མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏང་ཀྲུང་དབྱང་ལ་ཕུལ་བའི་སེམས་གཏམ། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

    ཏང་ཀྲུང་དབྱང་། ཁྱོད་ངོ་མ་མི་དམངས་ལ་དགའ་ཞེན་ཡོད་ན། ཁྱོད་ངོ་མ་མི་དམངས་ཀྱི་མགོན་སྐྱབས་བྱེད་ན། ངས་ཀྱང་མི་མང་ཞིག་གི་ཚབ་བྱས་ནས་སེམས་གཏམ་ཚིག་འགའ་ཞུ།

    གཅིག༽ ད་ནས་བཟུང་མི་དམངས་ལ་གོད་ཆག་རེ་བྱུང་བའི་གོ་སྐབས་རེ་བཟུང་ནས་དམངས་སེམས་བསླུ་ཐབས་ཀྱི་འཁྲབ་སྟོན་རྙིང་བ་དེ་རིགས་མཚམས་འཇོག་རོགས། གཡོ་ཐབས་ཀྱི་རིག་རྩལ་དྲིལ་བསྒྲགས་ལ་རེ་བ་བཅོལ་བའི་དུས་དེ་ཚར་སོང། དེ་བས་མི་དམངས་ལ་མགོ་སྐོར་རྒྱུ་འདི་དམངས་སེམས་ལ་ཕོག་ཐུག་འགྲོ་སྤྱད་ཅིག་རེད།

    གཉིས༽     མི་དམངས་ཀྱི་གསར་འགོད་པ་དང། རྩོམ་པ་པོ་གཅིག་བཟུང་ན་དེའི་ཀློག་མཁན་སྟོང་དང་ཁྲི་ཡི་སེམས་པར་ན་ཚ་གཏོང་གིན་ཡོད་ལ། ཆོས་ལུགས་པའི་དབུ་ཁྲིད་གཅིག་ལ་མཐོང་ཆུང་བྱས་ན་དེའི་རྗེས་འཇུག་ཁྲི་དང་འབུམ་ལ་ཕོག་ཐུག་བཏང་ཡོད། གནད་དོན་འདི་ཤེས་བཞིན་ད་དུང་མཚམས་མི་འཇོག་དོན་ཅི། ཐེངས་འདིར་གཙོ་འཛིན་ཧུའུ་ཅུན་ཐོ་ཡུལ་ཤུལ་མི་དམངས་ལ་འཚམས་གཟིགས་སུ་ཕེབས་པ་རེད། འོན་ཀྱང་མི་དམངས་ཀྱིས་ཏཱ་ལའི་བླ་མ་ཕེབས་རོགས་སྐྱབས་འཇུག་ཞུ་གིན་འདུག་ག ད་ཁྱོད་ཀྱིས་དོན་ངོ་མའི་དམངས་སེམས་གསོ་ཐབས་དེ་གང་ཡིན་གསལ་བོ་ཤེས་ན་འགྲིག་གི

    གསུམ༽ ཁྱོད་ཀྱིས་བོད་བཅིངས་འགྲོལ་བྱས་ནས་བདེ་སྐྱིད་སྐྲུན་ཡོད་ཟེར་མོད། དོན་དངོས་ཐོག་འཚོ་བའི་ཐད་ཀྱི་ཡར་རྒྱས་ཙམ་ལས་དམངས་སེམས་བདེ་ཞིང་ལྷོད་ལ་འབབ་བཅུག་ཐུབ་མེད་པ། ༢༠༠༨ ལོའི་ཞི་རྒོལ་ཆེན་མོས་གསལ་མཚོན་ཐུབ་ལ། དེའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི་བོད་རིགས་རང་སྐྱོང་གི་སྲིད་ཇུས་ལ་ནོར་འཁྲུལ་ཤོར་བས་ཡིན། དེས་ན་མི་རིགས་རང་སྐྱོང་ཚད་ལྡན་གུ་ཡངས་ཤིག་ལག་བསྟར་བྱ་རྒྱུ་དེ་ནི་གྲངས་ཉུང་མི་རིགས་ཚང་མའི་སེམས་པ་འགུགས་ཐབས་ཤིག་མ་རེད་དམ།

    བཞི།༽ ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་དགུ་བཅུར་ཉེ་ཡང་ད་དུང་ཡང་དམངས་སེམས་ཡོངས་སུ་འགུགས་མ་ཐུབ་པའི་གནས་སྟངས་འདིས། རླབས་ཆེན་དང་གཟི་བརྗིད་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཞེས་པའི་མཚན་སྙན་དེ་རང་བཞིན་གྱིས་བརླགས་ཡོད། གསར་བརྗེའི་དམག་འཁྲུག་སོགས་ཀྱི་ལོ་རྒྱུས་ཁོ་ན་བཤད་ནས་མི་ཕན་ལ། ལྷག་པར་དུ་ལོ་རྒྱུས་དང་དོན་དངོས་གནས་ཚུལ་རིགས་ལ་འཁྱོག་བརྗོད་བྱས་ན་སྔོན་གྱི་ཏང་གི་མཚན་སྙན་ལའང་གནོད་པས། ཏང་གིས་རང་སྐྱོན་ངོས་ལེན་བྱ་རྒྱུ་ནི་ཆེས་སྤྱོད་བཟང་གི་དམངས་སེམས་འགུགས་ཐབས་ཤིག་ཡིན།

    ལྔ༽ ཐེངས་འདིའི་བོད་ཀྱི་ཡུལ་ཤུལ་གོད་ཆག་ཐད་ལ་རྒྱལ་ཁབ་ཕྱི་ནང་གང་ས་ནས་རོགས་སྐྱོར་གྱི་རྣམ་འགྱུར་སྟོན་མཁན་མང་ཆེ་ཤོས་ནི་ཁ་ནས་མ་བཤད་ན་ཡང་ཁོག་ནས་ཏཱ་ལའི་བླ་མ་དང་ཁོང་གི་མི་དམངས་ལ་ཤ་ཚ་སྙིང་ཉེ་བའི་ཕྱོགས་ཡིན། མདོར་ན་ཏཱ་ལའི་བླ་མ་ནི་བོད་ཀྱི་ཆོས་དང་སྲིད་གཅིག་པུ་ཙམ་མིན་པར་འཛམ་གླིང་གི་རེ་བ་བཅོལ་སའི་རླབས་ཆེན་གྱི་འཕགས་པར་འགྱུར་བཞིན་པས་ཁོང་དང་མཇལ་འཕྲད་ཀྱིས་ཀྲུང་གོའི་ཁྱིམ་ཚང་ཆེན་མོ་སྲ་བརྟན་ལེགས་བཅོས་གནང་རྒྱུ་འདི་རྒྱལ་ཡོངས་དང་འཛམ་གླིང་མི་དམངས་ཀྱི་སེམས་པ་དགའ་བྱེད་ཀྱི་ཐབས་ལམ་མཆོག་གྱུར་དེ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་ཚེ་མཇུག་གི་གཟི་བརྗིད་དང་མཚན་སྙན་ཡང་ཡིན་པར་འདོད།
བོད་མི་མང་སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་ནས་ཕུལ།
༢༠༡༠།༤།༢༦།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 17

  1. karma dorje says:
    ལོ་ 16 སྔོན།

    ཏང་ཀྲུང་དབྱང་ལ་ཕུལ་བའི་སེམས་གཏམ། འདི་ནི་བརྗོད་སའི་ཡུལ། བརྗོད་བྱ་དང་རྗོད་བྱེད་གསུམ་ཀ་ཕུན་སུམ་ཚོགས་པ་ནི་འདི་འདྲ་ཞིག་ལ་ཟེར་དགོས་པས་རྗེས་སུ་ཡི་རང་ཞུ།

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    ནད་པ་ནི་ནད་པ་རང་རེད། ན་ཚ་དེ་ཡང་ཀླད་པ་ལ་ཕོག་ཡོད་པ་འདྲ། ཅོ་རི་ལགས་ཀྱ་སྨྱུང་གཞི་ཅུང་ཐུ་ཡོད་པ་འདྲ།ཧཧཧཧཧཧཧཧ

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    ཡག་པོ་བྲིས་འདུག འོན་ཀྱང་ཁྱེད་ཀྱིས་བྲིས་པ་དེ་དག་ཀྱང་འཁྲབབ་སྟོན་ཆེད་མིན་པར་སྨོན། ལྷག་བསམ་རྣམ་དག་ཐོག་ནས་བྲིས་པ་ཞིག་ཡིན་ཚེ་སྤྱི་འཐུས་ཟེར་བའི་མིང་དོན་མཚུངས་བར་སྙམ་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  4. ནད་པ says:
    ལོ་ 16 སྔོན།

    དོན་ཚན་གཉིས་པ་ནས་ལྔ་པ་བར་དགོངས་འཆར་བཏོན་གནང་མཛད་པ་དག་ཡུག་པོ་འདུག ཡིན་ནའང་དོན་ཚན་དང་པོར་རྒྱ་ནག་གཞུང་གིས་ཐེངས་འདིའི་ས་འགུལ་གནོད་འཚེར་རོགས་རམ་གང་གནང་བ་ཚང་མ་ཆབ་སྲིད་ཀྱི་གཡོ་སྒྱུའི་འཁྲབ་སྟོན་ཁོ་ནར་ངོས་འཛིན་བྱས་ན་མི་འགྲིག

    གནད་དོན་གང་ཞིག་ཡིན་མིན་ལ་མ་ལྟོས་པར་ས་འགུལ་གནོད་ཕོག་ཅན་འདས་པ་ཚོར་མྱ་ངན་དང་དུར་འཇུག ཐིབ་འོག་ཏུ་ཚུད་པ་ཚོ་མྱུར་སྐྱོབ། རྨས་སྐྱོན་ཅན་ཚོར་སྨན་དཔྱད། ནད་པ་ཚོར་སྨན་བཅོས། སོན་པ་ཚོར་སེམས་གསོ་དང་ཟ་བཏུང་གི་རོགས་རམ།

    མདོར་ན་ཐེངས་འདིའི་གོད་ཆག་ཁྲོད་དུ་འདས་སོན་ཡོངས་ལ་རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་དཔོན་རིགས་ཚོའི་གཟིགས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱི་གདུང་སེམས་མཉམ་བསྐྱེད་དང་སྦྲགས་རོགས་རམ་ཚད་མཐའོ་རིགས་རམ་གནང་བ་དེས་ས་འགུལ་གནོད་འཚེ་ཕོག་པའི་བོད་རིགས་འདས་སོན་ཡོངས་ལ་དོན་དངོས་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དེར་ང་ཚོས་དགའ་འཚོར་ངང་ཐུགས་རྗེ་ཆེ་ཞུ་དགོས།

    རྒྱ་ནག་གཞུང་གིས་གསར་འགྱུར་ནང་བརྗོད་དོན་ལྟར་ཕྱོགས་གཅིག་ལ་དཀའ་ངལ་འཕྲད་ན་ཕྱོགས་མཚམས་བརྒྱད་ནས་རོགས་རམ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་ཞེས་བཤད་པ་ལྟར་ང་ཚོས་ཀྱང་ཤ་ཁྲག་གཅིག་པའི་བོད་རིགས་མི་དམངས་ཚོར་དཀའ་ངལ་འཕྲད་དུས་རྒྱལ་ཕྱི་དང་རྒྱལ་ནང་སུ་ཞིག་གིས་ང་ཚོར་དོན་དངོས་ཐོག་རོགས་རམ་གནང་ན་དེ་ལ་ང་ཚོས་ཀྱང་སྙིང་ཐག་པ་ནས་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞེས་བརྗོད་པ་དགོས་པའི་ལུགས་སྲོལ་བཟང་པོ་ནི་བོད་མི་རིགས་ཀྱི་ཡ་རབས་དང་། བཟང་སྤྱོད། མི་གཤིས་བཟང་པོ་བཅས་མཚོན་པ་ཡིན།

    Reply
  5. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    བདག་ལ་འཚོན་ན་ཁྱོད་ལ་དགའ་ཞེན་ཡོད་པ་ཙམ་རྒྱུ་མཚན་ཏུ་མ་བྱས་ནས་ཁྱོད་ཀྱི་བསམ་བློའི་ཁ་ཕྱོགས་དང་དངོས་དོན་གྱི་གནས་ཚུལ་མང་པོ་ཞིག་རྒྱུ་མཚན་ཡོད་པ་འཐོང་ནས་རྒྱབ་སྐྱོར་ཡོད་ངེས་་་་་་་་་ཐེང་འདིས་ཁྱོད་ཀྱི་སྙན་ཞུ་དེ་ཡང་དུས་ཚོད་ལ་བལྟོས་པའི་སྙན་ཞུ་ཞིག་རེད་འདུག་མུ་འཐུད་བོད་ཀྱོ་རྩོམ་པ་པའི་གོ་གནས་ཡོད་འཁན་དག་གིས་འདི་ལྟར་བྱས་ན་འོས་བབས་ཀྱི་ལས་འགན་ཞིག་ཡིན་

    Reply
  6. ཐིག says:
    ལོ་ 16 སྔོན།

    སྤྱི་འཐུས་ལྷ་མོ་སྐྱབས་ལགས་ཀྱིས་འདི་ལྟར་སྙན་ཞུ་འབྲི་སྟངས་ལ་བལྟས་ན། ཁོང་ཉིད་ཀྱིས་དངོས་གནས་ཏང་ཀྲོང་དབྱངས་ཟེར་རྒྱུ་དེ་མྱི་དམ་གི་ཨ་མ་མ་ལོ་ལ་བརྩིས་ནས་དེའི་བྱེད་ཕྱོགས་མ་འགྲིག་པ་དག་ལ་བུའི་འོས་འགན་གྱིས་ཡོ་བསྲང་གང་ཐུབ་དང་སློབ་གསོ་གང་ཐུབ་རྒྱག་གི་འདུག་ཨྰ། ད་ནི་སྤྱི་འཐུས་ནས་འགོ་བཟུང་ནས་ཏང་ཀྲོང་དབྱངས་ཨ་མ་བཞིན་འཛིན་ནས་ཞུ་བསྐུལ་འདྲ་བྱེད་ཡོང་པའི་དུས་ལ་སླེབས་དུས་དངོས་གནས་ང་ཚོའི་བོད་དོན་འདི་ཅི་ཞིག་ཡིན་མིན་ཀྱང་མགོ་ཚོད་ཀྱིན་མི་འདུག དྲགས་གྲོགས་ཚོ། ཁྱེད་ཚོས་ལབ་ན་འདི་ཅི་ཞིག་རེད་ཨྰ།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    བཙན་བྱོལ་བའི་སྤྱི་འཐུས་ལྷ་མོ་སྐྱབས་ལགས་ཀྱིས་ཏང་ཀྲུང་དབྱངས་ལ་རང་གི་བུ་ལས་ཀྱང་སེམས་ཐག་ཉེ་བའི་སྒོ་ནས་སློབ་གསོ་སྐྱོན་འདུག ཧ་ཧ་སྤྱི་འཐུས་ལགས་ཀྱི་ལས་ཚུལ་ལ་གཟིགས་དང༌།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཏང་ཀྲུང་དབྱང་ལ་ཡིད་ཆེས་ཡོད་པའི་སྤྱི་འཐུས་མཆོག་ཆབ་བྲལ་བ་ལགས།
    ཏང་ཀྲུང་དབྱང་། ཁྱོད་ངོ་མ་མི་དམངས་ལ་དགའ་ཞེན་ཡོད་ན། ཁྱོད་ངོ་མ་མི་དམངས་ཀྱི་མགོན་སྐྱབས་བྱེད་ན། ངས་ཀྱང་མི་མང་ཞིག་གི་ཚབ་བྱས་ནས་སེམས་གཏམ་ཚིག་འགའ་ཞུ།་ཞེས་གསལ་འདུག་ཀྱང་ཏང་ཀྲུང་དབྱང་དང་ཁྱེད་སྤྱི་འཐུས་གྲོས་ཚོགས་མཇུག་སྡོམ་རྒྱབ་མི་ཐུབ་པའི་སྤྱི་འཐུས་ཁྱེད་གཉིས་ཀྱིས་བོད་མི་ཉམ་ཐག་ཚོའི་བདེ་སྡུག་ལ་བསམ་གཞི་མེད་པར་ང་ཚོ་བོད་མི་ཉམ་ཐག་ཚོས་སེམས་ལ་གསལ་ལེ་ཡོད།

    གསུམ༽ ཁྱོད་ཀྱིས་བོད་བཅིངས་འགྲོལ་བྱས་ནས་བདེ་སྐྱིད་སྐྲུན་ཡོད་ཟེར་མོད། དོན་དངོས་ཐོག་འཚོ་བའི་ཐད་ཀྱི་ཡར་རྒྱས་ཙམ་ལས་དམངས་སེམས་བདེ་ཞིང་ལྷོད་ལ་འབབ་བཅུག་ཐུབ་མེད་པ། ༢༠༠༨ ལོའི་ཞི་རྒོལ་ཆེན་མོས་གསལ་མཚོན་ཐུབ་ལ།་་་་ཞེས་ཏང་ཀྲུང་དབྱང་གིས་དོན་དངོས་ཐོག་བོད་མི་འཚོ་བ་ཡར་རྒྱས་གཏོང་ཡོད་པར་ཁྱེད་སྤྱི་འཐུས་གཅིག་གིས་ངོས་ནས་ཁས་བླངས་འདིས་ཁྱེད་བོད་མིའི་འཚོ་བ་ལ་བསམ་གཞི་མེད་པའི་མི་ཞིག་ཡིན་པར་གསལ་བསྟན་བྱེད་སོང།

    ཁྱེད་དང་ཁྱེད་འདྲ་བའི་རྒྱ་ནག་གཞུང་དང་འདོད་ཕྱོགས་མཐུན་པ་རྣམས་ཀྱིས་བོད་མིའི་འཚོ་བ་ཡར་རྒྱས་དང་འཛུགས་བསྐྲུན་གཏོང་ཡོད་ཞེས་རྫུན་བསྒྲགས་བྱས་བསྡད་པ་འདི་ནི་ཁྱོད་རང་ཚོའི་ལྟ་གོས་རེད་མ་གཏོགས་གཞི་ལུས་བོད་རྒྱ་ཆེན་མི་དམངས་ཀྱི་དེང་རབས་དང་བརྟེན་པའི་འཚོ་བ་ཡར་རྒྱས་སྤུ་ཚམ་ཡང་མེད།

    གཞི་ལུས་བོད་མི་འཚོ་བ་ཡར་རྒྱས་ཡོད་ཟེར་བ་དེ་གང་ལ་ལབ་ཀྱིན་ཡིད་དམ། གཞི་ལུས་བོད་མིའི་ཁྱམ་གཞི་མང་ཆེ་བ་ནས་བོད་ཀྱི་བསྟན་རྙིང་ནོར་བུ་རིགས་ཆས་ཚང་མ་ཁུར་ཚར་ནས་ཁྲ་ཁྲ་ལེབ་ལེབ་ཀྱི་རས་ཆ་དང་དུས་ཚོད་ཡུན་ཟིན་པའི་ཟས་རིགས་ལ་ལོངས་སྤྱོད་ཀྱི་འདུག་གསུངས་ཀྱིན་ཡིན་ནམ།
    ཁྱེད་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་འཚོ་ཡར་རྒྱས་གཏོང་ཡོད་པར་འདོད་ཀྱང་ང་ཚོ་བོད་མི་ཉམ་ཐག་ཚོའི་དུས་ནམ་ཁས་ལེན་བྱ་ཐུབ་ཀྱིན་མ་རེད།

    མ་ཟད་༢༠༠༨ཀྱི་ཞི་རྒོལ་ཆེན་མོ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་བོད་མི་རིགས་ཀྱི་རྒྱུ་དངོས་རང་བདག་དང་རང་དབང་རང་བཙན་རྩོད་པར་རེད་མ་གཏོགས་སེམས་ལ་ཞི་བདེ་རྩོད་ལེན་བྱས་པར་མ་རེད། ༢༠༠༨ཞི་རྒོལ་ཆེན་མོའི་སྐབས་སུ་ཚེ་སྲོག་ཤོར་བའི་སྤུན་གྲོགས་རྣམས་ཀྱིས་བོད་རང་དབང་རང་བཙན་ཡིན་རྒྱ་བ་རིན་པོ་ཆེན་ཁྲི་ལ་འཁོར་དགོས་ཞེས་འབོད་ཡོད་པར་ལས་སེམས་ལ་ཞི་བ་དགོས་ཞེས་འབོད་མེད་བཞིན་དུ་ཁྱོད་ཀྱིས་༢༠༠༨ཀྱི་ཞི་རྒོལ་ཆེན་མོ་འདི་ཡང་སེམས་ཀྱི་ཞི་བདེ་ཐོབ་པའི་ཆེད་དུ་བཙན་སྒྲུབ་བྱེད་པ་འདི་ནི་ང་ཚོ་བོད་རྒྱ་ཆེན་མི་དམངས་ཀྱིས་ཁས་ལེན་བྱེད་མི་ཐུབ།
    ང་རེ་བ་ལ་ཁྱོད་ཀྱི་སྐད་ཆ་བཤད་དུས་རྒྱ་ནག་གཞུང་ཕྱོགས་རྒྱབ་སྐྱོབ་ཀྱི་རྣམ་པའི་ཐོག་ནས་མ་གསུངས་རོགས་ཞུ་རྒྱུ་ཡིན།

    ཐུགས་རྗེ་གཟིགས

    རྩོམ་བསྒྲུགས་པ་མཆོག་ད་འགྲུག་འདུག་གམ།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཨ་ཁུ་འབྲོག་པ་ལགས། ད་འདི་འདྲ་འགྲུབ་རྒྱུ་མེད་པའི་སྟོང་གཏམ་དང་ཉོག་གཏམ་རྐྱང་བཤད་བསྡད་པ་ལས། ཡིད་ཆེས་ཡོང་བ། མི་སེམས་འགུག་པ། དོན་དངོས་ཅན་གྱི་ཤེས་ཡོན་པ་ཞིག་གི་བསྒྲུབས་འོས་པ་དང་དགོས་པའི་ལག་ལེན་རེ་ཟུང་བྱེད་དགོས་པའི་དུས་ལ་བབ་པ་མ་ཡིན་ནམ། བོད་ནང་གི་ཤེས་ཡོན་པ་ཚོས་ཁྱེད་ཅག་ལ་རེ་ལྟོས་བྱས་བསྡད་འདུག

    Reply
  10. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    སྙན་ཞུ་འདི་ཡག་པོ་འདུག།དགེ་ལགས་ཀྱི་རྒྱ་ཡིག་མཁྱེན་གྱི་མེད་ནའང་དུས་བབས་ཚང་གི་ལུང་རིག་རྒྱལ་ལགས་རྒྱ་ཡི་ཡག་པོ་ཡོད་ཙང་རྒྱ་ཡིག་ཏུ་བསྒྱུར་ནས་དྲ་རྒྱ་htt://www.secrechina.com/node/345007 ནང་མཆིན་བྲི་ས་ནང་བཀོད་ན་འང་ཡག་པོ་མ་རེད་པས།གཞན་པ་རྒྱ་ཡི་དྲ་རྒྱ་ག་བ་བཀོད་དགོས་མིན་ཡང་ལུང་རིག་ལགས་ཀྱི་མཁྱེན་མདོག་ཁག་པོ་རེད།

    Reply
  11. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངེད་ཚོའི་དགེ་རྒན་གྱིས་འདི་འདྲ་ཞིག་གསུངས་བྱུང་། འདི་ལྟར་བཤད་ན་འཇིགས་སུ་རུང་བ་ཞིག་རེད་མོད་རང་བྱུང་གི་གོད་ཆག་ཟེར་བ་དེ་ཆབ་སྲིད་པ་དང་ལག་ཤེས་པ་གཉིས་ཀྱི་གོ་སྐབས་ཡག་ཤོས་ཤིག་རེད་གསུངས། འདི་ལ་བརྟེན་ནས་ཆབ་སྲིད་པས་དམངས་སེམས་འགུགས་པའི་འཁྲབ་སྟོན་མང་པོ་ཞིག་བྱ་ས་རྙེད་པ་དང་ལག་ཤེས་པ་ལ་ལས་ཀ་མང་པོ་ཐོབ་ཐུབ་ཟེར། ད་མི་ལོ་ལྔའི་རིང་ལ་སྐྱེ་རྒུ་མདོ་གསར་བཟོ་བྱ་རྒྱུ་ཡིན་ཟེར། འདི་ལ་བརྟེན་ནས་རྒྱ་མི་ལས་བཟོ་ལག་ཤེས་པ་ག་ཚོད་མང་པོ་ཞིག་ཡོང་རྒྱུ་རེད། ཞལ་འདེབས་རོགས་སྐྱོར་གྱི་སྒོར་མོ་དུང་ཕྱུར་མང་པོ་འགྲོ་སོང་གཏོང་གི་རེད། དེ་ཚང་མ་ཀྲུང་དབྱང་གིས་བཀའ་དྲིན་གྱི་ནང་དུ་སབསྡུས་འགྲོ་རྒྱུ་རེད། དངུལ་ཕལ་མོ་ཆེ་དེ་རྒྱ་མི་ལས་བྱེད་པའི་ལྐོག་ཟས་དང་ལས་བཟོ་བའི་ཡོང་འབབ་རེད། འདི་ལ་བརྟེན་ནས་ཐག་ཞོར་འབྲེང་འདྲུད་དུ་རྒྱ་མི་ཡུལ་སྤོར་བ་ག་ཚོད་མང་པོ་ཞིག་འབྱོར་གྱི་རེད། ཆབ་སྲིད་པ་ཟེར་བ་དེས་འཁྲབ་ཀྱི་རེད། ཁྱེད་ནང་བཞིན་སེམས་གཏམ་རེ་བཤད་ནས་འདུག་མཁན་དཀོན་པོ་རེད།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཏང་ཀྲུང་དབྱང་གིས་མི་དམངས་ཀྱིས་ཁོང་ཚོ་མགོ་རྟིང་སློག་མི་ཡོང་ངམ་སྙམ་ནས་ཞེད། མི་དམངས་ཀྱིས་ཏང་ཀྲུང་དབྱང་གིས་ཁོང་ཚོ་དམར་གསོད་བྱས་མི་ཡོང་ངམ་སྙམ་ནས་ཞེད།

    ཞེད་སྣང་གི་གནས་སྟངས་ཤིག་གི་འོག་ནས་ལོ་ ༥༠ བསྐྱལ་བ་རེད།

    Reply
  13. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ཆབ་སྲིད་ཟེར་བ་དེ་མཚམས་མཚམས་སུ་འཁྲབ་དགོས་པ་རེད། སུས་འཁྲབ་མ་ཐུབ་ན་སྡུག་གྱོང་རེད་ཡ།

    Reply
  14. རུ་གསར་ཚང་། says:
    ལོ་ 16 སྔོན།

    རྒྱ་རྒན་ཐོགས་མེད། མི་སུ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ན་ཡང་ཁྱོད་ཞེ་གཏིང་ནས་དགའ་ཡི་མེད་པའི་རྣམ་འགྱུར་སྟོན་དོན་གང་ཡིན། ད་དུང་ཁྱོད་ཀྱིས་མཁས་མདོག་བྱེད་ཀྱི་ཡོད་དམ། བོད་ཡིག་གི་ནང་དུ་མི་རིགས་གཞན་གྱི་སྐད་ཡིག་མཉམ་བསྲེ་བྱས་ནས་འབྲི་ཁུལ་བྱེད་ཀྱིན་འདུག་པ་འདི་ཁྱོད་ཀྱིས་ཞེ་པོ་ཞིག་ཡིན་བསམ་གྱི་འདུག་གམ། ངས་བལྟས་ན་འདིའི་ཐོག་ནས་ཁྱེད་རང་གིས་རང་ཉིད་རྒྱ་མ་བོད་ཅིག་ཡིན་ཟེར་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་པ་ཤེས་ཀྱི་འདུག་གམ། ཁྱེད་ཀྱིས་དུས་བབ་ཟིན་བྲིས་ལ་བཞག་པའི་མཆན་ཚང་མགོ་ནས་མཇུག་བར་སྤྱི་སྒར་གང་རུང་ཞིག་ལ་དཀྲུག་ཤིང་རྒྱག་འདོད་ཀྱི་ཀུན་སློང་ཁྱེར་ཡོད་པ་གསལ་བོ།

    Reply
  15. Dhamchoe @Tommy Thokme says:
    ལོ་ 16 སྔོན།

    ལུང་རིགས་རྒྱལ la,

    སྙན་ཞུའི་ཤོག་བུ་འདི་དག་གིས་སྣ་ཕྱིས་ན་ཏང་ཀྲུང་དབྱང་གི་སྣ་ན་གི་མ་རེད པས? ha ha ha…

    Reply
  16. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    སྙན་ཞུ་གིས་ནུས་པ་ཐོན་མི་ཐོན་མིན་ཤེས་ཏེ་་་་་་་་་་་་་་་གང་ལྟར་ཡག་པོ་ཞེད་དྲགས་འདུག་་་་ཡིན་ཡང་ཡིན་རྒྱུ་མི་མཁས་པ་ཞིག་རེད་་་་་་་མི་དེ་ཚོ་གྲས་ལ་རེ་བ་ཡོད།

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཏང་ཀྲུང་དབྱངས་དངོས་སུ་དབུ་བརྙེས་ཏེ། ལོ་བཅུ་མ་འཁོར་ཙམ་ནས་བཟུང་སྙན་གྲགས་ཉམས་མགོ་ཚུགས་པས་མི་ཚད། མི་དམངས་ལ་སྙིང་སུན་བསྐུར་རྒྱུ་མགོ་ཚུགས། དེ་ནས་བཟུང་ལོ་ ༥༠ རིང་ལ་དགྲ་བསགས་པ་རེད། ད་ལྟའི་གནས་སྐབས་འདི་ལ། ཏང་ཀྲུང་དབྱང་དང་མི་དམངས་གཉིས་ཀྱི་བར་ན་ཁྱོད་ཤི་ང་གསོན་གྱི་འབྲེལ་བ་ཙམ་ལས་མེད།

    དེ་བས་ང་རང་ཚོའི་སྙན་ཞུའི་ཤོག་བུ་འདི་དག་ནི་ཏང་ཀྲུང་དབྱང་གིས་སྣ་ཕྱིས་ཙམ་ལ་མ་གཏོགས་བརྩི་གི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese