མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞོགས་དུང་གིས་རྒྱ་གཞུང་བཟུང་། རྒྱ་གཞུང་གིས་ཞོགས་དུང་བཟུང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་འབྲུག་དཀོན་མཆོག
       
ཉེ་བའི་ལོ་བཅུ་གྲངས་ཤིག་གི་ནང་ཞོགས་དུང་ཟེར་བའི་མིང་འདི་བོད་ཁམས་ཡོངས་ལ་གྲགས། རྒྱལ་ཁབ་ཕྱི་ནང་གི་བོད་མི་མང་པོར་སྐབས་ཐོག་གི་གླེང་གཞི་ཆེན་པོ་ཞིག་བཟོས། ཞོགས་དུང་གིས་བོད་པ་འདི་འདུ་ཤེས་ཀྱི་བཙོན་ཁང་ཞིག་ནས་གྲོལ་དགོས་པའི་བསམ་ཚུལ་བཏོན། བོད་པ་ཚོས་ཞོགས་དུང་འདི་འདུ་ཤེས་ཀྱི་བཙོན་ཁང་ཞིག་ལ་བཙན་གྱིས་བཅུགས།
     
བར་འདི་ནས་བོད་པ་ཚོ་ལ་ཡང་འདུ་ཤེས་དང་དགའ་ཞེན་གྱི་ཐོག་ནས་དཀའ་ངལ་ཞིག་བྱུང་ཞིང་། ཞོགས་དུང་ལ་ཡང་འདུ་ཤེས་དང་དགའ་ཞེན་གྱི་ཐོག་ནས་དཀའ་ངལ་ཞིག་བྱུང་། དེ་བས་སྐབས་ཐོག་ཅིག་ལ་ཕྱོགས་ཚང་མས་ཅི་བྱེད་འདི་བྱེད་མེད་པ་ལྟ་བུར་གྱུར་ཞིང་། གབ་རེས་ཡིབ་རེས་དང་འཕྱ་རེས་སྨོད་རེས་ཀྱང་མང་ཙམ་བྱས། འདི་ཡང་མི་སྒེར་གྱིས་སྤྱི་ཚོགས་བཙོན་ལ་འཇུག་ཚུལ་ཞིག་གམ། སྤྱི་ཚོགས་ཀྱིས་མི་སྒེར་བཙོན་ལ་འཇུག་ཚུལ་ཞིག་མ་ཡིན་ནམ།

སྔོན་མ་བསམ་ཡས་རྩོད་པ་སོགས་ནི་རྩོད་ས་བོད་ཡུལ་ཡིན་རུང་རྩོད་མཁན་བོད་པ་མིན་པས་དེ་ཙམ་རིན་ཐང་མི་ཆེ་མོད། ཞོགས་དུང་གིས་རྐང་འཛིན་བྱས་པའི་འདུ་ཤེས་དང་དགའ་ཕྱོགས་ཀྱི་རྩོད་གླེང་གི་ར་བ་དེ་ནས་བོད་ལ་རིག་གནས་གསར་པ་ཞིག་གམ་རིག་གནས་ལ་ལྟ་སྟངས་གསར་པ་ཞིག་གི་མགོ་བརྩམས་སོང་།

རིག་གནས་གསར་པ་འདིའམ། རིག་གནས་ལ་ལྟ་སྟངས་གསར་པ་འདིས་བོད་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་འབྲེལ་བའི་རིག་ནགས་དང་མི་རིགས་གཉིས་ཀྱི་ཕན་ཚུན་ལ་ཉེས་འཛུགས་བྱེད་རེས་ཆེན་པོ་ཞིག་བྱས། འདི་ནི་དོན་ངོ་མར་རྗེས་དཔག་དང་དཔྱད་གླེང་གི་ཁྲིམས་ར་ཆེན་པོ་ཞིག་རེད།
 
 མཇུག་མཐར་ས་བྱི་ལོའི་གནས་ཚུལ་ཆེན་པོ་དེ་བྱུང་། དགེ་འདུན་པས་སྣེ་ཁྲིད་པའི་ཞི་བའི་འོངས་ལངས་ཆེན་པོ་འདིས་ཞོགས་དུང་གི་འདུ་ཤེས་ལ་འགྱུར་ལྡོག་ཅིག་བཏང་བྱུང་། གནས་ཚུལ་དེའི་རྗེས་འབྲེལ་དུ་ཞོགས་དུང་གིས་ཡང་བསྐྱར་བཅད་ཁྲ་ཆེན་པོ་བཏང་བྱུང་། དེ་ནི་དེ་སྔོན་གཏན་ནས་མི་འདྲ་བའི་བཅད་ཁྲ་ཞིག་རེད།

ཁོང་གིས་ས་བྱི་ལོའི་དོན་རྐྱེན་ལ་ལོ་རྒྱུས་ཀྱི་ངོས་ནས་དང་། ཁྲིམས་ལུགས་ཀྱི་ངོས་ནས། ལྷག་པར་དུ་དུས་རབས་ཉེར་གཅིག་གི་ནང་གི་རྒྱལ་འབངས་ཤིག་གི་སྤྱི་དམངས་ཐོབ་ཐང་གི་ངོས་ནས་ལྟ་ཞིབ་བྱས་ཏེ། རྒྱ་གཞུང་འདི་ཕྱོགས་ཡོངས་ནས་ཁྲིམས་ལ་སྦྱར་འདུག

དེ་བས་ཁོང་གི་གནམ་ས་གོ་འབྱེད་ནི་དཔང་རྟགས་བརྒྱ་ཕྲག་གི་རྒྱབ་ལྗོངས་ཅན་གྱི་གཏུགས་བཤེར་ཆེན་པོ་ཞིག་རེད་འདུག་ཅིང་། གཏུགས་བཤེར་འདིས་ད་ལྟའི་རྒྱ་གཞུང་དེ་ཁྲིམས་ལ་སྦྱར་ཡོད། དྲང་བདེན་གྱི་ཁྲིམས་ལ་སྦྱར་ཡོད། རྒྱལ་ཁབ་དེ་རྒྱལ་ཁབ་དེའི་ཁྲིམས་ལ་སྦྱར་ཡོད།

དེ་བས་ན་ཞོགས་དུང་སོགས་བོད་ནང་དུ་ཤེས་ཡོན་ཅན་དག་གི་ལས་འགུལ་སྣ་ཚོགས་དང་། བྱ་ཐབས་སྣ་ཚོགས། འགུལ་སྟངས་སྣ་ཚོགས་སྤྱད་ནས་རང་གི་མི་བུའི་ཐོབ་ཐང་དང་། བདེན་དོན་གྱི་གནས་བབ་རྩོད་ལེན་བྱེད་ཀྱིན་ཡོད། ཁོང་ཚོས་རྒྱ་ནག་གཞུང་ཁྲིམས་ལ་སྦྱར་ཡོད།

རྒྱལ་ཁབ་ཅིག་རྒྱལ་ཁབ་རང་ཉིད་ཀྱི་རྩ་ཁྲིམས་ལ་འགལ་བའི་ཁྲིམས་འགལ་བ་ཡིན་པ་དང་། རྒྱལ་ཁབ་ཅིག་གིས་རང་གི་སྤྱི་དམངས་སྡུག་ལ་སྦྱར་བའི་ཉེས་ཅན་པ་ཡིན་པའི་གནས་ཚུལ་འཛམ་གླིང་ལ་བསྒྲགས་པ་འདི་ནི་རྒྱལ་ཁབ་འདི་ཁྲིམས་ལུགས་དང་ལོ་རྒྱུས་ཀྱི་ངོས་ནས་བཙོན་འཇུག་བྱས་པ་ལྟ་བུ་རེད།

འོ་རེད། འོན་ཀྱང་ད་ལྟ་ཞོགས་དུང་སོགས་བོད་རིགས་ཤེས་ལྡན་པ་མང་པོ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད། རྒྱ་གཞུང་གིས་ཁོང་ཚོ་ཁྲིམས་འགལ་བ་ཡིན་ཚུལ་བཤད་ཀྱི་རེད། ཉེས་ཅན་པ་ཡིན་ཚུལ་བཤད་ངེས་རེད། དེ་བས་རྒྱ་གཞུང་གིས་ཞོགས་དུང་ལ་སོགས་པ་འཇུ་བཟུང་བྱས་པ་རེད།

ད་ང་ཚོས་ག་རེ་བཤད་དགོས་པ་རེད་དམ། ག་རེ་བཤད་ཤེས་ཀྱི་འདུག་གམ། ག་རེ་བཤད་ཐུབ་ཀྱི་འདུག་གམ། གནས་བབ་འདི་ཚོ་མར་མེའི་ཁྲོམ་སྐོར་ཙམ་གྱིས་ཕྱིར་འདོན་བྱེད་ཐུབ་པའི་གནས་ཚུལ་དེ་འདྲ་མ་རེད། དེ་བས་ང་ཚོས་བོད་ནང་གི་ཤེས་ཡོན་ཅན་དག་གིས་བདེན་རྩོད་སྙིང་སྟོབས་དང་། ཁོང་ཚོའི་གནས་བབ་དང་འཚམ་པའི་ལས་ཀ་ག་རེ་བྱེད་དགོས་ཀྱི་རེད་དམ།

གནད་འགག་འདི་ཚོའི་ཐད་ལ་གྲོས་བསྡུར་ཡག་པོ་རེ་འབྱུང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། མ་མཐའ་དུས་བབ་གསར་ཁང་གིས་གནད་དོན་འདི་ཚོར་འགོ་འཛིན་ཞིག་གནང་ཐུབ་ཀྱི་འདུག་གམ། ཁྱེད་ཅག་གིས་ག་རེ་དགོངས་ཀྱི་འདུག གཞན་བསམ་བློའི་ཕྱོགས་ནས་རེ་བ་རྒྱག་ས་ཆེན་པོ་མི་འདུག

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 11

  1. ཡོན་བྷེ། says:
    ལོ་ 16 སྔོན།

    རེད་དག་དག་ཞོགས་དུང་གིས་རྒྱ་ནག་བཟུང་འདུག་ལ་རྒྱ་ནག་གིས་ཞོགས་དུང་ཡང་བཟུང་འདུག མ་ཟད་ཞོགས་དུང་གིས་རྒྱ་ནག་དོན་གྱིས་བཟུང་འདུག་ལ་ཁྲིམས་ཁ་ནས་བཟུང་འདུག ལོ་རྒྱུས་ཀྱི་སྒང་ནས་བཟུང་འདུག་ལ། དངོས་ཡོད་ཀྱི་ལམ་ནས་བཟུང་འདུག དེ་ཡང་མདོར་བསྡུས་ན་གནམ་ས་གོ་འབྱེད་ཀྱིས་བཟུང་འདུག རྒྱ་བོད་གཉིས་འདས་པའི་ལོ་རྒྱུས་ཐ་དད། མི་རིགས་ཐ་དད། རིག་གནས་ཐ་དད། སྐད་ཡིག་ཐ་དད། འདུ་ཤེས་འཛིན་སྟངས་ཐ་དད། ཡུལ་གོམས་གཤིས་ལུགས་ཐ་དད་སོགས་མདོར་ན་ཕྱོགས་ཐམས་ཅད་ནས་རྒྱ་བོད་ཐ་དད་ཡིན་པ་དེ་ཉིད་གནམ་ས་གཉིས་ཁ་ཁ་དང་སོ་སོ་ཡིན་པ་བཞིན་དུ་རྒྱ་བོད་གཉིས་ཁ་ཁ་དང་སོ་སོ་ཡིན་པ་གསལ་བོ་བཟོས་ཤིང་གོ་འབྱེད་བྱས་ཤིང་བསྒྲགས་ཡོད་པ་ཡིན། འདི་ནི་གནམ་ས་གོ་འབྱེད་ཀྱི་ཁ་ཡིག་གི་འགྲེལ་ཡིན་ཡང་ཆོག་ལ། ང་ལ་ཐོབ་པའི་གནམ་ས་གོ་འབྱེད་ཀྱི་ཁ་ཡིག་གི་གོ་བ་ཡིན་ཡང་སྲིད།

    Reply
  2. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་རིགས་དཔའ་བོ་སྐུ་ཞབས་ཞོགས་དུང་མཆོག་ལ། ང་ཚོ་བོད་རིགས་ཡོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་དགོས། འོན་ཀྱང་ཁོང་གིས་སྐྱོ་སེམས་ཀྱིས་བརྩམས་པའི་དེབ་འགའི་ནང་དུ། སངས་རྒྱས་ཆོས་ལ་ལོག་པར་ལྟ་བའི་དམར་ཕྱོགས་ཀྱི་ལྟ་ངན་ཀླ་ཀློའི་རིང་ལུགས་ལ་རྒྱུ་མཚན་མེད་པར་འུར་བསྟོད་བྱས་འདུག་པས། དེ་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཚམས་འཇོག་མི་རུང་།
    བོད་རིགས་དཔའ་བོ་སྐུ་ཞབས་ཞོགས་དུང་མཆོག་མྱུར་དུ་རང་དབང་ཐོབ་པར་བྱེད་དགོས

    Reply
  3. གནས་ཚང་། says:
    ལོ་ 16 སྔོན།

    ངས་ཞོགས་དུང་མཆོག་བཀའ་ཁྲིའི་འོས་གཞིར་ལྷན་རྒྱས་ཀྱི་སྤྱན་སྔར་ཕུལ་བ་ཡིན་པས། ཅིས་ཀྱང་སྣང་ཆུང་མི་གཏོང་བ་གནང་རོགས་ཞུ་འདོད་བྱུང་།

    Reply
  4. དུག་ཚེར། says:
    ལོ་ 16 སྔོན།

    སྨྲ་ཤེས་པའི་མི་ཡི་འདུན་ནས་གནས་ལུགས་བཤད་དགོས་པ་གལ་ཆེན་པོ་ཞིག་མཐོང་གི་འདུག

    Reply
  5. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    བོད་པ་ཚང་གིས་ལྟ་ལོག་པ་དང་དམར་པོའི་རྒྱུག་ཁྱིར་བརྩི་གི་ཡོད་དུས། དམར་པོའི་སྲིད་གཞུང་གིས་ཀྱང་ཤོར་གི་ཕལ་ཆེར་མི་འཇུག་གི འདི་གཉིས་རྟེན་བརྟེན་པའི་ཚུལ་དུ་གྲུབ་བཞག

    Reply
  6. སྐྱ་ཀ says:
    ལོ་ 16 སྔོན།

    ང་ཚོ་ནི་དེང་དུས་གནས་བབས་ཀྱི་ཐོག་ནས་གཞིགས་ན་ཞོགས་དུང་གི་གསུང་འདི་ལས་འདའ་མི་ཉན། མཚོན་ཆའི་ཆ་རྐྱེན་མེད་ཀྱང་ཡིག་ཆའི་ཆ་རྐྱེན་ཕྱུག་པའི་བོད་པ་ཚང་ལ་ཆགས་སྒོ་དེ་རིམ་བཞིན་རྒྱུད་ནས་འགྲོ་དགོས། སྔོན་དུས་བོད་མིས་བཟོས་པའི་ལག་ཆ་དེ་བེད་སྤྱོད་ནས་ད་སྐབས་བོད་མི་བཟོ་དགོས་བོད་མི་ཞོགས་དུང་ནང་བཞིན་བཟོ་དགོས།

    Reply
  7. ཐིག says:
    ལོ་ 16 སྔོན།

    གྲོགས་པོ་ཨ་རིག་འགྱུར་མེད་ལགས། རེད་ཡཱ། གཞིས་སྡོད་སྙུག་ཐོག་པ་མང་པོ་ཞིག་གིས་རང་ཉིད་ཀྱི་མི་རིགས་ལ་འཕྲད་པའི་བདེ་སྡུག་དང་དཀའ་ངལ་ལ་སོགས་དྲང་བདེན་གྱིས་སྒོས་སྙུག་སྟེང་ནས་ཕྱིར་བཏོན་བྱས་པར་བརྟེན། ཁོང་ཚོ་མས་རྒྱལ་ཁ་བྲལ་རིགས་ལུགས་པ་ཞེས་ཁོངས་ལུང་མེད་པའི་ནག་ཉེས་རེ་བགེལ་ནས་བཙོན་ནང་བཅུག་པ་དང་ཉེས་བརྡུང་བཏང་དང་གཏོང་མུས་ཡིན་པར་ང་ཚོ་དངོས་གནས་སེམས་སྡུག་སྐྱེས་དགོས་པ་རེད་མོད། ཡིན་ནའང་ང་ཚོ་བྱས་སྡོད་སྙུག་ཐོག་པ་ཚོས་ཅི་ཞིག་བྱ་ན་ཁོང་ཚོ་བཀའ་སྡུག་ལས་བྲལ་པར་བྱེད་ཐུབ། ཁྱེད་ཀྱིས་ང་ཚོས་ངེས་པར་ཏུ་གྲོས་བསྡུར་བྱེད་དགོས་པ་དང་། ཐབས་ཤེས་འཐེན་དགོས་ཟེར། འོ་ན། གྲོས་བསྡུར་ཇི་ལྟར་བྱ་ན་བཟང་། ཐབས་ཤེས་ཇི་ལྟར་འཐེན་ན་ལེགས། ངས་བསམ་པར་ཁྱེད་ལ་དེའི་ཐད་བསམ་ཚུལ་ཙམ་ཡོད་མདོག་ཁ་པོ་རེད། མ་གཏོགས་རང་དེ་ལྟར་དགོས་ཞེས་བཤད་བསྡད་ན་ཅུང་མ་འཚངས་སྙམ། རེད་མ་རེད།

    Reply
  8. ཐིག says:
    ལོ་ 16 སྔོན།

    གྲོགས་པོ་ཨ་རི་འགྱུར་མེད་ལགས། རེད་ཡཱ། གཞིས་སྡོད་སྙུག་ཐོག་པ་མང་པོ་ཞིག་གིས་རང་ཉིད་ཀྱི་མི་རིགས་ལ་འཕྲད་པའི་བདེ་སྡུག་དང་བཀའ་ངལ་ལ་སོགས་དྲང་བདེན་གྱིས་སྒོས་སྙུག་སྟེང་ནས་ཕྱིར་བཏོན་བྱས་པར་བརྟེན། ཁོང་ཚོ་མས་རྒྱལ་ཁ་བྲལ་རིགས་ལུགས་པ་ཞེས་ཁོངས་ལུང་མེད་པའི་ནག་ཉེས་རེ་བགེལ་ནས་བཙོན་ནང་བཅུག་པ་དང་ཉེས་བརྡུང་བཏང་དང་གཏོང་མུས་ཡིན་པར་ང་ཚོ་དངོས་གནས་སེམས་སྡུག་སྐྱེས་དགོས་པ་རེད་མོད། ཡིན་ནའང་ང་ཚོ་བྱས་སྡོད་སྙུག་ཐོག་པ་ཚོས་ཅི་ཞིག་བྱ་ན་ཁོང་ཚོ་བཀའ་སྡུག་ལས་བྲལ་པར་བྱེད་ཐུབ། ཁྱེད་ཀྱིས་ང་ཚོས་ངེས་པར་ཏུ་གྲོས་བསྡུར་བྱེད་དགོས་པ་དང་། ཐབས་ཤེས་འཐེན་དགོས་ཟེར། འོ་ན། གྲོས་བསྡུར་ཇི་ལྟར་བྱ་ན་བཟང་། ཐབས་ཤེས་ཇི་ལྟར་འཐེན་ན་ལེགས། ངས་བསམ་པར་ཁྱེད་ལ་དེའི་ཐད་བསམ་ཚུལ་ཙམ་ཡོད་མདོག་ཁ་པོ་རེད། མ་གཏོགས་རང་དེ་ལྟར་དགོས་ཞེས་བཤད་བསྡད་ན་ཅུང་མ་འཚངས་སྙམ། རེད་མ་རེད།

    Reply
  9. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    ལུས་པོ་བདེ་མིན་གྱི་དབང་གིས་དྲ་ཐོག་ལ་ཡོང་མ་ཐུབ་ནས་རྒྱུན་རིང་ཞིག་སོང་། ཁ་སང་ཕྱོགས་ཕྱོགས་ནས་ཁ་པར་ཡོང་ནས་སྐུ་ཞབས་ཞོགས་དུང་འཇུས་སོང་འདུག་ཟེར། དེ་རིང་དྲ་ཐོག་ལ་ཡོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་དུས་དོན་རྐྱེན་རོབ་ཙམ་མགོ་ཚོས་པར་གྱུར།

    སྤྱིར་སྐུ་ཞབས་ཞོགས་དུང་ནི་ངེད་རང་ཆེས་དགའ་སའི་རྩོམ་པ་པོ་གཅིག་ཡིན། ཁོང་གི་བླ་ན་མེད་པའི་མི་གཞི་དང་ཤེས་ཚད་བོད་ཕྱི་ནང་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་གླེང་བཞིན་ཡོད།

    ད་ནི་ང་ཚོས་ཁ་ཚ་དགོས་གཏུགས་ཀྱིས་བསམ་བློ་གཏོང་དགོས་ས་ནི་སྐུ་ཞབས་ཞོགས་དུང་མཆོག་གི་མ་འོངས་པའི་སྐོར་ནས་རེད། རྒྱ་ནག་གི་སྲིད་ཇུས་འོག་ནས་ཁོང་ཚོ་སུ་ཡང་མཐར་ས་མེད་པ་ཁོང་གི་གནམ་ས་གོ་འབྱེད་ཀྱི་ནང་དུ་གསལ་བོ་བྲིས་འདུག ཡིན་ནའང་། གནད་འགག་གི་སྐབས་སུ་ཁོང་གིས་གཏོང་ཕོད་ཆེན་པོས་རང་གི་སྐེ་དུ་དཔངས་ལ་བཙུགས་བཞག་པ་རླབས་ཆེན་མི་རིགས་འདི་ཉིད་ཀྱི་ལ་རྒྱ་རེད།

    ད་ང་ཚོས་ཅི་ཞིག་བྱེད། ལས་འགུལ་ཅི་ཞིག་སྤེལ། འབོད་ཚིག་ཅི་ཞིག་སྒྲོགས། མདོར་ན་སྐུ་ཞབས་ཁོང་བཙོན་འོག་ནས་མཐར་ཐུབ་པ་ཅི་ལྟར་བྱེད། དྲ་གྲོགས་ཡོངས་ནས་འདིའི་སྐོར་ནས་རང་རང་གི་བསམ་ཚུལ་ཞིབ་བརྗོད་ཡོང་བའི་རེ་བ་ཞུ་ཞུ།

    འདིའི་སྐོར་ལ་རྩོམ་ཡིག་ཞིབ་ཚགས་ལྡན་པ་ཞིག་མི་འགྱངས་བར་སྤེལ་ཁོ་ཐག་ཡིན།

    Reply
  10. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གྲོགས་རྭ་རྒྱ་བློ་དབང་གི་ཟིན་བྲིས་ནང་ད་ལྟ་རྒྱ་ནག་གི་བཙོན་དུ་ཡོད་པའི་རྩོམ་པ་བོ་ཁག་ཅིག་གི་མིང་གཞུང་བཀོད་འདུག

    བཙོན་ན་ཡོད་པའི་རྩོམ་པ་པོའི་མིང་གཞུང་།
    ད་ལྟ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་མིང་གཞུང་། ཨ་རིག་སྒྲོལ་མ་སྐྱབས། ལོ་བཅོ་ལྔའི་ཁྲིམས་ཆད། རྨ་ཆུའི་དཀོན་མཆོག་ཚེ་འཕེལ། ལོ་བཅོ་ལྔའི་བཙོན་འཇུག མགོ་ལོག་གངས་ཉི། ལོ་ལྔའི་བཙོན་འཇུག། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞོགས་ལྗང་། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཐེའུ་རང་། རྔ་བ་ཀིརྟི་སྐྱབས། གཅན་ཚ་ཞོགས་དུང་ལགས།
    ངས་དྲན་སོས་པ་འདི་ཙམ་རེད། གཞན་རྣམས་འདིར་ཁ་སྐོང་དུ་བཞག་ན་ང་ཚོར་ཕན་པ་ཆེ།
    ཞེས་བཀོད་འདུག

    Reply
  11. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    གཤམ་ནི་ཁ་སང་ངས་རང་ཉིད་ཀྱི་ཟིན་བྲིས་ནང་བཀོད་ཟིན་པ་ཞིག་ཡིན། དེ་ཡང་ལས་བྲེལ་ཆེ་བའི་བར་གསེང་ནས་བཀོད་ཐུབ་ཙམ་བྱུང་། དེ་རིང་ལས་བྲེལ་ཆེ་བས་མང་བོ་འབྲི་ཁོམ་མི་འདུག གཤམ་གྱི་རྩོམ་ཡིག་དེ་འདིར་བསྐྱོར་འགོད་བྱ་རྒྱུ་ཡིན། བགྲོ་གླེང་བར་བྱ།

    ཞོགས་དུང་བཟུང་། སེང་རྡོར་དྲ་རྒྱ་སྒོ་བརྒྱབས། ད་དུང་་་་

    དྲ་གྲོགས་ཚོ། ལས་བྲེལ་གྱི་དབང་གིས་ད་ལྟ་ང་ལ་ཁྱེད་ཚོ་དང་ལྷོད་ལྷོད་བྱས་ཏེ་སྐད་ཆ་བཤད་པའི་གོ་སྐབས་དེ་ཙམ་མེད། ཡིན་ནའང་། ངས་འདི་ནས་ཁྱེད་ཚོར་རེ་སྐུལ་ཞིག་ཞུ་སྙིང་འདོད།
    ཡུལ་ཤུལ་ལ་ས་འགུལ་བྱུང་ནས་བདུན་ཕྲག་གཉིས་འགོར་ལ་ཉེ་སྐབས་འདིར་ཟི་ལིང་ཉེན་རྟོག་པས་སྐུ་ཞབས་ཞོགས་དུང་ལགས་འཛིན་བཟུང་བྱས་ཡོད། ཁོང་འཛིན་བཟུང་བྱས་པའི་སྐོར་གྱི་གསར་འགྱུར་རྩོམ་ཡིག་འབྲི་མཁན་ཁོང་གི་གྲོགས་པོའམ་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཡིན། རྩོམ་ཡིག་དེ་སྤེལ་ཡུལ་སེང་རྡོར་དྲ་བ་ཡིན། སེང་རྡོར་དྲ་བ་ཉེ་སྔོན་བསྐྱར་དུ་སྲོག་ཉེན་ལས་ཐར་ཙམ་ཡིན། གང་ལྟར་དེ་རིང་སེང་རྡོར་དྲ་རྒྱ་སྒོ་བརྒྱབས་ཡོད་མོད། ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་ད་ལྟའི་གནས་སྟངས་གང་ཡང་ཤེས་རྟོགས་བྱུང་མེད།
    དེ་བཞིན་ཡུལ་ཤུལ་ལ་ས་འགུལ་མ་བྱུང་བའི་སྔོན་དེར་ཁྲག་ཡིག་རྩོམ་པ་བོ་ཐེའུ་རིང་དང་ཁོང་གི་སློབ་གྲོགས་ཞོགས་ལྗང་གཉིས་བཟུང་ཡོད། གང་ལྟར་ད་ལྟ་སུས་བོད་དོན་གླེང་ན་དེ་ཉེས་ཅན་པ་ཡིན་ལ། སུ་ལ་ཤེས་ཡོན་ཡོད་ན་དེ་རྒྱ་ནག་གི་དམིགས་འབེན་དུ་གྱུར་འདུག
    ངས་ཁྱེད་ཚོ་དྲན་སྐུལ་འགའ་གཏོང་།
    གཅིག སྐུ་ཞབས་ཞོགས་དུང་ལགས་བཟུང་བ་དེས། སྐུ་ཞབས་སེང་རྡོར་གཙོས་ཉེ་ཆར་སྐུ་ཞབས་ཞོགས་དུང་མཉམ་དུ་ཡུལ་ཤུལ་ས་འགུལ་ཁྲོད་ཀྱི་གནོད་ཐེབས་སྐོར་ལ་བསྒྲགས་གཏམ་སྤེལ་མཁན་དག་གི་བདེ་འཇགས་ལའང་ཉེན་ཁ་ཡོད། དེར་བརྟེན་ཚང་མས་བོད་ནང་ལོགས་ཀྱི་རང་རང་གི་གྲོགས་པོ་ཚོའི་སར་ནས་ཆུ་ཚོད་ཉེར་བཞིར་ཁོང་ཚོའི་གནས་སྟངས་སྐོར་འདྲི་གི་སྡོད།
    གཉིས། སེང་རྡོར་དྲ་རྒྱ་སྒོ་བརྒྱབས་པའི་ཐད་དུ་རྒྱ་ནག་ལ་འགྲེལ་བཤད་ཅིག་ཡོད་ཡོད་པ་རེད། ལྷག་པར་དུ་དྲ་རྒྱ་དེར་ནག་ཉེས་ཅི་ཞིག་འཛུགས་མིན་དེ་རེད། དེའི་ཐད་དུའང་སུས་ཤེས་ན་ཕན་ཚུན་བཤད་རྒྱུ་མ་བརྗེད།
    གསུམ། ད་ལྟ་གཞིས་ཀྱི་སྙུག་ཐོགས་པ་ཚོ་གཅིག་རྗེས་གཉིས་མཐུད་ཀྱི་བཟུང་འགྲོ་དུས། བྱེས་ཀྱི་སྙུག་ཐོགས་པ་ཚོ་རང་ངར་འདུག་པའི་དུས་ཚོད་མ་རེད། གང་ལྟར་འཕག་འཚག་ཅིག་རྒྱག་དགོས་པར་འདོད་ལ། གནད་དུ་སྨིན་པའི་འགུལ་སྐྱོད་ཅིག་བྱེད་དགོས་པར་འདོད། ཡིན་ནའང་། ད་ཐེངས་ཀི་འགུལ་སྐྱོད་འདི་ངེས་པར་དུ་བྱེས་ཀྱི་སྙུག་ཐོགས་པས་སྣེ་ཁྲིད་དགོས་པར་འདོད།

    རྒྱུ་མཚན་འདིའི་དབང་གིས་བྱེས་ཀྱི་སྙུག་ཐོགས་པ་ཡིན་ཟེར་མཁན་ཚང་མ་ཕྱོགས་གཅིག་ལ་མཉམ་དུ་འཛོམས་ནས། གྲོས་ཁ་བསྡུར། འཆར་གཞི་འཐེན། ལག་ལེན་ཏུ་ཐོངས། ང་ཡང་ཧུར་ཐག་འབད་ཐག་གིས་མཉམ་ཞུགས་བྱ་རྒྱུའི་དམ་བཅའ་འཇོག
    ད་ཤོག་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese