མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནམ་ཁ་སྦྱར་གྱི་ཆག་སྒོ་ལ་སྤྲིངས་པའི་མྱ་ངན་ཡེ་གེ། རྟ་ནག་སྐལ་བཟང་ལུང་རིགས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

 
                                       རྟ་ནག་སྐལ་བཟང་ལུང་རིགས། (བལ་ཡུལ།)
 
གནམ་གྱིས་མི་ཁྱག་པའི་སྡུག་སྐད་འདི་ཐོས་མ་ཐག་ཏུ་སེམས་པ་རབ་ཏུ་ཤིན་ཏུ་ཀུན་ཏུ་འགུལ་ཞིང་། ཅི་ཞིག་བྱ་དགོས་པ་མ་ཤེས་པར་རེ་ཞིག་ལུས་སེམས་གཉི་ཀ་ཧད་དེ་ལུས།  མགོ་བོ་བྲག་ལ་བརྡབས་པ་བཞིན་གྱི་ཚོར་བ་དྲག་པོ་བྱུང་། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་གནམ་འོག་གི་ཆག་སྒོ་ཡོད་ཚད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་ངའི་ཡུལ་ཤུལ་མི་མང་གི་ལུས་སེམས་གཉི་ཀ་རྡུལ་འཚུབ་སེ། སྐྱ་ཉིལ་ལེར་བཏང་སོང་།

  ཆུ་དང་ཆུ་མིག  མཚོ་དང་མཚེའུ།  ལྟེང་ཀ་དང་ཆུ་ངོགས། གཡའ་ཆུ་དང་རྫ་ཆུ།  རི་དང་རི་ཆེན།   བྲག་རི་རྫ་རི།  སྤང་ཐང་དང་སྤང་རི།   ནགས་དང་ནགས་རི།  ཐང་ཤིང་གསོམ་ཤིང་སོགས་མདོེར་ན་རང་བྱུང་ཁམས་ཆེན་མོའི་ཚེ་སྲོག་གི་གཞི་རྟེན་དུ་འབྲེལ་བའི་རྟེན་དང་བརྟེན་པ་གཉིས་ཀར་ལྕོག་དར་རླུང་དར་གྱི་ལབ་ཙེ་བཙུགས།  བལ་དང་ཁ་བཏགས་ཀྱི་རྨུ་ཐག་བརྒྱུས་ནས་གཞི་ལ་གནས་པའི་གཞི་བདག་གསོལ།  ཡུལ་ལ་གནས་པའི་ཡུལ་ལྷ་བསངས།  ད་དུང་ཐབ་ལ་གནས་པའི་ཐབ་ལྷ། རླུང་ལྷ། མེ་ལྷ། ཆུ་ལྷ། ནགས་ལྷ་སོགས་སྟེང་གི་ལྷ། འོག་གི་ཀླུ།  བར་གྱི་བཙན་སོགས་རང་བྱུང་ཁམས་ཆེན་མོའི་གཙོ་བོ་གཙོ་མོ་དེ་དག་ལ་ཞེ་གནག་པའི་རྐོ་ལོང་མ་བྱས། ཡིད་ཕྲ་བའི་ཕྲག་དོག་མཛད། ཁ་ཞེ་མ་འགྲས། གདོན་དང་མནོན་པ་མ་མཛད།    རུ་ང་དང་གདུག་རྩབ་མ་མཛད། ས་རྐོ་རྡོ་སློག་མ་བགྱིས། གཅོད་འབྲེག་འབལ་གསུམ་མ་བྱས། ད་དུང་། ཟས་ཀྱི་ཕུད་དང་གོས་ཀྱི་རྩེ། བདུད་རྩིའི་བཅུད་སོགས་ལེགས་པའི་ཡང་ལེགས་པ་ཐམས་ཅད་གཙོ་བོ་གཙོ་མོ་དེ་དག་གི་ཞལ་དུ་བསྟབས་ཤིང་། གཞིས་སུ་འདུག་ན་སྡོངས་གྲོགས་མཛོད་ཅིག བྱེས་སུ་འགྲོ་ན་ཁ་འཛིན་དང་དཔང་བོ་མཛོད་ཅིག དཔའ་བོའི་གྲོགས་མཛོད་ཅིག སྲ་བའི་གོ་གྱིས་ཤིག རྣོ་བའི་མཚོན་གྱིས་ཤིག བྱིང་ན་སློངས་ཤིག བརྗེད་ན་སྐུལ་ཤིག འགྲོ་སའི་རི་བོ་གྱིས་ཤིག གབ་སའི་ནགས་ཚལ་གྱིས་ཤིག རྟེན་པའི་མཁར་གྱིས་ཤིག བྲག་ལམ་མེད་ལ་ལམ་གྱིས་ཤིག ཆུ་ཟམ་མེད་ལ་ཟམ་གྱིས་ཤིག  ལེགས་པའི་ཆོས་གྱིས་ཤིག ཉེས་པ་ཟློག་ཅིག བསམ་པ་སྒྲུབས་ཅིག རེ་བ་སྐོངས་ཤིག མི་ལ་ནད་ཚ་མ་གཏོང་། ཕྱུགས་ལ་གོད་ཁ་མ་གཏོང་། ཁ་སྨྲས་དང་གླེང་བརྗོད་མ་གཏོང་། མི་ཁ་དང་དལ་ཡམས་མ་གཏོང་། དགྲ་རྐུན་དང་འཚེ་བ་མ་གཏོང་ཞེས་མི་ལོ་གཅིག་ནས་བཅུ། བཅུ་ནས་བརྒྱ། བརྒྱ་ནས་སྟོང་། སྟོང་ནས་ཁྲི་བྱས་ཏེ་གར་སོང་ས་ནས་གླེང་ཞིང་།    གར་འདུག་ས་ནས་བསང་གསོལ་གྱི་མཉེས་པ་མི་དམན་པ་བགྱིས་ནའང་།  སྐབས་དང་སྐབས་ལ་གནོད་བྱེད་ཀྱི་གླགས་བཙལ་ཞིང་། ཚོད་ཚོད་ལ་ཆག་སྒོ་ནམ་འབྱུང་གི་སྔོན་བརྡ་ཙམ་ཡང་མེད་པར་ཚེ་སྲོག་སྟོང་ཕྲག་དུ་མ་དངངས་ཤིང་འཇིགས་པར་བྱས།   སྐྲག་ཅིང་ཞེད་པར་བགྱིས།  ཡིབ་སའི་གནས་བསྙིལ།   འགྲོ་སའི་ལམ་བརྡིབས།  ཤིན་ཏུ་ཤིན་ཏུ་ནས་སྙིང་ཉེ་བའི་ཕ་མ་བུ་ སྤུན་གྱི་ལུས་པོ་ཀུན་པོ་གཅིག་ཐོག་གཉིས་བརྩེགས་ཀྱིས་སྡེབ་གནོད་དང་སྒོག་གསོད་ བྱས་སོང་། མཉམ་དུ་གླེབས་གནོན་བྱས་སོང་།  འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱགས་ལྟོགས་སྐོམ་གསུམ་གྱིས་གདུང་བ། རྨས་ཆག་གནར་གསུམ་གྱིས་གཟིར་བའི་ངའི་ཡུལ་མི་སྤུན་ཟླ་འདི་དག་གི་ཆེད་དུ། དོན་དུ།  སླད་དུ་ངས་གདུང་བ་ཆེས་ལྕི་མོ་ཞིག་དང་ལྷན་དུ་བསྡོངས་ནས་ བསྔོ་སྨོན་ཞིག་བྱ་རྒྱུ་ལས་ཅི་ཞིག་ནུས་ཏེ་ཅི་ཡང་མ་ནུས་སོ།

“ས་འགུལ་གྱི་འཇིགས་པ་ཚབས་ཆེན་བྱུང་སྟེ་མི་གྲངས་ཧ་ཅང་ གི་མང་པོ་རྐྱེན་འདས་དང་རྨས་སྐྱོན།  དེ་བཞིན་སྡོད་ཁང་དང་ཟ་ཆས་སོགས་གང་ཅིའི་ཆ་ནས་དཀའ་ངལ་བསམ་ཡུལ་ལས་འདས་ པ་འཕྲད་པར་བློ་ཕམ་ཚད་མེད་བྱུང་ཡང་།    མཆོག་གསུམ་ རྒྱལ་བ་མཚོར་གསོལ་འདེབས་སྨོན་ལམ་བྱ་རྒྱུ་ཙམ་ལས་དངོས་སུ་རོགས་ཕན་བྱ་ཐབས་དབེན” (༧གོང་ས་མཆོག་གི་གསུང་འཕྲིན་ལས་དྲངས)པ་ནི་ང་ཐེ་བའི་ཡུལ་བྱོལ་བ་ཁྲི་ཁྲི་འབུམ་འབུམ་མང་ པོའི་ཤ་ཡི་གསེང་དང་།   སྙིང་གི་རུས་པ།   མིག་གི་རྣོ་ལ་ཟུག་པའི་སྡུག་བསྔལ་གྱི་ཡང་སྡུག་བསྔལ་ཡིན་ཡང་།   འདི་ནི་འུ་བུ་ཅག་གི་བར་ཐག་ཡུལ་གྱིས་བསྐལ་བ་དང་དུས་ཀྱིས་ བསྐལ་བ་ཙམ་མ་ཡིན་པར་གངས་རིའི་སྒོ་མོ་ལྕགས་ཁྲབ་དང་མེ་སྒྱོགས།   ལམ་གྱི་སྒོ་མོ་འཕྲེད་ལྕགས་དང་དཔུང་དམག་གིས་ མ་ཚང་བ་མེད་པར་མཐའ་ཀུན་ཏུ་བསྐོར་ནས་ཡོད་པས་ཡིན་ཏེ། འཇིག་རྟེན་གླིང་ལ་མ་གྲགས་པའི་རྐྱེན་ངན་འདི་ལྟ་བུ་ལའང་ངེད་ཡུལ་བྱོལ་བ་ཚོས་གཤིན་པོར་སྐྱེལ་མ་མཛད་མ་ཐུབ། གསོན་པོར་ཉེན་ སྐྱོབས་བགྱི་མ་ནུས་པ་ནི་ཇི་འདྲའི་ཕངས་པ་ལ། དེ་འདྲའི་སྡུག་པ་ལ། སྐྱོ་སྡུག་ས་དང་གནམ་གྱིས་ཁྱོག་དཀའ་བ་ཡོད་ཨང་། ཚོར་བ་དེ་གངོས་གནས་སྨྲ་བསམ་བརྗོད་བྲལ་ཞིག་རེད་ཨང་།   
དེ་ལྟ་ནའང་། ངེད་ཅག་ནི་ནང་པ་སངས་རྒྱས་པའི་རླབས་ཆེན་པོའི་ཆོས་ལུགས་གཤའ་མ་དོན་དུ་གཉེར་མཁན་ཞིག་ཡིན་པའི་ཆ་ནས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས་པའི་ལྟ་གྲུབ་ལ་ཡིད་རྟོན་པར་བགྱིས་ཤིང་། སྡུག་མགོ་ཐོག་ཏུ་ལྷུང་ན་མི་ངུ་བ་ཆོས་པ་དང་།  གྲི་སྙིང་ཀ་རུ་བརྡབས་ཀྱང་མི་གློད་པ་ནི་དཔའ་ཡིན་པའི་རང་ཚུགས་སྲུང་ཞིང་བསྡོམ་པར་མཛོད་དང་ང་དང་ང་འདྲ་བའི་ཡུལ་བྱོལ་བ་དག་གི་སེམས་པ་ག་དུས་ཡིན་ནའང་ཁྱེད་ཚོ་དང་ མཉམ་དུ་ཡོད།  ལྷུན་དུ་ཡོད། ཚེ་ཚེ་རབས་རབས་སུ་ཡོད།
 
རྨི་ལམ་ཐུན་གཅིག་གི་ཡུན་ཚད་ལ།
ཤིན་ཏུ་ནས་ཉམ་ཆུང་བའི་སེམས་པ་དམར་རྗེན་པ་མང་པོ།
ས་གནམ་ཁ་སྦྱར་གྱི་ཆག་སྒོ་མཉམ་དུ་གླེབས་སོང་།
སྡེབ་གསོད་འདིའི་རྒྱུ་རྐྱེན་གང་ལ་བཙལ།  གང་གིས་བཙལ།   ཇི་ལྟར་བཙལ།  ཅིའི་ ཕྱིར་བཙལ་ནའང་།
ངའི་ནང་མི་སྤུན་ཟླ་འདི་དག་གི་མགོ་ཐོག་ཏུ་གནམ་རུལ་ས་ རྡིབ་ཀྱི་ཆག་སྒོ་འདི་འབྱུང་དགོས་པའི་རྒྱུ་མཚན་སུས་ཀྱང་རྙེད་མེད།
ཡོད་ཚད་སྟོར།  ཐམས་ཅད་བོར་ ཟིན་པའི་ཆག་སྒོ་འདིའི་ཁྲོད་དུ་སུས་ཀྱང་རྙེད་མེད།
གཅིག་ཁོ་ན་རྙེད་པ་ནི ༣.༡༤  ༤..༡༤  ཤ་དང་ཁྲག་གིས་བྲིས་པའི་ཨང་གྲངས་འདི་དག་གོ།།
ལྷ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེ་རྐྱོངས།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༣ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 11

  1. འཇམ་མགོན། says:
    ལོ་ 16 སྔོན།

    གྲོགས་རྟ་ནག་ལགས་ཚེ་རིང་ལོ་བརྒྱའི་ཁ་པར་ཨང་ཀི་དེའི་ཐོག་ཁ་པར་ཞིག་གནང་རོགས་ཟེར། 9882543193 ཚེ་རིང་ཞལ་བྲོ།

    Reply
  2. ཨ ༚ བཙན་པོ། says:
    ལོ་ 16 སྔོན།

    རྟ་ནག་པ་སླེབས་ནོ་དགའ་ཡོད། ཁྱོད་དང་མ་ཐུག་པར་ལོ་གཅིག་ཙམ་འགོར་སོང་། དེ་རིང་གཞི་ནས་སེམས་པ་མཇལ་སོང་། དགའ་གི་ཡོད། རྗེས་ཕྱོགས་མུ་མཐུད་དུ་ཕྲིས་དང་ཀློག་ངེས་ཡིན།

    Reply
  3. མིག་གསུམ་པ། says:
    ལོ་ 16 སྔོན།

    མཚོ་སྔོན་རྟ་ནག་པ་མ་གོ་མ་ཐོས་པར་ཟླ་འགའ་འགོར་སོང་། དེ་རིང་གཞི་ནས་བལ་ཡུལ་ནས་གླུ་ཞིག་བླངས་འདུག་ སེམས་སྟེང་ནས་དགའ་སོང་། མུ་མཐུད་དུ་བྲིས་དང་ཀློག་ངེས་ཡིན།

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བརྗོད་པའི་གཞི་བརླག་ཚར་ནས་མེད་ག

    Reply
  5. ཤ་འཇམ་སྐྱིད། says:
    ལོ་ 16 སྔོན།

    ཚིག་སྙན་མོ་ཚང་མ་བསྒྲིགས་ནས་འདིར་བཀོད་པ་ཙམ་ལས་དོན་དག་ཅི་ཡང་བཤད་མི་འདུག མི་འདི་ཅན་པོ་རིག་ན་སུན་གི།

    Reply
  6. ཏྲེའོ། སྐལ་བཟང་། says:
    ལོ་ 16 སྔོན།

    གནམ་ས་གོ་འབྱེད་སྐུ་དྲིན་ཆེ། ས་གནམ་ཁ་སྦྱར་ཁྱེད་ལ་འགྲན།
    མཁས་དབང་ཞོགས་དུང་སྐུ་དྲིན་ཆེ། རྟ་ནག་ལུང་རིགས་ཁྱེད་ལ་འགྲན།
    ས་གནམ་ཁ་སྦྱར་མ་ཡིན་པར། ཞོགས་དུང་རྟ་ནག་ཁ་སྦྱར་རེད།
    འདི་ལྟར་ཡང་ཡང་འབད་པ་ན། ཞོགས་དུང་བཞིན་དུ་སྙན་གྲགས་རྒྱས།

    Reply
  7. ཐིག says:
    ལོ་ 16 སྔོན།

    ཉམས་ཆུང་རྟ་ནག་ཐང་ལ་སླེབས་དུས་རྒྱུགས་རྩལ་རླུང་དང་དོ་ཟླ་འགྲན།།
    ནམ་ཞིག་རྟ་ནག་སེམས་པ་ཐིབས་དུས་ར་གཟི་བཅུ་ཡི་དོ་ཟླ་འགྲན།།
    རྟ་ནག་པ་དང་ཁ་རྩོད་ཤོར་ན་སྤྱང་ཀི་ལུག་དང་དོ་ཟླ་འགྲན།
    རྟ་ནག་པ་དང་གྲོས་ཤིག་མཐུན་ན་བཟའ་ཚང་གཉིས་དང་དོ་ཟླ་འགྲན།།

    དེ་རིང་རྟ་ནག་སླེབས་པར་དགའ་བསུ་ཡོད་དཱ

    Reply
  8. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 16 སྔོན།

    རྟ་ནག་སླེབས་པར་དགའ་བསུ་ཞུ། ངས་ནི་ཁྱེད་ལ་གྲགས་འགུལ་མི་འདུག་བསམ་ནས་བསྡད་ཡོད།

    Reply
  9. གླེན་པ་ལུག says:
    ལོ་ 16 སྔོན།

    ཨ་ལ་ལ། ཕྲེང་དུ་བསྟར་བའི་རྒྱན་ཚིག་འདི་དག། མིང་གི་རྣམ་གྲངས་སུ་གྱུར་བའི་ཚིག་རྐྱང་འདི་དག དཔའ་སྐད་གཟེངས་སུ་ཐོན་པའི་ཆེ་ཚུགས་འདི་དག ཨོ་ཧོ་ཧོ། རྒྱན་ཚིག་གམ། བྱ་བ་དང་ལས་ཀྱི་ངང་ཚུལ་སྟོན་པའི་ཚིག་ཚོགས་འདི་དག ཨ་ལ་ལ་རྟ་ནག་པའི་སེམས་ལ་མཛོད་དུ་འཕྱུར་ཡོད་པ་འདྲ་ཨང་།

    Reply
  10. དོན་གོ says:
    ལོ་ 16 སྔོན།

    རྟ་ནག་པ་ང་སླེབས་ཡོད། མུ་མཐུད་སྐབས་སུ་བབ་པའི་རྩོམ་ཡིག་གང་མང་སྤེལ་བའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དེ་རིང་གཞི་ནས་རྟ་ནག་པ་སླེབས་སོང་། བཟང་གི་མུ་མཐུད་དུ་ཕྲིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese