མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསོལ་འདེབས་སྨོན་ལམ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་དབུས་རྒྱུན་དང་ངྷ་ས་མདོ་སྨད་ས་རྒྱུན་གཉིས་ཀྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་བྱུང་མཁན་རྣམས་ཀྱི་ཆེད་སྨོན་ལམ་ཞིག་ཚུགས་ཡོད་པ་རེད།

ཉེ་ལམ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཤུགས་ཆེར་བྱུང་བར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། མདོ་སྨད་དབུས་རྒྱུན་ལས་ཁང་དང་ངྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་དེ་རིང་སྔ་དྲོའི་ཞོགས་པའི་དུས་ཚོད་ ༩ ནས་ ༡༡ བར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག བཀའ་ཟུར་ཨ་ལགས་འཇིགས་མེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་སྤྱི་ཟུར་ཁག་ཅིག གཞན་མི་མང་བརྒྱ་ཕྲག་མཉམ་འཛོམས་བྱུང་སྟེ་འདས་པོར་གསོལ་འདེབས་སྨོན་ལམ་གཟབ་རྒྱས་ཤིག་འཚོགས་ཡོད་པ་རེད། འདི་གའི་གསར་འགོད་པས་མདོ་སྨད་དབུས་རྒྱུན་ལས་ཁང་གི་ཚོགས་གཞོན་རྨ་ཆུའི་མགོན་པོ་དོན་གྲུབ་ལགས་སུ་ཐེངས་འདིའི་སྨོན་ལམ་གྱི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། སྨོན་ལམ་འཚོགས་རྒྱུའི་ལས་འགུལ་དེ་འདྲ་ཞིག་གོ་སྒྲིག་བྱེད་དོན་གཙོ་བོ་ནི་མདོ་ཁམས་སྐྱེ་རྒུ་མདོ་ནས་བོད་མི་སྟོང་ཕྲག་འགའ་ས་ཡོམ་གྱི་གོད་ཆག་ཁྲོད་ཚེ་ལས་འདས་པ་དང་། དེ་མིན་བོད་མི་ཁྲི་ཕྲག་ཁ་ཤས་ཤིག་གིས་ད་དུང་སྨན་ཁང་དུ་སྡུག་བསྔལ་མྱངས་དང་མྱོང་བཞིན་ཡོད་ལ། ཤུལ་ལུས་བོད་མི་གང་མང་ཞིག་སྡུག་བསྔལ་གྱིས་མ་བཟོད་པའི་གནས་སུ་ལྷུང་ཡོད་པ་རེད། དེར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དེ་རིང་འདིར་མདོ་སྨད་དབུས་ས་གཉིས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དབུ་བཞུགས་ཐོག་གྲྭ་ཚང་དང་ཚོགས་པ་ཁག་ལྷན་འཛོམས་ཀྱིས་གསོལ་འདེབས་སྨོན་ལམ་འདི་འཚོགས་པ་ཡིན་ཟེར།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༢༢ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 10

  1. karma dorje says:
    ལོ་ 16 སྔོན།

    འཆི་གསོན་བར་དོ་གསུམ་གྱི་གསོལ་འདེབས།

    སངས་རྒྱས་ཆོས་དང་དགེ་འདུན་གསུམ། །
    བླ་ན་མེད་པའི་སྐྱབས་གནས་གསུམ། །
    འཆི་དང་ལས་འབྲས་སྐྱབས་འགྲོ་གསུམ། །
    སྐྱེ་འཆི་བར་དོར་དྲན་དགོས་གསུམ། །

    གང་ཞིག་གསུམ་ལ་སྐྱབས་འགྲོ་ན། །
    ངན་འགྲོ་གསུམ་ལས་ཐར་འགྱུར་ནས། །
    བདེ་འགྲོ་གསུམ་ལ་སྐྱེ་བར་འགྱུར། །
    སྡུག་བསྔལ་གསུམ་ལས་གྲོལ་བར་འགྱུར། །

    དེ་ཕྱིར་འཆི་བ་རྟག་ཏུ་སྒོམས། །
    ལས་འབྲས་གང་ཐུབ་ཅི་སྲུང་གྱིས། །
    སྐྱབས་འགྲོ་ངག་འདོན་བྱས་གྱུར་ན། །
    བདེ་ནས་བདེ་བར་འགྲོ་བར་ངེས། །

    Reply
  2. བཤད་སྒྲུབ says:
    ལོ་ 16 སྔོན།

    སྨོན་ལམ་འཚོགས་རྒྱུའི་ལས་འགུལ་འདི་སྤེལ་བར་དགའ་བསུ་ཡོད། ལྷག་པ་ཏུ་བོད་རིགས་ཅིག་གྱུར་གྱི་བསམ་བློ་ཚད་དང་ལྡན་པའི་ཐོག་ཆབ་སྲིད་གྱི་རྣམ་འགྱུར་ཅན་དུ་མ་སོང་བར་དོན་དམ་པའི་བོད་མི་སྐྱེད་སྡུག་གཉམ་མྱོང་ཞིག་ཡོང་བར་དགོས་མཁོ་དང་གོ་སྐབས་ཙམ་ལ་སྟོས་པ་མ་ཡིན་པར་དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་གནས་སྟངས་ལ་རྩ་འཛིན་དུས་རྟགས་ཏུ་གནང་གལ་ཆེ་བ་མཐོང་།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཡག་པོ་འདུག་བསྔགས་བརྗོད་ཡོད། ཚོགས་པ་སྐྱིད་སྡུག་བཙུགས་པའི་དགོས་དོན་འདི་རེད།

    Reply
  4. migyur says:
    ལོ་ 16 སྔོན།

    སྤྱི་ཚེས་ ༢༡ ཉིན་ཚེ་ལས་འདས་པ་དང་འདས་མ་རྣམས་ཀྱི་ཆེད། འབྲི་གུང་སྐྱབས་མགོན་རིན་པོ་ཆེ་མཆོག་ནས། གནས་འདྲེན་དང་བྱང་ཆོག་གསུང་རྒྱུ་རེད་འདུག་པས། གཞི་བྱེས་ཀྱི་ལྷན་རྒྱས་རྣམ་པས་ཚེ་འདས་རྣམ་པའི་མིང་ཐོ་གང་བྱུང་བ་ཚེས་ ༢༡ གི་སྔོན་ཚུད་ཁ་བྱང་འདིའི་ཐོག་གཏང་གནང་རོགས་ཞུ། mainly882001@yahoo.co.in ཡང་ན་ druktsering2003@gmail.com ཞེས་རྡེར་རྡུན་འབྲི་གུང་བཀའ་བརྒྱུད་ཀྱིས་འདི་གར་བཏང་གནང་བྱུང་།

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    མཐུནན་ལམ་གོང་བུ་ཆིག་སྒྲིལ་གྱི་མཚོན་རྟགས་ཆེ་ཤོས་ཤིག་རེད་འདུག

    Reply
  6. ཨརྱ། says:
    ལོ་ 16 སྔོན།

    མདོ་སྨད་ཀྱིས་བྱས་པ་ལེགས་སོང་། གཞན་ཡང་གཞིས་ལུས་མདོ་སྨད་པ་དག་ལ་སོ་སོའི་ཐད་ནས་རོགས་སྐྱོར་བྱེད་སྟངས་དང་རོགས་དངུལ་འབུལ་ཕྱོགས་སོགས་གསལ་འདེབས་རེ་བྱེད་རྒྱུ་གལ་ཆེ། ས་གནས་འགའ་རེ་ནས་རོགས་དངུལ་ཇི་ལྟར་འབུལ་དགོས་མ་ཤེས་པ་དང་། ས་གནས་རྒྱ་གཞུང་ལ་འབུལ་བཞིན་པའང་འདུག རྒྱ་རྒན་དེ་དག་གིས་ཡག་པོ་ཞིག་སྤྲོད་མིན་སུས་ཤེས།

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དྲ་གྲོགས་རྒྱ་ཡིག་ཤེས་མཁན་ཚོས་དྲ་བྱང་འདིའི་སྟེང་གཟིགས་ནས་རྒྱ་ཡིག་ཐོག་འཆན་རེ་བྲི་ན་ཡག་པོ་ཡོད་ས་རེད།རྒྱ་རྒན་ཁ་ཤས་ཀྱི་རྒྱལ་བ་རིན་པོ་ཆེ་ཡོང་མི་དགོས་པའི་གཏམ་བཤད་ཁུལ་བྱས་འདུག།
    http://www.secretchina.com/node/345261?nochche=1#comment_217467

    Reply
  8. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    །
    ང་ཚོར་གོད་ཆག་འདི་འདྲ་བྱུང་སྐབས་གཅིག་ཕན་གཅིག་རོགས་དང་དཀའ་སྡུག་མཉམ་མྱོང་བྱེད་དགོས་པ་ཧ་ཅང་གལ་ཆེན་ཞིག་ཡིན་པར་ཚོར་བཞིན་འདུག

    དེ་རིང་་ངས་སླར་ཡང་་ཡུལ་ཤུལ་མི་དམངས་རྣམས་ལ་ཐུགས་གསོ་དང་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།

    ང་ཚོའི་ཤ་རུས་གདུང་རྒྱུད་གཅིག་པའི་ཡུལ་ཤུལ་མི་དམངས་ལགས།

    སྡུག་དུས་སེམས་པ་མ་སྐྱོ་ཡུལ་ཤུལ་གྱི་མི་དམངས།
    སྐྱིད་དུས་ང་རྒྱལ་ང་བྱེད་ཡུལ་ཤུལ་གྱི་མི་དམངས།
    སྡུག་བསྔལ་དང་ལེན་གྱི་ཞིག་གནོང་དང་ཡུལ་ཤུལ་གྱི་མི་དམངས།
    སྔོན་བསགས་ལས་སྒྲིབ་དེ་ཟད་ཡོང་ཡུལ་ཤུལ་གྱི་མི་དམངས།

    སྡུག་བསྔལ་བཟོད་པ་ཞིག་སྒོམས་དང་ཡུལ་ཤུལ་གྱི་མི་དམངས།
    བཟོད་པའི་ཕན་ཡོན་ལ་སེམས་དང་ཡུལ་ཤུལ་གྱི་མི་དམངས།
    ངན་སོང་སྡུག་བསྔལ་དེ་དྲན་དང་ཡུལ་ཤུལ་གྱི་མི་དམངས།
    རེ་ལྟོས་དཀོན་མཆོག་ལ་བཅོལ་དང་ཡུལ་ཤུལ་གྱི་མི་དམངས།

    ངའི་སྤུན་ཟླ་ཡུལ་ཤུལ་གྱི་མི་དམངས་ལགས།

    ལུས་ཀྱི་ཕྱག་མཆོད་ཁྱེད་ཀྱི་ཕྱོགས་སུ་སྤྲིངས།
    ངག་གི་མ་ཎི་ཁྱེད་ཀྱི་སྙན་ལ་འབུལ།
    སེམས་ཀྱི་བསྔོ་སྨོན་འདས་པོའི་རྣམ་ཤེས་གསོ།
    ང་ཡི་ཡོད་ཚད་ཁྱེད་ཀྱི་ཆེད་དུ་སྦྱིན།

    ང་ཡི་སྙིང་ཉེ་ཡུལ་ཤུལ་གྱི་མི་དམངས་ལགས།

    གདུང་སེམས་མཉམ་སྐྱེད་ལུས་ཀྱི་དཀའ་སྡུག་སེལ།
    སྐྱིད་སྡུག་མཉམ་མྱོང་སེམས་ཀྱི་རྨ་ཁ་གསོ།
    བསྔོ་སྨོན་ཐུགས་གསོ་སེམས་ལ་སྤོབས་པ་སྦྱིན།
    སྡུག་དུས་མཉམ་རོགས་བོད་མིའི་ཁྱད་ཆོས་ཡིན།

    ངའི་སེམས་ནང་དུ་ཡོད་པའི་ཡུལ་ཤུལ་གྱི་མི་དམངས།
    སེམས་མ་སྐྱོ།་་་་་་་་་ཡིད་མ་ཞོམ།
    བློ་རྒྱ་སྐྱེད།་་་་་་་་་་་་བྱམས་སེམས་སྒོམས།
    ཉི་མ་སྤྲིན་པའི་འོག་ནས་ཤར་བའི་དུས་ཤིག་སླེབས་ཡོང།

    Reply
  9. ཡུས་ཞུན། says:
    ལོ་ 16 སྔོན།

    ཡག་པོ་རེད །

    Reply
  10. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    མདོ་སྨད་རྒྱུན་ལས་དང་བོད་ཕྱི་ནང་གི་མདོ་སྨད་མི་མང་གི་གནང་སྟངས་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་ཡ་ཡིན། དངོས་ནས་ཞུས་པ་ཡིན་ན་མདོ་ཁམས་སྟོད་ནས་འགོ་འཁྲིད་དགོས་པ་འདྲ་པོ་ཞིག་འདུག་ཀྱང་། གྲགས་འགུལ་ཅི་ཡང་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese