམས་ཅད་ལ་འཇིགས་དངངས་དང་མནར་གཅོད་མེད་ཅིང་། ཕྱི་མ་མངོན་མཐོ་ལྷ་མིའི་རྟེན་བཟང་ཐོབ་སྟེ། མགོན་པོ་གང་གི་རྗེས་སུ་ཞུགས་ནས་བོད་ཀྱི་བྱ་བ་རླབས་ཆེན་བསྒྲུབ་ཐུབ་པའི་མཐུ་དཔུང་ལྡན་པར་གྱུར་ཅིག

    རྒྱ་ནག་གི་སྲིད་བློན་བུན་གྱི་ས་གནས་ས་ཐོག་གི་ཁང་པའི་སྤུས་ཚད་ག་འདྲ་ཡོད་མེད་ཉམས་འཇོག་གི་ཡོད་ན། ཁང་པ་བརྡིབ་པ་རྣམས་ལྟོས་དང། རྒྱུ་ཆ་སྐྱོ་བོ་སྒང་ལ་རྒྱག་སྟངས་ངན་པ། ལྕགས་བེད་སྤྱོད་བྱས་པ་ཉུང་ཞིང་། ཨར་འདམ་སྤུས་ཀ་སྐྱོ་བས་སོབ་སོབ་རེད་འདུག གྲོང་གསེབ་གསར་པ་འཛུགས་སྐྲུན་བྱས་པའི་ཁང་པའི་རྒྱུ་ཆ་དང་དེའི་འགན་བྱེད་མཁན། འབྲེལ་ཡོད་གྱི་མི་སྣ་རྣམས་ཀྱིས་མི་མང་གི་དངུལ་ག་ཚོད་ཅིག་ལྐོག་ཟ་བྱས་ཡོད་པ་དང་། ད་ཐེངས་ས་ཡོམ་སྐབས་ཁང་པ་དེ་དག་བརྒྱ་ཆའི་བརྒྱ་རྡིབ་སྐྱོན་བྱུང་ཡོད་ཚོད་འདུག འདི་དག་ལ་ཡང་ང་ཚོས་དོ་སྣང་སྤྲད་དེ་ཆེད་ལས་མི་སྣ་གདན་འདྲེན་གྱིས་ཞིབ་བཤེར་བྱས་ཏེ་གཏུགས་བཤེར་བྱེད་ས་ཞིག་ཡོད་ན་གཏུགས་དགོས་པ་རེད། ཅི་འདྲ་འདྲའི་གཞུང་འཛིན་ཁྲམ་པ་ཞིག

    Reply
  42. རྨེ་རུ། says:
    ལོ་ 15 སྔོན།

    ས་ཡོམ་གྱིས་གནོད་འཚེ་བྱུང་བའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་ཚོར་
    ཤུགས་དྲག་པོས་གདུང་སེམས་མཉམ་སྐྱེས་ཞུ་བཞིན་ཡོད། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནང་བཞུགས་ཡོད་པའི་བོད་རིགས་
    སྤུན་ཟླ་ཚང་མས་གང་ཐུབ་ཐུབ་ཀྱི་གནོད་འཚེ་ཕོགས་པའི་མི་
    མང་ལ་ཞལ་འདེབས་བསྡུ་རུམ་གནང་ཐུབ་ན་ཐེག་པ་གསག་པའི རྒྱ་མཚོ་བཞིན་ཏོམ་ཙམ་ཕན་ཐོགས་ཐུབ་སྙམ།

    Reply
  43. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཨ་ཁ་ཁ་་་་བོད་མི་འདི་འདྲ་ཞིག་ཤི་བ་ཨ་ཁ་ཁ་་་་སྐྱོ་བ་ལ་་་ཕངས་པ་ལ་་་་སྔོན་མ་ནས་ངས་བོད་མི་གཅིག་རྐྱེན་འདས་སུ་སོང་བ་ཐོས་ན་ཕངས་སེམས་སྐྱེ་བཞིན་འདུག་པས་་་་ད་ཐེངས་འདི་འདྲ་ཞིག་ངའི་རྨི་ལམ་མིན་འགྲོ་་་་་ང་དངོས་གནས་སྐྱོ་གི་འདུག་་་་ཤ་རུས་གཅིག་པའི་བོད་པ་ཚོ་་་ང་ཚོ་སྙིང་རྗེ་ན་་་་ང་ཚོའི་ཐོག་ཏུ་འདི་འདྲ་ཞིག་ཡོང་བ་ཅི་ཡིན་ནམ་་་ང་དངོས་གནས་སྐྱོ་གི་འདུག་་་ད་ང་ཚོས་ཅི་ཞིག་བྱེད་དགོས་པ་རེད་་་་་ང་ཚོ་མི་ཡིན་ཡང་མིའི་དབང་ཚད་ཚང་མ་བེད་སྤྱོད་མི་ཐུབ་པས་སྐྱོ་བ་ལ་་་་་ང་ཚོས་འདི་ནས་གཞིས་བཞུགས་ཁོང་ཚོར་རོགས་པ་ཞིག་ཀྱང་རྒྱག་ཐབས་མེད་པས་ལས་འདི་ཅི་ཞིག་ཡིན་ནམ་་་་ཁོང་ཚོའི་ཐོག་ཏུ་བབ་པའི་དཀའ་ངལ་འདི་བསམ་ན་དངོས་གནས་སྡོད་ཐབས་མེད་པ་ལྟ་བུ་ཞིག་རེད། རིགས་མཐུན་ཚོ་་་་་ངས་མིག་ཆུ་དང་བཅས་ཏེ་བྲིས་

    Reply
  44. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བུ་ཆུང་ལོ་ལོ་ཚེ་རིང་།
    བུ་ཆུང་ལོ་ལོ་དོན་གྲུབ།
    ས་དང་རྡོ་ལ་མ་སྐྲག
    རྒྱ་དང་ཁྱི་ལ་མ་རེ།

    བུ་ཆུང་ལོ་ལོ་ཁ་བྲོ།
    བུ་ཆུང་ལོ་ལོ་བཀྲ་ཤིས།
    ཡར་ལ་ལངས་ནས་རང་ལ་ལྟོས།
    རང་གི་ཕུ་ནུའི་འདང་ལ་ལྟོས།

    Reply
  45. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    http://www.tibet123.com/bbs/viewthread.php?tid=14519གྲོགས་པོ་ཚོ་དྲྭ་རྒྱ་འདིར་གཟིགས་ནས་རོགས་རམ་གང་ཐུབ་ཅི་ཐུབ་གནོགས་དང་། དྲྭ་རྒྱ་འདིར་འཁོད་པའི་གྲོང་ཁྱེར་དེ་དག་ལ་ཁྱེད་རྣམས་པའི་གྲོགས་དང་ངོ་ཤེས་ཡོད་སྲིད།

    Reply
  46. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    དངོས་ཡོད་ཀྱི་གནས་ཚུལ་འདི་ན་འདུག་པས་ཚང་མས་ཡག་པོ་གཟིགས་རོགས། དེ་ནས་དངོས་ཡོད་ཀྱི་གནས་ཚུལ་འདི་སོགས་རྒྱལ་སྤྱིའི་སྟེང་དུ་འབོད་སྐུལ་ཞུ་དགོས་དགོས།

    Reply
  47. འབྲི་རུ་བཟང་མཚོ says:
    ལོ་ 15 སྔོན།

    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེས་པ་དང་།།
    སྐྱེས་པ་ཉམས་པ་མེད་པ་ཡིས།།
    གོང་ནས་གོང་དུ་འཕེལ་བར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese