མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཛ་དྲག་གི་འབོད་སྐུལ་གསུམ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp
ད་ལྟ་རང་འདི་ག་གསར་ཁང་ལ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་བཏང་གནས་ལྟར་ན།
གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཛ་དྲག་གི་འབོད་སྐུལ་གསུམ་ཞུས་ཡོད་འདུག

དང་པོ།  རྒྱ་ནག་གཞུང་གིས་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་དང་།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་སྡེ་ཚན་ཁག  གཏོང་ཕོད་ཡངས་པའི་མི་སྣ་ཁག་བཅས་ཀྱིས་ཐེངས་འདིའི་ས་ཡོམ་གོད་ཆག་གི་དོན་རྐྱེན་ལ་ཛ་དྲག་གི་རོགས་སྐྱོར་གང་ཐུབ་ཡོང་བའི་འབོད་སྐུལ་བྱེད་བཞིན་ཡོད་ལ།  དེ་བཞིན་བོད་ནང་ནས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཕོག་པའི་ཉམས་ཐག་མང་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་དང་།   སྲིད་བློན་གཉིས་ཀྱི་མཚན་ཐོག་ཏུ་རེ་སྐུལ་གནང་བ་ཡོངས་བསྒྲགས་བྱས་པའི་ནང་འཁོད་དོན།  ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ཁྲི་བཅུ་ཕྲག་ཁ་ཤས་ནས་ཁྱེད་ཏང་ཀྲུང་དབྱང་གིས་གནས་སྐབས་སུ་༧གོང་ས་ཏཱ་ལའི་བླ་མའི་བར་གྱི་སྔར་འཁོན་གཡུགས་ནས། ང་ཚོ་གོད་ཆག་ཐེབས་ཡུལ་གྱི་མི་དམངས་ལ་དགོངས་པ་རེ་བཞེས་རོགས་ཞེས་རེ་འདུན་སྙིང་ནས་ཞུ་བཞིན་ཡོད།  ཅེས་དང་།   ད་ཐེངས་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་ང་ཚོར་བསྔོ་སྨོན་དང་སེམས་གསོ་མཛད་པ་ཁོ་ནས་ང་ཚོའི་སེམས་ཀྱི་རྨ་ཁ་སོས་ངེས་ཡིན་ལ། དེ་ལས་གཞན་གྱི་ཐབས་བཀོད་མཆོག་ཏུ་གྱུར་བ་ནི་གང་ཡང་མེད།   ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ལ་བསྔོ་བ་སྨོན་ལམ་རེ་བྱེད་རེ་གཅིག་པུའི་ཆོས་ལུགས་དད་མོས་ཀྱི་ཕྱོགས་ནས་མ་གཏོགས་ང་ཚོར་དམིགས་ཡུལ་གཞན་ཅི་ཡང་མེད།  ཅེས་རེ་འདུན་ནན་པོ་ཞུས་འདུག་ལ།   ༸གོང་ས་མཆོག་གི་ངོས་ནས་ཕེབས་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ན་ཉམས་ཐག་མི་མང་དེ་དག་གི་རེ་འདུན་བརྩིས་མེད་དུ་མི་གཏོང་བར་རྒྱ་ནག་གཞུང་ནས་མཐུན་འགྱུར་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

 

གཉིས་པ།  ཐེངས་འདིའི་ས་ཡོམ་གྱི་དོན་རྐྱེན་ཁྲོད་ས་གནས་རང་གི་མང་ཚོགས་ཀྱིས་བརྗོད་བབ་དང་།   རྒྱ་ནག་གཞུང་འབྲེལ་གྱི་བརྗོད་ཚུལ་མི་མཐུན་པའི་གནས་ཚུལ་མངོན་གསལ་ཆགས་ཡོད་ལ།   དོན་དངོས་སུ་ས་གནས་སུ་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ལྷུང་ཡོད་པ་དང་།  ཉམས་ཐག་མང་ཚོགས་འདས་གསོན་དེ་དག་ལ་བདག་སྐྱོང་གང་འདྲ་ཐོབ་ཀྱི་ཡོད་པ་ཇི་བཞིན་ཤེས་རྟོགས་མེད་བྱེད་ཐུབ་ཀྱི་མེད།   དེར་བརྟེན་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་ཁག་གནས་ཚུལ་ལྷག་སའི་ས་གནས་སུ་ངེས་ཕེབས་ཡོད་པའི་འབོད་སྐུལ་ནན་པོ་ཞུ།   

 

གསུམ་པ།   ཐེངས་འདིའི་ས་ཡོམ་གོད་ཆགས་ཀྱི་དོན་རྐྱེན་ལ་འདི་ནས་༸གོང་ས་མཆོག་དབུ་བཞུགས་ཀྱིས་བསྔོ་སྨོན་གསོལ་འདེབས་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་བྱས་དང་བྱེད་བཞིན་ཡོད་པ་ད་ལྟ་བོད་དུ་དཀའ་ངལ་མྱོང་བཞིན་པའི་ཉམས་ཐག་མང་ཚོགས་ལ་ཞུ་རྒྱུ་དང་།    ལྷག་པར་ད་ལྟ་དཀའ་ངལ་གྱི་ཁྲོད་དུ་ལུས་པའི་ཉམས་ཐག་མང་ཚོགས་ལ་ཆེ་ཆུང་དང་མང་ཉུང་ལ་མ་བལྟོས་པར་སེམས་གསོའི་དོད་དུ་ང་ཚོས་ཚོགས་པས་ཞལ་འདེབས་བསྡུ་རུབ་ཀྱིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་བོད་དུ་གཏོང་འཆར་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱི་ཞལ་འདེབས་རོགས་སྐྱོར་གནང་སྐྱོང་ཡོང་བ་ཞུ་བཞིན་ཡོད།  ཅེས་གསལ་འདུག       

 

འབྲེལ་ཡོད་གསར་འགྱུར།

The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་གཞིའི་འོག་མི་ ༣༡ འཛིན་བཟུང་བྱས།

ཆུ་ཚོད་ ༢ སྔོན་ལ།
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

ཆུ་ཚོད་ ༣ སྔོན་ལ།
བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥
Mobile App

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

ཆུ་ཚོད་ ༤ སྔོན་ལ།
Advertisement for App

ནོར་གླིང་མཐོ་སློབ་ཏུ་སྐབས་བཅུ་གཅིག་པའི་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༧ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

༢༠༢༥/༠༥/༡༤
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༠༥/༡༤

མཆན། 29

  1. མི་ཞུན། says:
    ལོ་ 15 སྔོན།

    ཝཱར་ཎ་མཐོ་སློབ་ཀྱི་སློབ་ཕྲུག་ཚོས་ཀྱང་ཡུལ་ཤུལ་མི་དམངས་ཀྱི་དཀའ་སྡུག་ལ་མྱོང་བ་མཉམ་བཞེས་མཚོན་སླད་དུ་བསྔོ་བ་སྨོན་ལམ་འཚོགས་པ་དང་མར་མེ་ཁྲོམ་སྐོར་ལ་འགྲོ་བ་སོགས་ཀྱི་ལས་འགུལ་མང་པོ་སྤེལ་སོང་།

    Reply
  2. ཁུ་འབྱུང་ says:
    ལོ་ 15 སྔོན།

    སེམས་ཤུགས་ཞེ་དྲག་འདུག་ག།

    Reply
  3. tenzin says:
    ལོ་ 15 སྔོན།

    ཞལ་འདེབས་སློང་མཁན་མང་ན་ཞན་པ་ལོག་ཡོང།་་དེ་བས་སྒྲིག་འཛུགས་གཅིག་གཙུགས་ཏེ་ཞལ་འདེབས་སློང་ཐུབ་ན་དགེ་ཚན་ཆེའོ།

    Reply
  4. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    An Appeal from the 17th Gyalwang Karmapa on Behalf of Victims of the Xinghai Earthquake

    The large earthquake in Yushu County, Xinghai Province, has caused great loss of life and injured many people. To date the death toll has risen above 1000 and the number of those severely injured has also risen above 1000. In total, more than 10,000 people have been injured.
    When I heard this tragic news, I was very saddened at the loss, and began immediately to offer prayers for those who have been affected by this incident, both those who have lost their lives and the survivors. May those who have died be freed from the bardo state of terror and suffering of such an unexpected death, and be reborn in the pure lands or a higher realm. May the survivors who have undergone the suffering of loss of relatives and friends and the trauma of losing their homes be comforted and find relief. May they receive the emergency help they need as soon as possible, and be able to rebuild their lives. I will pray ceaselessly for this.
    I request the monasteries of the different schools and devotees, near and far, to offer the following prayers: the Guru Rinpoche Prayers Barchey Lamsel, Sampa Lhundrub and Sampa Nyurdrub; the Wangdu Soldeb composed by Mipham Rinpoche; recitation of the mantras of Chenresig and Heyagriva; recitation of the saddhanas of the Medicine Buddha, Amitabha Buddha and Akshobhya Buddha; night-long recitation of The Twenty-One Praises of Tara.
    In addition, I would ask everyone to contribute, directly or indirectly, to the relief work. I have instructed the Karmapa Foundation in America to donate $200,000 for immediate aid for the victims of this disaster and to help with the task of rebuilding. I have called on all Buddhists and compassionate people to pray sincerely for the victims of this earthquake, and to do their best, according to each one’s capacity, to become involved or sponsor different kinds of relief activity so that it will be effective.
    Death and impermanence is an integral part of life. When this kind of disaster strikes, may the power of the natural goodness within all of us provide physical and mental comfort and the courage to start anew.
    When you are happy, dedicate that happiness to all beings,
    so that happiness may pervade the sky.
    When you suffer, you are bearing the suffering of all beings.
    May the ocean of suffering become dry completely.

    17th Gyalwang Karmapa,
    Ogyen Trinley Dorje,
    17th April, 2010

    Reply
  5. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    རྒྱ་ཆེའི་དྲ་གྲོགས་ཚོ། འདི་ག་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་མི་དམངས་ལ་ཞལ་འདེབས་བསྡུ་སློང་གི་ལས་འགུལ་བརྩམས་ཟིན་མོད། ད་ལྟ་ཐོས་ཚོད་ལྟར་ན་རང་རེའི་སྲིད་གཞུང་ནས་ཀྱང་གཅིག་མཚུངས་ཀྱིས་བྱ་འགུལ་རྩོམ་རྒྱུ་ཡིན་འདུག་སྟབས། ཚོགས་སྡེ་རེ་རེ་ནས་བྱ་བ་རེ་བརྩམས་ཚེ་མང་ཚོགས་ལ་བྱེད་དཀའ་ཡོང་ཉེན་ཡོད་པས། གཅིག་གྱུར་ཐོག་གཞུང་འབྲེལ་གྱི་བྱ་འགུལ་དང་མཉམ་དུ་གཅིག་སྒྲིལ་བྱ་རྒྱུ་ཡིན་པས་དེ་དོན་ཐུགས་འཇགས་འཚལ།

    Reply
  6. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ལ་ཞུ་རྒྱུར་གངས་ལྗོངས་རང་བདེན་མཐུན་ཚོགས་ཀྱི་བྱ་འགུལ་འདིའི་ལས་འགུལ་ནི་རྣམ་པ་ཀུན་ཏུ་ཆབ་སྲིད་དང་འབྲེལ་མེད་ཅིག་ཏུ་བརྩོན་རྒྱུ་ཡིན་པར་མ་ཟད་ཞལ་འདེབས་ཀྱི་དངུལ་འབོར་འདི་ཉིད་གནད་དུ་སྨིན་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ཟབ་ཟབ་ནན་ཏན་གནང་རྒྱུ་བསམ་བློ་ཡོད། ང་ཚོས་ཚོགས་པའི་ངོས་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ཞལ་འདེབས་བྱུང་བ་རྣམས་སྒོར་ཡང་ཆུད་ཟོས་སུ་མི་གཏོང་རྒྱུ་རྒྱ་ཆེའི་མང་ཚོགས་ནང་གསལ་བསྒྲགས་བྱས་ཟིན་པ་ཡིན་པས་ཐུགས་དོགས་མེད་པ་ཞུ་རྒྱུ་ཡིན། མདོར་ན་ལས་འབྲས་དཔང་བཞག་གིས་བྱ་འགུལ་སྤེལ་རྒྱུ་ཡིན། འོན་ཀྱང་འདོད་བློ་མ་ཚིམས་ཚེ་སློབ་སྟོན་གནང་རོགས་ཞུ་རྒྱུ་ཡིན། གང་ལྟར་མ་འོང་བར་ཞུ་དག་ཆོག་པ་ལས་ད་ལྟ་ནས་དོགས་འདྲོག་ལང་ན་ཕན་ལས་གནོད་པ་མི་ཡོང་ངམ། བསམ་ཚུལ་བཤད་པ་ཐུགས་རྗེ་ཆེ་ཐུགས་བསམས་ཡག་པོ་ཞེས་རོགས་གནང༌། ཐུགས་རྗེ་ཆེ།།

    Reply
  7. རྡོ་རྗེ་རལ་གྲི། says:
    ལོ་ 15 སྔོན།

    རྒྱ་ཆེན་བོད་མི་ཡོང་ལ་ཞུ་རྒྱུ། དངོས་དོན་གྱི་སྟེང་དུ་བསམ་གཞིག་ནན་མོ་བྱས་ཏེ་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་གྱི་གནོད་པས་མི་མང་པོ་ཤི་བ་དང་གསོན་པོ་རྣམས་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ལ་དེ་དག་རྣམས་ལ་ཕན་ཐོག་ག་འདྲ་བྱེད་ནས་ཡོང་མིན་བསམ་བཞིག་ནན་མོ་བྱེད་རོག།།

    Reply
  8. རྡོ་རྗེ་རལ་གྲི། says:
    ལོ་ 15 སྔོན།

    རྒྱ་རི་ཚང་བོད་ལ་སོང་ན་དོན་འབྲས་་ལྡན་པ་རྩ་བ་ནས་ཡོང་མི་སྲིད། གང་ཞེ་ན་སྔར་སོང་བ་ལ་དོན་འབྲས་མེད་པས་སོ།

    Reply
  9. འཁྲུངས་སྐར། says:
    ལོ་ 15 སྔོན།

    དྲ་གྲོགས་བོད་ཀྱི་མཛེས་མ་མིང་ཅན་གྱིས་གསུང་པ་བཞིན་༼གལ་སྲིད་༸གོང་ས་མཆོག་ས་གནས་ས་ཐོག་ཏུ་ཆིབས་བསྒྱུར་གནང་མ་ཐུབ་ཚེ་བོད་ཀྱི་བླ་ཆེན་ཞིག་གིས་སྣེ་ཁྲིད་འོག་སྐུ་ཚབ་ཚོགས་པ་ཞིག་ས་གནས་ས་ཐོག་ཏུ་ཆེད་གཏོང་གནང་སྟེ་ཤུལ་ལུས་མི་སེར་རྣམས་ལ་ཐུགས་གསོའི་འཚམས་གཟིགས་དང།་ས་ཡོམ་གྱི་གོད་ཆག་བྱུང་ས་རང་དུ་ཕྱི་སྡོད་བོད་མི་རྣམས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཐོག་ནས་གཞི་རྒྱ་ཆེ་བའི་མཆོད་འབུལ་བསྔོ་སྨོན་ཞུ་དགོས།དེ་ལྟར་བྱུང་ན་ཤུལ་ལུས་བོད་མིའི་རེ་བ་ཅུང་ཙམ་བསྐང་ཐུབ་པ་རེད་ལ།ང་ཚོ་བྱེས་འབྱོར་རྣམས་ཀྱིས་མ་ལེན་མ་འགྱོད་པའི་དུས་ཐོག་ཆར་པའི་བྱ་བ་་རླབས་ཆེན་གྱི་བསྒྲུབ་ཐུབ་པ་རེད།༽ཞིག་གསུང་འདུག་པའི་དེ་ནི་བློ་ཟུར་བོར་གནས་པའི་བཀའ་མོལ་རེད་སྙམ།།

    Reply
  10. རྡོ་རྗེ་རལ་གྲི། says:
    ལོ་ 15 སྔོན།

    ཉེ་ཆར་ཁམས་སྐྱེ་དགུ་མདོ་རུ་ས་ཡོམ་གྱིས་གནོད་རྐྱོན་ལ་རྟེན་ཏེ་མི་མང་པོའི་ཚེ་སྲོག་ཤོར་བ་དེ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གང་ཟབ་གནང་སྐྱོང་ཡོད་པར་ཞུ་ཞུ།།

    Reply
  11. འཁྲུངས་སྐར། says:
    ལོ་ 15 སྔོན།

    རྒྱ་རི་ཡང་བསྐྱར་ཕེབས་ན་ཕན་ཐོག་ཧ་ཅང་དཀོན།།

    Reply
  12. འཁྲུངས་སྐར། says:
    ལོ་ 15 སྔོན།

    འཇམ་རྣོན་ལགས་་བློ་ཟུར་བོར་གནས་ནས་བཀའ་མོལ་གསུང་རོགས་ཞུ།།

    Reply
  13. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    བཙན་བྱོལ་ནང་་དུ་ཞལ་འདེབས་ཅི་འབྱོར་བསྡུས་ནས་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་བརྒྱུད་ནས་གཏོནགནང་མཛད་ན་ཡག་པོ་ཡོད་རེད། ཡང་ན་རྒྱ་རི་རིན་པོ་ཆེ་༸གོང་ས་མཆོག་གི་སྐུ་ཚབ་ཡིན་ཙང་༌༸་གོང་ས་མཆོག་ཕེབས་མ་ཐུབ་ཚེ་རྒྱ་རི་ཚང་ངེས་པར་ཕེབས་དགོས་པ་རེད། ཁོང་གིས་༸་གོང་ས་མཆོག་དང་བཙན་བྱོལ་བོད་མའི་སྐུ་ཚབ་བྱེད་ཐུབ་ཀི་རེད། ཁོང་རྒྱ་ནག་གི་དཔོན་རིག་རྣམས་དང་སྔར་ནས་འབྲེལ་བ་ཡོད་པར་བརྟེན་ལན་པོ་ཞེ་དྲག་ཡོད་རེད་ལ་རྒྱ་མིས་ཀྱང་ཁ་བྲལ་བ་ཟེར་ནས་གཤེ་གཤེ་གཏོང་མ་རེད།

    Reply
  14. མིག་དམར་ཚེ་རིང་ says:
    ལོ་ 15 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུྃཿ འདི་ག་ས་གནས་སི་ནིའི་གྲོང་འཁྱེར་བྱང་ཕྱོགས་སུ་ཡོད་པའི་བོད་རིགས་མཐུན་ཚོགས་ནས་དེ་ཉིན་ཕྱི་ཚེས་་17་ཉིན་ས་ཡོམས་ཀྱི་གོད་ཆགས་བྱུང་བའི་འདས་གསོན་རྣམས་པའི་ཆེད་སྨོན་ལམ་གསོགས་སྒྲུབ་ཞུས་པ་དང་སྦྲགས་ཞལ་འདེབས་བསྡུ་བའི་ལས་འགུལ་ཞིག་སྤེལ་ཡོད།

    Reply
  15. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    འདི་ཟླའི་ཕྱི་ཚེས་ཉེར་ལྔ་ཉིན་༸སྐྱབས་མགོན་གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་འཕགས་ཡུལ་བྱང་ཕྱོགས་མངའ་སྡེ་dehra dunས་ཁུལ་དུ་ཡོད་པའི་དགོན་སྡེ་ཚང་མའིབསྔོ་སྨོན་གནང་བ་དེ་ནི་གཞི་བྱེས་གཉིས་དམ་ཚིག་མཐུན་པའི་རྟགས་རེད་སྙམ།།

    Reply
  16. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    འདི་འདྲ་ལས་འགུལ་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཤ་རུས་གཅིག་པའི་མི་རྣམས་ལ་འདི་འདྲ་ཡིད་སྐྱོ་བའི་གནས་ཚུལ་བྱུང་འདུག ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ དེ་བཞིན་སང་ཉིན་མི་དམངས་འཛོམས་ནས་སྨོན་ལམ་འདོན་རྒྱུ་ཡིན་འདུག་ཞུ།།ཕ་སིན་ནས་རྩམ་ཟས་ཞིག་གི་ཕུལ།།

    Reply
  17. ཤིང་རྟ། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོ་གནོད་འཚེ་ཕོག་ཁུལ་དུ་གཞུང་སྒེར་དུ་མས་རོགས་སྐྱོར་བྱེད་ཀྱིན་པ་ཡིན་ལ། རག་ཤུལ་དང་རང་པོ་ཟེར་ས་འདི་ལུང་ཁུག་འབྲོག་ཁུལ་ཡིན་པས་ས་ཡོམ་གྱི་གོད་ཆག་ཆེན་པོ་བྱུང་ཡོད་ཀྱང་རོགས་སྐྱོར་བྱེད་མཁན་མི་འདུག་ཅེས་ཐོས་སྐབས་ཤ་ཚ་དང་སྙིང་རྗེས་མ་བཟོད་ནས་འཕྲལ་དུ་འདི་ལྟར་གསལ་བསྒྲགས་བྱེད་པ་ཙམ་ལས་གཞན་པའི་དམིགས་ཡུལ་གང་ཡང་མེད། ནོར་འཁྲུལ་གང་ཡོད་འཐོར་ལོ་བཤགས་སོ། བཟོད་པ་མཛད་དུ་གསོལ།

    Reply
  18. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    ཤིང་རྟ་ལགས་ཁྱེད་རང་གི་རེ་བ་བཞིན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བརྒྱུད་ནས་ཡོང་བའི་ཞལ་འདེབས་ཚང་མར་དེར་སྤྲོད་ན་འགྲིག་གི་འདུག་པས། དངོས་གནས་ཡིན་གནས་ཚུལ་ཆེ་ཆུང་གཟིགས་ནས་བཤད་ན་དྲང་མོ་རེད། དེ་མིན་མགོ་མ་ཐར་གོང་རྐུག་བཛུལ་སྡོད་དགོས་པའི་སྐད་ཆ་བཤད་ན་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་རྣམས་མགོ་བོ་རྨོང་པའི་རྒྱུ་ཙམ་ལས་ཁྱེད་རང་གི་བཤད་འདི་སྨྱོ་གཏམ་རང་རེད། དཔེ་ན་ས་ཡོལ་སླད་དུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཚང་མས་སྐྱེ་རྒྱུ་མདོ་ལ་ས་ཡོལ་བསླད་འདུག་ཅེས་གསུང་གྱི་ཡོད་པ་ལས་སྐྱེ་རྒྱུ་མདོ་ལས་ས་ཕྱོགས་གཞན་ལ་ས་ཡོལ་སླད་མི་འདུག་ཅེས་གསུང་མཁན་མི་འདུག་གྲོགས་པོ་མགོ་མ་ཐོམ།

    Reply
  19. ཤིང་རྟ། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོ་ནས་རྒྱང་ཐག་སྤྱི་ལེ་༥༠ ལྷག་གི་མཚམས་ར་ཤུལ་དང་རང་འབོ་ཟེར་བའི་གྲོང་ཚོ་ཁ་ཤས་ལ་སྐྱེ་རྒུ་དང་ལྷན་དུ་ས་ཡོམ་ གོད་ཆག་ཆེན་པོ་བྱུང་སྟེ་ཁྱིམ་ཚང་༦༠་ཙམ་ཞིག་རྩ་མེད་དུ་སོང་ཡོད་པ་དང་ཤི་རྨས་ཤིན་ཏུ་མང་པོ་བྱུང་ཡོད་ཀྱང་། ད་སྐབས་དེ་ཕྱོགས་སུ་རོགས་སྐྱོར་བྱེད་མཁན་སུ་ཡང་སླེབས་མེད་སྐད། ཁ་པར་རྒྱུད་ནས་ཐོས། འདི་ཕྱོགས་ནས་ཉེན་སྐྱོབས་ཀྱི་མཐུ་རྐྱེན་བསྐྲུན་མཁན་དག་ལ་འབོད་སྐུལ་བྱས་ཏེ་དེ་ཕྱོགས་ལ་ཉམ་ཞིབ་བྱེད་དགོས་པ་སྣང་།

    Reply
  20. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    ཞལ་འདེབས་ཡོད་ན་སྐྱེ་རྒུ་བའི་མི་མང་ལ་་ལ་སྤྲོད་རོགས། ཅེས་གོང་ཏུ་དྲ་གྲོགས་བཀྲ་ཤེས་མིང་པས་བཤད་པར་རྒྱུ་མཚན་མཐོང་། དངོས་གནས་ཡིན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཅེས་འབོད་པའི་ཚོགས་པ་གསར་པ་འདིའི་བོད་རིགས་སྤུན་ཟླའི་ལ་རྒྱ་འཛིན་དེར་ལས་འགུལ་འདི་ལྟར་སྤེལ་བར་ཐེངས་དང་པོ་ཡིན་མིན་ལ་མ་ལྟོས་པར་དོན་ངོ་མ་ཆབ་སྲིད་དང་ཁེ་ཕན་གྱི་བསམ་བློ་མ་བཏང་བར་རིགས་ཞེན་ལ་རྒྱ་དང་ལྷག་བསམ་རྣམ་དག་ཡིན་ན་གུས་པས་དགའ་བསུ་ཞུ་རྒྱུ་རང་ཡིན། དེ་མིན་གོ་སྐབས་འདི་བཟུང་ནས་མང་ཚོགས་ལ་ཞལ་འདེབས་སྒྲུབ་པའི་མཐོ་མིང་རེ་རེ་བཞིན་ཚགས་པར་སོགས་སུ་གསལ་བསྒྲགས་བྱེད་རིན་མེད་པར་སྐུ་སྒེར་ཡིག་ཚང་མིང་ནག་པོ་བཟོ་ན་འགྲིག་ཐབ་མེད་པས། མང་ཚོགས་ནས་གནས་ཚུལ་རྙིང་པ་འདིའི་རིགས་མི་ཡོང་བར་ཞལ་འདེབས་ཡོད་ན་བོད་གཞུང་སྐུ་ཚབ་དང་འབྲེལ་བར་བྱེད་པ་ན་ཡག་པོ་འདུག་སྙམ།

    Reply
  21. ཚེར་མ། says:
    ལོ་ 15 སྔོན།

    རྒྱལ་བཅེས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་སྙིང་། འདི་གར་འཁོད་པའི་མིང་བྱང་འདི་དག་ངོ་བཤུས་གནང་ཏེ་འབྲེལ་ཡོད་དགོས་སྡེ་ཁག་ལ་ཐུགས་སྨོན་སྐྱབས་འཇུག་རོགས་རམས་གནང་རོགས། གཞན་ཡང་ཕྱོགས་མཐའ་ཁག་ནས་འབྲེལ་ཡོད་མི་སྣ་སུ་འདྲ་ཞིག་ཡིན་ནའང་རུང་འདི་གར་གཤིན་བྱང་བསྐུར་བ་གནང་ན་འདི་ཟླའི་ཕྱི་ཚེས་ཉེར་ལྔ་ཉིན་༸སྐྱབས་མགོན་གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་འདི་གར་dehra dunས་ཁུན་དུ་བཞུགས་པའི་རིས་མེད་བླ་ཆེན་ཁག་དང་གྲྭ་བཙུན་མི་དམངས་བཅས་ལྷན་འཛོམས་ཐོག་ཐུགས་སྨོན་བྱང་སྲེག་གནང་བ་ཐུགས་གཏན་ཁེལ་བའི་དེ་ལུགས་དགོངས་འཇགས་འཚར་བཅས་གོང་མིང་པས
    འབྲེལ་བ་གནང་ཡུལ།jam.sang@yahoo.com
    nyima1970@yahoo.com

    Reply
  22. སྐར་མདའ། says:
    ལོ་ 15 སྔོན།

    དེ་རིང་བདག་གི་ཨ་མི་རི་ཁའི་གྲོགས་པོ་ཞིག་གིས་ཁ་པར་རྒྱབ་བྱུང་ལ། ཁོས་བཤད་དོན་ཉེ་ལམ་ཛ་དྲག་གི་གནས་ཚུལ་འདི་ཐོས་སྐབས་རོགས་སྐྱོར་གང་ཐུབ་ཞིག་བྱེད་ཐུན་ན་བསམ་སོང་། སྐབས་དེར་ལམ་འགྲོ་རྒྱུགས་ནས་བོད་པའི་བུད་མེད་ཞིག་བདག་གི་ཞལ་འདེབ་བསྡུ་རུབ་བྱེད་ཀྱིན་འདུག མ་ཟད་མོ་རང་གིས་དེ་རང་ནས་བོད་ཡུས་ཤུལ་ཁུལ་དུ་གཏོང་ཐུབ་ཚུལ་བཤད་ནས། སྒྲོ་ལོར་༣༠༠་བརྒྱ་ཙམ་སྤྲད་ཡོད་ཅེས་བཤད་བྱུང་། གནས་ཚུལ་འདི་ཁ་ལི་སྤོར་ཉ་བྷིར་ཁི་ལི་ནས་བྱུང་ཡོད་འདུག
    གང་ལྟར་ཡང་ཞལ་འདེབ་ཕུལ་མཁན་འདྲ་ཡོད་ན། ས་གནས་ཀྱི་བོད་མི་ཚོའི་འཛིན་ཡིག་ཚད་ལྡན་འོགས་ཞལ་འདེབསམབསྡུ་རུབ་བྱས་དེ་ས་གནས་དེར་བརྟན་པོ་གཏོང་རྒྱུ་གལ་ཆེ་སྙམ།
    མ་ཟད་ས་ཁུལ་ཁ་ཤེས་ལ་གནས་ཚུལ་འདི་རིགས་འབྱུང་བཞིན་ཡོད་ངེས་རེད།

    Reply
  23. ཚེར་མ། says:
    ལོ་ 15 སྔོན།

    རྒྱལ་བཅེས་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་སྙིང་། འདི་གར་འཁོད་པའི་མིང་བྱང་འདི་དག་ངོ་བཤུས་གནང་ཏེ་འབྲེལ་ཡོད་དགོས་སྡེ་ཁག་ལ་ཐུགས་སྨོན་སྐྱབས་འཇུག་རོགས་རམས་གནང་རོགས། གཞན་ཡང་ཕྱོགས་མཐའ་ཁག་ནས་འབྲེལ་ཡོད་མི་སྣ་སུ་འདྲ་ཞིག་ཡིན་ནའང་རུང་འདི་གར་གཤིན་བྱང་བསྐུར་བ་གནང་ན་འདི་ཟླའི་ཕྱི་ཚེས་ཉེར་ལྔ་ཉིན་༸སྐྱབས་མགོན་གོང་མ་རིན་པོ་ཆེ་དབུ་བཞུགས་ཐོག་འདི་གར་dehra dunས་ཁུན་དུ་བཞུགས་པའི་རིས་མེད་བླ་ཆེན་ཁག་དང་གྲྭ་བཙུན་མི་དམངས་བཅས་ལྷན་འཛོམས་ཐོག་ཐུགས་སྨོན་བྱང་སྲེག་གནང་བ་ཐུགས་གཏན་ཁེལ་བའི་དེ་ལུགས་དགོངས་འཇགས་འཚར་བཅས་གོང་མིང་པས

    Reply
  24. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    ད་ལེན་ས་ཡོམ་འགོད་ཆགས་ལ་ཞལ་འདེབས་བསྡུ་རུབ་བྱེད་མཁན་རྣམས་ལ་རེ་འདུན་གང་ཟབ་ཞུས་རྒྱུ་ལ། ཞལ་འདེབས་ཀྱི་དངུལ་བོར་འདི་ཉིད་གནད་དུ་སྨིན་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གོས་ཐོས་བྱུང་བ་ལ་ན་ནིང་རྒྱ་ནག་གམ་ཧེ་ཌི་ལ་སོགས་ལ་ས་ཡོམ་གྱི་འགོད་ཆགས་བྱུང་རྐྱེན་རྣམས་ལ་ཞལ་འདེབས་བྱུང་བ་བཞིན་མི་མང་ལ་མ་བྱུང་བའི་གནས་ཚུལ་མང་དག་ཞིག་གོ་ཐོས་འདུག་པས། ཟབ་ཟབ་ནན་ཏན་གནང་རོགས་ཞེས་འབོད་བསྐུལ་ཞུ་ཡི་ཡོད། །དམིགས་བསལ་གྱི་རྒྱ་ནག་གིས་གནོད་ཤུགས་འོག་ཚུད་ཡོད་པས། ད་ལེན་བོད་ནང་ལ་དོན་རྐྱེན་བྱུང་བ་རྣམས་ལ་རོགས་རམ་གང་འདྲ་སེ་སྤྲོད་ཐུབ་བམ། དེ་དག་ཐུགས་བསམས་ཡག་པོ་ཞེས་རོགས་གནང༌། ཐུགས་རྗེ་ཆེ།།

    Reply
  25. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    གངས་ལྗོངས་རང་བདེན་མཐུན་ཚོགས་ཀྱི་བྱ་འགུལ་ལ་རྗེས་སུ་ཡི་རངས་དང། ཐེངས་འདིའི་ལས་འགུལ་ནི་རྣམ་པ་ཀུན་ཏུ་ཆབ་སྲིད་དང་འབྲེལ་མེད་ཅིག་ཏུ་བརྩོན་ན་ཧ་ཅང་བཟང་བར་སེམས།

    Reply
  26. སྐྱ་ཀ says:
    ལོ་ 15 སྔོན།

    http://www.kbi.com.au/
    ས་ཡོམ་གྱི་གོད་ཆག་འོག་འདས་རྐྱེན་ཤོར་བའི་ཕུང་པོ་མེ་བསྲེགས་གྱི་འདྲ་པར་ཁ་བྱང་འདིའི་སྟེང་སྣོན་རོགས།

    Reply
  27. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    གཞི་བྱེས་བོད་མིའི་སྐྱབས་གནས་༧་གོང་ས་སྐྱབས་མགོན་ཆེན་པོ་ད་ལྟའི་གནས་བབ་འདི་འདྲ་ཞིག་ལ་སྐྱེ་རྒུ་མདོར་འདས་པོའི་ལམ་སྟོན་གསོན་པོའི་སེམས་གསོའི་ཆེད་དུ་ཞབས་སོར་བཀོད་ཐུབ་ན་ནི། གཞིའི་བྱེས་བོད་མིའི་རིང་ནས་གནག་པའི་རེ་བ་ཡིད་བཞིན་དུ་འགྲུབ་པ་ཡིན་པས་། འདས་པོའི་གླ་བདེ་གསོན་པོ་རྣམས་ཀྱི་ཡིད་སྐྱོའི་མུན་པ་བསལ་བར་སྨོས་མེད་རེད་དེ། དངོས་སུ་ད་ལྟའི་ཆར་ཡོང་རྒྱུ་ཡོད་པའི་སྐད་ཆ་ཞིག་བཤད་ན་ཤི་གསོན་གཉིས་ལ་ཕན་ཐོག་དང་། ས་ཡོམ་རྒྱེབ་སའི་གནས་བབས། རྒྱལ་ཁབ་ཀྱི་ངོས་ནས་རེ་བ་སྒྲུབ་སྲིད་པ། གཙན་བྱོལ་ངོས་ནས་ཚབ་ཆོག་པ། ས་སྐྱ་གོང་མ་རིན་པོ་ཆེ་ཕྱག་ཕེབས་གཅིག་ཐུབ་ན། ཤི་ཕོའི་གླ་བདེ། གསོན་པོའི་སྐྱོ་གདུང་སེལ་ཐུབ་པ། གོང་ས་མཆོག་ཕེབས་པ་དང་ཁྱད་པར་གང་ཡང་མེད་པ་ཞིག་ཆགས་ཐུབ་པ་གཏན་གཏན་རེད། ཇི་ཙམ་ཆབ་སྲིད་གྱི་གནས་འགག་དང་མི་འདྲེས་པའི་ཕྱི་གསལ་ནང་གསལ་བྱེད་ནས་། སྐྱབས་མགོན་གོང་མ་རིན་པོ་ཆེ་གདན་འདྲེན་་ཆིབ་བསྒྱུར་ཞིག་སྐྱོངས་བའི་ཐབས་ཤེས་ཤིག་ཕན་ཚུན་གཉིས་ཆར་གྱིས་འབད་ཐུབ་ན། ངས་རྒྱ་ངོས་ནས་ཡིན་ནའང་རེད། གཙན་བྱོལ་གྱི་ངོས་ནས་ཡིན་ནའང་རེད། ཁ་ཟེར་དོན་ལ་འདུག་ཟེར་ཞུ་རྒྱུ་ཡིན།

    Reply
  28. རྒྱལ་བསྟན། says:
    ལོ་ 15 སྔོན།

    ལས་དོན་དེ་རྣམས་ཚགས་ཚུད་པོ་དང་དོན་འཁྱོལ་ཡོང་བར་རེ་བ་ཆེན་པོ་ཡོད།
    འཕྲལ་དུ་གོད་ཆག་ཕོག་ཡུལ་དུ་ངལ་སེལ་རོགས་སྐྱོབ་ཐོབ་ཐབས་དང་། ༸གོང་ས་མཆོག་གདན་འདྲེན་ཞུ་རྒྱུ་སོགས་ལས་དོན་གལ་ཆེན་པོ་དེ་རྣམས་གང་མགྱོགས་སྒྲུབ་ཐུབ་པ་དགོས་ཀྱི་འདུག
    ཞལ་འདེབས་བསྡུ་སྐབས་ཕུག་རྒྱང་རིང་པོའི་འཛུགས་བསྐྲུན་ལ་དགོངས་པ་བཞེད་དགོས་སམ།

    Reply
  29. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ཞལ་འདེབས་ཡོད་ན་སྐྱེ་རྒུ་བའི་མི་མང་ལ་་ལ་སྤྲོད་རོགས། སྐུ་སྒེར་་ཡིག་ཚང་ཟེར་བའི་བྱུང་འཛིན་རྫུན་མ་བཟོ་མཁན་གྱི་སྐྱ་མིན་སེར་མིན་དེ་ཚོ་མ་ལ་སྤྲད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese