མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱིས་ང་དམ་འདོགས་མ་བྱེད་རོགས། བསྟན་འཛིན་ཕན་བདེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

དད་གུས་ཀྱི་དབང་གིས་ཡིན་ནམ། བསམ་བློ་ལ་རང་དབང་མེད་པས་ཡིན། ཞེས་ཁང་གསར་ལགས་ནས་བདག་གི་བསམ་བློ་ལ་ཕྱོགས་བསྡོམས་འདི་ལྟར་བྱེད་དུས་སླར་ཡང་ལག་ཐེངས་གཅིག་མ་འགུལ་ཐབས་མེད་བྱུང་སོང༌།

ང་ནི་ཁྱེད་ཀྱིས་གསུངས་པ་ལྟར་༧རྒྱལ་བ་རིན་པོ་ཆེ་ལ་དད་པ་ཡོད། ཁོང་དྲིན་ཆེ། ཁོང་གིས་མང་གཙོ་གསོལ་རས་གནང་བ་རེད། ཁོང་བླ་ན་མེད་པ་རེད་དྲན་མཁན་ཞིག་ཡིན། འོན་ཀྱང་ཁོང་གི་དགོངས་པ་དང་མི་མཐུན་པ་སྨྲས་ན་མི་རིགས་ཀྱི་ཞབས་འདྲེན་རེད། ངོས་ལེན་མེད། ངོ་རྒོལ་ཡོད་ནམ་ཡང་དྲན་མ་མྱོང༌། ང་རང་ཆེས་སྐྲག་སའང་བསམ་བློ་འདི་འདྲ་གཏོང་མཁན་དེ་ཚོ་ཡིན། ད་བར་༧རྒྱལ་བ་རིན་པོ་ཆེ་དང་བསམ་བློ་མི་མཐུན་པ་གཏོང་མཁན་ལ་དོ་སྣང་བྱས་པ་ཡིན། ཐེངས་ཤིག་ང་རང་བགྲོ་གླེང་ཞིག་ལ་མཉམ་བཞུགས་བྱེད་སྐབས་བགྲོ་གླེང་བ་ཞིག་གིས་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དེ་ཚོ་སྤྱི་སྤམ་ཞིག་ལས་ཁ་གསལ་ཞིབ་ཆ་ཅན་ཞིག་རེད་མི་འདུག ཅེས་གསུངས་སོང༌། མི་དེའི་བསམ་བློ་ནི་ངའི་ཕར་ཕྱོགས་སུ་འདུག་ཀྱང་ངས་བགྲོ་གླེང་གྲོལ་རྗེས་ཁོ་དང་ཐུག་ནས་ཁྱེད་ནས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད་པའི་སྤོབས་པ་རྙེད་ཐུབ་པ་དེར་གུས་བརྩི་ཞུ་གི་ཡོད་ཅེས་བཤད་དེ་ངའི་བསམ་ཚུལ་ཁོང་ལ་བཤད་པ་ཡིན།

ངས་༧རྒྱལ་བ་རིན་པོ་ཆེ་དང་བསམ་ཚུལ་མི་མཐུན་པ་དང་སྐྱོན་བརྗོད་མཁན་དག་ལ་རྒོལ་ནས་༧རྒྱལ་བ་རིན་པོ་ཆེ་ལ་སྲུང་སྐྱོབ་བྱེད་ཀྱི་མེད། ༧རྒྱལ་བ་རིན་པོ་ཆེ་གནས་ལུགས་དང་བདེན་པས་སྲུང་ཡོད་པས་ཁོང་ལ་དེ་ལས་ལྷག་པའི་སྲུང་མ་དགོས་དོན་མེད། ཡིན་ནའང་༧རྒྱལ་བ་རིན་པོ་ཆེ་དང་བསམ་ཚུལ་མི་མཐུན་པའི་ནང་བོད་ཀྱི་རྩ་དོན་ཐོག་རང་ཉིད་ལ་བསམ་ཚུལ་གསར་པ་མང་པོ་ཡོད་ཀྱང་གནོན་ཤུགས་ཀྱི་འོག་ནས་བཤད་པའི་རང་དབང་མེད་ཚུལ་གྱི་སྐད་ཆ་ར་ཐོན་ལུག་ཐོན་སྣ་ཚོགས་བཤད་ནས་འཚོ་བ་སྐྱེལ་མཁན་ཁྱུ་ཞིག་ཡོད་པ་དེ་ཚོར་གནས་ལུགས་ཀྱི་ལམ་ནས་༧རྒྱལ་བ་རིན་པོ་ཆེ་འགྲེལ་བརྗོད་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། སྐད་ཆ་འདི་ཚོས་ང་ཚོ་འགྱེལ་ས་ནས་ལངས་ཐུབ་ཀྱི་ཡོད་ན་ད་ཚོད་ལངས་པས་མ་ཚད་ཕྱིན་ཚར་ཡོད་ཀྱི་རེད། ང་ལ་བསམ་བློའི་རང་དབང་མེད་པའང་དེ་བས་མ་ཡིན་ཏེ་ང་བསམ་བློའི་རང་དབང་ཆེ་དྲག་པའི་རྐྱེན་གྱིས་རང་ཉིད་ཕུང་ཟིན་པའི་མི་ཞིག་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད། ༧རྒྱལ་བ་རིན་པོ་ཆེ་དང་བསམ་ཚུལ་མི་མཐུན་པ་དང༌། ༧རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་མཁན་དེ་དག་ལ་མི་སུ་འདྲ་ཞིག་གིས་༧རྒྱལ་བ་རིན་པོ་ཆེའི་གནས་ལུགས་འགྲེལ་བརྗོད་བྱས་ནའང་དེ་ནི་དད་པ་དང་དག་སྣང་གི་དབང་དུ་སོང་ནས་བྲིས་པར་ངོས་འཛིན་བྱེད་ཀྱི་འདུག དེ་ནི་ཁོང་ཚོ་ཐུན་མོང་ལ་ཡོད་པའི་གཅིག་གྱུར་གྱི་རྨོངས་དད་ཅིག་རེད་འདུག ཁོང་ཚོ་རྨོངས་དད་འདིའི་འོག་ནས་ཇི་སྲིད་མ་ཐར་བ་དེ་སྲིད་དུ་ཁོང་ཚོར་༧རྒྱལ་བ་རིན་པོ་ཆེ་འགྲེལ་བརྗོད་ཇི་ཙམ་བྱས་ཀྱང་ལག་དག་རྒྱུ་ཞིག་ཡོད་ཚོད་མི་འདུག

ང་ནི་༧རྒྱལ་བ་རིན་པོ་ཆེ་དང་ལམ་དབུ་མར་བསྟོད་པ་འཐེན་ཤེས་མཁན་ཞིག་མིན། ངས་བསྟོད་པ་འཐེན་མ་ཤེས་པས་རང་གི་མི་ཚེའི་ནང་ཕམ་ཁ་བྱུང་བ་ཉུང་ཉུང་མིན། ང་བསྟོད་པ་བྱེད་ཤེས་མཁན་ཞིག་མིན་པ་སྐུ་ཉིད་ནས་ང་ལ་རྒྱུས་ལོན་ཅུང་ཟད་བྱས་པས་ཀྱང་ཤེས་ཐུབ། འོན་ཀྱང་བདེན་པའི་གནས་ལུགས་བརྗོད་པ་ལ་བསྟོད་པ་འཐེན་པ་ཞེས་ཟེར་གྱི་ཡོད་ན་སྐུ་ཉིད་ལ་བདེན་ཁ་སྦྱིན་རྒྱུ་ཡིན། འཕགས་པ་ཀླུ་སྒྲུབ་ལས་ལྷག་པའི་སངས་རྒྱས་ལ་དད་པ་བྱེད་མཁན་ཞིག་མེད། ཡིནའང་ཁོང་གི་དབུ་མ་རིགས་ཚོགས་དྲུག་པོ་དེ་དག་སངས་རྒྱས་ལ་དད་པའི་དབང་གིས་བྲིས་པ་རེད་ཅེས་བརྗོད་ན་འགྲིགས་རྒྱུ་ཞིག་མ་རེད། སྐུ་ཉིད་ཀྱི་བསམ་ཚུལ་ནི་སྐུ་ཉིད་ལ་དབང་བས་ངས་འཐད་མིན་གང་ཡང་བརྗོད་རྒྱུ་མེད། ཡིན་ནའང་ཉིད་ཀྱི་བསམ་ཚུལ་འགའ་ཞིག་གི་སྟེང་དུ་ངའི་བསམ་ཚུལ་ཇི་ཡོད་བཤད་འདོད་བྱུང༌། སྐུ་ཉིད་ནས་གསུངས་ན་ཕྱི་ལོ་ང་དགུའི་སྔོན་ལ་༧རྒྱལ་བ་རིན་པོ་ཆེ་དང་ཁོང་གི་སྲིད་གཞུང་ནས་བོད་མི་དཀྱུས་མ་ལ་ཕན་པའི་སློབ་གྲྭ་མ་བཙུགས་པར་བོད་མི་དམངས་མུན་འཐོམ་དུ་བཞག་པས་ད་གཟོད་ཁོང་ཚོ་སྲིད་གཞུང་གི་འགན་འཁུར་མི་ཐེག་པ་ཞིག་ཏུ་གྱུར་ཚུལ་གསུངས་འདུག བཤད་སྟངས་འདི་ཚོ་ལ་རྒྱང་ལྟ་བྱས་ན་བདེན་བདེན་འདྲ་ཞིག་ལ་ཞིབ་ལྟ་བྱས་ན་བསམ་བློ་བ་མུན་དོང་དུ་ཚུད་པ་འདྲ་ཞིག་མཐོང༌། བོད་ཀྱི་ལོ་རྒྱུས་ནང་དུས་རབས་གསར་པའི་ཅོང་བརྡ་ཐོག་མར་དཀྲོལ་མཁན་དེ་༧རྒྱལ་བ་རིན་པོ་ཆེ་ཡིན། དེང་སྐབས་མི་བུ་སྐོར་ཞིག་གིས་ལོ་རྒྱུས་ནང་གི་གསར་བརྗེའི་བསམ་བློ་ཡོད་མཁན་གྱི་གྲལ་དུ་ངོམ་ངོམ་བྱེད་རྒྱུ་ཡོད་པའི་རྩིས་དཔོན་ལུང་ཤར་བ་གཉིད་ལས་སད་དུ་འཇུག་མཁན་ཡང་༧རྒྱལ་བ་རིན་པོ་ཆེ་རེད། ཕྱི་རྒྱལ་ལ་བོད་པའི་སློབ་ཕྲུག་ཐོག་མར་གཏོང་མཁན་ཡང་༧རྒྱལ་བ་རིན་པོ་ཆེ་རེད། བོད་ལ་ཕྱི་རྒྱལ་གྱི་སྐད་ཡིག་སློབ་གྲྭ་ཐོག་མར་བཙུགས་མཁན་ཡང་༧རྒྱལ་བ་རིན་པོ་ཆེ་ཡིན། བོད་ལ་དེང་རབས་ཀྱི་གློག་གི་ཁྱིམ་ཆས་དབོར་འདྲེན་བྱེད་མཁན་ཐོག་མའང་༧རྒྱལ་བ་རིན་པོ་ཆེ་ཡིན། བོད་ལྗོངས་མང་གཙོའི་ལམ་དུ་ཁྲིད་མཁན་གྱི་དམིགས་བུ་དེའང་༧རྒྱལ་བ་རིན་པོ་ཆེ་ཡིན། བོད་བཙན་པོའི་རྒྱལ་རབས་མཇུག་སྒྲིལ་རྗེས་ཆོལ་གསུམ་ཆིག་སྒྲིལ་གྱི་བདེ་སྡུག་གླེང་མཁན་ཐོག་མ་དེའང་༧རྒྱལ་བ་རིན་པོ་ཆེ་ཡིན། ད་བར་རང་བཙན་འཐབ་རྩོད་པ་སུས་ཀྱང་རང་ཉིད་ཀྱིས་རྩོད་བཞིན་པའི་རང་བཙན་གྱི་ས་མཚམས་གང་ནས་བཟུང་གི་ཡོད་མེད་ཀྱི་གསལ་ཁ་གཏོད་མཁན་སུ་གཅིག་བྱུང་མ་སོང༌། མདོར་ན་སུམ་བརྒྱ་དྲུག་ཅུའི་བཞུད་ལམ་རིང་མོའི་ནང་༧རྒྱལ་བ་རིན་པོ་ཆེ་ག་དུས་ཡིན་ནའང་མདུན་ལ་ཐོན་བསྡད་པ་ཞིག་ལས་རྗེས་སུ་ལུས་པའམ་ཁོང་གིས་གནོན་བསྡད་པ་ཞིག་ལོ་རྒྱུས་ཀྱི་ཡིག་ཚང་དུ་མི་འདུག དེས་ན་༧རྒྱལ་བ་རིན་པོ་ཆེས་སློབ་གྲྭ་མ་བཙུགས་པ་ཞིག་རེད་འདུག་གམ། བོད་མི་ཚོས་བཙུགས་མ་བཅུག་པ་ཞིག་རེད་འདུག སློབ་གྲྭ་གཅིག་བཙུགས་མ་ཆོག་པའི་ས་ཆ་ནས་སློབ་གྲྭ་མང་པོ་ཞིག་ཐོན་མི་འདུག་གསུང་ན་དེ་ལ་གནས་ལུགས་ག་ཚོད་ཅིག་འདུག ༧རྒྱལ་བ་རིན་པོ་ཆེས་འགན་མ་སྤྲད་པ་ཞིག་རེད་འདུག་ཡང་ན་བོད་མི་ཚོས་འགན་མ་འཁུར་བ་ཞིག་རེད་འདུག འགན་ཁུར་འདོད་མེད་མཁན་ཞིག་ལ་འགན་ཁུར་དུ་བཅུག་མི་འདུག་གསུང་ན་དེ་ལ་རྒྱུ་མཚན་ཇི་ཙམ་ཞིག་འདུག དགོངས་པ་བཞེས་དགོས་པ་འདུག་སྙམ།

མཐའ་དོན་དུ་སྐུ་ཉིད་ཀྱི་བསམ་ཚུལ་གཞན་ལའང་ངས་དྲ་ཐོག་ནས་བལྟས་པ་ཡིན། དེང་སྐབས་གནས་ཚུལ་འདི་ཚོའི་ཐོག་གླེང་གཞི་མང་པོ་ཆགས་འདུག ངའི་བསམ་ཚུལ་རྣམས་དྲ་ཐོག་ནས་ཁྱེར་མེད་པ་ནི་དྲ་གྲོགས་ཚོས་རྩབ་ཧྲལ་བཟོས་དོགས་ནས་འཇིགས་བྱུང༌།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 11

  1. ལུང་རྟོགས། says:
    ལོ་ 15 སྔོན།

    བསྟན་འཛིན་ཕན་བདེའི་བསམ་ཚུལ་འདི་གནས་ལུགས་ཡོད་པ་ཞིག་མཐོང་སོང་། འདི་ལ་རྒྱབ་བསྐྱོར་ཡོད། རང་གི་བསམ་ཚུལ་ཁ་ཤེས་འབྲི་འདོད་རུང་དུས་ཚོད་མི་འདུག

    Reply
  2. དབྱངས་བུ། says:
    ལོ་ 15 སྔོན།

    ལེགས་སྤེལ་ཉེས་འགོག་དང་། ནོར་འཁྲུལ་ཡོ་སངས་བྱ་རྒྱུ་དེ་ནི་མང་གཙོའི་འཚོ་བའི་དགོས་དོན་ངོ་མ་ཞིག་མ་ཡིན་ནམ། བསམ་ཚུལ་དྲ་ཐོག་ལ་འཇོག་ན་རྩབ་ཧྲལ་བཟོ་དོགས་ལ་འཇིགས་པ་དེ་ཡང་རང་ཉིད་ཀྱི་བསམ་ཚུལ་ཡང་དག་མིན་པའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་མ་ཡིན་ནམ།

    Reply
  3. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    དབུ་མའི་ལམ་དང་རང་བཙན་ཁར་ཁྱེར་ནས་རང་གི་ལྟ་བ་གཙོ་མཆོག་དང་རང་ཉིད་མཁས་མདོག་སོགས་མ་བྱེད་རོགས།
    ང་ཚོས་ཀྱང་རྩམ་ཡིག་ཆ་གེ་ཆེ་གེ་འདི་འདྲ་ཀློག་ཁོམ་མི་འདུག
    དགོངས་དག
    དེ་ལས་ཁྱོད་ཚོས་བོད་དུ་ས་ཡོམ་གྱི་གནོད་ཐེབས་སྐོར་བསམ་ཚུལ་དང་གནོད་སེལ་ཇི་ལྟར་བྱེད་དགོས་མིན་བཅས་ཀྱི་ཐོག་བསམ་ཚུལ་དང་དཔྱད་བརྗོད་སོགས་སྤེལ་ན་བཟང་བ་སྙམ།
    དེ་ལྟར་མ་བྱུང་ན་གནས་སྐབས་འདས་རྨས་རྣམས་ཀྱི་ཆེད་མཎི་གསོག་ནས་འདུག་རོགས་
    སྐུ་མཁྱེན་མཁས་མདོག་དང་ལྟ་བ་ཡོད་མདོག་མ་བྱེད་རོགས།

    Reply
  4. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    རྒན་ལྷ་མོ་དང་བསྟན་འཛིན་ཕན་བདེ་གཉིས་ཀྱིས་རྒྱལ་དབང་བཅུ་གསུམ་ཆེན་པོ་དང་འབྲེལ་བའི་ལོ་རྒྱུས་ཀྱི་གནད་དོན་འགའ་རྒྱབ་རྟེན་དུ་བཅོལ་ནས་རང་ཉིད་ཀྱི་ལྟ་ཚུལ་ཡང་དག་ཡིན་པའི་སྒྲུབ་བྱེད་གནང་འདུག འདིར་དེ་འབྲེལ་གྱི་རང་གི་བསམ་ཚུལ་འགའ་འདོན་པར་བརྩོན།

    ༡༽གནད་དོན་གང་ཞིག་གི་སྐབས་ལོ་རྒྱུས་བྱུང་རབས་དྲངས་ནས་སྒྲུབ་བྱེད་དང་གསལ་བཤད་གནང་སྐབས་ལོ་རྒྱུས་རང་ལ་ཞིབ་འཇུག་གནང་ནས་གསུང་བཤད་གནང་རྒྱུ་གལ་ཆེན་རེད་འདོད། ལོ་རྒྱུས་ལ་ཞིབ་ཚགས་ཀྱི་ཞིབ་འཇུག་དང་དེ་འབྲེལ་གྱི་ངོས་འཛིན་དང་ལྟ་ཚུལ་གང་ཡང་མེད་པར་ཡོངས་གྲགས་དང་། ཟེར་སྒྲོས། ངག་རྒྱུན་ལྟ་བུ་རྒྱབ་བརྟེན་དུ་བཅོལ་ནས་གསུང་མོལ་གླེང་ན་འོས་འཚམ་ཞིག་མ་རེད་འདོད། ལོ་རྒྱུས་ཀྱི་གནས་དོན་གང་ཞིག་རྒྱུ་མཚན་དང་རྒྱབ་རྟེན་དུ་བཅོལ་སྐབས་མ་མཐར་ཡང་རང་ཉིད་ལ་དེ་སྐོར་གྱི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་མཁྱེན་ཡོན་ཞིག་དགོས་ལ། དེ་ཡང་ཕྱོགས་གཅིག་བུ་མིན་པར་ཕྱོགས་མང་པོ་ནས་རྒྱུས་ལོན་དགོས་པའང་གལ་ཆེན་རེད་འདོད།

    ༢༽བསྟན་འཛིན་བདེ་བྱེད་ཀྱིས་སྐུ་ཕྲེང་བཅུ་གསུམ་པ་ནི་ལུང་ཤར་སོགས་གཉིད་ལས་སློང་མཁན་དང་། བོད་ལ་ཕྱི་རྒྱལ་སྐད་ཡིག་གི་སློབ་གྲྭ་ཐོག་མར་འཛུགས་མཁན། ཕྱི་རྒྱལ་ལ་བོད་པའི་སློབ་ཕྲུག་ཐོག་མར་གཏོང་མཁན། བོད་རང་བཙན་ཐོག་མར་གསལ་བསྒྲགས་གནང་མཁན་སོགས་ཡིན་པར་གསུངས་འདུག འདི་བདེན་པ་རེད་ལ། འདིའི་སྟེང་ནས་ཁོང་གིས་ལོ་རྒྱུས་ལ་ཕྱོགས་གཅིག་གི་ལྟ་ཚུལ་རྐྱང་བའི་སྒང་ནས་སྡོམ་ཚིག་བཞག་འདུག་པའང་གསལ་བོ་དང་བདེན་པར་མཐོང་ཐུབ། ལོ་རྒྱུས་ཀྱི་ཕྱོགས་ངོས་གཞན་ནས་བཤད་ན་སྐུ་ཕྲེང་བཅུ་གསུམ་པ་ནི་ལུང་ཤར་སོགས་གཉིད་ལས་བསླངས་ཤིང་སླར་ཡང་ས་འོག་ཏུ་སྦད་མཁན་དང་། བོད་ལ་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་ཐོག་མར་འཛུགས་མཁན་ནས་དེ་ཉིད་ཡང་བསྐྱར་གཏོར་མཁན། ཕྱི་རྒྱལ་ལ་བོད་པའི་སློབ་ཕྲུག་ཐོག་མར་གཏོང་མཁན་ནས་དེ་དག་བེད་མེད་དུ་འཇོག་མཁན། བོད་རང་བཙན་གསལ་བསྒྲགས་གནང་རྗེས་སླར་ཡང་རང་བཙན་ཤོར་བར་རྨང་གཞི་འདིང་མཁན་ཞིག་ཡིན་པའང་མཐོང་ཐུབ། འདིའང་ལོ་རྒྱུས་རང་སྟེང་ནས་བཤད་ན་བདེན་པ་ཆགས་ཡོད།

    ༣༽ང་ཚོས་དད་འདུན་དང་དྲིན་གཟོའི་བསམ་བློའི་དོར་ནས་སྐུ་ཕྲེང་བཅུ་གསུམ་པར་ལྟ་སྐབས་འདི་འདྲ་ཞིག་མཐོང་ཐུབ། ཁོང་ནི་ཁ་ཐུག་གི་ཉམས་མྱོང་དང་སློབ་གསོ་རྙེད་ཐུབ་མཁན་གྱི་དབུ་ཁྲིད་ཅིག་ཡིན་ནའང་། བསམ་བློའི་ནང་འགལ་ཟླ་མང་པོ་ཡོད་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་དེ་རེད། དབུ་ཁྲིད་ཅིག་དང་དབང་བསྒྱུར་བ་ཞིག་གི་ངོས་ནས་ཁ་ཐུག་ལ་ཉམས་མྱོང་དང་སློབ་གསོ་རྙེད་ཐུབ་རྒྱུ་ལས་དབང་བསྒྱུར་གྱི་སྲིད་བྱུས་གཙོས་པའི་ལས་དོན་ཆེ་མ་ཆུང་གསུམ་ལ་བསམ་བློའི་འགལ་ཟླ་མི་ཉར་རྒྱུ་གལ་ཆེན་པོ་ཆགས་ཡོད། སྐུ་ཕྲེང་བཅུ་གསུམ་པའི་རླབས་ཆེན་དགོངས་གཞི་ཁག་དུས་སྐབས་སོ་སོར་ཕམ་ཉེས་བསྟུན་མར་བྱུང་བའང་ཁོང་གི་བསམ་བློའི་འགའ་ཟླ་འདིའི་རྨང་གཞི་སྒང་ནས་ཡོང་ཡོད། དེ་ཐད་ཀྱི་ཁོང་ལ་དཔེ་མཚོན་ཡག་ཤོས་ནི་མན་ཇུའི་དུས་མཇུག་གི་རྒྱལ་མོ་ཚི་ཞི་བཞག་ནས་བལྟས་ཆོག མན་ཇུའི་དུས་མཇུག་ཏུ་ཕྱིའི་བཙན་གནོན་དང་ནང་གི་ངོ་རྒོལ་ཡང་ཡང་བྱུང་སྐབས་རྒྱལ་མོ་ཚི་ཞིས་ཀྱང་སྲིད་སྐྱོང་གུང་ཆིན་ཝང་དང་མཉམ་དུ་ཁ་ཐུག་གི་ཉམས་མྱོང་དང་སློབ་གསོ་གཞིར་བཞག་ནས་རླབས་ཆེ་བའི་བསྒྱུར་བཅོས་ལས་འགུལ་སྤེལ་མྱོང་། རྒྱ་ནག་ཏུ་ཕྱི་རྒྱལ་སྐད་ཡིག་སློབ་གྲྭ་བཙུགས་ཤིང་། ཕྲུ་གུ་གང་མང་ཞིག་དངོས་སུ་འདེམས་སྒྲུག་གིས་ཕྱི་རྒྱལ་ཏུ་སློབ་སྦྱོང་ལ་བཏང་བ། རྒྱ་ནག་ཏུ་ཐོག་དང་པོར་ལྕགས་ལམ་བཟོས་ཤིང་། ཕྱི་རྒྱལ་ནས་ཡར་ཐོན་ཅན་གྱི་དམག་ཆས་ཉོ་སྒྲུབ། དམག་གི་སྒྲིག་འཛུགས་ལ་དེང་དུས་དང་མཐུན་པའི་སྦྱོང་བརྡར་སོགས་སྤྲད་པ་རེད། འོན་ཀྱང་། བསྒྱུར་བཅོས་གྱི་རིམ་པ་འདིའི་རྒྱབ་ལོགས་ནས་ཁོ་མོ་དང་ཁོ་མོས་དབང་བསྒྱུར་བའི་མན་ཇུའི་སྲིད་གཞུང་གི་དབང་བསྒྱུར་སྲ་བརྟན་ལ་དོ་ཕོག་ཡོང་བའི་རྣམ་འགྱུར་ཐོན་སྐབས་སློབ་གྲྭ་གཏོར་ཞིང་། སློབ་ཕྲུག་ཕྱིར་འགུག ལྕགས་ལམ་བཟོ་མཚམས་བཞག་ཅིང་། དམག་ཆས་ཉོ་མཚམས་བཞག་པ། དམག་གི་སྒྲིག་འཛུགས་སྲ་བརྟན་གཏོང་མཚམས་བཞག་པ་མ་ཟད་། དེ་འབྲེལ་གྱི་གུང་ཆིན་ཝང་གནས་བྱུང་དང་། མི་བུ་གང་མང་ཞིག་ལ་སྲོག་ཁྲིམས་བཏང་བ། ཁོ་མོའི་ཚ་བོ་གོང་མ་བཀང་ཤི་ཡང་བཟང་བཙོན་དུ་བཅུག་ནས་མངའ་ལམ་དུ་བརྫིངས་པ་སོགས་བྱས་ཡོད། སྐུ་ཕྲེང་བཅུ་གསུམ་པའི་སྐབས་དབྱིན་ཇི་དང་མན་ཇུའི་བཙན་འཛུལ་བྱུང་སྐབས་ཁོང་གིས་ཀྱང་སྐབས་ཐོག་དེའི་ཉམས་མྱོང་དང་སློབ་གསོ་རྙེད་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཡོང་ཐབས་ཀྱི་ཕྱག་ལས་གནང་བ་རེད། འོན་ཀྱང་ཕྱག་ལས་དེ་དག་གི་རྒྱབ་ནས་བོད་ཀྱི་དབང་བསྒྱུར་བ་མཐོ་ཤོས་སྐུ་དྲག་དང་སེར་མོ་བའི་སྡེའི་ཁེ་ཕན་ལ་གནོད་པའི་ལས་གཞི་ཡོང་བ། ལྷག་པར་དུ་ཁོང་གི་དབང་བསྒྱུར་རྒྱབ་བརྟེན་སེར་མོ་བའི་སྡེ་ལ་གནོད་གཞི་ལས་འགུལ་ཡོང་སྐབས་ཁོང་ཀྱང་ཕྱིར་བསྡུ་ནང་ཕེབས་པ་མ་ཟད། ཁོང་གི་བསྒྱུར་བཅོས་ལས་འགུལ་ནང་ནུས་པ་འདོན་མཁན་གྱི་གྲས་སྤོམ་མདའ་དང་། ཚ་རུང་བ། ལུང་ཤར་བ། སྤྱན་གསལ་ཀུན་ཕན་སོགས་ཀྱང་གནས་དབྱུང་དང་རྒྱང་ཕུད། ཐ་ན་སྡུག་རྩུབ་ཆེ་བའི་མནར་གཅོད་འོག་སྐུ་སྲོག་ཤོར་བའི་གནས་སྟངས་ཀྱང་བྱུང་ཡོད།

    ༤༽ད་ལྟའི་དམངས་གཙོ་གསོལ་རས་གནང་བའི་སྐོར་ལ་ཞུ་རྒྱུ་ཞིག་འདུག རྒྱལ་བ་རིན་པོ་ཆེས་གནས་དུས་ལ་དཔག་པའི་བོད་མི་ཚོར་དམངས་གཙོ་གསོལ་རས་གནང་བ་རེད། བོད་མི་ཚོས་འདི་བཀའ་དྲིན་ཆེན་པོར་བསམ་གི་ཡོད། དངོས་ཡོད་ཐོག་ནས་ཀྱང་བཀའ་དྲིན་ཆེན་པོ་རེད། འོན་ཀྱང་གསོལ་རས་ནི་གསལ་རས་རང་རེད། མར་གནང་ཆོག་ཆོག་འདུག་ལ། ཕྱིར་ལེན་ཆོག་ཆོག་ཀྱང་འདུག ད་ལྟ་དམངས་གཙོ་ཕྱིར་བསྡུ་གནང་ནས་རྒྱ་ནག་གུང་ཁྲན་ཏང་གི་འོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་བྱས་ན་ཆོག་གསུངས་ཀི་ཡོད་མ་རེད་དམ། དང་པོ་བཀའ་དྲིན་རྩིས་རྒྱུ་ལ་མ་བྲེལ་བར་གནས་སྟངས་བཤད་རྒྱུ་འདི་ཡང་གལ་ཆེན་པོ་རེད་འདོད།

    ཁ་སང་དེ་རིང་གི་བོད་ནང་ས་ཡོམ་གོད་ཆག་འདིའི་སྐབས་སྐད་ཆ་འདིའི་རིགས་བཤད་རྒྱུར་བདེ་བོ་མི་འདུག་པས་འདི་ནས་གནས་སྐབས་རིང་མཚམས་འཇོག་རྒྱུ་ཡིན།

    Reply
  5. ཨ་ཆགས་ཚེ་རྡོར།་ says:
    ལོ་ 15 སྔོན།

    གནམ་ལྕགས་ཟེར་བ་འདི་ཡང་གྲྭ་ལོག་ཨུ་ཚུགས་ཆེ་ལ་ང་རྒྱལ་གྱིས་བཟི་བ་ཞིག་ཡིན་ངེས།་རྫ་སྐྱེ་དགུ་མདོའི་ཚབས་ཆེའི་རང་བྱུང་གོད་ཆག་ལ་བཙན་བྱོལ་བོད་མི་ཚོས་མྱ་ངན་ཞུ་བ་ལས་ཅི་ཞིག་བྱ།གྲྭ་ལོག་གནམ་ལྕགས་ཀྱིས་བོད་ལ་འགྲོ་འཐུས་པའི་ཐོངས་མཆན་ཞུས་དང་ང་ཚོ་བཙན་བྱོལ་བ་ཚོས་མི་ཤུགས་དང་དངོས་ཤུགས་གང་ཡིན་པ་ས་གནས་ས་ཐོག་ཏུ་བཀོལ་ཆོག་་ག་དུས་ཡིན་ན་ཚོར་བའི་དབང་གྱུར་ཁེངས་གཏམ་ཤོད་རྒྱུར་འབད་འབུངས་བྱེད་པ་ལས་གནད་དོན་ལ་དབྱེ་ཞིབ་བྱེད་མི་ཤེས་མཁན་གྱི་གྲྭ་ལོག་འདིའི་ཀླད་པའི་ནང་ག་རེ་མ་ཚོས་པ་ཡིན་ན།་གྲོགས་པོ་ལགས།ཆབ་སྲིད་ཀྱི་གནད་དོན་དང་ལོ་རྒྱུས་ཀྱི་བྱུང་བ་འབྲི་བརྗོད་སྐབས་ཚོར་བ་ལས་གནས་དོན་དངོས་གཙོ་བོར་བཟུང་དགོས་པ་མཁྱེན་པར་མཛོད།

    Reply
  6. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ན་མི་རིགས་ཀྱི་ཉམས་རྒུད་རིགས་ཤིག་མངོན་འོང་བའི་སྐབས་སུ་མིང་ཚིག་ཁ་ཤས་རེའི་སྟེང་ལ་ཚོར་བ་རྣོན་པོས་རྩོད་པ་བརྒྱབ་ནས་འདུག་ཁོམ་ཞིག་ཁྱོད་ཚོར་སུས་སྤྲད་སོང་ཨ།

    དེ་བས་རུས་རྒྱུད་གཅིག་པའི་སྤུན་ཟླ་ཚོའི་དཀའ་ངལ་ལ་བཙན་བྱོལ་ནས་གདུང་སེམས་མཉམ་སྐྱེད་བྱེད་རྒྱུའི་ལས་ཀ་ག་རེ་ཡོད་མིན་གྱི་ཐད་ལ་བགྲོ་གླེང་ཞིག་གནོངས་དང་།

    Reply
  7. ཤིང་རྟ། says:
    ལོ་ 15 སྔོན།

    ཁོ་རེ་ཚོ། ཁ་རྒྱགས་ཤོད་པའི་དུས་མིན། ཤ་རུས་གཅིག་པ་ཚོར་མྱ་ངན་བྱ་བའི་དུས་དང་ཐུགས་གསོ་གཏོང་བའི་དུས་ཡིན། ཉམ་ཐག་དེ་ཚོར་དཔལ་འབྱོར་གྱི་རོགས་སྐྱོར་འདྲ་འདི་ཕྱོགས་ནས་ཐབས་ཤེས་ཡོད་དམ།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ལྷ་མོ་སྐྱབས་དང་ཁང་གསར་རྡོ་རྗེ་ཁྱོད་ཚོའི་ཁ་རྒྱགས་རྩོད་པ་གནས་སྐབས་རིང་མཚམས་འཇོག་རོགས་ཀྱིས། ང་ཚོ་འདི་ན་སྐྱེ་རྒུ་མདོའི་ས་ཡོམ་གྱིས་ཧོན་འཐོར་སོང་ནས་ཁ་རྒྱགས་ལ་ཉན་པའི་འདུན་པ་མི་འདུག

    Reply
  9. མི་ཉག་སྐལ་བཟང་། says:
    ལོ་ 15 སྔོན།

    བོད་དུ་གོད་ཆགས་འདིའི་རྐྱེན་གྱིས་རྙོག་འཛིང་ཆེ་བའི་བསམ་ཚུལ་རིགས་ཀློག་འདོད་ཡེ་ནས་མི་འདུག དགོངས་དག ངའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོའི་ཆེད་ཕྱིར་སྡོད་བོད་རིགས་ཚོས་ཁོང་ཚོར་དཔལ་འབྱོར་གྱིས་མཐུན་འཇུག་བསྐྲུན་ཐབས་གྱིས་ཤིག

    Reply
  10. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཚག་ཐེབས་པ་དང་གཏགས་ནོར་ཤོར་འདུག་པ་བཅོས་རོགས།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    བསྟན་འཛིན་ཕན་བདེའི་རྩོམ་ཡིག་རེ་ཀློག་རྒྱུ་རག་དུས་དགའ་གི་དད་པ་དམ་གཙང་བའི་བསྟན་འཛིན་ཕན་བདེ། དུས་སྙིགས་མ་འདིར་ཁྱེད་ལྟ་བུའི་གཅིག་རེ་ཡོད་ན་བོད་ལ་དགོས་མཁོ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese