མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་ཚོགས་ཀྱི་དཀའ་ངལ་ཕྲན་ཚེགས་གླེང་བ། 
བསམ་གླིང་ཚེ་རིང་ལྷ་མོས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

བསམ་གླིང་ཚེ་རིང་ལྷ་མོས།

མ་གཞི་བྱས་ན་ཆེད་རྩོམ་འདིའི་འགོ་གང་ཞིག་ནས་འཛུགས་དགོས་མིན་མ་ཤེས་ཀྱང་། སྤྱི་ཚོགས་ཀྱི་དཀའ་ངལ་ལས་དོ་བདག་མི་སྒེར་གྱི་དཀའ་ངལ་མིན་སྟབས་གང་ལྟར་སྡུག་རུས་རྒྱབ་ནས་འབྲི་འདོད་བྱུང།  གུས་མོས་ཉེ་ཆར་ཚགས་ཤོག་སྟེང་ནས་གསལ་བསྒྲགས་གཉིས་མཐོང་བ་སྟེ། གཅིག་ནི་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་ཟློས་གར་དགེ་རྒན་འོས་སྦྱོང་དང་། གཞན་དེ་ནི་ཝ་ར་ན་སིར་སྒྱུ་རྩལ་འཛིན་གྲྭ་གཉེར་བའི་སློབ་མ་བསྡུ་བའི་གསལ་བསྒྲགས་གཉིས་པོ་རེད།  གསལ་སྒྲགས་གཉིས་པོའི་ནང་གི་ལས་གཞི་ཁག་མ་གཞི་དགོངས་པ་མང་པོ་ཞིག་བཞེས་ཏེ་བཙན་བྱོལ་སྤྱི་ཚོགས་ཀྱི་ཆེད་དུ་དམིགས་པ་ནི་བརྗོད་མི་དགོས་པ་ཞིག་རེད་ལ། ལས་གཞི་དེ་ཚོས་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་ངེས་ཅན་ཞིག་ཡོང་རྒྱུ་བརྗོད་མི་དགོས། འོན་ཀྱང་ཞིབ་མོར་བསམ་ཚེ་ལོ་གཅིག་གི་ཟློས་དགེའི་འོས་སྦྱོང་དེས་སྤྱི་ཚོགས་སྟེང་གི་མིའི་སྒྱུ་རྩལ་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཐབས་ཤིག་ཡིན་ནམ། ཡང་ན་སློབ་གྲྭ་ཁག་གི་བོད་ཀྱི་རིག་གཞུང་གི་ཆ་ཤས་སུ་འགྱུར་བའི་ཟློས་དགེར་དམིགས་པ་གང་ཡིན་གུས་མོས་མ་ཤེས་ཀྱང་། གལ་ཏེ་དམིགས་ཡུལ་དང་པོ་དེ་ཡིན་ན་ཁྱབ་རྒྱ་ཆུང་དྲགས་པ་དང་འཛུལ་བཞུགས་ས་མིག་ཉུང་དྲགས་པ། ལོ་གཅིག་རིང་གི་ཟས་གོས་སྡོད་གསུམ་གྱི་འགྲོ་སོང་རང་ངོས་ནས་གཏོང་དགོས་ངེས་རེད།  དེ་ཕུད་པའི་དགོས་མཁོ་ཡོངས་རྫོགས་ཤེས་ལྷན་ནས་གནང་བ་ཡིན་ན་འོས་ཤིང་འཚམ་པ་རེད།  གལ་ཏེ་དམིགས་ཡུལ་གཉིས་པ་དེ་ཡིན་ན་བོད་ཀྱི་རིག་གཞུང་གི་ཆ་ཤས་སུ་འགྱུར་བའི་ཟློས་གར་སྒྱུ་རྩལ་དེ་ལོ་གཅིག་ནང་ག་ཚོད་ཙམ་ཤེས་ཐུབ་བམ།  དེ་ཡང་བོད་ཀྱི་ད་ལྟའི་གཉན་འཕྲང་ཅན་གྱི་དུས་རབས་ལ་གཞིགས་ནས། ལོ་གཅིག་ཞག་པོ་སུམ་བརྒྱ་དྲུག་ཅུ་འཕྲོ་བརླག་གཅིག་ཀྱང་མ་བཏང་བར་ཉིན་དང་ཉིན་བསྟུད་ནས་ལྷག་བསམ་རྣམ་དག་གིས་རང་རིགས་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་ཐུབ་མཁན་གྱིས་སློབ་དཔོན་ཞིག་དང། དེ་དང་མཚུངས་པའི་སྦྱོང་མཁན་གྱིས་ཀྱང་དུས་ཚོད་ཆུ་ཚོད་ཅིག་ཀྱང་འཕྲོ་བརླག་མ་བཏང་བར་སྦྱང་བརྩོན་བྱེད་མཁན་ཞིག་བྱུང་ན་གཞི་ནས་བོད་ཀྱི་རིག་གཞུང་རྒྱ་མཚོའི་གཡའ་ཙམ་ཞིག་འགོས་མདོག་ཁ་པོ་རེད། དེ་མིན་དེང་དུས་ཀྱི་སྤྱིར་བཏང་འགྲོ་ལུགས་འགྲོ་སྟངས་ཙམ་གཞིར་བཟུང་བྱས་ན་ས་དམིགས་འགེངས་ཐུབ་ཙམ་ལས་དངོས་ཡོད་ཀྱི་ཕན་ཐོགས་ཡོད་པའི་ཟློས་དགེ་ཞིག་གསོ་སྐྱོང་ཐུབ་ཐབས་མེད་པ་ཟུར་ལྟས་ལེབ་མཐོང་ཞིག་རེད། 

གཉིས་པ། ཝ་ར་ན་སིའི་སྒྱུ་རྩལ་ཚན་ཁག་གི་སློབ་གཞིའི་ནང་དུ་ཚད་ལྡན་གྱི་ལག་འཁྱེར་ཐོབ་ཐུབ་པའི་འཚེམ་བཟོའི་སྒྱུ་རྩལ་ངེས་པར་དུ་ཡོད་དགོས་པ་གལ་ཆེན་པོར་མཐོང། དེང་དུས་བོད་ཕྱི་ནང་གཉིས་སུ་རྒྱ་གར་བ་དང་རྒྱ་ནག་པས་བོད་པའི་ཆས་གོས་འཚེམ་བཟོ་བྱེད་པ་རྒྱུན་གཏན་ཞིག་ཏུ་གྱུར་ནས་ལས་ཀྱི་སྣེ་མོ་བ་སུས་ཀྱང་གླེང་རིན་མེད་པ་ཞིག་ཏུ་འགྱུར་ཟིན།  འོན་ཀྱང་དེ་ནི་ང་ཚོའི་མི་རིགས་འདི་གཞན་བརྟེན་གྱི་འཚོ་བ་སྐྱེལ་རྒྱུར་ངོ་ཚ་རྣམ་རྟོག་སྤུ་ཙམ་མེད་པའི་རང་རྟགས་མངོན་པ་ཞིག་རེད། 

གོང་གསལ་རྣམས་གླེང་རིན་མེད་པ་ནི་མེད་པ་རང་རེད།  དེ་ལས་གུས་མོའི་མིག་གི་མཐོང་སར་ལྷག་པའི་གནས་ཚུལ་ཞིག་ཞུས་ན། ང་ཚོ་དབུས་བོད་སློབ་འཛིན་ཚོགས་ཁོངས་ཀྱི་སློབ་གྲྭ་ཁག་ཏུ་བོད་མིའི་ཆས་གོས་འཚེམ་མཁན་གྱི་བོད་དགེ་ཞིག་བྱུང་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོང་ངེས་རེད།  ལོ་ངོ་དེ་དག་གི་ནང་འཆར་ཅན་འཚེམ་བཟོའི་དགེ་རྒན་དང་འཚེམ་བཟོའི་སློབ་ཚན་ཡོད་ཀྱང་ཕྲུ་གུ་ཚོས་འོག་འཇུག་ཅིག་ཀྱང་འཚེམ་ཐུབ་པའི་སྐལ་བ་མེད། དེ་ནི་བོད་པའི་དགེ་རྒན་ལ་རྒྱ་གར་གཞུང་གི་ཚད་ལྡན་ལག་འཁྱེར་མེད་སྟབས་འཛུལ་བཞུགས་བྱེད་ཐབས་བྲལ་བས་རེད་ཟེར། ད་རེས་ཏག་ཏག་ཝ་རྭ་ཎ་སིའི་སློབ་འཇུག་གསལ་བསྒྲགས་ནང། སྒྱུ་རྩལ་གྱི་སློབ་ཚན་ཁག་ནི་རི་མོ་དང་ཤིང་བཟོའི་སྦྱོང་བརྡར་ཙམ་མིན་པར་་་་་་ཞེས་དང་། ཡང་དེ་ལྟར་བཀོད་སྒྲིག་བྱེད་དགོས་དོན་ནི་སྒྱུ་རྩལ་ཙམ་མིན་པར་ཆ་རྐྱེན་གཞན་དུ་མ་ཞིག་དང་ལྡན་པའི་སྒྱུ་རྩལ་བ་ཞིག་ཏུ་འགྱུར་རྒྱུར་དམིགས་པ་ཡིན་པས་་་་ཞེས་བཀོད་གནང་འདུག་ན། དེའི་ཐབས་ལམ་ནི་འབྲེལ་ཡོད་ལས་ཁུངས་དང་ཝ་ར་ན་སིའི་སློབ་གྲྭ་ལྟ་བུས་མ་གཏོགས་ཐག་གཅོད་བྱེད་དཀའ་བ་ཞིག་རེད་ལ། ད་རེས་ནི་དེ་བས་གོ་སྐབས་བཟང་པོ་ཞིག་རེད། མ་གཞི་ཡུལ་དུས་ཁོར་ཡུག་གི་དཀའ་ངལ་དུ་མ་འཕྲད་སྲིད་ཀྱང་། གདོང་ལེན་བྱེད་མི་བྱེད་ལ་རག་ལས་པ་ནི་སྨོས་མི་དགོས།  རྒྱ་ནག་གཞུང་གིས་གྲོང་ཚོ་དང་གྲོང་ཚོ་བྱས་ནས་བུད་མེད་ཚོར་འཚེམ་བཟོ་བསླབས་ནས་བོད་དུ་གཏོང་གི་ཡོད་དུས། ང་ཚོས་ཀྱང་འབད་བརྩོན་ཕྲན་བུ་ཞིག་བྱས་ན་རྒྱ་གར་གྱི་རླབས་ཆེན་མེས་པོ་དམ་པ་གྷན་དྷི་མཆོག་ནས་མི་མང་ལ་རས་གོས་འཐག་ལས་བྱེད་དུ་འཇུག་པ་བཞིན་སྤྱི་ཚོགས་དང་མི་རིགས། མདོར་ན་རྒྱལ་ཁབ་ཀྱི་གྲུབ་ཆའི་མ་ལག་ཅིག་དར་རྒྱས་གཏོང་བར་ཕན་ཐོག་ངེས་ཅན་ཞིག་ཡོང་ངེས་རེད་སྙམ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 10

  1. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  2. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ཨ་ཅག་ཚེ་རིང་ལྷ་མོ་ལགས་ཐུགས་རྗེ་ཆེ་འདིར་གསལ་འདེབས་གནང་བ། དོན་དངོས་ཐོག་བོད་གཞུང་ནས་དུས་ངེས་མེད་ཐོག་ཁ་གསབ་སྦྱོང་བརྡར་གང་མང་ཞིག་བྱེད་བཞིན་འདུག་ལ། ད་དུང་བོད་ཁྱིམ་ཁག་ནས་ཀྱང་འདིར་འདི་རྣམ་པ་འདྲ་མིན་ཐོག་གསབ་སྦྱོང་ཞིག་སྤྲོད་བཞིན་འདུག ཉིད་ཀྱི་གོང་བརྗོད་བཞིན་སྤྲོད་ཡུལ་དང་སྤྲོད་མཁན་ཞེས་པ་འདི་གཉིས་ཧ་ཅང་གི་གལ་ཆེ་བ་འདུག དེ་མིན་སྦྱོང་བརྡར་ཁ་གསབ་ཞིག་བྱེད་ཀྱིན་འདུག་བསམ་ནས་གཞུང་དང་སྒེར་ནས་ཀྱང་མི་ཁ་ཤས་ཤིག་གཏོང་རྐྱང་བྱས། ཁོ་འགྲོ་རྐྱང་བྱས་ནས་ད་ལྟའི་བར་དུ་བསྡད་པ་རེད་ཕན་གང་ཞིག་ཐོག་ཡོད་མེད་སུ་ལའང་ཁ་གསལ་ཅང་མེད། འདི་ལྟར་རྒྱུན་འཇགས་སུ་ཕྱིན་པས་ནད་ཡུམ་འགོས་ཁྱབ་འཚབ་ཆེན་དུ་གྱུར་བ་རེད། དཔེར་ན་ཟློས་དགེ་གསབ་སྦྱོང་ཞིག་སྤྲོད་བཞིན་པ་ཡང་དེ་ལྟ་བུ་ཞིག་རེད། ངས་བཤད་པའི་རྒྱུན་འཇགས་ཀྱི་ནད་ཡུམ་དེ་རིམ་འགོས་ཟིན་པས་ཝ་ནཱ་སློབ་མཐོ་སློབ་ཀྱི་སློབ་མ་རྣམས་ནས་ལོ་བདུན་བརྒྱད་ཞིག་ལ་སློབ་གྲྭའི་ཟས་གོས་ལ་རོལ་ནས་ནམ་ཞིག་སློབ་ཐོན་བྱས་ཏེ། སྤྱི་ཚོགས་ཞབས་ཞུ་ཞེས་མིང་དེ་འཁྱེར་སླེབས་སྐབས་ཚིགས་བཅད་ཤོ་ལོ་ཀ་སྤུས་ཚང་ཞིག་ཡང་འདི་མི་ཐུབ་པ་འདིས། གཞུང་གི་འགྲོ་གྲོན་ཅི་ཙམ་ཞིག་ཆུད་ཟོས་སུ་བཏང་འདུག དེ་མིན་༢༠༠༤ནས་བཟུང་ས་ར་མཐོ་སློབ་ཀྱི་མིངརྫིག་ཐག་ཆོད་ཞིག་ནས་སློབ་ཕྲུག་གི་སྤུས་ཚད་རྒྱ་ཡན་ཅན་དུ་གྱུར་ནས་ཚིག་གྲུབ་སྤུས་ལེགས་ཤིག་ཀྱང་འབྲི་མི་ཐུབ་པའི་དུས་ཤིག་ལ་སླེབས་ཡོད་པ་འདི་དག་ཚང་མ་ནོར་འཁྲུལ་གང་ཞིག་ཏུ་ལྷག་ཡོད་པ་བརྟག་དཔྱད་བྱེད་དགོས་པའི་དུས་ཤིག་ལ་སླེབས་ཡོད། དགོངས་དག་འབྲི་རྒྱུ་གང་མང་ཞིག་ཡོད་མོད་ལས་བྲེལ་གྱིས་འབྲི་མ་ཐུབ་ལ་དག་ནོར་ཡང་བྱེད་མ་ཐུབ་པ་དགོངས་དག་ཞུ།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སློབ་གྲྭ་ཁག་ཤས་ལ་སོ་སོ་བསླབས་ཕྲུག་སྐབས་སྦྱངས་བའི་གཞས་དང་ཞབས་བྲོ་ཁག་ཤས་ད་ལྟ་སློབ་ཕྲུག་ཚོ་ལ་སློབ་ནས་སླ་ཆ་ལེན་ཐུབ་ཙམ་བྱེད་མཁན་མང་པོ་ཡོད་པ་མ་ཟད།ད་དུང་དགེ་རྒན་གཞན་པ་ཡང་དེ་ལྟར་མང་པོ་ཡོད་ཀྱང་ཤེས་རིག་ལས་ཁུང་གིས་ཚོགས་ཆེན་རེ་ཚོགས་དུས་གཞི་ནས་ཤེས་རིག་བཀའ་བློན་གཉིད་ལས་སད།དེ་ནས་བསྐྱར་དུ་བཀའ་བློན་དང་འགོ་འཛིན་ཚང་མ་གཉིད་དུ་ཡུར།སྐབས་སུ་གཉིད་ལམ་ནང་དུ་ལྟ་བསྐོར་རེ་འགྲོ་ཁུལ་བྱེད་ཀྱི་ཡོད་ཀྱང་ཆ་ཚང་བ་མཐོང་གི་མེད་ལ་མཐོང་བ་དེ་ཡང་རྒྱབ་རྟེན་ཆེན་པོ་དང་ལྕགས་ཀྱུ་རྣོ་མོ་ཡོད་མཁན་ཤག་སྟག་སོང་ཙང་བསྒུལ་མི་ཕོད་དོ།

    Reply
  4. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    ཚེ་རིང་ལྷ་མོ་ལགས། ཟློས་དགེ་ལོ་གཅིག་སྦྱང་བརྡར་སྤྲད་རྗེས་གཞི་རིམ་སློབ་གྲྭ་ཁག་གི་ཟློས་དགེར་གཏོང་གི་རེད། སྦྱིར་བཏང་ནས་གཞི་རིམ་སློབ་གྲྭ་ཁག་ན་སྤུས་ཚད་མ་ལོངས་ཤིང་། དགེ་རྒན་འོས་སྦྱོང་ཐེབས་ཆག་རེ་ཐོན་པའི་དགེ་རྒན་མང་བོས་འཚང་བརྒྱབས་ནས་བསྡད་ཡོད་སྟབས། ད་ལྟའི་བར་གྱི་མི་ལོ་ལྔ་བཅུའི་རིང་གི་ཤེས་ཡོན་སྲིད་བྱུས་ལ་གྲུབ་འབྲས་མ་ཐོན་པ་འདི་རེད། ཡག་རྟགས་གང་ཡང་མ་རེད། དེ་བཞིན་བོད་གཞུང་ཟློས་ཁར་ཁང་རང་ཉིད་ཀྱིས་ད་ལྟའི་བར་ཅི་ཞིག་བྱས་བསྡད་པ་རེད། དེ་ལའང་ཁོམ་སྐབས་རེ་བྱུང་ན་གཅིག་ལྟ་རོགས། འཆར་ཅན་གྱི་ལས་ཀ་བྱས་ཏེ་བསྡད་ན་བོད་གཞུང་ཟློས་གར་ཁང་ཟེར་བའི་མིང་རྫིག་པོ་འཐོབ་ཀི་མ་རེད། བོད་གཞིས་སུ་མི་སྒེར་གྱི་ཟློས་གར་ཁང་དག་ནའང་མི་བུ་སྐྱེད་སྲིང་དང་དེང་རབས་ཀྱི་སྒྱུར་རྩལ་འཁྲབ་སྟོན་སྣ་ཚོགས། རོལ་དབྱངས་སྣ་ཚོགས། གླུ་གཞས་སྣ་ཚོགས་བཏོན་དང་འདོན་བཞིན་པ་རེད།

    Reply
  5. དབྱངས་བུ། says:
    ལོ་ 15 སྔོན།

    སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་སྒྲུབ་མཁན།

    དེང་སྐབས་དྷ་སའི་སྤྱི་ཚོགས་ནང་སྤྱི་དོན་ཁ་ལ་འཁྱེར་ནས་ཚོགས་པ་དང་ལས་ཁུངས་འདྲ་མིན་འཛུགས་ཏེ་་ཡིན་མདོག་བྱེད་མཁན་མང་པོ་འདུག་ཀྱང། ངའི་མཐོང་ཐོས་ཙམ་མ་ཡིན་པར་བརྟག་དཔྱད་བྱས་པ་བརྒྱུད་མི་དེ་དག་གིས་རང་ཉིད་ཀྱི་གླ་ཆ་ལེན་རྒྱུར་འབད་བརྩོན་བྱས་པ་ལས། གཞུང་ལ་དཔྱ་ཁྲལ་ཚད་ལྡན་འབུལ་གྱི་མི་འདུག དེ་འདྲའི་ལས་ཁུངས་ཀྱི་འགན་འཛིན་ནི་དེ་སྔ་བོད་གཞུང་གི་གཞུང་ཞབས་རྒས་ཡོལ་ཡིན་ཟེར་ནས་ཡིན་མདོག་བྱེད་མཁན་དེ་འདྲ་ཡོད་ཀྱང་བོད་གཞུང་ལ་དཔྱ་ཁྲལ་འབུལ་སྟངས་མི་ཤེས་པའམ་འབུལ་འདོད་མེད་པ་གང་ཡིན།་གང་ལྟར་འབུལ་གྱི་མི་འདུག་གོ། དེའི་སྐོར་སྤྱི་དོན་ལས་སྒེར་དོན་མིན་པས་ཕྱིས་སུ་ཞིབ་རྒྱས་གླེང་ཆོག་པ་ཞུ་རྒྱུ་ཡིན།།

    Reply
  6. ཤ་འཇམ་སྐྱིད། says:
    ལོ་ 15 སྔོན།

    ཞི་མོ་འདིས་སྐད་ཆ་ངོ་མ་ཞིག་བཤད་འདུག་མོད་བཤད་མཁན་དེ་ཞི་མོ་ཞིག་ཡིན་པས་དེ་ཚོད་ཀྱི་རིན་ཐང་ཡོད་མེད་མི་ཤེས། གལ་ཏེ་ཟམ་གདོང་གིས་བཤད་པ་ཡིན་ན་ཚང་མས་ལེ་ལེགས་སོ་ཟེར་ནི་རེད།

    Reply
  7. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབས་ནས། ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ་་ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། སྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
    དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་ཐམས་ཅད་ལ་ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ལྡན་མི་རིགས་འདི་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
    བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེ་བཀའ་ཆོས་ཐེངས་རེ་གནང་རོགས་ཞེས་སྙིང་ནས་ཞུ་རྒྱུ་ཡིན།

    Reply
  8. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Thank you ལུང་རིགས་རྒྱལ།!

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དམ་ཆོས་ལགས། བོད་ཡིག་གི་དཀའ་ངལ་འདི་ད་དུང་སེལ་མ་ཐུབ་བམ། ད་ཡིན་ན་གནངས་ཉིན་ནས་ཉིན་གང་རུང་ཞིག་ལ་ང་ལ་ཁ་པར་ཞིག་གཏོང་རོགས། ངེད་གཉིས་ཀྱིས་ཐབས་ཤེས་ཤིག་བྱ་ཨེ་ཐུབ་ལྟ། ༩༡་ ༩༤་ ༡༨་ ༦༨་ ༧༣་ ༥༩ འདི་ཡིན།

    ནམ་རྒྱུན་སྐབས་ཐོག་གི་ཆབ་སྲིད་དང་འབྲེལ་བའི་དོན་གནད་ཕྱོགས་གཅིག་ལ་མགོ་འཁོར་བསྡད་དེ་ཚེ་རིང་ལྷ་མོ་ལགས་ཀྱིས་གླེང་བའི་ཕུགས་ཀྱི་དོན་གནད་མང་པོ་ཞིག་གི་ཐད་བསམ་བློ་འཁོར་མ་ཐུབ་པ་འདི་ང་རང་ཚོའི་སྐྱོན་རེད། ཚེ་རིང་ལྷ་མོ་ལགས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  10. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    It is a very good point. Thank you!

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese