མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སང་ཉིན་མྱ་ངན་ཞུ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུ་ཆེད། ༢༠༡༠ ལོའི་ཟླ་ ༤ བའི་ཚེས་ ༢༡ ཉིན་རྒྱལ་ཡོངས་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར་ལ། ཉིན་དེར་རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་རྒྱུ་ཡིན་ལ། སྤྱི་པའི་རོལ་རྩེད་བྱ་འགུལ་སྣ་ཚོགས་མཚམས་འཇོག་རྒྱུ་ཡིན་པ་ཐག་བཅད་འདུག

མཆན། 35

  1. nima says:
    ལོ་ 13 སྔོན།

    I do agree with that. Our government should be first one to do it. I am bit disappoint with that.

    Reply
  2. ནད་པ says:
    ལོ་ 13 སྔོན།

    བོད་ཁམས་སྐྱེ་གུ་མདོར་ས་འགུལ་གྱིས་གནོད་འཚེ་ཚབས་ཆེ་བྱུང་བར་བརྟེན་དེ་རིང་རྒྱ་ནག་དབུས་གཞུང་གིས་དུང་སེམས་མཉམ་བསྐྱེད་དང་སྦྲགས་མྱ་ངན་སྲུང་བརྩི་གནང་བཞིན་ཡོད་པ་དེར་ངས་སྙིང་དབུས་ནས་དགའ་འཚོར་ཆེན་པོས་རྗེས་་སུ་ཡི་རངས་ངང་རྒྱ་ནག་གཞུང་དང་རྒྱ་ནག་མི་དམངས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

    དངོས་གནས་བྱས་ན་དེ་རིང་བཙན་བྱོལ་བོད་གཞུང་དམངས་ཡོངས་ཀྱིས་དེ་རིང་གི་དུས་ཚོད་འདི་དང་བསྟུན་ནས་ང་ཚོས་མཉམ་དུ་དུང་སེམས་མཉམ་བསྐྱེད་ངང་མྱ་ངན་སྲུང་བརྩི་ཞུ་ཐུབ་ན་རྒྱ་བོད་མི་རིགས་གཉིས་ཀའི་མངོན་འདོད་དང་ཡོངས་སུ་མཐུན་པ་མ་ཟད་རྒྱ་བོད་གཉིས་ཀྱི་དབར་འཆམ་མཐུན་ཆིག་སྒྲིལ་གྱི་འབྲེལ་ལམ་ཡང་ཇེ་ཟབ་ཏུ་གཏོང་ཐུབ་ཐུབ་པའི་དགེ་མཚན་ལྡན་ཡོད།

    Reply
  3. nima says:
    ལོ་ 13 སྔོན།

    I think you can write in English, Tibetan and Chinese as longs as regarding the article. That’s why call democracy. Free for speak and write.

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    དབྱིན་ཡིག་གི་མིང་ཅན་་་དམ་ཆོས་ཟེར་བ་དེས་རྟག་པར་རྒྱ་ཡིག་ཅིག་དང་མཚམས་རེར་དབྱིན་ཡིག་དུམ་བུ་རེ་བཀོད་ཀྱིན་འདུག་ བོད་ཡིག་མི་ཤེས་ན་འདིར་མ་ཕེབས་རོགས་་་འདི་བོད་ཡིག་འབྲི་ས་ལས་རྒྱ་དབྱིན་འབྲི་ས་མ་རེད་་་རྒྱ་དབྱིན་འབྲི་ས་གཞན་ལ་ཡོད་པ་དེར་རྒྱུགས་ལོ། ད་དུང་བཤད་སྟངས་ལ་བལྟས་ན་རྒྱ་དགའ་ཞིག་རེད་་་་་ཁྱོད་འདིར་མ་ཡོང་ན་ཡག་པོ་རེད་

    Reply
  5. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    【多維新聞】青海玉樹地震已過去整整一周,地震遇難人數已增至2,064人,中國將4月21日定為全國哀悼日以悼念地震遇難者,官方同時婉拒達賴喇嘛前往災區,明確拒絕國際救援隊入藏救援,并否認了此前境外媒體关于地震遇難人數數据不實的說法。

    Reply
  6. Dhamchoe @Tommy Thokme says:
    ལོ་ 13 སྔོན།

    Very good!

    Thank you Chinese government.

    Reply
  7. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སང་ཉིན་མྱ་ངན་ཞུ་ཟེར་བ་དེ་སྟོང་ལོ་བརྒྱད་ལ་འཛམ་གླིང་མི་མང་མདུན་དུ་གཅེར་བུ་སྟོན་པའི་ངོ་ཚ་ཡིས།སང་ཉིན་མྱ་ངན་ཞུ་ཁུལ་གྱི་གཅེར་བུའི་ལུས་ལ་གོས་ཤིག་གཡོག་འདོད་ཡོད་པ་འདྲ།དེ་ལྟ་བུའི་མྱ་ངན་ཞུས་ན་སི་ཁྲིན་རྒྱ་རིགས་རྣམས་ཀྱི་སེམས་ལ་ཅི་དྲན་ཡོང་ཡང་མ་བསམ་པར་ངོ་མཚར་ཆེ།ངོ་མ་སྲིད་དབང་སྒེར་འཛིན་པའི་འཛུབ་མོ་ག་སྟོན་ཤར་རང་རེད།བོད་མི་རིགས་ལ་དེ་ལྟ་བུའི་སྙིང་རྗེ་ཡོད་ན་བོད་མི་ཆབ་སྲིད་པ་ཚོ་བཙན་ནས་གཏང་ན་ཅི་མི་བཟང་།

    Reply
  8. ལུང་རྟོགས། says:
    ལོ་ 13 སྔོན།

    ད་རེས་ས་འགུལ་གྱི་གོད་ཆག་ཁྲོད་བྱེད་རྗེས་ཆེ་ཤོས་བཞག་མཁན་ནི་གྲྭ་པ་ཚོ་ཡིན་པ་ལས་དམག་མི་ཚོ་མ་རེད། འོན་ཀྱང་རྒྱ་གཞུང་གི་བརྙན་འཕྲིན་ཁགས་ནང་དམག་མིའི་རོག་བསྐྱོར་བྱས་པ་ལས་གྲྭ་པས་རོག་བསྐྱོར་བྱས་པ་ཅུང་ཟད་ལས་མཐོང་རྒྱུ་མི་འདུགས། འདིའི་ཐོག་ནས་མྱ་ངན་ཞུ་རྒྱུའི་དམིག་ཡུལ་གང་ཡིན་ཡང་མཐོང་ཐུབ

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 13 སྔོན།

    རེ་འབོད།
    སང་ཉིན་ཚེས་ 21 རེད་རྒྱ་གཞུང་ནས་ས་ཡོམ་འོག་འདས་གྲོང་བྱུང་བའི་ཡུལ་ཤུལ་མི་མང་ལ་མྱང་ངན་ཞུ་ཆེད་རྒྱ་ནང་དང་ཕྱི་རྒྱལ་གཞུང་ཚབ་དག་གི་རྒྱལ་དར་ཕབ་རྒྱུའི་ལས་རྒུལ་ཞིག་སྤེལ་བཞིན་ཡོད་པ་ནི་མི་སེམས་འགུལ་ཐུབ་པའི་བྱ་བ་བཟང་པོ་ཞིག་ཡིན། འོན་ཀྱང་བཙན་བྱོལ་སྲིད་གཞུང་གི་སེམས་ཚོར་ཅི་ཡང་མེད་པ་མ་ཟད་གོ་རྒྱུ་ཚོ་རྒྱུ་མིན་འདུག བཙན་བྱོལ་གྱི་དབུ་ཁྲིད་ཚོ་ཁྱོད་ཚོས་ནམ་ཀུན་མི་སེམས་འགུལ་བའི་བཀལ་མོལ་སྙན་མོ་བཤད་པ་ལྟར་ད་རེས་གཅིག་པུ་མི་སེམས་འགུལ་བའི་ཕྱག་ལས་ཕྲན་ཞིག་གནང་རོགས་སྐུ་མཁྱེན།

    Reply
  10. གཞིས་ལུས་བོད་པ། says:
    ལོ་ 13 སྔོན།

    རྒྱ་ནག་གི་མྱུར་སྐྱོབ་བྱེད་པའི་བརྙན་འཕྲིན་ཁག་ཏུ་གྲྭ་བ་ཡོད་པ་གཅིག་ཀྱང་མི་འདུག ཚང་མ་མེད་པ་བྱས་འདུག ཐད་གཏོང་བྱེད་བཞིན་པའི་རོགས་དངུལ་བསྡུ་བའི་མཛད་སྒོ་ལ་ལྟོས་དང་ཤེས་ཐུབ། ནམ་ཡིན་ཡང་འདྲ་མཉམ་མིན་པའི་གུང་ཁྲན་ཏང་།

    Reply
  11. བློ་བཟང་། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་མིས་མྱ་ངན་མེད་དམ།

    Reply
  12. བློ་བཟང་། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་མིར་མྱ་ངན་མེད་དམ།

    Reply
  13. karma dorje says:
    ལོ་ 13 སྔོན།

    མྱ་ངན་ཞུ་སྟངས་མི་འདྲ་བ་བཞི་ནི།

    ཆོས་པས་འདི་ཕྱིའི་བསྔོ་སྨོན་མཛད། །
    ཕྱུག་པོས་ལག་དངུལ་ཞལ་འདེབས་རྒྱོབས། །
    འགྲུལ་པས་ས་ཐོག་ལག་རོགས་མཛོད། །
    མཁས་པས་ཚིག་བཟང་སེམས་གསོ་གྱིས། །

    འཆི་གསོན་ཕྲལ་ཕུགས་བདེ་འགྱུར་ཅིག །

    Reply
  14. གླེན་པ་ལུག says:
    ལོ་ 13 སྔོན།

    དེ་རིང་ང་། ལས་དོན་ག་གེའི་མོའི་སླད་དུ་གངས་སྐྱིད་དུ་སོང་། ཉོབ་མདངས་ལྷུག་ལྷུག་གི་གཞུང་ཞབས་ཕོ་མོ་ཚོ་མཐོང་བས། ང་སྐྱོ་ཞིང་གདུང་། དེ་ནས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་བཅར། དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་ཚོའི་དགོད་སྒྲ་དང་། མཛུབ་བར་ནས་ཐག་ཐག་ཡར་བའི་གེ་རམ་གྱི་ཁྲོག་སྒྲ། ཧ་ཧ་དང་ཧོ་ཧོའི་དགོད་སྒྲ་དེ་ལས་རེ་བའི་སེམས་པ་རྨེག་མེད་དུ་བཅོམ་སོང་། རོ་ཐོག་རྟ་རྒྱུག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་སོང་། རྡ་རམ་ས་ལ་ན་ཅི་ཞིག་ཡོད་དམ། ༸གོང་ས་མཆོག་བཞུགས་པ་དངོས་གནས་རེད། ཁོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་སྐྱེ་རྒུའི་མི་དམངས་ལ་མཛའ་བརྩེའི་གསུང་འཕྲིན་དང་བསྔོ་སྨོན་གནང་སོང་། ད་དུང་ཐོག་དང་པོར་གོ་སྐབས་བརྩོན་ལེན་གནང་སྟེ། ཕ་ཡུལ་སྐྱེ་རྒུའི་ཡུལ་གྱི་རང་གི་འབངས་མི་ལ་ཐུག་ཏུ་འགྲོ་བར་དྲིལ་བསྒྲགས་སོང་། ༸གོང་ས་ཐམས་ཅད་མཁྱེན་པ་དངོས་གནས་བཞུགས་འདུག
    འོན་ཀྱང་བོད་གཞུང་གི་བཀའ་ཁྲི་མཆོག་ཀྱང་བཞུགས་ཡོད་དམ་མེད། མི་དམངས་སྤྱི་འཐུས་རྣམས་ཀྱང་བཞུགས་ཡོད་དམ་མེད། ཚོར་སྣང་ཅི་ཡང་མ་བྱུང་། གཅིག་བྱས་ན་གསང་བའི་བརྒྱུད་ལམ་རེ་ན་འབད་འབུངས་བྱེད་བཞིན་ཡོད་ལས་ཆེ། ད་ལྟའི་རེ་བ་བཅངས་ཡོད། ཉིན་གུང་གཞུང་ཞབས་ཚོའི་གུང་གསེང་སྐབས་ཀྱང་མཐོང་སོང་། ཚ་གདུག་ཆེ་བས་ཡིན་ནམ། ཚང་མའི་གདོང་ན་གྲིམ་རིག་རིག་གི་རྣམ་འགྱུར་དང་། ལང་ཆོག་ཆོག་གི་སྙིང་སྟོབས་ཟུར་ཙམ་ཡང་མི་འདུག ཚང་མ་ཕག་པ་ལྟར་ཡམ་ཡོམ་ལྷ་ལྷུག་ངང་འགྲོ་བཞིན་འདུག ལས་ཁུངས་ཁག་གི་ར་སྐོར་དང་། གྱང་རྟིང། རྒྱ་ལམ་བཅས་སུ་གད་སྙིགས་དང་ས་རྡུལ་ཕྱུར་བུར་སྤུངས་ཏེ་འདུག ངའི་སེམས་ལ་ཁོང་ཅག་ལ་ཚོར་བ་ཡོད་དམ་སྙམ། ཐེངས་འདིའི་སྐྱེ་རྒུའི་མི་དམངས་ལ་འཕྲད་པའི་གོད་ཆག་ཐད་ཁོ་ཚོར་རྒྱུས་མངའ་ཇི་ལྟར་ཡོད་དམ། བོད་གནས་ཉམས་ཞིབ་ཀྱིས་ཇི་ཞིག་ཉམས་ཞིབ་བྱས་ཡོད་ཨང་སྙམ། གལ་སྲིད་བདུན་ཕྲག་རེ་གཉིས་རྗེས་བོད་གནས་ཉམས་ཞིབ་པ་ཚོར་ཐེངས་འདིའི་གནས་ཚུལ་ཐད་དོན་དངོས་ལ་འབབ་པའི་རྒྱུགས་གཞི་ཞིག་སྤྲད་ན་གང་འདྲ་ཡིན་ནམ། རྒྱ་གཞུང་གིས་ལག་གང་སྔ་བརྩད་ནས་ཚེས་༢༡་ཉིན་སྐྱེ་རྒུའི་མི་དམངས་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཟེར། ང་ཚོའི་སྲིད་གཞུང་འདིའི་ཐད་ཀྱང་རྗེས་སུ་ལུས་སོང་། རང་གི་མི་དམངས་ལ་ད་ལྟའི་དར་སྲོལ་ལྟར་གྱི་མྱ་ངན་ཞུ་བར་རྒྱ་གཞུང་སྔོན་ལ་ཤོར་སོང་བར་ཅི་སྙམ་གྱི་འདུག་གམ། ངའི་གཅེས་ཤིང་བརྩེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་དང་དེའི་གཞུང་ཞབས་པ་ཚོ།

    Reply
  15. གླེན་པ་ལུག says:
    ལོ་ 13 སྔོན།

    ད་ལྟ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དགུའི་མི་དམངས་ལ་མྱ་ངན་དང་རྒུད་སྐྱོབས་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་སྤེལ་གྱི་འདུག གསར་འགོད་པ་དག་གངས་སྐྱིད་དཔེ་མཛོད་ཀྱི་སྒོ་འགྲམས་དང་། གསོལ་ཐབས་ཁང་བཅས་སུ་སོང་ནས་ལྟོས་དང་། དེ་གར་གེ་རམ་རྩེ་བཞིན་པའི་གཞུང་ཞབས་པ་ཚོའི་དགོད་སྒྲ་དང་། དཔེ་མཛོད་ལས་བྱེད་ཚོའི་འཛུམ་མདངས་དང་དགོད་སྒྲས་བཀང་ནས་འདུག ཐག་ཉེ་བའི་གསར་འགོད་པ་ཚོ་མྱུར་དུ་རྒྱུགས

    Reply
  16. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 13 སྔོན།

    སྐྱོ་གདུང་གི་ཁྲོད་ཀྱི་ངར་ཤུགས།
    ཀྱེ་མ།
    གོད་ཆག་གི་ཉིན་མོ་དེ་ནས་བཟུང་སྟེ།།
    བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
    སྐྱོ་སྣང་གི་མིག་ཆུ་རེ་རེ་འཐོར་མྱོང།།
    གོད་ཆག་གི་ས་ཁུལ་རེ་རེའི་ནང་གི།།
    བསད་རྨོས་ཀྱི་འདྲ་གཟུགས་རེ་རེས།།
    སྐྱོ་གདུང་གི་ན་ཟིག་རེ་རེ་སྦྱིན་སོང་།།

    ཀྱེ་མ། འདི་ནི་རང་བྱུང་གི་གནོད་འཚེ་རེད།
    འདི་ནི་ལྡོག་ཐུབ་མེད་པའི་རང་བྱུང་གི་གོད་ཆག་རེད། འདི་ནི་ཚེ་སྔོན་དུ་བསགས་པའི་ལས་དབང་རེད།

    ཨེ་མ།
    གོད་ཆག་གི་ཉི་མ་དེ་ནས་བཟུང་སྟེ།།
    བརྙན་འཕྲིན་གྱི་སྒོ་མོ་ཕྱེ་ཐེངས་རེ་རེར།།
    ལྷག་བསམ་གྱི་བགྱིད་སྒོ་རེ་རེ་མཐོང་སོང་།།
    བརྩེ་སེམས་ཀྱི་ལག་རྡང་གཅིག་ཏུ་སྦྲེལ་བའི།།
    བོད་རིགས་ཀྱི་བཅོས་མིན་ལ་རྒྱ་རེ་རེས།།
    གསོན་ཤུགས་ཀྱི་ངར་ཆུ་རེ་རེ་སྦྱིན་སོང་།།
    ཨེ་མ། འདི་ནི་མི་རིགས་ཀྱི་སྤྱོད་བཟང་རེད།།
    འདི་ནི་འགོག་ཐུབ་མེད་པའི་མི་བོད་རིགས་ཀྱི་སྤྱོད་བཟང་རེད།
    ཨེ་མ། འདི་ནི་བྱམས་དང་སྙིང་རྗེའི་རིན་ཐང་རེད།

    བསྔོ་སྨོན་དང་སྐྱིད་སྡུག་མཉམ་མྱོང་།

    རང་བྱུང་གི་གོད་ཆག་འོག་ནས།།
    ཚེ་སྲོག་གི་རྒྱུན་ཐག་ཆད་དེ།།
    ཕྱི་མ་ཡི་ལམ་ལ་ཞུགས་མཁན།།
    འཁྲུལ་སྣང་གི་འཇིགས་སྐྲགས་མ་བྱེད།།

    རིས་མེད་ཀྱི་སྐྱེས་ཆེན་དུ་མའི།།
    དམིགས་མེད་ཀྱི་བརྩེ་བའི་དབྱིངས་ནས།།
    དྲི་མེད་ཀྱི་བསྔོ་སྨོན་བཟང་པོ།།
    ཁྱེད་ཅག་གི་ཆེད་དུ་བསྔོས་ཡོད།།

    ཆོས་ལྡན་གྱི་སྐྱེ་བོ་རྣམས་ཀྱི།།
    ཡིག་དྲུག་གི་དབྱངས་རྟ་སྙན་མོ།།
    སྣང་གསལ་གྱི་མར་མེ་ལྷན་དུ།།
    ཁྱེད་ཅག་གི་རྫོང་བར་ཕུལ་ཡོད།།

    རང་བྱུང་གི་གོད་ཆག་འོག་ནས།།
    ལུས་སེམས་ཀྱི་རྨ་ཁ་ཆེ་བའི།།
    ཡུལ་ཤུལ་གྱི་ཤུལ་ལུས་མི་མང།།
    དཔའ་ཞུམ་གྱི་མྱ་ངན་མ་བྱེད།།

    རྒྱལ་ཁབ་ཀྱི་བཀོད་འདོམས་འོག་གི།།
    ལྷག་བསམ་གྱིས་དང་དུ་བླངས་པའི།།
    མྱུར་སྐྱོབས་ཀྱི་རུ་ཁག་མང་པོས།།
    ངལ་མེད་ཀྱི་ལས་དོན་སྒྲུབ་བཞིན།།
    ཁྱེད་ཅག་གི་གནས་དེར་བསྡད་ཡོད།།

    ཕྱི་ནང་གི་བོད་རིགས་ཡོངས་ཀྱིས།།
    སྙིང་རྗེ་ཡི་ཕྱག་ཟུང་སྐྱོངས་བཞིན།།
    བརྩེ་སེམས་ཀྱི་ཐུགས་ཁུར་ཆེན་པོ།།
    ཁྱེད་ཅག་གི་ཕྱོགས་ལ་བཅངས་ཡོད།།

    Reply
  17. འབྲི་འབྲོང་། says:
    ལོ་ 13 སྔོན།

    མིགྷ་ལོར་ལ་དེ་ཙམ་ཞལ་འདེབས་བསྡུ་རུབ་བྱེད་མཁན་མང་པོ། དོག་པ་ཟ་དགོས་པ་ཞིག་རེད། དེའི་ནང་ཁག་ཅིག་ནི་དངོས་ཡོད་གནས་ཚུལ་ཡིན་ངེས་པ་རེད། འགའ་ཞིག་དོག་པའི་གནས་རེད། ཁྱི་ཤི་ཕོ་རོག་གྲོགས་རྒྱུགས་ཟེར་པའི་དཔེ་ལྟར་རེད། དེ་ལས་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། རོགས་དངུལ་བསྡུ་རུབ་ཚོགས་པའི་ལས་ཤོག་ལས་དམ། སྤྲོད་མཁན་ངོས་ནས་ཡིན་ན་བློ་དོགས་མེད་པ། ལེན་མཁན་ངོས་ནས་ཡིན་ལ་ངོ་ཚ་མེད་པ་འགྲོ་ས་འགྲོ་ཁུངས་ཀྱི་ཆེད་དུ་རྩ་འཛུགས་བྱེས་པ་ཡིན་ན་རང་བཞན་ཚང་མ་ཕན་ཐོག་ཆེ་བར་སེམས། དེ་ལས་ལྡོག་སྟེ་མི་ངན་ཁག་ཅིག་གིས་ད་རེས་གོད་ཆག་དེ་ལ་ཁག་བཀྲི་བྱས་ཏེ་མ་དངུལ་བསྡུ་ཁུལ་བྱེད་པ་དང༌། ཤོག་བུ་དང་ཁ་བྱང་རྫུན་བཟོ་མི་སྲིད་པ་མིན་པའི་ཚང་མའི་ཡིད་ཟབ་དགོས་་པ་ཞིག་རེད་བསམ། དེ་དང་འདྲ་བར་སྐྱེ་ནང་དུ་དེ་ལྟ་བུའི་གོད་ཆག་བྱུང་མོད་ཀྱང༌། འགའ་ཞིག་གིས་བྱེད་སྟངས་བསམ་ཡུལ་འདས་པ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདག་པས་སེམས་པ་སྐྱོ་བ་ལ། ཨ་ཙི། ཅི་དྲག ངོ་མ་བདེན་པ་ཡིན་ཚོད་འདུག

    Reply
  18. འཚོལ་ཞིབ says:
    ལོ་ 13 སྔོན།

    ང་ཚོའི་བོད་གཞུང་གི་ལས་བྱེད་པའི་སེམས་ཤུགས་དང་ལས་དོན་བྱེད་ཕྱོགས་ལ་དངོས་གནས་འགྱུར་བ་ཆེན་པོ་གཏོང་དགོས་འདུག་་གཟིགས་དང་རྣམ་པ་ཚོ།་བོད་གཞུང་གི་བོད་དབྱིན་གཉིས་ཀྱི་དྲ་རྒྱ་དང་བརྙན་འཕྲིན་དྲ་རྒྱ་སོགས་ནང་ས་འགུལ་གྱིས་ཚེ་སྲོག་ཤོར་བའི་མི་གྲངས་རྒྱ་ནག་གཞུང་གི་གྲངས་ཐོར་ཉུང་བ་ཡོད་པ་མ་ཟད།་དེ་ཡང་བོད་དབྱེན་གཉིས་གྲངས་ཐོར་མི་འདྲ་བ་རེ་རེ་འདུག་་གནས་ཚུལ་ལ་དོན་དངོས་ཀྱིས་ཞིབ་འཇུག་བྱེད་ཀྱི་མེད་པའི་དངོས་ར་འཕྲོད་སོང་ཧ།

    Reply
  19. ཁ་སྒང་བ། says:
    ལོ་ 13 སྔོན།

    མྱ་ངན་ལས་གཞི་དེའི་རྒྱབ་ལོག་ཡང་ཆབ་སྲིད་ཀྱི་ངན་ཇུས་ཅི་ཞིག་བཤམས་ཡོད་དམ།

    Reply
  20. གོང་ཐུབ། says:
    ལོ་ 13 སྔོན།

    འདིར་བརྒྱུད་བསྒྲགས་ཤིག་ལ།
    ད་ནངས་ནས་མགགྷན་སྟོད་ཀྱི་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་དང་སྨད་ཀྱི་གཙུག་ལག་ཁང་གི་སྒོ་འགྲམ་ནས་ས་འགུལ་གོད་ཆགས་བྱུང་སའི་ཡུལ་ཤུལ་མི་མང་དོན་དུ་བྱུང་འཛིན་དང་བཅས་ཞལ་འདེབས་སྡུད་ཀྱིན་འདུག
    བྱུང་འཛིན་ཐོག་གི་ཁ་བྱང་འདི་ལྟར།

    ༤།༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་།

    KUNGA GUEST HOUSE BHAGSU ROAD P.O. MCLEOD GANJ, DHARAMSALA-176219H.P. /EMAIL yushu-414@hotmail.com

    Reply
  21. ཚེ་རིང་། says:
    ལོ་ 13 སྔོན།

    གཅིག་རིང་་་་་་་་ཉིན་གཅིག་གི་རིང་ལ

    Reply
  22. ཚེ་རིང་། says:
    ལོ་ 13 སྔོན།

    ཡུལ་ཕྱོགས་གང་སར་གནས་པའི་བོད་རིགས་ཡོངས་རྫོགས་ཀྱིས་དུས་གཅིག་ཏུ་སའི་གོ་ལའི་ཟུར་ངོས་སོ་སོ་ནས་བོད་མདོ་སྟོད་ཁམས་ཁུལ་གྱི་སྒ་སྐྱེ་རྒུ་མདོའི་ཚེ་འདས་རྣམས་ཀྱི་ཆེད་དུ་མྱང་ངན་གྱི་བྱ་འགུལ་ཞིག་སྤེལ་ཐུབ་དགོས་རྒྱུ་ནི་གལ་ཆེ་གི། ཡིན་ནའང་། རྒྱ་ནག་གཞུང་གི་སྒྲིག་འཛུགས་དང་མཉམ་དུ་བྱེད་དགོས་དོན་མི་འདུག ད་དུང་ཚང་མས་ཐུགས་སེམས་བཞེས་དགོས་རྒྱུ་ཞིག་ལ། དགོངས་ཞགས་༤༩ འཁོར་བའི་ཉིན་མོ་དེར་ཚེ་འདས་དག་གི་ཆེད་དུ་བོད་རང་གི་སྲོལ་དང་མཐུན་པའི་དགེ་སྒྲུབ་ཀྱི་ཆོ་ག་ཆེན་པོ་ཞིག་བོད་ཕྱི་ནང་གཉིས་གཙོས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བའི་ཆོས་ཚོགས་དགོན་སྡེ་དང་བོད་རིགས་ཡོངས་ཀྱིས་གཅིག་རིང་ལས་མཚམས་བཞག་ཏེ་དུས་གཅིག་ཏུ་དགེ་སྒྲུབ་སྨོན་ལམ་བྱ་ཐུབ་པ་ཞིག་ཡོངས་ན་ཅི་མ་རུང་སྙམ།

    Reply
  23. ཚེ་རིང་། says:
    ལོ་ 13 སྔོན།

    ཡུལ་ཕྱོགས་གང་སར་གནས་པའི་བོད་རིགས་ཡོངས་རྫོགས་ཀྱིས་དུས་གཅིག་ཏུ་སའི་གོ་ལའི་ཟུར་ངོས་སོ་སོ་ནས་བོད་མདོ་སྟོད་ཁམས་ཁུལ་གྱི་སྒ་སྐྱེ་རྒུ་མདོའི་ཚེ་འདས་རྣམས་ཀྱི་ཆེད་དུ་མྱང་ངན་གྱི་བྱ་འགུལ་ཞིག་སྤེལ་ཐུབ་དགོས་རྒྱུ་ནི་གལ་ཆེ་གི། ཡིན་ནའང་། རྒྱ་ནག་གཞུང་གི་སྒྲིག་འཛུགས་དང་མཉམ་དུ་བྱེད་དགོས་དོན་མི་འདུག ད་དུང་ཚང་མས་ཐུགས་སེམས་བཞེས་དགོས་རྒྱུ་ཞིག་ལ། དགོངས་ཞགས་༤༩ འཁོར་བའི་ཉིན་མོ་དེར་ཚེ་འདས་དག་གི་ཆེད་དུ་བོད་རང་གི་སྲོལ་དང་མཐུན་པའི་དགེ་སྒྲུབ་ཀྱི་ཆོ་ག་ཆེན་པོ་ཞིག་བོད་ཕྱི་ནང་གཉིས་གཙོས། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་བའི་ཆོས་ཚོགས་དགོན་སྡེ་དང་བོད་རིགས་ཀྱིས་ཉིན་གཅིག་དུས་གཅིག་ཏུ་བྱ་ཐུབ་པ་ཞིག་ཡོངས་ཅི་མ་རུང་སྙམ།

    Reply
  24. གངས་རིའི་གླིང་བུ། says:
    ལོ་ 13 སྔོན།

    བཙན་བྱོལ་གཞུང་དམངས་གཉིས་ལ་དོན་དམ་པའི་སེམས་ཁུར་དང་ན་ཟུག་ཅིག་ཡོད་ད་བར་འདས་གསོན་ཚོར་སེམས་གསོ་དང་མྱ་ངན་མི་བྱེད་པ་ཅི་རེད།

    Reply
  25. བློ་བཟང་། says:
    ལོ་ 13 སྔོན།

    འདི་ནི་རྒྱ་ནག་གི་ལས་དབང་མ་ཡིན་པར། བོད་པའི་ལས་དབང་རེད།

    Reply
  26. བློ་བཟང་། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་མི་ཡོད་དོ་ཅོག་ལ་བོད་གཞུང་གིས་མྱ་ངན་ཞུ་དགོས་པའི་བཀའ་ཁྱབ་བསྒྲགས་ན་ཡག་པོ་འདུག འདི་ནི་ལས་དབང་མ་ཡིན་པར་བོད་མིའི་ལས་དབང་རེད།

    Reply
  27. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་གནས་སྟངས་དང་སའི་གོ་ལའི་གནས་སྟངས། ཡུལ་ཤུལ་གྱི་ཁ་སང་དེ་རིང་གི་གནས་སྟངས། འདི་དག་ཡོད་ཚད་ལ་རྟེན་འབྲེལ་གྱི་ཆ་ཅི་ཞིག་ཡོད་མེད་གླེང་ཆོག་གི་རེད།

    Reply
  28. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱིས་ཕ་མེས་ནས་བཟུང་སའི་གོ་ལར་བཟུང་བའི་རྣམ་འགྱུར། ལྟ་ཚུལ། འབྲེལ་བ་བཅས་ཀྱི་ཕྱོགས་དང་། དུས་ནམ་ཞིག་ནས་བཟུང་ང་ཚོའི་རྣམ་འགྱུར་སྔར་ལས་འགྱུར་མགོ་བཙུགས་མིན་སོགས་བཤད་ཆོག

    Reply
  29. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    ཕྱི་ཚེས་ ༢༡ ཉིན་རྒྱ་ནག་རྒྱལ་ཡོངས་ཀྱི་མྱ་ངན་རེད། ཕྱི་ཚེས་ ༢༢ ཉིན་ནི་སའི་གོ་ལའི་ཉིན་མོ་རེད། ང་ཚོས་ཉིན་མོ་འདིར་སའི་གོ་ལ་མཉམ་དུ་བགྲོ་གླེང་ཞིག་བྱེད། ཡུལ་ཤུལ་གྱི་གོད་ཆག་ཀྱང་སའི་གོ་ལའི་ཉིན་མོར་བཤད་ན་ཡག་ས་རེད།

    Reply
  30. གནམ་ལྕགས། says:
    ལོ་ 13 སྔོན།

    རེད། ང་ཚོས་ཀྱང་ཉིན་གཅིག་ལ་རྒྱལ་དར་སོགས་ཕབ་ནས་མྱ་ངན་གུས་འདུད་ཞུ་ཆོག་གི་རེད། གལ་སྲིད་དེ་འདྲ་མ་བྱས་ན་ཡག་པོ་ཡང་མི་འདུག་སྙམ།

    འདི་ནི་འཛམ་བུ་གླིང་གི་འགྲོ་སྟངས་ཤིག་དང་མཐུན་པ་རེད། ཡུལ་ཤུལ་མི་མང་ཧྲི་པོ་ཤོག

    Reply
  31. ནད་པ says:
    ལོ་ 13 སྔོན།

    དེ་ནི་རྒྱ་ནག་དབུས་གཞུང་གིས་འཇིག་རྟེན་མི་སྤྱོད་ཀྱི་བྱ་བཞག་བཟང་པོར་བརྩི་བའི་རྒྱལ་ཡོངས་ཀྱིས་བྱེད་དགོས་པའི་བྱ་བ་ཞིག་ཡིན་སྟབས་ང་ཚོས་སྙིང་དབུས་ནས་བཅོས་མིན་གྱིས་དགའ་འཚོར་སྐྱེ་དགོས་པ་ཞིག་རེད།

    རེད། ཏག་ཏག་རེད། སང་ཉིང་ང་ཚོས་ཀྱང་རྒྱ་ནག་གཞུང་གི་མྱ་ངན་གུས་བདུད་ཀྱི་ཉིན་དང་སྟབས་བསྟུན་ནས་ང་ཚོས་འདི་ནས་བཙན་བྱོལ་གཞུང་དམངས་ཡོངས་ཀྱིས་མྱ་ངན་ཞུ་ཐུབ་ན་དེ་ནི་རྒྱ་བོད་གཉིས་ཀའི་གཞུང་དམངས་ཀྱི་སེམས་པ་གཅིག་ཏུ་སྤྲེལ་ཐུབ་པའི་མཚོན་རྟགས་བཟང་པོ་ཞིག་རེད།

    Reply
  32. ནད་པ says:
    ལོ་ 13 སྔོན།

    དེ་ནི་རྒྱ་ནག་དབུས་གཞུང་གིས་འཇིག་རྟེན་མི་སྤྱོད་ཀྱི་བྱ་བཞག་བཟང་པོར་བརྩི་བའི་རྒྱལ་ཡོངས་ཀྱིས་བྱེད་དགོས་པའི་བྱ་བ་ཞིག་ཡིན་སྟབས་ང་ཚོས་སྙིང་དབུས་ནས་བཅོས་མིན་གྱིས་དགའ་འཚོར་སྐྱེ་དགོས་པ་ཞིག་རེད།

    རེད། ཏག་ཏག་རེད། སང་ཉིང་ང་ཚོས་ཀྱང་རྒྱ་ནག་གཞུང་གི་མྱ་ངན་གུས་བདུད་ཀྱི་ཉིན་དང་སྟབས་བསྟུན་ནས་ང་ཚོས་འདི་ནས་བཙན་བྱོལ་གཞུང་དམངས་ཡོངས་ཀྱིས་མྱ་ངན་ཞུ་ཐུབ་ན་དེ་ནི་རྒྱ་བོད་གཉིས་ཀའི་གཞུང་དམངས་ཀྱི་སེམས་པ་གཅིག་ཏུ་སྤྲེལ་ཐུབ་པའི་མཚོན་རྟགས་བཟང་པོ་ཞིག་རེད།

    Reply
  33. འབྲོག་རུ་ཆོས་གྲགས། says:
    ལོ་ 13 སྔོན།

    སྤྱིར་བཏང་ཡིན་ན། དེ་རིང་དམིགས་བསལ་གྱིས་མྱ་ངན་ཞུ་དགོས་པ་རེད། དེ་རིང་ས་ཡོམ་རྒྱུག་ནས་བདུན་ཕྲག་གཅིག་འགོར་བ་རེད། བོད་པའི་ལུགས་སྲོལ་ཡིན་ན། རྐྱེན་འདས་སུ་སོང་བའི་བདུན་ཕྲག་གཅིག་གི་དུས་ཚིགས་འདི་དམིགས་བསལ་ཞིག་ལ་ངེས་འཛིན་གནང་གི་ཡོད་པ་ལྟར་རེད། ཡིན་ནའང་། བོད་གཞུང་དམངས་གཉིས་ལ་གྲགས་འགུལ་ཅི་ཡང་མི་འདུག མ་ཟད་རྒྱ་ནག་གིས་མྱ་ངན་ཞུ་གི་ཉི་མ་དེ་འང་གང་འདྲ་བྱ་རྒྱུ་ཡིན་མིན་མི་ཤེས་ཡ།

    Reply
  34. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    ༄༅། བཙན་འབྱོང་གཞུང་ནས་གང་འདྲ་ཞིག་བྱེད་རྒྱུ་ཡིན་ནམ

    ལུང་རིགས་ནས་གསུངས་པ་བདེན་པ་རེད་འདུག་

    Reply
  35. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་གཞུང་གིས་ཉིན་དེར་བོད་ཀྱི་རྒྱལ་དར་ཕབ་ནས་ཀྲུང་གོའི་མི་དམངས་དང་མཉམ་དུ་ཡུལ་ཤུལ་གྱི་མི་དམངས་ལ་མྱ་ངན་ཞུས་ན་གང་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist