མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་རྒྱ་ནག་རྒྱལ་ཡོངས་ཀྱིས་མྱ་ངན་གྱི་མཛད་སྒོ་སྤེལ་བ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp
 

དེ་རིང་རྒྱ་ནག་གིས་གཞུང་འབྲེལ་ཐོག་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་སུ་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་གྱིན་ཡོད་ལ། རྒྱལ་ཡོངས་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གིས་རྒྱལ་དར་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས་ཡོད།

 

དེ་རིང་ཞོགས་པའི་ཆུ་ཚོད་ ༥ དང་སྐར་མ་ ༣༣ སྟེང་། གནམ་བདེ་སྒོ་མོ་ཆེ་ཐང་ཆེན་ནས་རྒྱུན་ལྡན་གྱི་རྒྱལ་དར་སྒྲེངས་པའི་མཛད་སྒོ་སྤེལ་རྗེས། དར་ཆ་ཕྱེད་ཙམ་མར་ཕབ་པ་དང་། མི་རྣམས་ཀྱི་ལང་ལོང་སྒོས་ཞྭ་ཕུད་ནས་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པ་རྣམས་ལ་མྱ་ངན་ཞུས།

ལྷ་ས་གྲོང་ཁྱེར་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་དར་ཆ་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུས། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཚོ་སྔོན་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླར་མྱ་ངན་ཞུས།

ཟི་ལིང་གྲོང་ཁྱེར་ཞིན་ཉིན་ཐང་ཆེན་ནས། ཞིང་ཆེན་ལྟེ་གནས་དང་ཟི་ལིང་ས་ཁུལ་གྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཡུལ་ཤུལ་ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླར་མྱ་ངན་ཞུས།

ཉིན་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་དང་། ཅང་ཙེ་མེན།  བུའུ་པང་གོ  བུན་ཅ་པོ།  ཅ་ཆིན་ལིན། ལིས་ཁྲང་ཁྲོན། ཞི་ཅིན་ཕེན། ལིས་ཁི་ཆང་། ཧི་གོ་ཆང་། ཀྲིག་ཡུང་ཁང་བཅས་ཀྱིས་པེ་ཅིན་སོགས་ནས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་དང་མཉམ་དུ་མཚོ་སྔོན་ཡུས་ཧྲུའུ་ས་འགུལ་ཁྲོད་དུ་ཚེ་ལས་འདས་པ་རྣམས་ཀྱི་ཆེད་དུ་དུས་ཚོད་སྐར་མ་གཅིག་རིང་མྱ་ངན་ཞུ་བཞིན་པ། 

དེ་བཞིན་དེ་རིང་སྔ་དྲོའི་དུས་ཚོད་དགུའི་སྟེང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་གྱི་མཁའ་དབྱིངས་སུ་སྤྲིན་ནག་འཁྲིགས་པ་དང་། སྐྱེ་རྒུ་གྲོང་རྡལ་སྲིད་གཞུང་གི་ཐང་ཆེན་དུ་ལས་རིགས་སོ་སོའི་མང་ཚོགས་སྟོང་གཅིག་ལྷག་མཉམ་དུ་འཛོམས་ཏེ། ས་འགུལ་ཁྲོད་ཚེ་ལས་འདས་པའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བྱས་པ་དང་།  དགོན་པ་སོ་སོའི་གྲྭ་བ་ཚོའི་སྨོན་ལམ་གསུངས་ཡོད་འདུག  

 

 དགེ་འདུན་པ་རྣམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་མྱ་ངན་ཞུ་བའི་མཛད་སྒོར་སྐྱོད་ཀྱིན་པ། 

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

ཆུ་ཚོད་ ༡༧ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༢༠ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༢༡ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

མཆན། 63

  1. སྟོབས་ལྡན། says:
    ལོ་ 16 སྔོན།

    ཡ་དྲྭ་གྲོགས་ལས་མེད་འདི་ཚོས་རྫོགས་རྒྱུ་མེད་པའི་སྐད་ཆ་མང་དག་བཤད་ཤག །ཡིན་ནའང་རིག་པ་ཁ་ཤས་མ་གཏོགས་མང་ཆེ་བ་ནི་ཐབས་ལམ་རྙེད་པའི་ལམ་སྟོན་མིན་པར་ཕྱོགས་འཐེན་དང་ཕན་ཚུན་སྐྱོན་འཛུགས་རང་བྱས་ཏེ། སྤྱི་ཚོགས་ནང་གནོད་སྐྱོན་ཐེབས་པའི་ལས་ཀར་འགྱུར་ངེས་འདུག་པས། དྲྭ་ཤོག་ནང་ཞུགས་པའི་ང་ཚོ་ཚང་མས་མ་འོངས་པར་ངེས་པར་གཟབ་ནན་བྱེད་དགོས་པ་འདུག །

    Reply
  2. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 16 སྔོན།

    གྲོགས་པོ་བློ་བཟང་ལགས་ཁྱོད་རང་ཡོང་བོད་མི་ཡིན་པས་བོད་ལ་འགྲོ་འོས་པ་ཡིན་འདི་ནི་ཟམ་གདོང་རིན་པོ་ཆེན་གཅིག་པོའི་ལས་འགན་མ་ཡིན་

    Reply
  3. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    གྲྭ་གྲོགས་བློ་བཟང་མིང་ཅན་ལགས་ཟམ་དོང་རིན་པོ་ཆེར་ཁ་དེ་འདྲ་རང་གཏོང་དགོས་རྒྱུ་ཨེ་ཡོད།་གང་ལྟར་ཡང་ཁོང་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་གོང་དུ་བཀུར་བའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་ཁྲི་པ་ཞིག་རེད།་གལ་ཏེ་ཁྱེད་རང་ཁ་གཏོང་དགོས་ན་གཞུང་ལ་ལྷག་བསམ་མེད་པའི་གངས་སྐྱིད་ཀྱི་ལས་བྱེད་ཁ་དང་གྲོད་ཁོག་དགོན་པ་ནས་ཡིན་པ་་མང་དག་ཞིག་ཡོད་པ་དེ་རྣམས་ལ་ཁ་རྡུང་གཏོང་།་ཨོང་གོ་

    Reply
  4. ལུང་རྟོགས། says:
    ལོ་ 16 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས་ནས་ད་རེས་དངོས་གནས་དྲང་པོ་ཞིག་གསུང་འདུག དགའ་བསྲུ་ཡོད། འོན་ཀྱང་བོད་ནང་གི་ས་འགུལ་གྱི་གནོད་འཚེ་དེ་དང་བསྟུན་ནས། བསྐབ་འཚོལ་བ་ཁག་གཅིག་གིས་བོད་གཞུང་དམང་གཉིས་བར་ལ་འགལ་བ་བཟོ་གྲབ་འདུགས་ན་ཚང་མས་གཟབ་དགོས།

    Reply
  5. གངས says:
    ལོ་ 16 སྔོན།

    ད་བོད་གཞུང་གི་བྱེད་ཡ་དེ་ཕྱི་དྲག་སོང་། ད་ཐེངས་བོད་གཞུང་གི་སྤྲེལ་ལད་འཁྲབ་ཤེས་མ་སོང་།
    རྒྱ་འདི་བ་ཚང་ངོ་མ་ངར་སོང་། མི་སྡུག་ལ་ཐུགས་དུས་རྒྱ་ནག་གིས་ཆབ་སྲིད་འཁྲབ་ནས་རོགས་བྱས་ན་སེམས་ལ་མ་འདྲ་བ་ཞིག་ཡོད་རེད། དེ་བས་བོད་མི་ཚོ་བོད་གཞུང་ལ་ཡིད་ཆད་ནའང་ཐང་གོ་་་་་་་། དེ་འདྲ་མི་ཡོང་བར་ཤོག་

    Reply
  6. རྒྱང་རིང་ནས། says:
    ལོ་ 16 སྔོན།

    ད་ཡིན་རྒྱ་ནག་གིས་སྟོན་མི་ཡག་པོ་ཞིག་འཁྲབ་འདུག་ག་ ང་ཚོའི་གཞུང་ཕྱོགས་ནས་གང་ཡང་མེད་པ་གང་ཡིན་ན་ ད་ཡིན་ན་ང་ཚའི་གཞུང་ལ་ཆབ་སྲིད་ཀྱི་འགྲོ་སྟངས་ད་ལྟ་མདང་གི་མི་འདུག་ག་

    Reply
  7. གངས says:
    ལོ་ 16 སྔོན།

    གོང་གི་ཞོགས་དུང་གི་མིང་འདི་བེད་སྤྱོད་བྱེད་མཁན་སུ་ཡིན་ན། ཁོས་ག་རེ་བྱས་ནས་མིང་འདི་བེད་སྤྱད་རེད། ཁྱོད་དེ་འདྲ་ཞིག་ཆགས་འདོད་པ་ཨེ་རེད། དེ་མིན་ན་འདི་བེད་སྤྱོད་མ་བྱེད་རོགས་ཞུ།

    Reply
  8. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མ་ལ་སྔོན་མ་ནས་ཕྱོགས་ཞེན་གྱི་ནད་གཞི་ཚབས་ཆེན་ཡོད་པས་ས་ཡོམ་གྱི་གོད་ཆགས་མ་མཐོང་བ་རེད། དེ་ལས་ང་ཚོས་ཁོང་སྨན་ཁང་དུ་འཁྲིད་ནས་སྨན་བཅོས་བྱེད་ཐུབ་ན་བཟང་གི།

    Reply
  9. གྲགས་པ། says:
    ལོ་ 16 སྔོན།

    སྐྱེ་དགུ་མདོར་ས་ཡོམ་རྒྱབ་དུས། བཙན་བྱོལ་བོད་གཞུང་དང་། བོད་རང་དབང་སློབ་ཕྲུག་ཚོགས་པ། གཞཽན་ནུ་ཚོགས་པ། བུད་མེད་ཚོགས་པ་སོགས་ལའང་ས་ཡོམ་དེས་གནོད་འཚེ་ཕོག་པ་འདྲ་འདུག གོ་རྒྱུ་ཚོར་རྒྱུ་གང་ཡང་མི་འདུག རྒྱ་ནག་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་ཚོགས་པ་དེ་དག་མྱུར་སྐྱོབ་བྱེད་རོགས་ཞུས་ན་ཡག་པོ་མེད་དམ། ཟམ་གདོང་བླ་མས་ཕྱོགས་རེས་དང་ལྟ་བ་འཁྲིགས་འཛིན་མ་བྱེད་ན། བཙན་བྱོལ་དུ་ཡོད་པའི་སྐྱེ་དགུ་མདོའི་ཕྲུ་གུ་རྣམས་ལ་བདག་སྐྱོང་ཡག་པོ་བྱེད་དགོས།

    Reply
  10. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos# འདིར་གཟིགས་པར་འཚལ།

    Reply
  11. ལྷ་མོ་སྐྱབས། says:
    ལོ་ 16 སྔོན།

    བོད་ལ་གོད་ཆགས་བྱུང་ནས་བདུན་ཚིག་གཅིག་མ་འགྲོ་སྔོན་ལ་། ཨ་རི་ནེའུ་ཡོག་ཏུ་། །བོད་མི་ཁག་གཅིག་ནས་གཞས་མ་ཁ་ཤས་། སྐད་བཏང་ནས་སོ་སོའི་ཕྲུ་གུའི་སྐྱེས་སྐར་བཏང་ཁི།

    Reply
  12. ལྷ་མོ་སྐྱབས། says:
    ལོ་ 16 སྔོན།

    བོད་སྐྱོངས་ལྷ་སྲུང་མངོན་ཤེས་ལུང་བསྟན་མཁན་རྣམས་གཉིད་ཉལ་ཡིན་ནམ་།
    སྐྱོ་བ་ལ་ཨང་

    Reply
  13. བཀྲ་ཤིས་ཉི་མ་ says:
    ལོ་ 16 སྔོན།

    གྲོགས་པོ་བསམ་མེད་ཚོ།
    རྒྱ་གུང་ཁྲན་་དྲིན་ཅན་ཕ་མ་རེད།
    དངུལ་ད་ཡང་ཆར་པ་འབབ་འབབ་རེད། ཞེས་པའི་གཏམ་དེ་སྔོན་མ་བོད་ལ་གྲགས་མྱོང་བ་དེ་ཨེ་དྲན། དེ་དང་དེ་བཞིན་གོང་དུ་མང་པོ་ཞིག་གི་ད་ལམ་འདས་གྲོངས་སུ་སོང་བའི་བོད་མི་དག་ལ་རྒྱ་མིའི་མྱ་ངན་ཞུས་པ་དེ་ལ་བསྟོད་བསྔགས་གང་མང་གཏོང་འདུག་པས་ཚིག་བཅད་ཕྱི་མ་གཉིས་མགྱོགས་ནས་མྱུར་དུ་ཡོང་རྒྱུ་སྨོན་འདུན་ཞུ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese