ཡུལ་ཤུལ་སྐྱེ་རྒུ་མདོ་གནོད་འགོག་རྒུད་སྐྱོབ་བཀོད་འདོམས་ཚོགས་ཆུང་གིས་ཕྱིར་བསྒྲགས་བྱས་པ་ལྟར་ན། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥ བར། ཡུལ་ཤུལ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་ཚེ་ལས་འདས་པའི་མི་གྲངས་ ༢༡༨༣ ལ་འཕར་ཡོད་འདུག་ལ། གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་ ༨༤ ཙམ་དང་། རྨས་མ་གྲངས་ ༡༢༡༣༥ ། རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་གྲངས་ ༡༤༣༤ བཅས་ལ་ཟིན་ཡོད་འདུག
ངའི་གྲོགས་པོ་ཡུལ་ཤུལ་བ་དགེ་འདུན་གྱིས་ཐེངས་དང་བོའི་ཉིན་ནས་མི་སུམ་སྟོང་ལས་བརྒལ་བར་ཚོད་དཔག་བྱས་པ་ནོར་མི་འདུག