མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གཞོན་ནུས་མྱུར་སྐྱོབ་ཚོགས་ཆུང་ཞིག་ས་གནས་སུ་གཏོང་རེ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། སྐྱེ་རྒུ་མདོར་ཛ་དྲག་མྱུར་སྐྱོབ་ཚོགས་ཆུང་གཏོང་ཐབས་དང་དབུས་ས་གཉིས་ནས་ཞལ་འདེབས་བསྡུ་རྒྱུ་ཡིན་ཟེར།
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་ངྷ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཐེངས་འདིའི་ས་ཡོམ་ཁྲོད་མི་ཤི་བའི་གྲངས་འབོར་རྒྱ་ནག་གཞུང་གིས་མི་ ༡༡༤༤ ཙམ་ལས་བཤད་ཀྱི་མེད་ཀྱང་། ས་གནས་ཡུལ་མི་དང་འབྲེལ་ཡོད་ཀྱི་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁྱོན་མི་ཆིག་ཁྲི་ནས་ཆིག་ཁྲི་བཞི་སྟོང་བར་སྲོག་ཤོར་ཡོད་སྐོར་གསུང་གི་འདུག་ཅེས་དང་། ད་ལྟ་སྨན་པ་དང་རོགས་སྐྱོབ་མཐུན་རྐྱེན་འདང་ངེས་མེད་པར་བརྟེན། རྨས་མ་རྣམས་ཧ་ཅང་ཉེན་ཁ་དང་དཀའ་ཚེགས་ཆེ་བའི་གནས་སུ་ལུས་ཡོད་ཅིང་། ཤུལ་ལུས་རྣམས་ཀྱི་སྡོད་ཁང་དང་སློབ་གྲྭ། དགོན་སྡེ་གྲྭ་ཚང་སོགས་འཚོ་གནས་སླར་གསོ་བྱ་བར་དུས་ཚོད་དང་རྒྱུ་གྲོན་ཤུགས་ཆེ་གཏང་དགོས་པའི་དཀའ་ཁག་གི་གནས་སྟངས་ཇེ་གསལ་དུ་འགྲོ་བཞིན་པ་མ་ཟད། ཤི་རྨས་ཕྱིན་པའི་གྲངས་འབོར་ཡང་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད།
 དེར་བརྟེན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པོ་རྣམས་ཀྱི་ཆེད། ༧གོང་ས་མཆོག་ལ་སྐྱབས་ཞུ་དང་ས་གནས་གཞོན་ནུ་ཡོངས་ལ་བཀོད་ཁྱབ་བཏང་ཟིན་པའི་འབྲུ་དོན་ལྟར། ཟླ་འདིའི་ཚེས་ ༢༠ ཉིན་ས་གནས་གཞོན་ནུ་ཡོངས་ནས་བདུན་ཚིགས་དང་པོ་དང་བསྟུན། མཆོད་འབུལ་སྨོན་ལམ་ཟབ་རྒྱས་དང་ཤུལ་ལུས་རྣམས་ཀྱི་འཚོ་གནས་སླར་གསོའི་ཆེད་དུ་ཞབས་འདེབས་བསྡུ་རུབ་ཞུ་རྒྱུ་མ་ཟད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཛ་དྲག་མྱུར་སྐྱོབ་ཚོགས་ཆུང་ཞིག་གང་མགྱོགས་སྐྱེ་རྒུ་མདོར་གཏོང་ཐབས་བྱ་རྒྱུ་དང་། དེ་ལྟར་མ་བྱུང་ཚེ་གཞོན་ནུའི་སྐུ་ཚབ་བམ། རྒྱལ་སྤྱིའི་ཚད་ལྡན་གྱི་འགན་ལེན་ལྡན་པའི་ཚོགས་སྡེ་ཞིག་བརྒྱུད། ཞལ་འདེབས་ཀྱི་དངུལ་རྣམས་ས་གནས་ས་ཐོག་ཏུ་བཙན་བྱོལ་བོད་མིའི་མིང་ཐོག་ནས་འབུལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསལ་ཡོད།
དེ་བཞིན། དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་བོད་ཀྱི་གཞོན་ལྷན་ཚོགས་ཀྱིས་ས་ཡོམ་འོག་འདས་གྲོངས་ཕྱིན་པ་རྣམས་ཡིད་གདུང་དྲག་པོས་མྱ་ངན་བསྔོ་སྨོན་དང་། ཤུལ་ལུས་རྣམས་ལ་སེམས་ཚོར་བཅོས་མིན་གྱིས་ཐུགས་གསོ་ཞུ་རྒྱུ་མ་ཟད། ཁྱེད་རྣམས་ནས་རེ་བ་དང་བློ་སྟོབས་མ་ཞུམ་པར་ཡིད་ཆེས་དང་ཆིག་སྒྲིལ་གྱིས་སྡོད་དང་། སློབ་གྲྭ་དང་དགོན་སྡེ་གྲྭ་ཚང་། དཔལ་འབྱོར་སོགས་འཚོ་གནས་བསྐྱར་སྐྲུན་སླར་གསོ་ཡོང་བར་འབད་འབུངས་དགོས་པའི་རེ་སྐུལ་ཡང་ཞུ་རྒྱུ་ཡིན་ཞེས་གསལ་ཡོད།
མཇུག་མཐར། ཆེས་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཞིག་ལ། རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ནས་རྨས་མ་མྱུར་སྐྱོབ་དང་། ཤུལ་ལུས་ཚོའི་འཚོ་གནས་ལ་གཅིག་མཚུངས་ཆེ་མཐོང་གིས་བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་རོགས་སྐྱོབ་བྱ་བར་དང་ལེན་དང་མཐུན་འགྱུར་དོན་ཕན་ལྡན་པ་ངེས་གནང་ཡོང་བའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ལྷག་པར་དུ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ས་གནས་ས་ཐོག་ལ་འཕྲད་མ་ཉིད་དུ་ཕེབས་ནས་རྒྱལ་སྤྱིའི་མི་མང་ཚོར་ས་གནས་ཀྱི་གནས་ཚུལ་དངོས་གསལ་སྟོན་གནང་སྟེ། རྒྱལ་སྤྱིའི་རོགས་སྐྱོར་འབོད་འགུག་གིས་མི་ཆོས་དགེ་བའི་ལས་བཟང་སྒྲུབ་པར་ནུས་ལྡན་གྱི་བལྟ་སྐུལ་དགོས་པ་དང་། རྒྱ་གཞུང་ནས་ནས་ཀྱང་དེ་དག་ལ་དང་ལེན་དང་མཐུན་འགྱུར་ངེས་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད།
ཐེངས་འདིར་གཞོན་ནུའི་ས་གནས་ཡོད་ས་ཁག་ནས་ས་གནས་གཞོན་ནུ་བརྒྱུད་དེ་ཞལ་འདེབས་བསྡུ་རྒྱུ་དང་། ས་གནས་གཞོན་ནུ་མེད་སར་མི་མང་རང་གིས་ཞལ་འདེབས་བསྡུ་རུབ་ཀྱིས་དབུས་གཞོན་ནུར་འབུལ་རྒྱུའི་འབོད་སྐུལ་གནང་ཡོད།  

མཆན། 28

  1. བློ་གྲོས་རྒྱལ་པོ། says:
    ལོ་ 13 སྔོན།

    གཞོན་ལྷན་ཟེར་བ་ཞིག་ད་དུང་ཡོད་པ་འདྲ། ཐེངས་འདིའི་ལས་འགུལ་དོན་འཁྱོལ་ཡོང་བར་ཤོག ཁ་སྟོང་ནང་གི་ཚིག་སྟོང་དང་རང་གི་རང་གིས་མི་གཡོག་པར་སྨོན།

    Reply
  2. karma dorje says:
    ལོ་ 13 སྔོན།

    ཕ་མེས་སྤྲེལ་རྒན་བྲག་སྲིན་མི་འདྲའི་སྤྲེལ་དྲུག་དྲུག །
    མིའུ་གདུང་དྲུག་རིགས་རུས་འདྲ་བ་ཕྱོགས་འཚམས་གྱེས། །
    གཡུང་དྲུང་བོན་དང་ནང་ཆོས་བོད་སྐད་མ་བརླགས་པར། །
    གཞིས་བྱེས་གཅིག་མཐུན་གཅིག་གིས་གཅིག་ལ་སྐྱོབས་རན་འདུག །

    Reply
  3. གངས་སྤྲེལ་ཚ། says:
    ལོ་ 13 སྔོན།

    ya ya thank you

    Reply
  4. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    མིག་དམར་ཚེ་རིང་མིང་ཅན་གྱིས་དོན་དག་མེད་པར་ཁོ་བོ་བུད་མེད་ཚོ་ལ་བརྙས་བཅོས་དང་སྨད་འབོད་ཆེན་པོ་བྱེད་བཞིན་འདུག།་་ཁོ་པས་བུད་མེད་ཡིན་པས་ཆ་ནས་བློ་རྒྱ་དམན་པ་བཤད་འདུག།་ངསའདི་རིགས་ལ་་ལནཚ་ཐག་ཆོད་ཅིག་་རྒྱག་རྒྱུའི་གྲ་སྒྲིག་ཨ་གསར་ཡོད་ཀྱང་ཡ་ལེན་ཞུ་གི་མིན།
    བོད་ཀྱི་གཞོན་ལྷན་ལ་སྙིང་ནས་དགའ་ཚོར་དང་རྒྱབ་སྐྱོར་ཡོད།འོན་ཀྱང་༸གོང་ས་མཆོག་གི་སྐུ་ཚབ་རྣམས་ས་ཡོམ་གནོད་ཐེབས་ཕོག་ཡུལ་དུ་ཕེབས་རྒྱུར་དཀའ་ཚེགས་ཧ་ཅང་ཆེ་བའི་ཐོག་ད་དུང་གཞོན་ལྟ་བུ་ཞིག་དེར་འགྲོ་རྒྱ་ཡིན་བཤད་པར་མ་འོས་པ་ཞིག་ཏུ་མཐོང་སྟེ་ངས་བསམ་འཆར་ཙམ་ཞུ་ཁུལ་ཡིན།་་ཡིན་ན་ཡང་ང་ཚོས་མང་པོར་བརྗོད་མི་དགོས་པར་འབྱུང་རབས་ཀྱིས་འཁྲུན་ཐག་གཅོད་ཀྱི་རེད་བཟམ་བཞིན་ཡོད།་ཁྱེད་ཀྱིས་ཀྱང་མང་པོ་བརྗོད་མི་དགོས།་་ང་ཚོས་བལྟ་ནས་བསྡད་ཆོག

    ཐ་ཤལ་ང་ལྟ་བུ་ཞིག་ས་ཡོམ་གྱི་གནད་འཚེ་ཕོག་པའི་ང་ཚོའི་སྤུན་ཟླ་རྣམས་ལ་གང་ཡང་ཞུ་ཐུབ་རྒྱུ་མེད་ཀྱང་ཉེ་སྔོན་གནས་ཚུལ་ཐོས་པ་ནས་བཟུང་ཁོ་ཚོའི་ཆེད་དུ་མ་ཎི་དང་བྱམས་པའི་སྨོན་ལམ་།་མཆོག་གསུམ་ལ་གསོལ་འདེབས་བཅས་གང་ཐུབ་ཞུ་ཁུལ་ཡིན།་ད་དུང་རྒྱུད་ལམ་ཁག་ཏུ་ཤུལ་ལུས་མི་དམངས་རྣམས་ལ་ཐུགས་གསོའི་སྨོན་ཚིག་ཐུང་ཐུང་རིགས་གཅིག་རྗེས་གཉིས་མཐུད་དུ་སྤེལ་བ་འདི་ཡང་ལས་འགུལ་ཆེ་ཆུང་ཞིག་ཏུ་བརྩི་ན་འགྲིག་ལེ་ཡིན།
    ཁྱེད་ཀྱིས་ཁོང་ཚོའི་ཆེད་དུ་ཅི་བྱེད་ཀྱི་ཡོད་དམ།་ང་ལས་ལྷག་པ་ཞིག་གནང་ཡོད་པའི་རེ་བ་ཡོད།

    Reply
  5. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    【多維財經】截至18日15時,玉樹地震遇難人數已升至1,706人,失蹤256人,受傷12,128人,重傷1,424人,政府為地震遇難者每人補償8,000元撫恤金,而中國國家主席胡錦濤18日也抵達災區指導救災。

    Reply
  6. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    དོན་འགྲུབ་བཀྲིས་ལགས།

    Reply
  7. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    གཉིས་གི་མ་རེད་་་་་གཉིས་ཀྱིས་རེད།

    Reply
  8. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    བེར་རེ་རྒྱལ་པོ་དང་ཆུ་ཤུར་མིག་དམར་གཉིས་གི་བོད་རིགས་འདས་པ་རྣམས་ལ་བསྔོ་སྨོན་གནང་གི་འདུག
    ཕ་བཟང་གི་བུ་རེད།།
    ཁོང་གཉིས་བཞིན་ཁ་ཤས་ཡོད་ན་ཡག་པ་ལལལལལལལལལལལལལལལལལལལལལལལ

    Reply
  9. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད་ལགས་ཁྱེད་རང་དགུ་བཅུམ་གསུམ་ལ་འཁོན་འཛིན་ཆེན་པོ་ཡོད་ས་རེད།་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་དེ་རྣམས་བཞག་ནས་དགུ་བཅུ་གསུམ་གཅིག་པོར་བཀའ་སྐྱོན་གནང་དོན་ཅི་ཡིན་ནམ།དགུ་བཅུ་གསུམ་ལ་ས་ཡོམ་རྒྱབ་ནས་མི་ཤི་ན་ཁྱེད་ལ་ཁེ་ཕན་གང་འདུག་གམ་གསུང་དང།

    Reply
  10. འཁྲུངས་སྐར། says:
    ལོ་ 13 སྔོན།

    དྲ་གྲོགས་བོད་ཀྱི་མཛེས་མ་མིང་ཅན་གྱིས་གསུང་པ་བཞིན་༼གལ་སྲིད་༸གོང་ས་མཆོག་ས་གནས་ས་ཐོག་ཏུ་ཆིབས་བསྒྱུར་གནང་མ་ཐུབ་ཚེ་བོད་ཀྱི་བླ་ཆེན་ཞིག་གིས་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་པ་ཞིག་ས་གནས་ས་ཐོག་ཏུ་ཆེད་གཏོང་གནང་སྟེ་ཤུལ་ལུས་མི་སེར་རྣམས་ལ་ཐུགས་གསོའི་འཚམས་གཟིགས་དང།་ས་ཡོམ་གྱི་གོད་ཆག་བྱུང་ས་རང་དུ་ཕྱི་སྡོད་བོད་མི་རྣམས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཐོག་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་བསྔོ་སྨོན་ཞུ་དགོས།དེ་ལྟར་བྱུང་ན་ཤུལ་ལུས་བོད་མིའི་རེ་བ་ཅུང་ཙམ་བསྐང་ཐུབ་པ་རེད་ལ།ང་ཚོ་བྱེས་འབྱོར་རྣམས་ཀྱིས་མ་ལེན་མ་འགྱོད་པའི་དུས་ཐོག་ཆར་པའི་བྱ་བ་་རླབས་ཆེན་གྱི་བསྒྲུབ་ཐུབ་པ་རེད།༽ཞིག་གསུང་འདུག་པའི་དེ་ནི་བློ་ཟུར་བོར་གནས་པའི་བཀའ་མོལ་རེད་སྙམ།།

    Reply
  11. འཁྲུངས་སྐར། says:
    ལོ་ 13 སྔོན།

    འཇམ་རྣོན་ལགས་་བློ་ཟུར་བོར་གནས་ནས་བཀའ་མོལ་གསུང་རོགས་ཞུ།། གཞི་བཞུགས་རྣམས་ཀྱི་ཆོས་ཐོག་ནས་༧གོང་ས་མཆོག་ཕེབས་རོགས་ཞུ་ཡོད་རེད་ཡག

    Reply
  12. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 13 སྔོན།

    དགུ་བཅུ་གསུམ་ཚོགས་པ་ཡོང་ས་ཡོམ་ཁྲོད་ཤི་བ་ཡིན་ནམ་་་་་་་་གཞོནནུ་ཚོགས་པ་འདི་ནི་མིག་དོན་མཚུང་པའི་ཚོགས་པ་རེད་འདུག་་་

    Reply
  13. འཇམ་དཔལ་རྣོན་པོ་། says:
    ལོ་ 13 སྔོན།

    བཙན་བྱོལ་ནང་་དུ་ཞལ་འདེབས་ཅི་འབྱོར་བསྡུས་ནས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་བརྒྱུད་ནས་གཏོནགནང་མཛད་ན་ཡག་པོ་ཡོད་རེད། ཡང་ན་རྒྱ་རི་རིན་པོ་ཆེ་༸གོང་ས་མཆོག་གི་སྐུ་ཚབ་ཡིན་ཙང་༌༸་གོང་ས་མཆོག་ཕེབས་མ་ཐུབ་ཚེ་རྒྱ་རི་ཚང་ངེས་པར་ཕེབས་དགོས་པ་རེད། ཁོང་གིས་༸་གོང་ས་མཆོག་དང་བཙན་བྱོལ་བོད་མའི་སྐུ་ཚབ་བྱེད་ཐུབ་ཀི་རེད། ཁོང་རྒྱ་ནག་གི་དཔོན་རིག་རྣམས་དང་སྔར་ནས་འབྲེལ་བ་ཡོད་པར་བརྟེན་ལན་པོ་ཞེ་དྲག་ཡོད་རེད་ལ་རྒྱ་མིས་ཀྱང་ཁ་བྲལ་བ་ཟེར་ནས་གཤེ་གཤེ་གཏོང་མ་རེད།

    Reply
  14. མིག་དམར་ཚེ་རིང་ says:
    ལོ་ 13 སྔོན།

    བློ་རྒྱ་ཆུང་བའི་བོད་ཀྱི་མཛེས་མ་ལགས་ཁྱེད་ནི་དངོས་གནས་བུད་མེད་ཞིག་ཡིན་པ་འདྲ་། དེ་འདྲི་བློ་རྒྱ་ཆུང་བ་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་རྒྱ་གཞུང་གི་འཇིགས་སྐུལ་རིང་ལུགས་པར་རྩིས་ཀྱང་གཞོན་ནུ་ལྷན་ཚོགས་ནི་ཁྱེད་ལྟར་བློ་རྒྱ་ཆུང་ཤིང་ལྐུག་པ་མ་ཡིན་པས་དེའི་ཐད་ཁྱེད་བློ་ཚབས་གནང་མི་དགོས། ཁོང་རྣམས་པས་ཐབས་རྒྱ་འཇུས་སྟོང་གི་སྒོ་ནས་བྱ་བ་ཞིག་སྒྲུབ་ངེས་ཡིན། ཁོང་རྣམས་པའི་རྙིང་སྟོབས་ལ་ང་ཚོས་རྗེས་སུ་ཡིད་རངས་ཞུ་དགོས་པ་ཞིག་ཡིན། རེད་ཡ་བོད་མི་ཚང་མས་རང་སོ་སོའི་ངོས་ནས་གང་ཡོད་ཅི་ཡོད་ཀྱི་སྒྲུབ་ཐུབ་པའི་བྱ་བ་ཞིག་སྒྲུབ་རྒྱུ་དེ་གལ་ཆེ་ཞིག་ཡིན། འོན་ཀྱང་བོད་ཀྱི་མཛེས་མས་དབུས་པའི་ཟིན་བྲིས་པ་རྣམས་པས་ཁྱེད་ཀྱི་མཛུབ་མོ་རང་ངོས་སུ་བཙུགས་ཏེ་ཐུགས་བསམ་ཞིག་བཞེས་དང་ཁྱེད་ཀྱི་སྒྲུབ་ཐུབ་པའི་བྱ་བ་ཅི་ཞིག་སྒྲུབ་ཡོད་དམ། འདས་སོན་རྣམས་པའི་ཆེད་མ་ཎི་ཚིག་གཅིག་གྲངས་ཡོད་དམ་ཞལ་འདེབས་སྒོར་མོ་གཅིག་སྐྱོན་ཡོད་དམ་། དངོས་གནས་ཐུགས་བསམ་བཞེས་དགོས་པ་ཞིག་རེད།

    Reply
  15. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    རྗེས་སུ་ཡི་རངས་ཞུ།
    ཞོར་དུ་དྲ་གནས་འདི་ལ་གཅིག་གཟིགས་རོགས་གནོངས། ངོ་མས་ཡིད་སྐྱོ་བ་ལ་ནི་སྙིང་ལ་འཛེར་མ་བརྡབ་པ་འདྲ་ཞིག་འདུག
    http://www.secretchina.com/node/345007

    Reply
  16. དཔལྡན་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ནས་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། དོན་ཕན་ལྡན་པ་ཞིག་གནང་རོགས་ཞུ།

    Reply
  17. བོད་ཀྱི་བུ། says:
    ལོ་ 13 སྔོན།

    དུས་སྐབས་འདི་འདྲ་ཞིག་ཏུའང་བོད་ཀྱི་སྤུ་ཟླ་ཚོ་མཉམ་འཛོམས་བྱེད་དུ་འཇུག་གི་མེད་པ་འདི་སྡུག་ཆེན་ནང་གི་སྡུག་ཆེན་ཞིག་མ་རེད་དམ།

    Reply
  18. བོད་ཀྱི་བུ། says:
    ལོ་ 13 སྔོན།

    དུས་སྐབས་འདི་འདྲ་ཞིག་ཏུའང་བོད་ཀྱི་

    Reply
  19. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    གཞོན་ནུའི་ཛ་དྲག་མྱུར་སྐྱབས་ཚོགས་པ་ས་གནས་སུ་སླེབས་མ་ཐུབ་རུང་ལས་འགུལ་འདི་ལྟར་སྤེལ་བ་སྙིང་ནས་དགའ་བསུ་ཡོད།

    Reply
  20. རྨོངས་བུ་སྨྱུག་འཛིན། says:
    ལོ་ 13 སྔོན།

    གྲངས་མེད་ཁྲ་ཚོམ་སྐར་མའི་འདར་འཛུམ་གྱི་ཀློང་ནས།།

    བསིལ་འཇམ་འོད་དཀར་ཟླ་བའི་ཟེགས་མ་ལ་འཇུས་ཏེ།།

    ས་འཛིན་འགུལ་ཤུགས་དྲངས་པའི་རང་རིགས་ཀྱི་སྤུམ་ཟླར།།

    ས་མཐའི་བུ་ངར་མིག་ཟུང་མཆི་མ་ལས་མི་འདུག།

    Reply
  21. བཀྲ་ཤིས། ། says:
    ལོ་ 13 སྔོན།

    དབུས་གཞོན་ནུས་གོ་སྒྲིག་ཡག་པོ་རེད། ཡིན་ན་ཡང་ས་གནས་གཞོན་ནུ་འགའ་ཞིག་རྐུན་མ་དང་ཁྲམ་པ་ཡོད་པར་བརྟེན། ཞལ་འདེབས་བསྡུས་བསྡུས་ནས་སོ་སོའི་པ་ཁུག་རྒྱག་པ་ཆགས་ཀྱི་རེད།

    Reply
  22. གནམ་ལྕགས། says:
    ལོ་ 13 སྔོན།

    ཕར་འགྲོ་ཐུབ་ཀྱང་མ་ཐུབ་ཀྱང་འགྲོ་ཡི་ཡིན་ཟེར་བའི་གསལ་བསྒྲགས་འདི་ཡག་པོ་རེད། གལ་སྲིད་མ་གོ་ཁུལ་དང་མ་ཤེས་ཁུལ་བྱས་པ་ལས་ཡག་པོ་རེད།

    Reply
  23. ཡུས་ཞུན། says:
    ལོ་ 13 སྔོན།

    གཞོན་ནུ་ཚང་གི་གཞོན་རྟགས་གཅིག་སྟོན་རོགས། བསྔགས་བརྗོད་ཡོད།

    Reply
  24. ཆུ་ཤུར་མིག་དམར་ says:
    ལོ་ 13 སྔོན།

    བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འབྱོར་བདག་ཅན་དང་བླ་བྲང་འབྱོར་བདག་ཅན་མང་པོ་ཞིག་ཡོད་པ་དེ་ཚོས་ཞལ་འདེབས་ཏོག་ཙམ་ཞིག་ཤ་ཁྲག་གཅིག་པའི་སྤུན་ཟླ་དེ་རྣམས་ལ་བློས་གཏོང་ཐུབ་ན་ཡག་པོ་ཡོང་ས་རེད།

    Reply
  25. བོད་ཀྱི་མཛེས་མ། says:
    ལོ་ 13 སྔོན།

    མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་བ་བསྔགས་བརྗོད་ཞུ་རྒྱུ་ཡིན།
    ངེད་རང་གི་བསམ་ཚུལ་ལྟར་བྱས་ན་བོད་ཀྱི་བླ་ཆེན་ཞིག་གིས་སྣེ་ཁྲིད་པའི་སྐུ་ཚབ་ཚགས་པ་ཞིག་སྐྱེ་རྒུ་མདོར་མྱུར་ཕེབས་གནང་དགོས་ཀྱི་འདུག
    འདི་ནི་ཁ་ཚ་དགོས་གཏུག་གི་བྱ་གཞག་རླབས་ཆེན་ཞིག་ཡིན།་དཔེར་ན་ས་སྐྱ་གོང་མ་རིན་པོ་ཆེའང་དེ་ལས་གཞན་པའི་བླ་ཆེན་ཞིག་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དེར་བསྐྱོད་དེ་ཤུལ་ལུས་རྣམས་ལ་སེམས་གསོ་དང་བསྔོ་སྨོན་བཅས་གསུང་ཐུབ་ན་འདི་ལས་དགེ་མཚན་ཆེ་བ་ཞིག་མེད་སྙམ།
    བོད་ཀྱི་གཞོན་ལྷན་གྱིས་ལས་འགུལ་འདི་ལྟར་སྤེལ་བ་ཡག་པོ་རེད་དེ།་རྒྱ་གཞུང་གིས་ཁྱེད་ཚོ་འཇིགས་སྐུལ་རིང་ལུགས་པར་བརྩི་བཞིན་ཡོད་སྟབས་དམིགས་ཡུལ་ལྟར་བསྒྲུབ་ཁག་པོ་རེད།་བསམ་བློ་ཡག་པོ་ཐོངས་རོགས་གནོང།
    བསྒྲུབ་མི་ཐུབ་པའི་བྱ་བ་ཞིག་ལས་བསྒྲུབ་ཐུབ་པའི་ལས་ཀ་ཞིག་བྱེད་ན་བཟང་གི་རེད་སྙམ།ཡིན་ཡང་དྲ་གྲོགས་ཚོའི་དགོངས་འཆར་དང་ཐབས་ཇུས་ངེས་པར་གནང་རོགས།

    Reply
  26. སྤྲང་ཕྲུག says:
    ལོ་ 13 སྔོན།

    གཞོན་ནུ་ལྷན་ཚོགས་ཀྱི་ཛ་དྲག་མྱུར་སྐྱོབ་ཚོགས་ཆུང་དེ་གང་མགྱོགས་སྐྱེ་རྒུ་མདོར་སླེབས་ཐུབ་པར་སྨོན།

    Reply
  27. མི་ཆུང་། says:
    ལོ་ 13 སྔོན།

    བོད་ཀྱི་དབུས་གཞོན་ནུས་སྐྱེ་དགུ་མདོར་སྲོག་སྐྱོབ་ཚོགས་ཆུང་གཏོང་འཆར་ཡོད་པ་རྣམས། མགྱོགས་མྱུར་སྐྱེ་དགུ་མདོར་དུས་ཚོད་རྒྱས་བཅད་ནང་སླེབས་ཐུབ་པའི་རེ་བ་ཡོད།
    ངོ་མ་བྱས་ན་ང་ཚོས་སྒྲུབ་མ་ཐུབ་སར་སྟོང་བཤད་བྱས་ཏེ་ཁ་གཡང་གྲགས་པས་ཅི་ཡང་མི་ཕན། དེ་རིང་ནས་གནོད་འཚེ་བྱུང་སྟེ་ཆུ་ཚོད་96 འགྲོ་གི་ཡོད། ཉིན་མཚན་བརྒྱད་འགྲོ་གི་འདུག སྒྲུབ་ཐུབ་པའི་བྱ་བ་རྣམས་འཆུག་མེད་དུ་སྒྲུབ་དགོས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་ཕྱི་རྒྱལ་ཡུལ་གྲུ་གང་སར་ཚོགས་པ་དང་མི་ཡོད་རབས་བརྗོད་ཀྱི་ཡོད། ཞལ་འདེབས་སྡུས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དངུལ་ཡོད་རབས་གྲགས་ཀྱི་ཡོད། ཀིརྟི་གྲྭ་ཚང་བཞིན་ཞལ་འདེབས་ཕུལ།

    སྐྱེ་དགུ་ཕེབས་མཁན་གྱི་གཞོན་ནུའི་མི་གྲངས་སུམ་བཅུར་ཆ་བཞག་ན། གནམ་གྲུའི་གླ་ཆར་མི་རེར་ཕར་ཚུར་ཉུང་མཐར་ཧིན་སྒོར་ཁྲི། ༥ རེ་ཐོབ་ཀྱི་རེད། དེ་དག་མི་སུམ་ཅུར་བགོས་ན་ཁྱོན་ཧིན་སྒོར། ༡༥༠༠༠༠། ཙམ་སླེབས་ཀྱི་ཡོད་པས་འདི་ལྷག་ཙམ་ཞལ་འདེབས་ལ་འབུལ་རོགས་གནང་།

    འདི་ཚོ་ལས་ཐུབ་པ་དང་རང་སྟེང་དུ་ཡོད་པའི་ནོར་རེད། བློས་ཐོང་།

    Reply
  28. karma dorje says:
    ལོ་ 13 སྔོན།

    ལས་འགུལ་དེ་ནི་ཆེས་བཟང་ངོ་། མྱུར་དུ་བྱེད་དགོས་སོ། རྗེས་སུ་ཡི་རང་་ངོ་། བཀའ་དྲིན་ཆེའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist