མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་འཚོ་བཞུགས་ཡོད་མེད་ལ་བློ་འཚབ་ཡོད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འཚོ་བཞུགས་ཡོད་མེད་གསལ་བོ་བཟོ་དགོས་ལ། འཚོ་བཞུགས་གནང་ཡོད་ཚེ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་པ་དང་མཇལ་འཕྲད་ཀྱི་རང་དབང་སྤྲོད་དགོས་ཞེས་པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་ཡོད།

ཕྱི་ཚེས་ ༢༥ ཉིན་པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༢༡ ལ་ཕེབས་སྐུའི་འཁྲུངས་སྐར་སྲུང་གཙི་གནང་ཡོད། པཎ་ཆེན་ཨེར་ཏི་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གི་འགན་འཛིན་དགའ་སྤག་བློ་བཟང་རྡོ་རྗེ་ལགས་ཀྱིས། རྒྱ་གཞུང་གིས་པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཁོར་དང་བཅས་པ་བཙན་ཁྲིད་བྱས་རྗེས་བོད་གཞུང་དང་རྒྱལ་སྤྱིའི་ནང་གི་གཞུང་དང་གཞུང་འབྲེལ་བ་མ་ཡིན་པའི་ཚོགས་པ་ཁག་གིས་ཁོང་ཉིད་གློད་གྲོལ་ཆེད་རྒྱ་གཞུང་ལ་དགོས་འདུན་ཐེངས་མང་བཏོན་ཡང་། ཁ་གསལ་གྱི་འགྲེལ་བརྗོད་གནང་མེད་པར་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གཞོན་པ་པདྨ་འཕྲིན་ལས་ཟེར་བས།ཏཱ་ལའི་བླ་མས་ངོས་འཛིན་བྱས་པའི་དགེ་འདུན་ཆོས་ཀྱི་ཉི་མ་མི་ཕལ་བ་ཞིག་ཡིན་པ་དང་། ཁོང་དང་ཁོང་གི་ཕ་མས་རང་ཉིད་ལ་དོ་ཕོག་མི་ཡོང་ཆེད་མི་གཞན་དང་ཐུག་འཕྲད་གནང་རྒྱུ་འདོད་པ་མེད་ཚུལ་ཡང་དང་བསྐྱར་ཟློས་བྱས་ཤིང་། རྒྱ་མིའི་འགོ་ཁྲིད་རྣམས་ཀྱི་ཁ་བརྒྱ་ཚིག་གཅིག་གི་ཤོད་ཚུལ་ཞིག་ཏུ་གྱུར་ཡོད་སྟབས། བོད་མི་དང་འཛམ་གླིང་མི་དམངས་གི་དོགས་གནད་བསངས་ཐུབ་མེད་ལ།ང་ཚོས་ཁོང་སྐུ་འཚོ་བཞུགས་ཡོད་མེད་ཐད་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད་ཅེས་དང་། དེ་བཞིན་ཐེངས་འདིའི་འཁྲུངས་སྐར་དང་འབྲེལ། དང་པོ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་འཚོ་བཞུགས་ཡོད་མེད་གསལ་བོ་བཟོ་དགོས་པ་དང་། གཉིས་པ། འཚོ་བཞུགས་གནང་ཡོད་ཚེ་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚོགས་པ་དང་མཇལ་འཕྲད་ཀྱི་རང་དབང་སྤྲོད་དགོས་པར་མ་ཟད། གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲི་མངའ་གསོལ་དང་གོང་མའི་རྣམ་ཐར་བདག་སྐྱོང་གི་མཐུན་རྐྱེན་བསྐྲུན་དགོས་པ། གསུམ་པ། བྱ་བྲལ་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། བཞི་པ། བོད་མི་ཞི་རྒོལ་བ་དམར་གསོད་དང་མནར་གཅོད་མཚམས་འཇོག་བྱ་དགོས། ལྔ་པ། ༧གོང་ས་མཆོག་ལ་གཞི་མེད་སྙོན་འཛུགས་འཕྲད་དུ་མཚམས་འཇོག་བྱ་དགོས།དྲུག་པ། ༧གོང་ས་མཆོག་དང་རང་གཞུང་གིས་རྒྱ་གཞུང་ལ་གནང་བའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་པཎ་ཆེན་སྐུ་ཕྲེང་བཅུ་བའི་དགོངས་གཞི་ཡང་ཡིན་སྟབས། ཁས་ལེན་གྱི་བརྡ་ལན་གསལ་པོ་སྤྲོད་དགོས་པའི་འབོད་སྐུལ་ཡང་གནང་སོང།

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཅོ་སྤེན་པ་ཚེ་རིང་མཆོག་གིས། ཡང་ཁོང་གིས་གོ་སྐབས་འདི་དང་བསྟུན་ནས་གསུངས་དོན། ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་འཇིགས་པ་བྱུང་ཡང་། བཙན་བྱོལ་བོད་གཞུང་གི་ངོས་ནས་དམིགས་བསལ་གསར་འགོད་གསལ་བསྒྲགས་གང་ཡང་གནང་མེད་ཀྱང་། ཡུལ་ཤུལ་ཁུལ་དུ་ས་ཡོམ་བརྒྱབ་མ་ཐག་༧གོང་ས་མཆོག་དང་འཛིན་སྐྱོང་བཀའ་ཤག བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཀྱིས་བསྔོ་བ་སྨོན་ལམ་དང་དེ་བཞིན་ཐུགས་གསོའི་འཚམས་འཕྲིན་བཏང་ཡོད། རྩ་བས་ས་ཡོམ་གྱི་གོད་ཆག་བྱུང་བ་དེས་ཡུལ་ཤུལ་ཁུལ་ཏུ་གནས་སྡོད་བྱས་པའི་བོད་རིགས་ཚོའི་འགན་ཆགས་ཀྱི་མེད་པར་ང་ཚོ་བོད་མི་ཚང་མའི་འགན་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་བོད་ནང་གི་ཆོལ་གསུམ་སྤུན་ཟླ་ཡོངས་ཀྱིས་འཕྱར་གྲུ་མཉམ་འདེགས་དང་མཐུན་སྒྲིལ་གྱི་རྣམ་འགྱུར་ཤུགས་ཆེར་བསྟན་པ་དེར་བཙན་བྱོལ་བོད་གཞུང་གི་ངོས་ནས་བཀའ་དྲིན་རྗེས་དྲན་ཞུས་པ་ཡིན་ལ། བཙན་བྱོལ་བོད་མི་ཚོར་མཚོན་ནའང་གོད་ཆག་བྱུང་བ་དེ་ལ་མི་རྒྱུ་གཉིས་ཐོག་ནས་མཐུན་རྐྱེན་སྦྱར་དགོས་པ་དང་། དེ་བཞིན་ ༤༌༡༤ ཡུལ་ཤུལ་ས་ཡོམ་གདུང་སེལ་ཚོགས་ཆུང་བརྒྱུད་རོགས་སྐྱོར་གནང་དགོས་པའི་འབོད་སྐུལ་དང་འབྲེལ། བོད་གཞུང་གི་ངོས་ནས་༧གོང་ས་མཆོག་ཐེངས་འདིའི་གོ་སྐབས་བརྒྱུད་བོད་ནང་ཕེབས་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པར་མ་ཟད། བླ་ཆེན་ཁག་ཅིག་དང་སྐྱེ་རྒུ་མདོ་རང་ནས་ཡིན་པའི་བླ་ཆེན་ཁག་ཀྱང་བོད་དུ་ཕེབས་རྒྱུར་འབད་བརྩོན་གནང་གི་ཡོད་ཅེས་གསུང་བྱུང་།

མཐའ་མར་སྐུ་མགྲོན་གཙོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་འཕྲིན་ལས་དང་ལྷག་པར་དུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་བོད་ཆོལ་གསུམ་གྱི་ས་ཁུལ་ཡོངས་སུ་སྐད་ཡིག་དང་རིག་གཞུང་ཐད་ཀྱི་བླ་མེད་ཀྱི་མཛད་འཕྲིན་ངོ་སྤྲོད་དང་། ཁོང་གིས་རྒྱ་ནག་གཞུང་ལ་ཕུལ་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་འབྲེལ་གསུངས་དོན། སྤྱིར་ང་ཚོས་དེ་རིང་གི་ཉིན་མོ་འདི་དགའ་དགའ་སྐྱིད་སྐྱིད་ཀྱིས་རོལ་དགོས་པ་ཞིག་ཡིན་ཡང་། ང་ཚོའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ཁོང་ད་ལྟའི་ཆར་ཡང་མཐོང་རྒྱུ་མེད་པ་ཞིག་དང་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་གོ་རྒྱུ་མེད་པའི་གནས་སུ་ལྷག་ཡོད་སྟབས། ང་ཚོས་སྤྱིར་བཏང་གི་རྣམ་པའི་ཐོག་ནས་ཁོང་གི་སྐུའི་འཁྲུངས་སྐར་སྲུང་གཙི་བྱེད་ཀྱིན་ཡོད་པ་རེད། འདི་དག་ཡོད་ཚད་ང་ཚོའི་གཞོན་སྐྱེས་ཚོས་ཁོང་གི་སྐུ་ཚེ་སྔོན་མས་བོད་གངས་ཅན་གྱི་རིག་གཞུང་དང་ཆབ་སྲིད། དཔལ་འབྱོར་བཅས་ལ་ཕྱག་ལས་གང་འདྲ་གནང་ཡོད་མེད་དོ་སྣང་དང་། འདིའི་ཐད་རང་ནུས་ཡོད་ཚད་ཀྱིས་ཕྱག་ལས་གནང་དགོས་པའི་དུས་ལ་བབ་ཡོད་པ་རེད། ང་ཚོས་མཛད་སྒོ་ཞིག་དང་དེབ་ཞིག་པར་བསྐྲུན་བྱས་ཏེ་འདི་ལྟར་བག་ཡངས་ཀྱིས་བསྡད་པ་ཡིན་ན། ཆུང་སྲིད་རིན་པོ་ཆེ་གློད་གྲོལ་ཡོང་ཐུབ་པ་ཞིག་མ་རེད་ལ། ཧ་ཅང་ཁག་པོ་རེད། དེར་བརྟེན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་མི་ཚོ་མི་རེ་ངོ་རེ་ནས་དངོས་ཤུགས་རྒྱུད་གསུམ་ནས་སྔར་ལས་ལྷག་པའི་འབད་པ་བྱ་དགོས་ཀྱི་འདུག་ལ། ཐ་ན་སྔོན་མའི་ལོ་དྲུག་སྐབས་ཀྱི་སྐུ་པར་ཙམ་མིན་པར་སྐུ་པར་གསར་བ་ཞིག་རྙེད་པའི་ཆེད་དང་ཧུར་ཐག་བྱས་པ་ཡིན་ན། རྒྱལ་པཎ་རྣམ་གཉིས་ཕོ་བྲང་པོ་ཏ་ལར་ཞབས་སོར་འཁོད་ཐུབ་པའི་རེ་བ་ཡོད་པ་ཞིག་རེད་ཅེས་གསུངས་བྱུང།

ཐེངས་འདིའི་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགུང་ ༢༡ ལ་ཕེབས་པའི་སྐུ་འཁྲུངས་སྐར་གྱི་མཛད་སྒོ་དང་སྟབས་བསྟུན་གྱིས། པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་རྣམ་རྒྱལ་གྲྭ་ཚང་གི་འདུས་ཚོགས་དབུ་བཞུགས་ཐོག་རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་སྐུ་ཚེ་བརྟན་པའི་གསོལ་འདེབས་དང་། སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ལ་གསོལ་འདེབས་སྨོན་ལམ་གནང་ཡོད་པར་མ་ཟད། པཎ་ཆེན་ཆུང་རིན་པོ་ཆེ་མྱུར་ཏུ་གློད་གྲོལ་ཆེད་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ངྷ་སྟེང་བོད་ཁྱིམ་གྱི་སློབ་མ་༡༠༠ མ་ཟིན་ཙམ་གྱིས་ཀྱང་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་དང་མཉམ་དུ་སྐྱེས་སྐར་སྲུང་གཙི་བྱས་ཡོད།

པཎ་ཆེན་ཆུང་སྲིད་མཆོག་དགུང་ལོ་ ༢༡ ལ་ཕེབས་པའི་མཛད་སྒོའི་སྟེང་སྐུ་མགྲོན་དུ་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ། བཙན་བྱོལ་བོད་གཞུང་ཆོས་རིག་བཀའ་བློན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་མི་མང་བཅས་འདུ་འཛོམས་གནང་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༧ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 4

  1. མགར་རྟོགས་སད says:
    ལོ་ 16 སྔོན།

    གསར་ཚེས་དུང་ཟླ་དཀར་ཆུང་། ཆུ་འཛིན་ཡོལ་བས་བསྒྲིབས་སོང་།
    རྟ་བདུན་ཉིན་བྱེད་དབང་པོ།། ནུབ་རིའི་ཁད་ལ་སླེབས་སོང་།
    བསམ་པའི་ཡུལ་ལ་ཐོན་མེད། འདོད་པའི་དོན་རྣམས་འགྲུབ་མེད།
    རེ་བལྟོས་ཉིན་ཟླ་ཆ་འགྲིག བརྟག་ཏུ་འཆར་བའི་སྨོན་ལམ།

    Reply
  2. karma dorje says:
    ལོ་ 16 སྔོན།

    ༸པཎ་ཆེན་༢༡སོན་པ་དེ། །
    སྒྲོལ་མ་༢༡གིས་སྲུངས་ཅིག །

    Reply
  3. karma dorje says:
    ལོ་ 16 སྔོན།

    བོད་ཕྲུག་ལོ་དྲུག་དུས་ནས་འཁྲིད། །
    ད་ལྟ་ལོ་ནི་ཉེར་གཅིག་སོན། །
    བསྟན་འཛིན་དགེ་འདུན་ཞེས་སུ་གྲགས། །
    ༸པཎ་ཆེན་ཁྱེད་ཉིད་རྒྱལ་འགྱུར་ཅིག །

    Reply
  4. འཁྱམས་པོ། says:
    ལོ་ 16 སྔོན།

    དོང་མདོག་གི་ཟླ་བ་གཞོན་ནུ། །གློ་བུར་དུ་བཙན་པོས་ཁྲིད་སོང་། །
    ཆུ་ནང་གི་ཟླ་བའི་གཟུགས་བརྙན། །ཡིད་དད་པའི་དྭངས་བ་ང་ལ་མེད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese