མདང་ནུབ་ཡུལ་ཤུལ་སྐྱེ་རྒུ་མདོའི་གནོད་ཐེབས་ས་ཁུལ་དུ་ཁ་བ་ཅུང་ཆེ་ཙམ་བབ་ཡོད་པ་དང་། དེ་རིང་ཞོགས་པ་ད་དུང་མུ་མཐུད་དུ་འབབ་བཞིན་ཡོད་སྟབས། རྒུད་སྐྱོབ་ཀྱི་ལས་དོན་བྱེད་མཁན་དག་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་ཡོད་འདུག་ཅིང་། ལྷག་པར་དུ་སྦྲ་གུར་ནང་བསྡད་ཡོད་པའི་གནོད་ཐེབས་མང་ཚོགས་ཀྱི་བྱིས་པ་དང་རྒན་རྒོན་དག་ལ་གྲང་ངར་གྱི་དཀའ་ངལ་འཕྲད་མུས་ཡིན་འདུག ད་ནངས་ཞོགས་པ་སྐྱེ་རྒུ་གྲོང་རྡལ་གྱི་འཇམ་དབྱངས་ཉི་མས་བཤད་པ་ལྟར་ན། མདང་ནུབ་ཁ་བ་བབ་པས་སྦྲ་གུར་ཁག་ནང་གྲང་ངར་ཆེ་བ་དང་། མི་དར་མ་ཚོས་གྲང་ངར་བཟོད་བསྲན་བྱེད་ཐུབ་ཡང་། བྱིས་པས་གྲང་ངར་བཟོད་བསྲན་བྱེད་ཐུབ་ཀྱི་མི་འདུག་ཟེར།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
སྤྱི་ལོ་༡༩༩༦ ནས་འགོ་འཛུགས་ཏེ་རི་དག་གཙོས་གྲངས་ལས་འདས་པ་བསོད་པ་མ་ཟད་ས་གནས་འདིའི་མི་མང་གིས་གཙོས་སྲུང་སྐྱབས་བྱས་ཀྱང་། མཐར་མ་བོད་རིགས་གཙོས་སྲུང་སྐྱོབས་བྱས་མཁན་འདི་དག་ཡང་བསོད་པ་རེད། བསོད་མཁན་ནི་རྒྱལ་མི་དང་ཟེ་ལིང་གི་ཁ་འཕྱེར་རྒྱལ་མི་འདི་དག་རེད་འདུག། རྒྱལ་མིའི་གསར་འགོད་པ་ཞིག་གི་ཟིན་བྲིས་བྱས་ནས་འཕྱིར་སུ་གློག་རྙེད་བཟོ་ཡོད་པ་མིང་ལ་ཀེ་ཀེ་ཟེ་ལང་འང་可可西里 ཟེར། ཡར་ངལ་བ་གློག་རྙེད་འདི་ལ་གཟིགས།
ད་ལྟ་བར་དུ་སློབ་དཔོན་དབྱིག་གཉེན་གྱིས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། ཞེས་པར་ཡིད་ཆེས་བྱས་ཡིན། འོན་ཀྱང་སྡུག་པོ་ཚང་མ་ང་ཚོ་བོད་མིར་མྱོང་དགོས་དོན་གང་ཡིན་ནམ། འོ་ན་ལྷ་དང་ཀླུ། བཙན་དང་རྒྱལ་པོ། ཞེས་ང་ཚོ་བོད་པས་བློ་སྙིང་བྲང་གསུམ་གྱིས་མཆོད་པ་བྱེད་ཡུལ་ཁྱེད་རྣམས་གང་དུ་ཡོད། འོ་ཅག་གངས་ཅན་པ་རྣམས་ཀྱིས་སྡུག་བསྔལ་མ་གཟིགས་སམ། གལ་སྲིད་ཁྱེད་རྣམས་ང་ཚོས་ཡིད་ཆེས་བྱས་པ་ལྟར་ཡོད་ན་ད་དུང་དེ་ལྟར་ཞུགས་ཕོད་དམ།
ལྷག་པར་གུ་རུ་ཨོ་རྒྱན་ཁྱེད་ཀྱིས་སྔོན་གྱི་དུས་སུ་བོད་ཁམས་སྐྱོང་བར་ཞལ་གྱིས་བཞེས་པ་བརྗེད་ལགས་སམ།
བཀའ་བློན་ཁྲི་པ་གངས་འཁྱགས་སུ་ལུས་འདུག བོད་གཞུང་སྡེ་སྲུང་ལྷན་ཁང་གིས་མྱུར་སྐྱོབས་བྱས་ཐུབ་འདུག
http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos#
ད་ལྟ་ས་གནས་དེའི་གནམ་གཤིས་སྔོན་བརྡ་བཏང་བ་ལྟར་ན། སང་ཉིན་ནས་བཟུང་ས་གནས་དེར་ཆར་བ་འབབ་རྒྱུ་དང་གློག་འཁྱུག་ཐོག་རྒྱག་ཀྱང་མང་རྒྱུ་རེད་ཟེར། ད་དངོས་གནས་གཟབ་གཟབ་བྱ་དགོས་རན་འདུག
ཁ་བ་འབབ་ངེས་རེད། ད་དུང་ནད་ཡམས་ཀྱང་འབྱུང་ངེས་རེད། འདི་དག་ཐམས་ཅད་རང་བྱུང་གི་གོད་ཆག་མ་ཡིན་ནམ། འདི་འདྲའི་སྐབས་སུ་ཡུལ་མེད་ལྟོ་མེད་ཀྱི་ཡུལ་མི་དག་ལ་སྙིང་རེ་རྗེ་ཨང་།
མིག་སྐྲང་ཐོག་ལ་ཁུ་ཚུར་རང་རེད།
རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གནོད་ཐེབས་ས་ཁུལ་ཁ་བ་འབབ་རྒྱུ་ཡིན་པའི་གསལ་བརྡ་བཏང་སོང་། ཡིན་ཡང་ད་དུང་གནོད་ཐེབས་ས་ཁུལ་ལ་ཁ་བ་བབས་པའི་གྲང་ལྟོགས་ཀྱི་རྣམ་པ་དག་བསྒྲགས་མ་སོང་།