མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་སྐུ་ཞབས་ཞོགས་དུང་དྲན་གི། བོད་འབྱོར་རྩོམ་ཡིག

བོད་ཀྱི་དུས་བབ།
༢༠༡༠/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

             ར་ཛི་ནཱ་མ།

ཟླ་འདིའི་ཉིན་ཞག་མང་ཆེ་བ་ནི་བོད་པ་ཚང་ལ་མཚོན་ན་སྐྱོ་ཡུས་ཤིག་དང་།ཕྱིར་དྲན་ཞིག་ཡིན་སྲིད། ས་གཡོ་བའི་འཇིགས་པ་དང་། རྒྱལ་བོའི་ཆད་པའི་འཇིགས་པ་སོགས་ཀྱིས་ཡིད་སེམས་བློང་བློང་བོར་གྱུར་དུ་བཅུག་ནས་ཡོད། ས་གཡོ་བའི་རྒྱུ་དང་རྐྱེན་ལ་དཔྱོད་པ་ནི་ཤིན་ཏུ་ལྐོག་གྱུར་ཞིག་ཡིན་པས། ང་ལ་མཚོན་ན་རྒྱུ་མཚན་འདིའོ་ཞེས་བཤད་དུ་མེད། འོན་ཀྱང་གནོད་ཐེབས་ས་ཁུལ་ལ་བལྟས་ཏེ་བཤད་ན་མིག་ཆུ་ཞིག་དང་སྡུག་བསྔལ་ཞིག་ལས་ རང་ངོས་ཀྱི་ཚོར་བ་ཁྱད་མཚར་བ་ཞིག་ཅི་ཡང་འོང་རྒྱུ་མི་འདུག འོན་ཀྱང་གཡས་ལྷུང་དང་གཡོན་ལྷུང་གི་ཆབ་སྲིད་པ་དག་གིས་ཁ་ངོ་ཅི་ལྟར་བཀྲུ་ཚུལ་དང་། སྙན་པ་ཅི་ལྟར་མཐོར་འདེགས་གཏོང་ཚུལ་གྱི་གོ་སྐབས་ཤིག་ཀྱང་རེད། གསར་ལམ་ཁག་ན་ཡང་ལྟ་ལུགས་མི་མཐུན་པ་དང་དཔྱོད་ལུགས་མི་མཐུན་པ་རྟ་མོག་མོག་གི་སྤུ་བཞིན་དུ་འཕྱུར་གྱིན་ཡོད་པས་ཨ་ཐང་ཆད་དུ་བཅུག་འགྲོ། འོན་ཀྱང་མི་རིགས་ཤིག་གི་ཆིག་སྒྲིལ་ཞིག་དང་རུས་ཞེན་ཞིག་ནི་ས་འོག་གི་གཏེར་བཏོན་པ་བཞིན་ལྷང་ལ་བུད་དེ་གསལ་བོར་མཐོང་བ་ནི་སྐྱོ་བའི་ཁྲོད་ཀྱི་འོད་ཟེར་ཞིག་རེད། འོད་ཟེར་དེའི་སྙིང་བོ་དང་ཉིང་ཏིག་གི་ཚུལ་མང་པོ་ཞིག་ནི་དགེ་འདུན་པས་བཟུང་ཡོད་ཅིང་། རྒྱ་མིའི་གསར་ལམ་ཁག་གི་ཤེལ་ངོས་སུ་ཅི་བཞིན་དུ་འཆར་མི་བཏུབ་པའི་རིགས་ཤིག་རེད། དེ་ནི་རྫས་འགྱུར་གྱི་ནུས་པའི་ཆ་དམའ་རུ་ལྷུང་ནས་འཆར་མ་ཐུབ་པ་ཞིག་ནི་མིན་ཏེ།ཉིས་སྟོང་ བརྒྱད་ཀྱི་རྫས་འགྱུར་ཕྱི་མ་ཞིག་གིས་སྒྲིབ་ཡོལ་གྱི་གྲིབ་མས་བཅད་འདུག་པས་ཡིན་འགྲོ། ད་དུང་འདས་པོའི་གྲངས་དང་དངོས་རྫས་ཀྱིས་གནོད་ཐེབས་ས་ཁུལ་ཡོངས་སུ་སྐྱོབ་ཐུབ་ཀྱིན་ཡོད་མེད།  དམངས་སྲིད་ཐིན་གྱི་ལག་ཏུ་བརྫངས་ པའི་སྒོར་མོ་དུང་ཕྱིར་བཞི་བཅུ་བོ་དེ་གང་དུ་འགྲོ་མིན་སོགས་ཤིན་ཏུ་རབ་ཏུ་ ལྐོག་ཏུ་གྱུར་ནས་ཀུན་ཀྱི་མིག་ནི་རིག་རིག་དང་།རྣ་བ་ནི་ཅོར་ཅོར་གྱིས་ཚུལ་དུ་ ཡོད་འགྲོ།སྐབས་འདིར་སྒེར་གཅོད་པ་ལ་བློ་མི་གཏོད་ཅིང་ཡིད་མི་འཁེལ་བའི་མི་བུ་ རེ་འགས་ནི་རང་ཉིད་དངོས་སུ་གནོད་ཐེབས་ས་ཁུལ་དུ་འགྲོ་ཐུབ་བྱས་ཏེ་ལུས་རྒྱུ་ གཉིས་ཀས་ཤ་ཐང་གིས་འབད་པ་ཆེན་པོ་བྱས་ཡོད་ཅིང་།རྒྱུ་དང་རྐྱེན་གྱིས་གནོད་ཐེབས་ ས་ཁུལ་དུ་འགྲོ་མ་ཐུབ་པའི་རུས་པ་ཅན་དག་གིས་ནི་རྨས་མ་མྱུར་སྐྱོབ་ལ་ཞབས་གཡོག་ སྒྲུབ་པ་དང་ཁ་ཟས་གཡོ་སྐོལ་དང་མཁོ་ཆོས་མཉོ་སྒྲུབ་ལ་བྲེལ་འདུགམི་དེ་དག་གི་ ཁྲོད་ན་ངས་དོ་ནུབ་དྲན་གིན་ཡོད་པའི་སྐུ་ཞབས་ཞོགས་དུང་ཡང་ཡོད།ཁོའི་གྲོགས་པོ་ ཉི་གཞོན་གྱིས་བཤད་པ་བཞིན་སྐུ་ཞབས་ཁོང་ནི་ཉིན་དེ་གར་ནད་པར་ཞབས་གཡོག་དང་ཁམས་ འདྲི།མཁོ་ཆོས་མཉོ་སྒྲུབ་ཀྱི་ཕྱོགས་སུ་བརྒྱུགས་ནས་ལུས་པོར་ངལ་གསོ་མེད་ཅིང་། ཐེངས་འདིའི་ཆག་འཇིག་ལ་སེམས་འཁོར་ནས་སྙིང་ལ་ཙག་ཤེད་བསླངས་ཏེ་ལུས་སེམས་གཉིས་ ཧ་ཅང་ངལ་ཞིང་དུབ་པའི་བསྒང་ཞིག་ལ །ཁོའི་སྒོ་མོ་རྡུང་མཁན་གྱི་སྒེར་གཅོད་པས་ག་བྱེད་འདི་བྱེད་ཀྱི་གོ་སྐབས་མེད་ ཅིང་།འདི་ཡིན་དེ་ཡིན་གྱི་གསལ་ཁ་མེད་པར་གློ་བུར་དུ་འཇུ་བཟུང་བྱས་པ་ནི་ཇི་ འདྲའི་ངུ་བྲོ་བ་དང་ཡ་ང་བ་ཞིག་རེད་དམ།འོན་ཀྱང་ཕྱོགས་གཞན་ཞིག་ནས་བསམས་ན་འདི་ ནི་སྐྱེ་བུ་རླབས་ཆེན་ཞིག་གི་རྣམ་ཐར་འཁྱོངས་སོང་བའི་རྟགས་ཤིག་ཀྱང་རེད་སྙམ་ སྐྱེས་ཡོད་པས་སེམས་ཁ་ཅུང་ཟད་བདེ་ལ་འཁོད་འགྲོ། སྒེར་གཅོད་པའི་གཞུང་འདི་འདྲ་ཞིག་གི་འོག་ནས་ཁ་མིན་དོན་གྱི་དམངས་གཙོ་དང་མི་ རིགས་གླེང་མཁན་ཞིག་ལ་མཚོན་ན་འདི་ནི་རྒྱུད་རིམ་ཞིག་རེད།ཁོ་རང་ཉིད་ཀྱིས་ཀྱང་ མི་རིགས་ཤིག་གི་དོན་དུ་རང་གི་ཐོབ་དང་བདེ་སྐྱིད་ཡོད་ཚད་ཐེད་ལ་བོར་བའི་རྟགས་ ཤིག་རེད།ལོ་ངོ་འགའི་ཡར་སྔོན་ནས་བཟུང་མི་རིགས་ཀྱི་འཚོ་གནས་གླེང་ནས་གཉན་པོའི་ མཐུ་དང་།རྣོན་པོའི་བཙན་གྱི་རལ་ཁ་ནས་ཀྱང་རང་ཉིད་གཙུབ་ཧྲུལ་དུ་བཏང་ ནས་[[དཔྱོད་ཤེས་རྒྱང་འབོད་]]དང་[[དོགས་སློང་སྙིང་སྟོབས་]][[རིགས་ཤེས་ཀུན་ གྲོལ]]་སོགས་བོད་ཡུལ་དུ་བཀྲམ་པ་རེད།དེར་མཐུད་ནས་བོད་མིར་ནང་གི་བསམ་བློའི་ གསར་བརྗེས་ཤིག་བསྐྲུན་ཡོད།མི་རེ་འགས་དེ་ནི་གསར་བརྗེས་ཤིག་མ་ཡིན་པར་སྐྱུགས་ རོ་ཞིག་རེད་ཅེས་བརྗོད་པར་འདོད་ན་ཡང་།བོད་རང་ཉིད་ལ་མཚམས་འདི་ནས་བཟུང་སྟེ་ རིག་གནས་ལ་བརྒལ་བརྟགས་གསར་བ་ཞིག་དང་།དྲི་བ་གསར་བ་ཞིག་བསླངས་པར་མ་ཟད།སེམས་ འཚུབ་གསར་བ་ཞིག་བསླངས་ཡོད་པས་ངས་ནི་བོད་མིའི་ནང་གི་བསམ་བློའི་གསར་བརྗེས་ དུས་རིམ་ཞིག་ལ་འཇོག་གི་ཡིན།དེ་ཡི་རྗེས་སུ་ས་བྱི་ལོའི་གསར་བརྗེས་སྐབས་སུ་ ཁོང་གིས་ནན་ཏན་གྱིས་དཔྱོད་ཅིང་།ཡུན་གྱིས་བསམས་ཏེ་[[གནམ་ས་གོ་འབྱེད་]]ཅེས་ པའི་སྐད་གྲགས་ཆོད་པའི་དེབ་འདི་འབྲི་མགོ་ཚུགས་ཡོད།འདི་དུས་སུ་ཡང་འུར་སྐྱ་རེ་ འགས་ཞོགས་དུང་ཤི་སོང་བ་ཡིན་ནམ་དང་།ཡང་ན་ཞོགས་དུང་རྒྱ་མིའི་རྒྱུག་ཁྱི་ཡིན་ པའི་དན་རྟགས་རྙེད་སོང་ཁུལ་བྱས་ཏེ་གང་ཡིན་སར་སྐད་གཏོང་བ་ཚུན་ཆད་ཀྱི་སྦྱོར་བ་ བརྩམས་མོད།ཁོང་གིས་བཟོད་བསྲན་དང་དཀའ་ཐུབ་ཀྱི་བགྱི་བ་ལྷུར་བླངས་ཏེ་རང་གི་ འགན་འཁྲི་མཚམས་མ་བཞག་པ་རེད།[[གནམ་ས་གོ་འབྱེད་]]མི་ཡུལ་ལ་བཞག་པ་ནས་ཁོང་ལ་ བསྟོད་པའི་མཐེབ་མོ་ཀེར་མཁན་དང་།གར་འགྲོ་གར་འདུག་ལ་མངོན་པའི་མི་དང་མི་མངོན་ པའི་ཚན་རིག་བརྟགས་དཔྱོད་པའི་ཐབས་ཀྱི་རྒྱ་ཡང་བཙུགས་ཡོད་པས།ངེད་ཅག་གི་ཁ་དཔེར་ ཁེ་ཆེ་ས་ན་ཉེན་ཆེ།རི་མཐོ་ས་ན་གཡང་གཟར་ཞེས་པའི་ཚུལ་དུ་སོང་ནས།༤.༢༣ཉི་མ་ཁ་སང་ གི་བར་དུ་ཀུན་པོས་ཞོགས་དུང་བཟུང་ཡོད་མེད་དང་།འཛིན་རྒྱུ་ཡིན་མིན།ཡང་ན་རེ་ འགར་རྣམ་རྟོག་ཀྱང་གཞན་དང་གཞན་ཞིག་ལངས་ཡོད་ངེས་མོད།དེ་དང་དེའི་ངང་ཚུལ་ནི་ སྐུ་ཞབས་ཁོང་ལ་མཚོན་ན་རྒྱུན་ལྡན་ཞིག་ཡིན་པས་ལྟ་རིན་དང་དཔྱོད་རིན་ཅང་མེད་པ་ རེད།༤.༢༣ཁ་སང་གི་ཉི་མ་ནས་བཟུང་སྟེ་སྒེར་གཅོད་པའི་ལག་འོག་ན་ཨམ་ཚུགས་བསྡམས་ ཤིང་།རུས་རྐང་བདེན་སྟོབས་ཀྱིས་འགྲེངས་ཏེ་འདྲི་གཅོད་དང་དུ་བླངས་པའི་ངང་འཚོ་ ཞིང་།མཇུག་འབྲས་ཅི་འབྱུང་ལ་བསམ་བློ་གཏོང་གིན་ཡོད་ངེས་ཡིན།ངེད་ཅག་བོད་ཕྱི་ ནང་གི་དྲ་ལམ་དག་ན་ཡང་སྐུ་ཞབས་ཁོང་དང་ཁོང་གི་བརྩམས་ཆོས་ཐད་ལ་བགྲོ་གླེང་བྱེད་ པ་དང་།རྩོམ་ཡིག་འབྲི་བ།བཅར་འདྲི་བྱེད་པ་སོགས་ཀྱི་བགྱི་བ་མངོན་དུ་གྱུར་འདུག་ པས།སྐུ་ཞབས་ཁོང་ལ་བརྩི་བཀུར་བྱེད་མཁན་གྲོགས་པོ་ང་ལ་མཚོན་ན་དྲང་ལྡོག་ཅི་ཞིག་ གླེང་ཡང་རླབས་ཆེ་བའི་རྟགས་ཤིག་མཐོང་གིན་ཡོད།དེའི་ཕྱིར་གལ་ཏེ་ང་སྐུ་ཞབས་ཁོང་ ལ་མཇལ་དུས་ཤིག་ལ་བོད་ཕྱི་ནང་གཉིས་ཀྱིས་ཁྱོད་ལ་ངོ་སོ་ཆེན་པོ་སྤྲད་སོང་བ་དང་། ཁྱོད་ཀྱིས་བྱས་པ་ལ་རྗེས་དང་།བྲིས་པ་ལ་ཤུལ་ཡོད་པ་མཐོང་སོང་ཟེར་བའི་ལག་པ་ གཏོང་གི་ཡིན།དེ་ལྟ་མོད་འཇིག་རྟེན་གྱི་རིག་པ་མཐུ་རྡུགས་པ་རེ་འགས་ནི་གོ་བ་ ལོག་ལམ་དུ་འབྱམས་པའི་ངང་རང་གི་ཞེན་ཁོག་དང་དུངས་ཞེན་ཁོ་ནར་འབྱར་ཡོད་འདུགཁོང་ གི་བརྩམས་ཆོས་[[གནམ་ས་གོ་འབྱེད་]]ཅེས་པ་ཅི་ལྟར་འགྲེལ་ཡང་རུང་མོད།བོད་གནམ་ལ་ དགའ་བ་དང་།རྒྱ་ས་ལ་དགའ་བའི་སྐད་ཆ་རེ་འགས་གནམ་ས་གོ་འབྱེད་ཀྱི་མིང་ལ་དཔྱད་པ་ དང་།ཡང་དཔྱོད་ཤེས་རྒྱང་འབོད་ལས་བདག་ཡོད་པར་སྨྲ་བ་དེ་ལ་ཆོས་གཞུང་གི་བདག་མེད་ ཀྱི་རིག་པས་ཕུ་འདེབས་པ།ཐོབ་ཐང་དང་འདྲ་མཉམ་ཐད་ནས་ཕྱག་འཚལ་མི་འཚལ་གྱི་བརྗོད་ སྟངས་ལ་གུས་ལུགས་སོགས་ཀྱིས་ལན་སྐྱོན་པ་དག་ནི་ཀ་བའི་ཆོས་ཉིད་བུམ་པར་སྦྱར་ནས་ འགྲེལ་རྒྱག་པའི་ངང་ཚུལ་དུ་སོང་བ་དང་།ཞོགས་དུང་གིས་ཆོས་ཤེས་མི་ཤེས་ཀྱི་སྒོ་ ནས་ཞོགས་དུང་ལ་ལྟ་བ་ནི་ཨ་མ་རྒན་མས་ཐབ་རྩ་ནས་དཔྱོད་ལུགས་ཤིག་ཡིན་པའི་ཁར།ཕ་ རོལ་བོ་ལ་གནས་ལུགས་ཡོད་མེད་ལ་མི་ལྟ་བུར་རང་གི་དུངས་ཞེན་ཙམ་པོ་དབང་བཙུན་པར་ བྱས་ཏེ་རིག་པ་གྱ་གྱུར་ལྷུང་བ་ལས་གཞན་ཅི་ཡང་མིན་ཞིང་།གང་ཡང་མ་རེད།དེ་དང་དེ་ ལ་སོགས་པའི་ཐ་སྙད་གཅིག་གི་རྒྱབ་ན་དུས་རབས་གསར་རྙིང་གི་རིག་གནས་མི་འདྲ་བ་ གཉིས་ཀྱི་གོ་ལུགས་སམ།ཡང་ན་ལྷ་ཆོས་མི་ཆོས་གཉིས་ཀྱི་གོ་ལུགས་ཤིག་ཟེར་ཡང་རུང་། འཁོར་བར་འཁོར་ཚུལ་གྱི་ལྟ་སྟངས་དང་འཁོར་བར་འབྲལ་ཚུལ་གྱི་གོ་ལུགས་ཤིག་ཏུ་སྨྲ་ ཡང་ཆོག མདོར་ན་ལྟོས་འཇོག་གིས་འགྲེལ་སྟངས་ཤིག་ཡོད་པས་ཤ་གཟུགས་ཟ་རྐྱང་མི་བྱེད་པ་ནི་ གལ་ཆེ་མོད།ཁ་སང་དང་དེ་རིང་ལ་ཐ་སྙད་སྐམ་པོ་ཞིག་འཕྱུར་བ་བཞིན་དུ་ལྡོད་ནས་ འདུག་སྐབས་མ་ཡིན་པར།སྐུ་ཞབས་ཁོ་དང་ཁོས་མཚོན་པའི་ཤེས་ཡོན་པ་རུས་ཞེན་ཅན་དག་ བཙོན་དུ་བཅུག་པའི་ཐད་དམ།བཙོན་དུ་མ་སོང་བའི་ཤེས་ཡོན་པ་དག་གི་སྨྲ་སྒོ་འཇིགས་ སྐུལ་གྱི་ལྕགས་ཟྭ་རྒྱག་གིན་འདུག་པའི་ཚུལ་འདི་ལ་ཅི་ལྟར་རྒོལ་བའི་དུས་ལ་བབ་ འདུག  སྤྱིར་རིག་པ་སྤྱི་འགྲོས་ཀྱི་སྒང་ན། རིག་གཞུང་ནི་ནམ་ཡང་སྐྱ་ཐང་ཐིང་དང་། མཚོ་བ་ནི་ནམ་ཡང་སྔོ་ཐང་ཐིང་ཟེར་བའི་སྲོལ་ཞིག་ཡོད་པ་འདིར་བལྟས་འོང་ན་ཡང་། རིག་གཞུང་རྐྱང་བ་ཞིག་གླེང་བ་དང་ཐ་སྙད་རྡོག་པོ་རེ་འགའ་ཙམ་ལ་རྩོད་རྒྱབ་བསྡད་ ནཅི་ཡང་མི་ཕན་ཞིང་།

དད་ པ་ཡོད་མེད་བཤད་ནས་རྒན་མོར་ཉི་མར་ལྡེ་བ་བཞིན་བསྡད་པས་ཀྱང་གར་ཡང་མི་ཕྱིན་པས། ད་ལྟའི་བོད་པའི་ཤེས་ཡོན་པའི་ཆབ་སྲིད་ཀྱི་གནས་བབ་འདི་གདོང་ལེན་བྱེད་པའི་དུས་ སུ་བབ་འདུག དབྱིན་རྒྱ་བོད་གསུམ་གྱི་ཡིག་ལམ་དང་ཚོགས་པ་ཆེ་ཆུང་ཀུན་པོས་ཁྲིམས་གཏུགས་དང་། སྐད་འབོད།མདོར་ན་འུར་འུར་ཟང་ཟིང་བཟོ་བའི་སྐབས་སུ་བབ་འདུག སེམས་ཁུར་ཡོད་དང་རྒྱབ་སྐྱོར་ཡོད་ཙམ་གྱིས་ལག་སྐྱེས་ཆེན་པོ་ཞིག་ཕུལ་ཡོད་པའི་ ཁེངས་སེམས་འདོར་དགོས་པའི་ཚད་ལ་བསླེབས་ཡོད། ངོ་མ་བོད་ནང་གི་ཤེས་ཡོན་པ་འམ་རུས་ཞེན་ཅན་ཚོའི་མདུན་ལམ་འདི་ལྟར་བུད་སོང་བ་ ཡིན་ན།བོད་མི་རིགས་ཀྱི་མདུན་ལམ་ལ་དོན་གྱི་གཉའ་ཆག་ཐེབས་ཀི་རེད།ཆོས་སྲིད་དཔལ་ འབྱོར་གང་ཡིན་རུང་རྩ་བའི་སྒུལ་ཤུགས་ནི་ཤེས་ཡོན་པ་ལ་ཐུག་འདུག་པ་ངོ་ཤེས་དགོས་ པ་རེད།ཤེས་ཡོན་པ་ནི་ནམ་ལངས་ཁའི་བྱ་ཕོ་ལྟ་བུ་རེད།ནམ་རྒྱུན་མ་འོངས་པའི་དུས་ ཀྱི་བརྡ་ཞིག་གཏོང་གིན་ཡོད།རྒྱུ་དང་དབང་ཆ་ཅན་དག་ལས་ཤེས་ཡོན་པར་བདག་པོ་བརྒྱག་ དགོས།དེ་དག་ནི་སྐབས་དང་འཕྲལ་ཙམ་ལས་ཕན་པ་དཀའ་ཞིང་།ཤེས་ཡོན་པས་ལག་རྗེས་ནི་ ཕུག་དང་རྒྱང་ན་ཡོད་པས་ངེས་པར་ཁྱོད་ཅག་གིས་མཚོ་ནང་ལ་ཁབ་བོར་བ་བཞིན་དུ་མི་ བསྐྱུར་རྒྱུའི་ཞུ་བ་གཏོང་གི་ཡིན།

 

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༤ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 16

  1. ཉི་ཟླའི་མགྲོན་བདག says:
    ལོ་ 16 སྔོན།

    ལྷོ་ཕྱོགས་ཁུ་བྱུག་སྔོན་མོའི་ཡང་སྐུ་ཞབས་ཞོགས་དུང་ལ་སྐུལ་བརྡ་དང་དྲན་དུང་ཞུ་བཞིན་འདུག།སེམས་གཏིང་ནས་དུང་གི་ཡ་་་་་་་་་་་་་་་་ཡ་་་་་་་་་་་་ཡ།

    Reply
  2. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    རེད་ངས་ཀྱང་སྙིང་ནས་ཞོགས་དུང་དྲན་གི

    Reply
  3. ཤེས་རབ says:
    ལོ་ 16 སྔོན།

    སྐུ་ཞབས་ཞོགས་དུང་དྲན་པའི་སྡུག་བསྔལ་ཆེ་གི ཡིན་ན་ཡང་ད་ནི་ཁོང་གློད་ཐབས་ལ་འབད་ན་མ་གཏོགས་སེམས་སྡུག་བྱས་པའི་མི་ཕན། གྲོགས་པོ་ཚོ་གང་འདྲ་བྱས་ནས་སྐུ་ཞབས་ཞོགས་དུང་ལ་རྒྱབ་སྐྱོར་བྱེད་དགོས་སམ།

    Reply
  4. karma dorje says:
    ལོ་ 16 སྔོན།

    ངས་ཀྱང་སྐུ་ཞབས་ཞོགས་དུང་ལགས་ཡང་ཡང་དྲན་བགྱིད་འདུག་པས། ཁོང་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་གྲོལ་ཡོང་བའི་རེ་འབོད་དང་སྨོན་འདུན་ཞུ།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སེམས་ལ་བཞག་དགོས་པའི་སྐད་ཆ་མང་པོ་ཞིག་འདུག་ཐུགས་རྗེ་ཆེ་ཞུ། རྩོམ་པ་པོ་མཆོག་ལགས།

    Reply
  6. འཁྲུངས་སྐར། says:
    ལོ་ 16 སྔོན།

    རེད། ཞོགས་དུང་ལྟ་བུ་འོ་ཚང་བོད་ལ་བཅུ་གྲངས་ཞིག་ཡོད་ན་ཅི་མ་རུང་སྙམ།
    ཡིན་ན་ཡང་གོང་གིས་ཐུགས་ལ་གང་ཡོད་མི་ཤིས་ཡ།

    Reply
  7. འབའ་སྲས། says:
    ལོ་ 16 སྔོན།

    ད་ཚང་མས་ཞོགས་དུང་དྲན་བཞིན་འདུག ངས་ཀྱང་དྲན་གི། སྙིང་ནས་དྲན་གི། ཤིན་ཏུ་དྲན་གི། ཡིན་ནའང་། ཅུང་འགོར་སོང་པ་རེད།

    Reply
  8. རོ་བདག says:
    ལོ་ 16 སྔོན།

    རེད་ཡ་ངས་ར་འདི་ནས་རང་གི་བསམ་ཚུལ་རེ་བཤད་ན་འདོད་གི་ གནམ་ས་གོ་འབྱེད་ལྟ་བའི་རྩོམ་ཡིག་འདི་ངེས་པར་དུ་རྒྱ་དབྱིན་གྱི་ཡིག་རིག་ལ་བསྒྱུར་ཐུབ་ན་ཡག་པོ་འདུག
    ཐུགས་རྗེ་གཟིགས་འདིའི་བརྗོད་བྱ་ང་ཚོའི་སྤྱི་ཚོགས་ལས་ནས་གཞན་གྱི་རོལ་མྱོང་ཐུབ་ན་དགེ་མཚན་ཆེ་འདོད།

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    ཞོགས་དུང་ལགས་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པའི་མཁས་པ་ཞིག་ཡིན་པའི་ཁར། སྐད་ཡིག་མིག་འབྲས་བཞིན་གཅེས་སྲུང་བྱེད་མཁན་ཞིག་ཡིན་པ་ཁོ་རང་གི་བུ་མོ་ཡེ་ཤེས་མཚོ་མོ་ལས་ཤེས་ཐུབ་ཀྱི་འདུག ཅི་འདྲའི་ཨམ་སྐད་ཡག་པོ་ཞིག་རྒྱག་གི་འདུག གྲོང་ཁྱེར་ཟི་ལིང་ནས་མཚར་ལོངས་བྱུང་མཁན་ཞིག་ལ་མཚོན་ན། བོད་སྐད་བསྐྱོན་རྒྱུ་ནི་ནམ་མཁའི་མེ་ཏོག་གི་ཚུལ་དུ་བཤད་ཀྱང་མ་ཆོག་པ་མེད་སྙམ། དེ་བས། བོད་ཀྱི་མཁས་པ་རྣམས་དང་དཔོན་པོ་ཚོར་ལྟོས་དང་སུ་ཞིག་གི་བུ་དང་བུ་མོས་བོད་སྐད་གཙང་མ་ཞིག་བསྐྱོན་ཐུབ་ཀྱི་འདུག་གམ།

    Reply
  10. སྟག་ཕྲུག says:
    ལོ་ 16 སྔོན།

    ངས་སྐུ་ཞབས་ཞོགས་དུང་རབ་ཏུ་དྲན་གྱི་འདུག་ ཡིན་ན་ཡང་ང་ལ་ག་བྱེད་འདི་བྱེད་ཅང་མི་འདུག ཁྱེད་རང་བཟུང་བ་འདིས་བོད་པ་གང་མང་ཞིག་ལ་གོ་བ་ཞིག་སྦྱིན་ཡོད་དེ། ཁྱེད་ཀྱི་བྱ་སྤྱོད་དེས་བོད་པ་ཚང་ལ་ཕན་གྱི་ཡོད་པ་དེ་རེད་དོ།།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས་ཀྱིས་བསམ་འཆར་ལེགས་པོ་ཞིག་བྲིས་འདུག་ཀྱང་། ཡིག་ནོར་མང་བོ་ཞིག་མིག་ལམ་ན་གཤམ་ནས་བཞག་འདུག

    Reply
  12. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    ད་ནི་བདེ་ཐང་ཡོད་པའི་མི་དེ་གླེན་པ་ཞིག་ཏུ་གཏོང་རྒྱུ་གདོན་མི་ཟ། ཡོད་ཚད་ཚར་སོང་། ཅི་འདྲའི་མིའི་རིགས་ལ་དཀའ་ངལ་འདི་འདྲའི་ཆེ་བ་ལ། མི་ལ་དབང་བའི་ཡོད་ཚད་ནི་སྲིད་གཞུང་གི་གདོན་འདྲེ་དེ་ཚོས་བཀག་འགོག་བྱས། ཐ་ན་མིའི་ཚེ་སྲོག་དང་འབྲེལ་བའི་འཐུང་ཆུ་ཡིན་ཡང་སྲིད་གཞུང་གིས་བཀག་འགོག་བྱེད། སྲིད་གཞུང་ཟེར་བ་འདི་ནམ་ཡིན་ཡང་མི་རིགས་ཀྱི་དགྲ་བོ་དང་མི་དམངས་ཀྱི་ཞབས་འདྲེ་ཁོ་ན་ལས་གཞན་པའི་ཕན་ཡོན་གཅིག་མཐོང་གི་མི་འདུག

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རང་ཉིད་ཀྱིས་སྡུག་དཀའ་ལས་བརྒྱབས་ཏེ་ཡི་གེ་དང་སྐད་རིགས་གང་དང་ཅི་ཞིག་སྦྱངས་ནས་ཤེས་པ་དེ་མི་བུ་གཞན་གྱི་ལུས་ཤུགས་དང་ཀླད་ཤུགས་ངལ་རྩོལ་གྱི་འབྲས་བུ་ས་དང་རྡོ་ལ་བརྡབ་གང་ཐུབ་ཅི་ཐུབ་བྱེད་པའི་ཆེད་དུ་མིན་པས་ན། རང་གིས་སྡུག་དཀའ་ལས་བརྻབས་ནས་སྦྱངས་པའི་ཤེས་བྱ་གང་ཡོད་པ་དེས་མིའི་རིགས་དང་རང་མི་རིགས་རིག་གཞུང་ལ་ཞབས་འདེགས་ཕྲ་ལ་ཕྲན་བུ་ཙམ་ཞུས་ཐུབ་ན་དོན་སྙིང་ཆེ་ཆེར་ལྡན་པའོ།།

    Reply
  14. ཕུན་ཚོགས ། says:
    ལོ་ 16 སྔོན།

    ད་ལྟ་གཞི་ནས་ཞོགས་དུང་དྲན་མཁན་ཚོ་གཉིད་ཉལ་བ་མང་དྲག་པས་ཡིན་རྒྱུ་རེད།དེ་མིན་ན་ད་ལྟ་་ནི་ཞོགས་པའི་དུང་བོས་ཚར་ཞིང་ཉི་མ་ཡང་ནུབ་ལ་ཉེ་བའི་ཕྱི་ཡོལ་གྱི་དུས་ཚོད་ཅིག་ཡིན།

    Reply
  15. གནམ་ལྕགས། says:
    ལོ་ 16 སྔོན།

    ངས་ཀྱང་ཞོགས་དུང་དྲན་གི

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མཆན་བུ་འདི་ཁ་བརྡ་ཚང་ལའང་བཏབ་ཡོད།
    ར་ཛི་ནཱ་མར་ཐུགས་རྗེ་ཆེ་ཞུ། འདི་ཁྱོད་ཀྱི་རྩོམ་ཡིག་ཐེངས་གཉིས་པ་དེ་བཀླགས་པ་ཡིན། སྐུ་ཞབས་ཞོགས་དུང་བཟུང་ཚར་བ་རེད། ཁོང་གི་བརྩམས་ཆོས་ཅི་ཡོད་བོད་ཕྱི་ནང་གཉིས་ན་བཀླགས་མྱོང་མཁན་དང་མྱོང་ཐུབ་མཁན་གང་མང་ཡོད་མྱོང་ནི་རེད། བསྟོད་ལས་སྟོད་ལ་འཇོག་མཁན་དང་སྨད་ནས་དུང་ལ་འཕེན་མཁན། རྒྱ་གུང་ཁྲན་གྱི་རྒྱུགས་ཁྱི་རེད་ཟེར་མཁན། བོད་མི་རིགས་ཀྱི་བསམ་བློ་བ་དང་མཁས་དབང་། དཔའ་བོ་རེད་ཟེར་མཁན། ནང་བསྟན་ལ་དགག་གིན་འདུག་པས་བསྟན་དགྲ་རེད་ཟེར་མཁན་འདྲ་མིན་བྱུང་ཡང་། ད་ནི་ཁོང་བོད་ཀྱི་དགྲ་བོ་རྒྱ་གུང་ཁྲན་གྱིས་བཟུང་ཟིན་ལ། འཛིན་དོན་དེ་ཡང་རྒྱ་གུང་ཁྲན་དང་རྒྱབ་འགལ་གྱི་མིང་འདོག་སྣ་ཚོགས་ཀྱིས་བཟུང་བ་དང་། རྒྱབ་ཀྱིས་ཕྱོགས་དོན་དེ་ཡང་བོད་མི་རིགས་དང་རིག་གཞུང་། བོད་ཀྱི་འགྲོ་མིའི་ཐོབ་ཐང་དང་རྩ་དོན་སོགས་གནལ་དུ་འཁེལ་ཞིང་གཏིང་ནས་གླེང་ཡོད་པས་རེད། རྒྱ་གཞུང་ལ་སྡིགས་ཤིང་སྔར་ནས་ད་ལྟ་ལ་ཐུག་གི་བར་རྒྱ་གུང་ཁྲན་གྱིས་བོད་མིརིགས་འདི་སྡུག་སྣ་ཚོགས་ཅི་བྱས་དང་། ཐ་ན་མི་ལོ་དྲུག་ཅུ་ལྷག་གི་རིང་ལ་རྒྱས་བཀག་སྡོམ་ཆེ་བའི་ཡིག་ཆ་དག་ལས་བོད་མིར་བསད་རྨས་སྡུག་སྦྱོང་མནར་གཅོད་ཅི་བྱས་གཙོ་འདོན་གྱིས་བྲིས་གནམ་ས་གོ་འབྱེད་ཀྱི་དེབ་དེ་ལས་ཞོགས་དུང་བཟུང་དོན་དང་། བོད་མི་རིགས་གཞུང་ལ་ཤ་ཚ་ཡོད་མེད་སོགས་གསལ་ཁ་འབྱུང་གི་རེད་སྙམ། འདིར་བཤད་མཁན་མང་ཆེ་བས་སྐུ་ཞབས་ཞོགས་དུང་གིས་ནང་བསྟན་ཆོས་ལུགས་ལ་ཅིག་བཤད་འདུག་ཟེར་ནས་ད་དུང་ཡང་སྙིང་ནད་འདྲ་ཞིག་འཛིན་གིན་འདུག སྔར་རྒྱ་ནག་གོ་གུང་གཉིས་ཀྱིས་རྒྱ་ཁབ་ཀྱི་བདག་དབང་བརྩད་དེ་ཁྱོད་ཤི་ང་གསོན་གྱི་དམག་འཐབ་དྲག་བྱེད་པའི་སྐབས་སུའང་འཇར་པན་ལ་ཁ་གཏད་གཅོག་སྐབས། མཉམ་དུ་རེད། ཞོགས་དུང་གིས་ནང་བསྟན་ལ་དགག་ཡོད་ཀྱང་ད་སྐབས་ནི་ཁོས་བོད་མི་རིགས་ཀྱི་དོན་དུ་ཚོར་ཤུགས་ཆེན་པོས་བཤད་པའི་སྐད་ཆ་(གནམ་ས་གོ་འབྱེད།)བཤད་པས་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་རེད་པས། དེ་ཁ་སང་དང་རིང་། སང་ནིན་ནས་གནངས་ཉིན་སོགས་ཉིན་མ་དུ་ཙམ་དང་ཟླ་བ་དུ་ཙམ། ཡང་ན་ལོ་དུ་ཙམ་དུ་ཁོས་བོད་མི་རིགས་ཀྱི་ཆེད་དུ རྒྱའི་སྡུག་སྦྱོར་མནར་གཅོད་ཇི་ལྟར་དང་ཅི་ཙམ་མྱངས་དང་མྱོང་བཞིན་པ། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་སྐུ་ཞབས་ལུང་རིགས་རྒྱལ་གྱིས་ཅུང་ཙམ་བཤད་འདུག་པ་དེས་ཀྱང་གསལ་བོ་ཤེས་ཐུབ་གི དེ་བས་བདག་གི་སྙིང་དབུས་ནས་རེ་བ་ཙམ་ཞུ་རྒྱུར། སྐུ་ཞབས་ཞོགས་དུང་གཙོས་ཉེ་ཆར་བཟུང་བའི་བོད་ནང་གི་ཤེས་ཡོན་པ་དེ་ཚོའི་ཆེད་དུ་ང་ཚོའི་ལྟ་ཚུལ་ལམ་ལྟ་བ་མཉམ་བསྲེས་སྐད་ཆ་དམ་དུམ་རེ་བཤད་འདུག་པའི་ཚོད་མིན་པར། ནུས་ཤུགས་གཅིག་ཏུ་སྒྲིལ་ནས་ཤེས་ཡོད་པ་འདི་ཚོའི་ཆེད་དུ་སྐད་ཆ་ཞི་གབཤད་པའི་དུས་རེད་སྣམ། ཁ་སྔོན་ཀུན་གླེང་ནས་ཀྱང་བོད་ཕྱི་ནང་གཉིས་ན་ཞོགས་དུང་གིས་ནང་བསྟན་པ་ཅིག་ཅིག་མིག་མིག་བཤད་མྱོང་བས་ད་ནི་བོད་ནང་དུ་ཁོ་ལ་རྒྱབ་སྐྱོར་བྱེད་མཁན་དང་དགའ་མཁན་མང་པོ་མེད་པའི་སྐོར་འདྲ་ཟིག་བཤད་སོང་། དངོས་གནས་བྱབ་ཆུང་གི་སྐད་ཆ་རང་རེད་བསམ་བྱུང་། ཞོགས་དུང་གིས་ཀྱང་བོད་མི་རིགས་འདི་ཡག་པོ་ཞིག་ཆགས་ཐུབ་ན། གཞན་དང་ཕྱོགས་གང་ཐད་ནས་མཉམ་སྐྱོད་རེ་བྱེད་ཐུབ་ན་བསམ་ནས་བོད་དོན་བསད་ཀྱིན་པ་ལས། གཞན་ཞོགས་དུང་ཁོ་རང་རྒྱ་གུང་ཁྲན་གྱིས་བཟུང་བ་དེ་འགྲིག་འདུག་སྙམ་པའི་ཚོར་བ་སྐྱེས་བྱེད་ཀྱི་སྐད་ཆ་ཞིག་ནམ་ཟར་ཡང་བཤད་མི་འདུག་ལ། ནམ་ཞར་ཡང་བཤད་ཀི་མ་རེད་སྙམ་པའི་ཡིད་ཆེས་གཙང་མ་ཡོད། དེ་བས་ང་ཚོས་རང་དབང་ལུང་པ་ནས་ནང་ཁུལ་གྱི་ལྟ་ཚུལ་མཐུན་མིན་གྱིས་སྐད་ཆ་བཤད་འདུག་པའི་དུས་མིན་པར་བོད་མི་རིགས་གཅིག་པ་དང་། རིག་གཞུང་གཅིག་པ། དམིགས་ཡུལ་གཅིག་པ། རྩ་དོན་གཅིག་པའི་ཆེད་དུ་ཡིན་པས་ན། དུས་སྐབས་འདི་ནི་ནང་ཁུལ་ལྟ་བ་མཐུན་མིན་གླེང་བའི་དུས་མིན་པས། རབ་བྱུང་ན་དེའི་རིགས་གནས་སྐབས་རིང་མི་གླེང་བའི་རེ་སྐུལ་སྙིང་ནས་ཞུས་པ་ཡིན།
    ཡིག་ནོར་ལ་དགོངས་དག་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese