བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱལ་ཁབ་ ༢༦ ཙམ་གྱི་མི་སྒེར་དག་གི་ཐུགས་གསོའི་འཚམས་འཕྲིན་བསླངས་ཏེ། ༧གོང་ས་མཆོག་ལ་ཕུལ་བ་དང་ད་དུང་མུ་མཐུད་དེ་སློང་གིན་ཡོད་འདུག
ངྷ་སར་རྟེན་གཞི་བྱས་པའི་བོད་རང་དབང་སློབ་ཕྲུག་ཚོགས་པས་འདི་ག་གསར་ཁང་ལ་བཏང་བའི་གནས་ཚུལ་ལྟར་ན། སྐྱེ་རྒུ་མདོར་ས་ཡོམ་བྱུང་རྗེས་འཛམ་གླིང་ཡུལ་གྲུ་ཁག་གི་རྒྱལ་ཁབ་ཚོས་རྒྱ་ནག་ལ་འཚམས་འཕྲིན་ཕུལ་བ་ལས་༧གོང་ས་མཆོག་ལ་འཚམས་འཕྲིན་ཕུལ་མེད་ཅིང་། ཁོང་ཚོས་དེ་ལྟར་རྒྱ་ནག་ལ་འཚམས་འཕྲིན་ཕུལ་སྟབས་རྒྱ་ནག་ནི་བོད་རིགས་མང་ཚོགས་ཀྱི་བདག་པོ་ངོ་མ་ཡིན་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་མོད། དོན་དངོས་ཐོག་༧གོང་ས་མཆོག་བོད་རིགས་མང་ཚོགས་ཀྱི་བདག་པོ་ངོ་མ་དེ་ཡིན་པ་ལས། རྒྱ་ནག་གཞུང་དང་རྒྱ་གཞུང་གི་དཔོན་རིགས་ཚོ་མིན་སྟབས། བོད་རང་དབང་སློབ་ཕྲུག་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མི་སྒེར་དག་ལ་འབོད་སྐུལ་བྱས་ཏེ། ད་ལྟ་མང་བོ་ཞིག་གིས་ཚུར་༧གོང་ས་མཆོག་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་བཞག་པ་དག ཁ་སང་བོད་གཞུང་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཁང་གཉིས་ལ་ཕུལ་ཡོད་པ་དང། དེ་རིང་སྐུ་སྒེར་ཡིག་ཚང་ལ་ཕུལ་ཡོད་འདུག
ད་དུང་ཡང་། མུ་མཐུད་དེ་འབྱོར་བཞིན་པའི་འཚམས་འཕྲིན་ཁག་གོང་གསལ་ལས་ཁུངས་ཚོར་འབུལ་རྒྱུ་ཡིན་ཟེར།
བོད་རང་དབང་སློབ་ཕྲུག་ཚོགས་པའི་དྲ་ཚིགས་སུ། བཙན་བྱོལ་བོད་གཞུང་དང་༧གོང་ས་མཆོག་ལ་ཐུགས་གསོའི་བརྡ་འཕྲིན་གཏོང་རོགས་ཞེས་པའི་དབྱིན་ཡིག་གི་ལེ་ཚན་ཐུང་ངུ་ཞིག་བཀོད་པའི་ནང་། ས་ཡོམ་གྱི་གོད་ཆག་བྱུང་རྗེས། སྲིད་གཞུང་མང་བོས་རྒྱ་ནག་གཞུང་ལ་ཐུགས་གསོའི་འཚམས་འཕྲིན་འབུལ་གྱིན་འདུག ཐུགས་རྗེ་གཟིགས། ཁྱེད་རང་གི་བརྡ་འཕྲིན་དེ་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་འབྲི་རོགས། ཁོང་ནི་བོད་རིགས་མང་ཚོགས་ཀྱི་དབུ་ཁྲིད་ངོ་མ་དེ་ཡིན་ཞེས་དང་། བོད་རང་དབང་སློབ་ཕྲུག་ཚོགས་པས་ཁྱེད་ཚོའི་བརྡ་འཕྲིན་དག་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་འབུལ་རྒྱུ་ཡིན་ཞེས་བྲིས་འདུག
ད་ལྟའི་བར། ཨ་རི་དང་དབྱིན་ཇི། ཧྥ་རན་སི། གྷི་རི་སི། ལྷོ་ཨ་ཧྥུ་རི་ཁ། འཇན་མན། རྒྱ་གར། ཨོ་སི་ཁྲི་རེ་ཡ། ལག་ཛེམ་བྷག སི་ཕན། ཨེ་ཌ་ལིས། སི་ཝེ་རྫི་ལན་ཌི། ནིའུ་ཐང་ལན་ཌི། ཕོ་ལན་ཌི། ཕོར་ཇུ་གྷལ། སེ་ཝེ་ཌན། སི་ཁོ་ཌི། ཨར་ལན་ཌི། ལན་ཌི། བྷིན་རྫེལ། ཁ་ན་ཌ། བྷེལ་རྗེམ། ཨར་རྗེན་ཌི་ན། མེག་སུ་ཀོ། པེ་རུ། ཧྥི་ལིན་པིན་བཅས་ནས་མི་མང་བོས་བརྡ་འཕྲིན་སྐུར་ཡོད་འདུག
༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག། འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་ སྐར་མདའ་ འབྲོག་མདའ་ ཁྲུན་འདུ་ ནང་ཆེན་བཅས། ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན། དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག། ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས། དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད། ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག། ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད། སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན། ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད། འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ། ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན། གྲོ་འབྲས་རྒྱ་མ་༡༢༠༠༠ ཅ༹མ་པ་རྒྱ་མ་༡༥༠༠ མར་རྒྱ་མ་༡༠༠༠ ཐུག་པ་ཤོག་སྒམ་༡༠༠༠ ཉལ་ཆས་༣༠༠༠ གྱོན་ཆས་༢༥༠༠ རས་གུར་༡༠༠ དེ་མིན་ཟས་རིགས་འདྲ་མིནདང་ ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠ གནང་ཡོད། བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག། དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད། ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར། གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན། སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན། རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད། ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།
ཟབ་ཙམ་གནང་ནས་ལས་འགུལ་གཞན་ཞིག་སྤེལ་ན་ཡག་ས་འདུག འདི་འདྲ་རང་སློང་དགོས་པ་མཐོང་མ་སོང་ཞུ།།
ཐུགས་གསོའི་འཚམས་འཕྲིན་སློང་ཟེར་བ་ནི་ངོ་ཡང་ཚར།དེ་ལས་ཁྱོད་ཚོས་ལས་འགུལ་གཞན་པ་ཞིག་སྤེལ་རོགས་གནོང་།
སློབ་ཕྲུགས་རང་དབང་ཚོགས་པ་ལགས་ ཐུགས་གསོ་འཚམས་འཕྲིན་སླང་ཟེར་བ་ཞིག་འཇིགས་རྟེན་འདི་སྒང་ལ་ཐེང་མ་དང་པོ་ཡིན་འགྲོ་
དངོས་གནས་འདྲ་ས་མི་འདུག་ད་ ང་ཚོ་སློབ་ཕྲུག་ཚོ་སློབ་སྦྱང་ཆེ་གྲགས་ནས་ སླང་མོ་འགྲོ་སའི་ལམ་མ་འདྲ་བ་ འདི་འདྲ་ཞིག་རྙེད་འདུག་ དེའང་གསར་པ་རེད་ད་ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་
“སློང་བའི་དངུལ་དེ་དངུལ་ཡིན་ཀྱང་། སློང་བའི་འཚམས་འཕྲིན། འཚམས་ཕྲིན་ཆགས་ཨ་ཡོང་།“ དོན་ལ་གནས།
ཐུགས་གསོའི་བྱ་འགུལ་གལ་ཆེན་ཞིག ཡིནའང་སྐྱེ་རྒུའི་བོད་མི་རྣམས་ལ་གལ་ཆེ་ཤོས་ནི་ཤུལ་ལུས་དྲ་ཕྲུག་དང་ཕ་མ་སོགས་ལ་༧གོང་ས་མཆོག་ཞབས་སོར་འཁོད་རྒྱུ་དེ་རེད ། འདི་ནི་ཆབ་སྲིད་ཀྱིས་ལག་ཆ་རུ་མི་འགྲོ་པར་བོད་མིའི་ལམ་སྲོལ་ལྟར་ཤུ་བོ་ཚོའི་ཆེད་དུ་སྨོན་ལམ་འཚམས་སྦྱོར་དང་གསོན་པོ་ཚོ་ལ་སེམས་གསོ་བྱེད་རྒྱུ་དེ་རེད །
སློབ་ཕྲུག་རང་དབང་ཚོགས་པ་ལགས།
ལན་གཅིག་ཚུར་ལ་གསན་རོགས་གནང།
ཐུགས་གསོའི་མཚམས་འཕྲིན་སློང་བ་ལས།་་
ལས་འགུལ་གཞན་ཞིག་སྤེལ་ན་ལེགས།
ཡ་ཡ་གཞན་ནུ་བུ་མེད་དར་དུང་བོད་རང་དབང་སློབ་ཕྲུག་ཚོགས་པ་ཁྱོད་ཚོ་ནི་གཏམ་སྙན་གྲགས་ཕྱིར་ཡིས་རོལ་དངུལ་དར་དུང་གཞུང་འབྲེལ་ཐོག་ཕྱིར་རྒྱལ་ལ་འགྲོ་མིན་དགོས་པའི་་་་བོད་ལ་དོན་ཕན་ལྡན་པའི་ཚོགས་པ་ཞིག་ཡིན་པ་ལྟོགས་ཐུགས་རྗེ་ཆེ་་་་
ཐུགས་གསོའི་མཚམས་འདྲི་ཞུས་ན་ལྷག་བསམ་རྣམ་དག་དང་མ་སྐུལ་དྭངས་བསླང་གི་ཐོག་ནས་ཞུ་དགོས་རེད་་་་ཐུགས་གསོའི་མཚམས་འདྲི་སློང་ནས་ཅི་ཕན།
གཡག་ལ་ཆུ་འཐུང་འདོད་མེད་ན་མགོ་བོ་མནན་ནས་ཕན་གྱི་མ་རེད།
ཆབ་སྲིད་ཀྱི་དོན་སྙིང་ལྡན་པ་མ་ཟད་ལོ་རྒྱུས་ཀྱི་དོན་སྙིང་ཡང་བདོག་པའི་ལས་ཀ་འདི་ལ་རྒྱབ་སྐྱོར་ཡོད་ཐུགས་རྗེ་ཆེ།
སེམས་ཁྲལ་བྱེད་མཁན་མེདཔར།་ཐུགས་གསོ་ཞུས་ནས་གང་ཡོང་།
དོན་མེད་ཡིག་སྙིགས་མང་རོགས་རེད།
འདི་རྣམ་པ་གསར་བ་ཞིག་རེད།
དོན་ངོ་མར་ཐུགས་གསོའི་འཚམས་འཕྲིན་ཞིག་རང་བཞིན་གྱིས་ཡོང་དགོས་པ་མ་གཏོགས། དེ་ལ་བསླང་རྒྱུ་ཞིག་་་་་་་་ཡོད་ཡོད་རྒྱུ་རེད།
འཛམ་གླིང་གི་སྲིད་གཞུང་དེ་ཚོས་རྒྱ་ནག་གཞུང་ལ་ཐུགས་གསོ་ཕུལ་རུང་། འཛམ་གླིང་མི་མང་ནས་༸གོང་ས་མཆོག་དང་བོད་གཞུང་ལ་ཐུགས་གསོའི་འཚམས་འཕྲིན་ཕུལ་བ་ཡིན་ན། འདི་ཡང་བོད་དོན་འཐབ་བཙོད་གི་རྣམས་པ་གཞན་ཞིག་རེད། དེས་ན་ཆབ་སྲིད་གི་དོན་སྙིང་ལྡན་པའི་བྱ་བ་འདི་ལ་རྒྱབ་བསྐྱོར་ཡོད།
གུས་ད་ལྟ་རུང་འབྱོར་བས། ཚོད་ལྟ་བྱེད་ཀྱི་ཡོད།
ང་ལ་ཡང་ཐུགས་གསོ་དགོས་ཀྱིན་འདུག ངའི་ཆེད་དུ་ཐུགས་གསོ་ཞིག་སློང་རོགས།
སློང་བའི་དངུལ་དེ་དངུལ་ཡིན་ཀྱང་། སློང་བའི་འཚམས་འཕྲིན། འཚམས་ཕྲིན་ཆགས་ཨ་ཡོང་།
སོ་སོར་བཤད་རྒྱུ་ཡོད་ན་རྒྱུ་མཚན་ཏག་ཏག་པོ་དེ་ཤོད། ཐུགས་རྗེ་ཆེ་ཞེས་པ་དེ་རྒྱུ་མཚན་གྱི་སྐད་ཆ་ཅི་ཡང་མ་རེད།
བོད་རང་དབང་སློབ་ཕྲུག་ཚོགས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ།
ཁྱེད་རྣམས་པའི་བྱས་རྗེས་བོད་མིས་ནམ་ཡང་བརྗེད་མི་སྲིད།
ཁྱེད་རྣམས་པས་དུས་ཐོག་ཏུ་ཚོར་ཤུགས་ཡོད་པའི་ལས་འགུལ་སྤེལ་ཐུབ་པ་ལ་རྐང་ལྡུམ་ལག་ལྡུམ་ངས་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།་་བོད་ཀྱི་མ་འོངས་པའི་བདག་པོ་ཚོར་འདི་འདྲའི་གསོན་ཤུགས་ཤིག་ཡོད་པ་མཐོང་དུས་ཡི་རང་དང་བསྟོད་ར་མི་འཐེན་མཁན་སུ་ཞིག་ཡོད།་་ད་དུང་ངའི་ཉེ་འཁོར་ན་ཡོད་པའི་ཁ་ཡིས་རི་བོ་པང་ལ་ཁད་བྱེད་ཀྱིན།་ལག་སྟོང་མཆན་ལ་བཅུག་ནས་ཡོད་པ་དག་ལ་དབང་པོ་རྣམ་ལྔ་ཡོད་ན།་དེ་རིང་ཁྱེད་ཚོས་གསལ་འདེབས་དང་དཔེ་སྟོན་བཟང་པོ་ཞིག་བཞག་བྱུང།
རྒྱལ་ཁབ་དེ་དག་གི་བྱེད་སྟངས་དེ་ལ་ཟམ་གདོང་རིན་པོ་ཆེས་ལྟར་ན། རྒྱལ་བ་ལྔ་བ་དང་ཟླ་བ་ལྔ་བ་ནོར་བ་ཟེར། ཀརྨ་ཆོས་འཕེལ་ལྟར་ན། ཨ་མ་དང་མནའ་མ་ནོར་བ་ཟེར།
བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸ གོང་ས་མཆོག་དང་། བོད་གཞུང་བཀའ་ཤག་དང་། བོད་མི་དམངས་སྤྱི་འཐུས་སུ་ཐུགས་གསོའི་འཚམས་འདྲི་ཨ་རི་སོགས་རྒྱལ་ཁབ་མང་པོས་གནང་བཞིན་ཡོད་པ་དེར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
བོད་རང་དབང་སློབ་ཕྲུག་ཚོགས་པས་ལས་དོན་འདིར་དམིགས་བསལ་གྱིས་ཐུགས་འགན་བཞེས་ནས་ཐུགས་གསོའི་འཚམས་འཕྲིན་གནང་འབྱོར་ཐུབ་པ་དེ་དངོས་འབྲེལ་སྒྲུབ་དགོས་པའི་བྱ་བ་བཟང་པོ་ཡིན་སྟབས་ངས་སྙིང་དབུས་ནས་ཁྱེད་ཚོའི་ལས་དོན་འདིར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་འདོད་བྱུང་།
བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་༸ གོང་ས་མཆོག་དང་། བོད་གཞུང་བཀའ་ཤག་དང་། བོད་མི་དམངས་སྤྱི་འཐུས་སུ་ཐུགས་གསོའི་འཚམས་འདྲི་ཨ་རི་སོགས་རྒྱལ་ཁབ་མང་པོས་གནང་བཞིན་ཡོད་པ་དེར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།
བོད་རང་དབང་སློབ་ཕྲུག་ཚོགས་པས་ལས་དོན་འདིར་དམིགས་བསལ་གྱིས་ཐུགས་འགན་བཞེས་ནས་ཐུགས་གསོའི་འཚམས་འཕྲིན་གནང་འབྱོར་ཐུབ་པ་དེ་དངོས་འབྲེལ་སྒྲུབ་དགོས་པའི་བྱ་བ་བཟང་པོ་ཡིན་སྟབས་ངས་སྙིང་དབུས་ནས་ཁྱེད་ཚོའི་ལས་དོན་འདིར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་འདོད་བྱུང་།
བོད་རང་དབང་སློབ་ཕྲུག་ཚོགས་པ་ལ་ཐུགས་རྗེ་ཆེ་ ལས་འགུལ་ཡག་པོ་སྤེལ་འདུག
རྗེས་སུ་ཡིད་རང་ཡོད
བོད་རང་དབང་སློབ་ཕྲུག་ལས་དོན་ཡག་པོ་བྱས་འདུག་བཀྲིས་བདེ་ལེགས་ཡོད།་དངོས་གནས་རེད།་བོད་ཀྱི་བདག་པོ་བོད་མི་རེད་བོད་མའི་དབུ་ཁྲིད་་གོང་ས་མཆོག་རེད་ལ་བོད་མི་དམངས་གཞུང་དེ་བཙན་བྱོལ་བོད་གཞུང་རེད།་བོད་རང་དབང་སློབ་ཕྲུག་ཚོགས་པའི་ལས་དོན་འདི་ལྟ་བུ་མུ་མཐུད་འབད་བརྩོན་གནང་རོང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད།