མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་རེ་བ་ཞིག་གི་སྣེ་མོ་ཨེ་རེད། ལུང་རིགས་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བྱེད་ལས་དང་འགན་ཁུར་གསར་པ་འདི་ནི་ད་སྐབས་གཞིས་ལུས་མི་དམངས་ལ་ཁ་ཚ་དགོས་གཏུགས་ཀྱིས་མཁོ་བ་དེ་རེད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནི་ཟླ་འདིའི་ནང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱི་ཚོགས་མི་རུ་གྱུར་ཡོད་ལ། འདི་ནི་བོད་དོན་ལས་འགུལ་གྱི་ཚོགས་པ་ཞིག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱི་ཁོངས་སུ་ཞུགས་པ་ཐོག་མ་ཡིན་སྟབས། ད་ནི་མིང་ཐོབ་གསར་པ་འདིའི་འོག་ནས་བྱེད་ལས་གསར་པ་ཞིག་འདོན་དགོས་པའི་དུས་ལ་བབ་ཡོད།

ད་སྐབས་ནི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བའི་ཚ་རླབས་མཐོ་ཤོས་སུ་བསླེབས་ཡོད་ལ། ཉམ་ཆུང་མི་དམངས་ཀྱི་རྒྱབ་རྩ་ནས་ལངས་ཏེ་ཁོང་ཚོའི་གཞི་རྩའི་ཁེ་དབང་དང་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་སྨྲ་ལྕེ་འགུལ་མཁན་རྣམས་ཀྱང་རེ་རེ་བྱས་ནས་བཙན་ཁྲིད་དང་ཁེར་འདེད། མནར་གཅོད་གཏོང་བཞིན་པའི་སྒང་རེད། སྐབས་འདིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱི་ཚོགས་མིར་གྱུར་བ་ནི་བོད་མི་ཚོ་དང་། ལྷག་པར་དུ་འགྲོ་བ་མི་ཞིག་གི་གཞི་རྩའི་ཁེ་དབང་དང་ཐོབ་ཐང་ཙམ་ཡང་རག་གི་མེད་མཁན་གཞིས་ལུས་བོད་རིགས་ཚོར་མཚོན་རེ་བའི་མིག་འབུར་གཏོད་ས་ཞིག་ངེས་པར་དུ་ཡིན།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་ནི་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ ༡༥༥ ལས་གྲུབ་ཡོད་ལ། ད་ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཚུད་པའི་ཚོགས་མི་གསར་པ་ ༩ སྣོན་པ་བྱས་སྟབས་ད་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ཚོགས་མི་ ༡༦༤ ཡོད་ཅིང་། ཚོགས་མི་གསར་པ་འདི་དག་ནི་ཕྱི་ཟླ་ ༤ པའི་ཚེས་ ༦ ནས་ ༡༠ བར་འཚོགས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱི་ལོ་གསུམ་རེའི་ཚོགས་ཆེན་སྟེང་ཚོགས་ཞུགས་བྱས་ཡོད།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱིས་རྒྱལ་ཁབ་རིམ་པ་དང་། མངའ་ཁུལ་རིམ་པ་ནས་ཡུལ་ལུང་སོ་སོའི་སྐྱེ་བོ་མཐའ་དག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་གིན་ཡོད། ལྷག་པར་དུ། ད་ལོའི་ཚོགས་ཆེན་སྟེང་གི་འབོད་ཚིག་ནི། ༼དྲང་བདེན། གདོང་ལེན་གསར་པ།༽ཞེས་པ་འདི་ཡིན།

ཚོགས་པ་འདིའི་བྱེད་ལས་གསར་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱི་ད་ལོའི་འབོད་ཚིག་དེ་ནི་ཐད་ཀར་དུ་ཁ་སང་དེ་རིང་གི་གཞིས་ལུས་བོད་རིགས་མི་དམངས་ཀྱི་ལས་དབང་ལ་འགན་ལེན་བྱེད་པའི་ཆ་རྐྱེན་ལ་དམིགས་པ་ལྟ་བུ་ཞིག་ཏུ་མཐོང་སྟབས། ད་ནི་ཚོགས་པ་འདི་དག་གིས་གོམ་སྟབས་མྱུར་མོ་དང་ཕྱི་ནུར་མེད་པ་ཞིག་སྤོ་རྒྱུའི་དུས་ལ་བབ་ཡོད།

ཉེ་ཆར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་དྲ་རྒྱའི་དགྲ་བོ་ངོས་འཛིན་བྱས་སྐབས་རྒྱ་ནག་གཞུང་ནི་དགྲ་བོ་ཨང་དང་པོ་ཡིན་པ་ལྟར། སྤྱི་ཡོངས་ནས་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་བཤད་ས་མེད་ཁར། བོད་ཀྱིས་མཚོན་པའི་མི་རིགས་ཀྱི་གནད་དོན་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་འདྲ་མཉམ་དང་། དྲང་བདེན། ཐོབ་ཐང་ཅེས་པ་ཞིག་མེད་ལ། ཉིན་ཤས་གོང་བོད་རིགས་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ཡང་གནས་བབ་འདི་འདྲ་ཞིག་གི་འོག་ནས་འཇུས།

འོན་ཀྱང་ཐབས་སྐྱོ་བ་ཞིག་ལ། འདས་པའི་བདུན་ཕྲག་གསུམ་གྱི་རིང་འདིར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མིང་ཐོབ་གསར་པ་འདིའི་འོག་ནས་གཞིས་ལུས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་གི་ཐད་ལས་འགུལ་སྤེལ་བ་དང་། གནས་ཚུལ་སྤེལ་བ། སྙན་ཐོ་བཏོན་པ་སོགས་ཅི་ཡངམཐོང་རྒྱུ་མི་འདུག་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱིས་ཀྱང་འཛམ་གླིང་གང་ས་ནས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་སྐོར་གྱི་གནས་ཚུལ་དང་། ཞུ་སྐུལ་སོགས་བྱས་པ་ཡོད་རུང་། ཁོང་ཚོའི་དྲ་རྒྱ་ www.fidh.org/-english-  ཡི་ངོས་སུ་བོད་མི་རིགས་ཀྱི་སྐོར་ལ་བཏོན་པའི་གནས་ཚུལ་དང་སྙན་ཐོ་ནི་ཉིན་མོའི་སྐར་མ་ལྟར་དུ་གྱུར་འདུག

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 3

  1. བོད་མིའི་ལས་དབང༌། says:
    ལོ་ 16 སྔོན།

    རྒྱལ་བོད་དོན་ལས་འགུལ་ཁང་དོན་དངོས་ཐོགས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་བོད་མའི་རྩ་དོན་ལ་ཕན་པའི་ལས་དོན་བྱེད་ཀྱི་ཡོད་པའི་རེད་བ་ཡོད།་གཞན་མ་གཏོགས་ང་ཚོའི་བཙན་གཞུང་གི་རོགས་ཚོགས་དེ་ཚོ་ཁོ་ཚོའི་ཕྱོགས་ལ་ཁ་བསྒྱུར་ཡོད་པ་མ་ཟད།་བོད་གཞུང་ལ་བརྩི་བཀུར་མི་བྱེད་མཁན་ཚོགས་པ་ཞིག་ཆགས་ཡོད།་དེ་ལྟ་བུ་བྱས་ཡག་པོ་རྩ་བ་མེད་པ་རེད།་

    Reply
  2. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ནི་སྔོན་ཆད་བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་དུས་ནས་དུས་སུ་སྙན་ཐོ་འདོན་མཁན་གྱི་གྲས་དང་། བོད་མི་ཚོའི་དོན་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་རིམ་པར་བྱ་མཁན་གྱི་གྲས་རེད། སྐབས་དེ་དག་ལ་བོད་མིའི་ཆབ་སྲིད་བཙོན་པའང་མང་པོ་ཞིག་གློད་ཡོད་ངེས།

    དེང་སྐབས་ཁོང་ཚོས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་དེ་དག་གི་ཐོབ་ཐང་མ་གཏོགས་བོད་མི་ཚོའི་གནས་སྟངས་སྐོར་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་པའི་བཟོ་འདྲ་འདུག

    འདི་རྒྱུ་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་རེད་དམ།

    ༡། ཏཱ་ལའི་བླ་མར་སྙན་གྲགས་ཆེ་ཞིང་། བོད་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་གནས་སྟངས་ནི་ཁོང་ལས་ལྷག་ཅིག་གཞན་གྱིས་གླེང་མ་དགོས་པར་མཐོང་བ་ཡིན་ནམ།

    ༢། བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཡར་རྒྱས་ལྟེ་གནས་ཁང་། དགུ་བཅུ་གསུམ་ཚོགས་པ། གཞོན་ནུ་ཚོགས་པ། བུད་མེད་ཚོགས་པ་སོགས་བོད་པ་ཚོར་རང་གི་མི་དམངས་ཀྱི་ཐོབ་ཐང་དང་གནས་བབ་གླེང་མཁན་གྱི་ཚོགས་པ་མང་ཐག་ཆོད་ཅིག་ཡོད་སྟབས། ད་ནི་གཞན་གྱིས་མ་གླེང་ནའང་འགྲིག་གི་ཡོད་པའི་རྐྱེན་གྱིས་ཡིན་ནམ།

    ༣། བཙན་བྱོལ་བོད་གཞུང་དང་པེ་ཅིན་གཉིས་བར་གྱི་འབྲེལ་མོལ་གྱི་ཁོར་ཡུག་དང་ནང་དོན་དབང་གིས་ཕྱི་ཕྱོགས་ནས་བོད་ཀྱི་གནད་དོན་དང་བོད་མིའི་གནས་བབ་ཐོག་དེ་ཙམ་གྱི་སྐད་གསེང་མཐོན་པོ་སྒྲོག་མ་ཤེས་པ་རེད་དམ།

    ༤། བོད་མི་ཚོས་ནང་ཁུལ་ལ་ཅིག་བཤད་བསྡད་དེ། ཕྱིའི་འཛམ་གླིང་མི་དམངས་ལ་ལག་བརྡང་སྦྲེལ་རྒྱུའི་ལས་དོན་ཐོག་སྣང་ཆུང་བྱེད་རྒྱུ་མང་དྲག་པས་རེད་དམ།

    Reply
  3. ཨརྱ། says:
    ལོ་ 16 སྔོན།

    ཚོགས་མི་གཞན་དག་དང་མཉམ་འབྲེལ་བཟང་བོ་བྱེད་མ་ཐུབ་ན་ཚོགས་ཁོངས་སུ་མིང་ཙམ་ཚུད་པས་ཕན་ཐོག་ཅང་འེ་ཡོད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese