དེ་རིང་རྒྱ་ནག་གིས་བསྐྱར་དུ་མི་ཤི་བའི་གྲངས་འབོར་ཇེ་མཐོར་བཏང་འདུག
དེ་རིང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ས་འགུལ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་ལྟེ་གནས་ནས་བསྒྲགས་པ་ལྟར་ན། ཟླ་ ༤ ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ བར་དུ་ཡུལ་ཤུལ་གྱི་ས་འགུལ་གནོད་འཚེ་ཁྲོད་ནས་མི་ ༢༠༦༤ ཚེ་ལས་འདས་པ་དང་། མི་ ༡༢༡༣༥ རྨས་ཕོག་ལ། དེའི་ཁྲོད་དུ་རྨས་མ་ལྗིད་མོ་ཅན་ ༡༤༣༤ སོ་བཞི་ཡོད་ཅེས་ཟེར།
གྲོས་ཚོགས་ཀྱི་དཔའ་བོ་སྨོན་ལམ་མཐར་ཕྱིན་ལགས་སུ་བརྒྱ་ཆ་ཞིག་སྤྲད་ན་མི་བཟང་ངམ།
ཁོང་གིས་དཀའ་ལས་བརྒྱབ་ནས་ཤི་གྲངས་༢༠༦༤རྙེད་འདུག་པས་ཁོང་ལའང་མ་ལེན་མ་འགྱོད་པའི་གསོལ་རས་ཤིག་སྤྲད་ན་དགའ་སྙམ།དེ་ལྟར་མ་བྱེད་ཚེ་གནམ་འོག་ཏུ་ཟིང་ཆ་ཆེན་པོ་ཞིག་བསླང་ངེས་རེད།
སྨོན་ལམ་མཐར་ཕྱིན་ལགས། གྲོས་ཚོགས་ཀྱི་ཚོགས་རའི་ནང་མ་རབས་འཁྲབ་དང་། དཔའ་ངོམ་དཔུང་ངོམ་བྱེད་སྟངས། ཁམས་རིགས་ལས་སླ་བོ་མེད་ཚུལ་བཤད་མཁན་ཁྱེད་ཚོའི་གྲས་དེ་ད་ཁམས་ཁུལ་ལ་གནོད་སྐྱོན་ཐེབས་པའི་སྐབས་འདིར་གྲོངས་པའི་ཁོངས་ཡིན་ནམ། སྐུ་ཕུང་མ་རྙེད་པའི་གྲས་ཡིན་ནམ། ཟི་ལིང་སྨན་ཁང་དུ་ལུས་པའི་གྲས་ཡིན
དེ་རིང་རྒྱ་ནག་གིས་འདི་ལྟར་བསྒྲགས་འདུག
གསར་འགོད་པས་མཚོ་སྔོན་ཡུས་ཧྲུའུ་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ། ཡུས་ཧྲུའུ་ས་འགུལ་ཁྲོད་ནས་མི་སྟོང་ཉིས་དང་བརྒྱ་དང་གྱ་གསུམ་ཚེ་ལས་འདས་པ་དང་། མི་གྱ་བཞི་གར་སོང་མི་ཤེས་ལ། མི་ཁྲི་གཅིག་དང་སྟོང་ཉིས་བརྒྱ་དང་སོ་ལྔར་རྨས་ཕོག དེའི་ནང་དུ་རྨས་ལྗིད་མོ་ཕོག་པའི་རྨས་མ་སྟོང་གཅིག་དང་བཞི་བརྒྱ་སོ་བཞི་ཡོད།
http://www.qhtb.cn/temp/ysdz_view.jsp?id=13623
http://tibet.people.com.cn/141101/11425006.html
འདི་ཟླ་ཕྱི་ཚེས་༢༡ཉིན་གྱིས་ཨ་རི་རླུང་འཕྲིན་གིས་ཀུན་གླེང་ནང་ལ་ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ནས་གནད་དུ་འཁེལ་བའི་བཀའ་མོལ་ཞིག་གནང་སོང་བ་དེ་ནི་ས་ཡོམ་ཁྲོད་ད་ཕྲུག་རྣམས་ས་གནས་དེ་རང་ལ་གནས་དགོས་པ་གསུང་སོང་དེ་ནི་ཧ་ཅང་གལ་ཆེ་ཡིན།
རྗེས་མ་ཕྱི་ཚེས་༢༣ཉིན་ཀུན་གླེང་གྲོས་མགྲོན་དུ་རྒྱ་གར་བཞུགས་པའི་གྲའུ་དཔོན་རིན་ཆེན་ཚེ་རིང་ལགས་ངེས་པར་དུ་གདན་འདྲེན་གནང་རོགས་ཞུ། གང་ཡིན་ཟེར་ན་ཁོང་ནི་༡༩༥༩སྔོན་ལ་སྐྱེ་རྒུ་མདོ་ཡི་དཔོན་པོ་ཡིན་ལ་རྗེས་སུ་ཡང་ཡང་དེ་ཕྱོགས་ལ་ཕེབས་ཡོད་རེད་ཞུ།།
中新網21日援引青海玉樹抗震救災指揮部的消息:截至4月21日17時,地震造成2183遇難,失蹤84人,受傷12135人,其中重傷1434人。中國21日為青海玉樹地震遇難者舉行了全國哀悼活動,中國各地和駐外使領館下半旗致哀,并停止一切公共娛樂活動。
【相关評論】【相关專題:青海玉樹7.1級地震】
綜合媒體4月21日報道,北京天安門廣場4月21日早晨下半旗向玉樹地震遇難者致哀。胡錦濤、江澤民、吳邦國、溫家寶、賈慶林、李長春、習近平、李克強、賀國強、周永康在21日上午舉行的中央政治局常務委員會上,向在玉樹地震遇難的同胞默哀一分钟。
青海全省21日上午10時為玉樹死難者默哀三分钟,汽車、火車、輪船鳴笛,防空警報鳴響。当地藏傳佛教僧侶則在格爾薩王廣場舉辦大型祈禱法事,為災民祈福。
在上海,20日啟動試運行的世博會取消了21日的所有演藝活動,并下半旗志哀。不過,世博園展館開放不受影響,參加試運行的游客仍可進入展館游覽。
此外,21日中國出版的報紙頭版以及各網站首頁均使用黑白報頭及版面,并以哀悼逝者、鼓勵生者為主題。
而中國官方電視台21日全天24小時所有頻道都轉入其新聞頻道的信號,直播各地哀悼活動。
ཧྥ་རན་སའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་རྒྱལ་ས་པ་རི་སི་ནང་ཁར་སྔོན་སྤྱི་ཚིས་༡༨ གཟའ་ཉི་མ་དང་སྤྱི་ཚིས་༢༠ གཟའ་མིག་དམར་བཅས་ལ་བོད་རིགས་རྣམས་འཛོམས་ཏེ་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམ་གྱི་ཆེད་དུ་བསྔོ་སྨོན་དང་ཞལ་འདེབས་བསྡུས་གནང་སོང།
སྤྱི་ཚིས་༢༥གཟའ་ཉི་མ་ཉིན་པན་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་ཡོངས་ཐབས་ཀྱི་སྐད་འབོད་ཞིག་ཀྱང་གནང་རྒྱུ་རེད་འདུག་ལགས།
ཡོ་རོབ་ནང་སྦེལ་ལྗམ་རྒྱལ་ཁབ་དུ་གནས་བཞུགས་བོད་མི་ཚོས་རེ་གཟའ་ཉི་མ་སྤྱི་ཟླ་ལྔ་པའི་ཚེས་བཅུ་བརྒྱད་ཉིན་བོད་སྐྱེ་རྒ྄ུ་མདོར་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམ་གྱི་ཆེད་དུ་མ་ནི་སོག་སྒྲུབ་གནང་བ་དང་ཞལ་འདེབས་བསྡུ་སློང་གནང་སོང།
ཡོ་རོབ་ནང་སྦེལ་ལྗམ་རྒྱལ་ཁབ་དུ་གནས་བཞུགས་བོད་མི་ཚོས་རེ་གཟའ་ཉི་མ་སྤྱི་ཟླ་ལྔ་པའི་ཚེས་བཅུ་བརྒྱད་ཉིན་བོད་སྐྱེ་རྒ྄ུ་མདོར་ས་ཡོམ་གྱི་གོད་ཆག་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམ་གྱི་ཆེད་དུ་མ་ནི་སོག་སྒྲུབ་གནང་བ་དངཞལ་འདེབས་བསྡུ་སློང་གམང་སོང།
ཆག་སྒོ་ལ།་བཀའ་ཁྲི་དང་ཚོགས་གཙོ་གཉིས་ཐེངས་འདིའི་ས་ཡོམ་ཁྲོད་ཚེ་ཤོག་ཤོར་བ་འདྲ།་ད་དུང་སྐུ་ཕུང་རྙེད་མི་འདུག
གསར་འགོད་པ་ལགས། གསར་འགྱུར་འདིའི་འགོ་བརྗོད་ནང་《མི་ ༢༠༥༤ གྲོངས་འདུག་ཟེར། 》ཞེས་དང་། གསར་འགྱུར་ངོ་མའི་ནང་《ཡུལ་ཤུལ་གྱི་ས་འགུལ་གནོད་འཚེ་ཁྲོད་ནས་མི་ ༢༠༦༤ ཚེ་ལས་འདས་པ་དང་།》ཞེས་མ་འདྲ་བ་གཉིས་བྲིས་འདུག་པ་ལས་རྒྱ་ནག་གི་གསར་འགྱུར་ལྟར་ན་ཕྱི་མ་དེ་བཞིན་འབྲི་དགོས་འདུག
http://www.qhtb.cn/temp/ysdz_view.jsp?id=13467
བོད་ཀྱི་མཛེས་མས་་་་་རྒྱ་ཆ་ཡག་པོ་སྤྲད་འདུག་
ཡ་མཚན་པའི་རྫ་དྲག་གི་གནས་ཚུལ་ཞིག་ལ་བཀའ་ཁྲི་ཟམ་མདོང་རིན་པོ་ཆེ་དང༌། བོད་མི་མང་གི་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གཉིས་ག་སོང་ཆ་མེད་དུ་གྱུར་ནས་ཉིན་གྲངས་བདུན་ལྷག་ཙམ་སོང་འདུག་པས་རྒྱ་གཅེས་མི་མང་སུ་ལ་རྙེད་ཀྱང་བོད་གཞུང་བདེ་སྲུང་ལས་ཁུངས་སུ་འབྲེལ་བ་གནང་ན་རྔན་པ་ཧིན་སྒོར་འབུམ་བཞིའི་བྱ་དགའ་གསོལ་རས་གནང་རྒྱུའི་གསལ་བསྒྲགས་སུ།
རེད་ཡ་རེད་ཡ། མཛེས་མ་ལགས། ཁྱེད་ཀྱིས་བྱ་དགའི་གསོལ་རས་གནང་བ་ལ་ཐུགས་རྗེ་ཆེ་ཞུ། ད་ནང་དུ་སོང་ནས་དོ་དགོང་VOAབརྙན་འཕྲིན་བརྒྱུད་ཐེངས་འདིའི་རྒྱ་གཞུང་དྲིན་ཅན་ཚང་ལ་སྐྱོན་འཛུགས་ཀྱི་འགྲན་བསྡུར་བྱེད་ཡ། འོ་ཡ། ད་བདག་ཕེབས་ཀྱི་ཡིན།
ཟམ་གདོང་བླ་མ་འདི་ཡང་ཁ་བདེ་བ་མ་གཏོགས་དོན་དག་ལག་ལེན་ཤེས་མཁན་ཞིག་ཅང་མིན་པ་འདྲ།
ཤི་གྲངས་མང་ཉུང་གི་འགྲན་སྡུར་ཆེན་མོའི་ཁྲོད་མཇུག་མཐར་དུས་བབ་ཚང་ལ་རྒྱལ་ཁ་ཐོབ་པ་འདྲ།
༡》དུས་བབ་ཚང་གིས་ཤི་གྲངས་ཁྲི་གཅིག་རྙེད་པས་ཨང་དང་པོའི་བྱ་དགའ་ཐོབ།
༢》ཨ་རིའི་བརྙན་འཕྲིན་ཁང་གིས་ཤི་གྲངས་བདུན་སྟོང་ལྷག་ཙམ་རྙེད་པས་ཨང་གཉིས་པའི་བྱ་དགའ་ཐོབ།
༣》བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཤི་གྲངས་ལྔ་སྟོང་རྙེད་པས་ཨང་གསུམ་པའི་བྱ་དགའ་ཐོབ།
༤》རྒྱ་ནག་གིས་ཤི་གྲངས་ཉིས་སྟོང་བརྒྱ་མེད་ལྔ་དྲུག་རྙེད་པས་ཨང་བཞི་པའི་བྱ་དགའ་ཐོབ་སྟེ་དེ་རིང་རྒྱལ་ཡོངས་སུ་དར་དམར་འཕྱར་ནས་སྐད་སེང་མཐོན་པོས་རྟེན་མཛད་སྟོན་འཚོགས་བཞིན་ཡོད།
༥》བོད་ཀྱི་བང་ཆེན་ཚང་གིས་ཤི་གྲངས་བརྒྱ་ཆ་རེ་གཉིས་ལས་མ་རྙེད་པས་ཐེངས་འདིར་ཡིག་་རྒྱུགས་འཕྲོད་ཙམ་ལས་མ་བྱུང་།
༦》བཙན་བྱོལ་བོད་གཞུང་གིས་ཤི་གྲངས་གཅིག་ཀྱང་མ་རྙེད་ཅིང།་ལྷག་པར་ཡིག་རྒྱུགས་ཆེན་མོའི་ནང་གཉིད་ཤོར་བས་ཐེངས་འདིར་ཡིག་རྒྱུགས་མ་འཕྲོད་སྟབས་ཅི་བྱ་གཏོལ་མེད་དུ་གྱུར།
ད་དུང་འགྲན་སྡུར་ནང་ཡིག་རྒྱུགས་མ་འཕྲོད་མཁན་རེ་གཉིས་ཐོན་ཡོད་འདུག་ཀྱང་རྒྱུགས་སྤྲོད་ཚོགས་ཆུང་ཅུང་ངོ་ཚ་བའི་ཚུལ་གྱིས་གསལ་བསྒྲགས་མ་བྱས་པ་རེད་ཟེར།
བྱེས་སྡོད་བོད་མི་ཚོས་དེ་རིང་ཞལ་འདེབས་གནང་སྟངས་དེ་མཐོང་དུས་ངོ་མ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་འགག་ལ་ཐུག་དུས་འདུག་ཨ་བསམ་པ་ཞིག་ཤར་སོང། མདང་དགོང་ལས་ཁུངས་གྲོལ་ནས་མིག་ལོར་སྲང་ལམ་དུ་འབྱོར་སྐབས་སྐྱེ་རྒུའི་ས་ཡོམ་གོ་ཆག་བྱུང་བར་ཞལ་འདེབས་བསྡུ་བཞིན་འདུག་ལ་མི་ཚོགས་ཚང་ཀ་ཤིག་ཤིག་གིས་ཞལ་འདེབས་ཧིན་སྒོར་གཅིག་སྟོང་དང་ལྔ་བརྒྱ་ཤས་གཅིག་སྤྲོད་ཀྱིས་འདུག ད་དུང་གཞིས་བཞུགས་བོད་རིགས་རྣམས་ཀྱིས་ས་ཡོམ་ཕོག་ཤུལ་དུ་དངོས་ཟོག་འོར་འདྲེན་བྱེད་སྟངས་དེ་མཐོང་དུས་ས་ཡོམ་ཐེབས་པ་དེ་སྡུག་སོང་ཡང་བོད་རིགས་ཚང་མ་སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་ཇེ་གསལ་དུ་མཐོང་ཡོང་དུས་དགའ་དགོས་པ་ཞིག་རེད། འདི་ལྟར་ང་ཚོ་འགག་རྩ་ལ་ཐུག་དུས་རང་བཞིན་གྱིས་རྡོག་རྩ་གཅིག་སྒྲིལ་ཡོང་བཞིན་པ་འདིས་ང་ཚོར་སེམས་ཤུགས་འཕར་མ་ཞིག་སྟེར་བཞིན་འདུག
རྒྱ་ནག་གིས་ཤི་གསོན་གྱི་གྲངས་ཀའི་མང་ཉུང་ཅི་བྱེད་ཀྱང་་་་་གཙོ་བོ་ང་ཚོས་དངོས་ཡོད་ཀྱི་གྲངས་འབོར་ཅི་བྱུང་རྣམས་གོ་ལ་ཧྲིལ་བའི་མིག་མདུད་ལ་བསྒྲག་རྒྱུ་གལ་འགངས་ཆེན་པོ་རེད། དེ་ལས་ལྡོག་ཏེ་རྒྱ་གཞུང་གིས་ཅི་ལ་ཉན་ནས་ལྷོད་ཀྱིས་བསྡད་པ་ནི་ཚོར་བ་རྣོ་ངར་དང་ཚེ་སྲོག་ལ་དྲོད་ཁོལ་མེད་པའི་རྟགས་རེད།
རྒྱ་གཞུང་ནས་བཤད་པ་དང་། བོད་མིའི་གསར་གྱུར་ཁག་ནས་བཤད་པ་གཉིས་ལ་ཧེ་བག་ཆེན་པོ་འདུག ཕལ་ཆེར་རྒྱ་གཞུང་ལ་གསར་གྱུར་རྫུན་མ་བཤད་རྒྱུའི་ནད་ངན་དེ་ལངས་ཡོད་སོ་འདུག
བོད་མི་ཤི་ཟིན་རྣམས་བསམ་བློ་གཏང་ན་སྙིང་རླུང་སྟོད་ལ་འཚང་ཡོང་འདུག
ཨོཾ་མ་ཎི་པདྨེ་ཧཱུཾ་ འདས་པོ་རྣམས་འཕགས་མཆོག་ཕྱག་ན་པད་མོའི་ཞབས་འོག་ཏུ་སྐྱེ་བར་ཤོག
ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ