མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་སོར་ཐོབ་དགོས་པ་དེ་རང་བཞིན་གྱིས་སླེབས་འོང་གི་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་གཞུང་གིས་ད་ལྟའི་བར་སྐྱབས་གནས་དགེ་འདུན་གྱི་སྡེ་ལ་ཞབས་ཕྱི་གང་བསྒྲུབ་པ་དེ་བཞིན་ཇོ་ནང་བར་ཡང་བསྒྲུབས་པ་ཡིན་ལ། མ་འོངས་པར་ཡང་ཇོ་ནང་བར་ཞབས་ཞུ་བསྒྲུབ་ངེས་ཡིན་ཞེས་ཆོས་རིག་བཀའ་བློན་མཆོག་གིས་གསུངས་ཡོད།

ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཙོས་བཀའ་ཟུར་རྣམ་པ། འཕགས་ཡུལ་ཇོ་ནང་དགོན་གྱི་བླ་ཆེན་དང་ཆོས་རྒྱུད་ཁག་གི་སྤྱི་འཐུས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚོགས་མི་འདུ་འཛོམས་ཐོག་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཞེས་པའི་ཚོགས་པ་གསར་འཛུགས་དབུ་འབྱེད་གནང་ཡོད་ལ། མཛད་སྒོའི་སྟེང་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་སྐབས་དང་པོའི་རྒྱུན་ལས་ཚོགས་གཙོ་ཚང་དབྱངས་རྒྱ་མཚོ་ལགས་ཀྱིས་ལྷན་ཚོགས་འདི་དབུ་འཛུགས་ཀྱི་རྒྱུ་རྐྱེན་དང་དམིགས་ཡུལ། བྱུང་རིམ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ་ལྷན་ཚོགས་འདིའི་སློབ་སྟོན་པ་མཆོག་སྤྲུལ་འོད་ཟེར་རིན་པོ་ཆེ་ལགས་ཀྱིས། དཔལ་དུས་ཀྱི་འཁོར་ལོའི་དབང་ལུང་འཁྲིད་གསུམ་མན་ངག་དང་བཅས་པ་གཙོ་བོ་དཔལ་རྒྱལ་བ་ཇོ་ནང་བ་མ་གཏོགས་མེད་པ་དང་། དེ་དག་འཛིན་སྐྱོང་སྤེལ་གསུམ་བྱ་བར་བོད་གཞུང་གི་རྒྱབ་སྐྱོར་མེད་དུ་མི་རུང་བས། མ་འོངས་ཕུགས་རྒྱང་རིང་བོར་དམིགས་ཏེ་ཇོ་ནང་པའི་ཆོས་ལུགས་ཀྱི་ཐོབ་ཐང་ཐད་བཀའ་སྤྱི་གཉིས་ལ་འབོད་སྐུལ་ཡང་གནང་བྱུང་ལ། དེ་བཞིན་འཕགས་ཡུལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་མཆོག་སྤྲུལ་ཆོས་ཀྱི་སྣང་བ་མཆོག་གིས་ཚོགས་པ་འདིའི་འགན་འཛིན་ལྷན་ཚོགས་ཀྱི་རེ་བ་དང་། སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་ཐེངས་འདིའི་འགན་འཛིན་ལྷན་ཚོགས་ལ་བསྩལ་བའི་བཀའ་སློབ་སྒྲོག་སྦྱོང་གནང་རྗེས།དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པའི་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་པའི་ཡུལ་གྲུ་ཁག་ངོ་སྤྲོད་དང་། ཇོ་ནང་བའི་བསྟན་པས་བོད་བསྟན་པ་ཆབ་སྲིད་ལ་ཕན་འབྲས་གང་འདྲ་བྱུང་ཡོད་མེད་དང་མ་འོངས་བོད་རང་དབང་དང་ཆོས་སྲིད་གཉིས་ལ་ཕན་འབྲས་ལ་ནུས་པ་གང་འདྲ་ཞིག་ཐོན་མིན་ལ་དམིགས་ཏེ་ཇོ་ནང་བའི་བསྟན་པར་རྒྱབ་སྐྱོར་དང་ཐུགས་འཁུར་གནང་དགོས་པའི་རེ་བ་དང་འབོད་སྐུལ་གནང་བྱུང།  

སྐབས་དེར་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུང་བཤད་གནང་དོན།དཔལ་ཇོ་ནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོས་རྒྱུད་གཞན་ལ་ཡོད་པའི་ཐོབ་ཐང་དགོས་པའི་ཐད་ལོ་བཞི་ལྷག་གི་སྔོན་ནས་ཞུ་གཏུག་བྱེད་མཁན་བྱུང་བ་རེད། ཕྱོགས་གཅིག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་བྱེད་བདེ་བོ་ཞིག་ཏུ་སྣང་བས་མ་རེད་ཅེས་བཤད་ཁག་པོར་གྱུར་ཡོད། སྤྱི་འཐུས་ལྷན་ཚོགས་དེ་བོད་མི་མང་གི་འོས་འདེམས་བྱས་པའི་འཐུས་མི་ཡིན་པ་དང་འོས་འདེམས་ཀྱི་དུས་ཡུན་དེའི་རིང་ཁྲིམས་དང་སྒྲིག་གཞི། བཅའ་ཁྲིམས་བསྐྱར་བཅོས་བཟོ་བཅོས་བྱ་རུང་བའི་སྐུ་དབང་ཡོད་པ་གསལ་བོ་རེད།ཡིན་ཡང་། ད་ལྟའི་བར་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་ཀྱི་སྐབས་སུ་སྤྱི་འཐུས་མི་རེ་ངོ་རེ་ཡིས་གནད་དོན་གསལ་བོ་རྟོགས་པའི་ཐོག་གཏན་འབེབས་བྱེད་ཀྱིན་པར་ངོས་འཛིན་བྱེད་ཀྱིན་ཡོད། དཔལ་ཇོ་ནང་བའི་སྐུ་ཚབ་འཐུས་མི་ཆོས་རྒྱུད་གཞན་ལྟར་ཐོབ་ཐང་དགོས་སྐོར་ཞུ་སྐབས། ང་ཚོའི་ངོས་ནས་བདག་པོ་རྩ་བ་ནས་མ་བརྒྱབ་པ་མ་ཡིན་པར། སྤྱི་འཐུས་ཀྱི་ཚོགས་འདུ་སྐབས་སུ་བཀའ་མོལ་མང་པོ་བྱུང་ཡོད།ཡིན་ཡང་། སྤྱི་འཐུས་ལྷན་ཚོགས་ནང་བསྐྱར་བཅོས་ཡིག་ཆ་སླེབས་ཐུབ་པ་ཙམ་གྱི་འགྲིག་གི་མེད་པར།གལ་སྲིད། བསྐྱར་བཅོས་བྱ་དགོས་བྱུང་ཚེ་སྤྱི་འཐུས་གསུམ་ཆ་གཉིས་དང་སྤྱི་འཐུས་ ༤༢ ལས་ ༢༨ ཀྱིས་རྒྱབ་སྐྱོར་ངེས་པར་དུ་དགོས་ཀྱིན་ཡོད་སྐོར་གསུང་བྱུང་ལ།ཡང་ཁོང་གིས། མ་འོངས་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ངོས་ནས་རིམ་པར་ཕྱག་ལས་གནང་བ་ཡིན་ན། རིམ་བཞིན་ཡག་པོ་ཆག་པའི་རེ་བ་དང་འབྲེལ་བོད་གཞུང་ཆོས་རིག་ལས་ཁུངས་ལ་མི་འགྱངས་པར་ཇོ་ནང་བའི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཡིག་ཐོག་ནས་སྤྱི་འཐུས་ལྷན་ཁང་ལ་ཕུལ་དགོས་པའི་འབོད་སྐུལ་ཡང་གནང་བྱུང་།

མཐའ་མར་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས། སྤྱིར་ཇོ་ནང་གི་སྐོར་དེ་ང་ཚོའི་མཁྱེན་དགོས་པ་ཞིག་རེད་ལ། ལྷག་པར་དུ་ང་ཚོའི་གཞོན་སྐྱེས་ཚོས་ནང་པ་སངས་རྒྱས་པ་སྤྱི་དང་ལྷག་པར་ཇོ་ནང་པའི་སྐོར་ལ་མཁྱེན་རྟོགས་བྱ་རྒྱུ་དེ་གལ་ཆེན་པོ་རེད། ལུང་པ་སོ་སོའི་ནང་མི་མང་ཉུང་དང་གྲྭ་པ་མང་ཉུང་ཏན་ཏན་ཡོད་ཀྱང་། མང་པ་དེ་ཡག་པོ་དང་ཉུང་པ་དེ་སྡུག་པོ་ཡིན་པ་ཞིག་ལ་ང་རང་གི་ངོས་འཛིན་བྱེད་ཀྱིན་མེད། ད་ལྟ་ཡོད་བཞིན་པའི་ཆོས་བརྒྱུད་ཆེན་པོ་བཞི་གཙོས་གཡང་དྲུང་བོན་དང་བཅས་པའི་བསྟན་པའི་ནང་དུའང་གྲྭ་བ་མང་ཉུང་གི་གནས་སྟངས་དེ་ཡོད་པ་རེད། ང་ཚོ་སུ་ཡིན་ཡང་ད་ལྟའི་དུས་སྐབས་འདིར་ཕྱག་ལས་གནང་སྟངས་ཀྱི་ཐོག་ནས་རང་ཉིད་ལ་དཀའ་ངལ་ཡོད་བཞིན་པ་དེ་འབུར་ཏུ་བཏོན་ནས་འཁྲུག་པ་དང་རྩོད་པ་རྒྱག་བཞིན་མི་འདུག་པར། ཇོ་ནང་པ་རང་ངོས་ནས་སོ་སོའི་རྐང་པའི་ཐོག་སོ་སོ་ལངས་ཐུབ་པ་ཞིག་དང་། སོ་སོའི་ཞན་ཆ་དང་ཡར་རྒྱས་གཏོང་དགོས་པའི་ཐད་འབད་བརྩོན་བྱས་པ་ཡིན་ན། སོ་སོར་ཡོད་བསྡད་པ་དང་ཐོབ་དགོས་པ་དེ་ཐོབ་ངེས་པ་ཞིག་རེད་ལ། ཉིན་ཞིག་རང་བཞིན་གྱིས་སླེབས་འོང་གི་རེད་ཅེས་གསུང་བྱུང་ལ།

ཡང་ཁོང་གིས།ད་ལྟའི་ཆར་ཇོ་ནང་པ་བཙན་བྱོལ་བོད་མིའི་གཏན་འབེབ་བྱས་པའི་བོད་མི་དམངས་སྤྱི་འཐུས་དང་དེ་དང་འབྲེལ་བའི་ཚོགས་འདུ་ཁག་ཁ་ཤས་ལ་འགྲོ་ཐུབ་མ་ཐུབ་ཙམ་ལས། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་ངོས་ནས།བཙན་བྱོལ་ནང་ཡོད་པའི་དགེ་འདུན་གྱི་སྡེ་ལ་ཞབས་ཞུ་གང་གནང་དགོས་པ་དང་བསྒྲུབ་དགོས་པ་ལས་ཇོ་ནང་ལ་དམིགས་བཀར་གྱི་ལས་དོན་བསྒྲུབ་ཀྱིན་ཡོད་པ་མ་རེད། མ་འོངས་པར་ཡང་བཙན་བྱོལ་བོད་གཞུང་གི་ཞབས་ཞུ་གང་ཡོད་བསྒྲུབ་ངེས་ཚུལ་དང་འབྲེལ། འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་ཐད་འབད་པ་བྱ་དགོས་པའི་རེ་བ་དང་གྲྭ་བའི་ཀུན་སྤྱོད་དང་ཉམས་ལེན་ལ་འབད་བརྩོན་བྱ་དགོས་པའི་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༢༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 9

  1. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཆོས་ལུགས་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ།
    བདག་མེད་ཀྱི་ཆོས་འདི་མ་གྱུར་སེམས་ཅན་ཐམས་ཅད་ལ་ཕན་པའི་སྨོན་ལམ་འདེབས།

    Reply
  2. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ཆོས་རིག་བཀའ་བློན་གྱི་སྐད་ཆ་དེ་ཤིན་ཏུ་བདེན་ཀི་གང་ཡིན་ཟེར་ན་དང་ཐོག་རང་མགོ་ཐོན་པ་ཞིག་བྱས་ན་ཐོབ་ཐང་ཡོད་པ་དེ་རང་བཞིན་གྱི་སླེབས་ཡོང་གིན་རེད།

    Reply
  3. རྒྱ་ཉམས་ཞིབ་པ། says:
    ལོ་ 16 སྔོན།

    ད་འགྲོ་ཕན་ཚོགས་པའི་རེ་བ་ཡང་མ་འགྲུབ་ཐལ་།   

    Reply
  4. རྒྱ་ཉམས་ཞིབ་པ། says:
    ལོ་ 16 སྔོན།

    ཆོས་རིག་བཀའ་བློན་གྱིས་གསུངས་པ་དེ་ཏག་ཏག་རེད་འདུག  ཇོ་མོ་ཚང་གི་སྐྱིད་མ་ཁྱོགས་ནས་སྐད་རྒྱག་ཡི་ཡོད་པ་རེད་།   གྲོག་ཁོག་བརྒྱག་སོང་ན་རྙོག་དྲ་འདྲ་མིན་བཟོ་གི་རེད་།    ཉི་མ་གཅིག་ལ་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་མི་ཆོག་།  བོད་བཞུང་ཇོ་ནང་ཕོ་བྲང་ཟེར་དགོས་ཟེར་ས་རེད་།   

    Reply
  5. པ་སངས། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མའི་མ་རབས་གཅིག་གིས། །ཇོ་མོ་ནང་པ་ནང་ལ་བཅུག་སོང་། །
    འཇུ་ཆེན་ཐུབ་བསྟན་ཐུབ་རེ་བྲལ་བས། །དཔལ་ལྡན་ས་སྐྱའི་ས་ཁྱོན་ཆུང་སོང་། །

    Reply
  6. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    ད་ནི་ཇོ་ནང་འགྲོ་ཕན་ཚོགས་པ་དེས་ཇོ་ནང་གི་བསྟན་པ་འཛིན་སྐྱོངས་སྤེལ་གསུམ་བྱ་འདོད་ཀྱི་ཚོགས་པ་ཞིག་མ་ཡིན་པ་བོད་གཞུང་ལ་ཁྱད་དུ་ཁ་གཏད་དེ་ཆོས་བརྒྱུད་ཀྱི་སྤྱི་འཐུས་རྩོད་ལེན་བྱ་མཁན་གྱི་ཚོགས་པ་ཞིག་ཡིན་པ་ར་སྤྲོད་འདུག
    ཇོ་ནང་གི་བསྟན་པ་རྣམ་དག་ཞིག་སྤེལ་འདོད་ན་ཇོ་ནང་བསྟན་པའི་བདག་པོ་རྣམས་ཀྱི་ལྟ་སྒོམ་སྤྱོད་གསུམ་གཙང་མ་ཉར་དེ་རང་གི་ཉམས་ལེན་བྱ་དགོས་པ་མངོན།

    Reply
  7. ཤེས་རབ་འབྱུང་གནས། says:
    ལོ་ 16 སྔོན།

    ང་ཚོའི་གཞུང་གིས་ག་དུས་ཡིན་ན་ཡང་།    ཇོ་ནང་ཚང་གི་ཐོག་རྒྱ་ནག་གིས་ཤོད་བཞིན་པའི་སྐད་ཆ་རྣམས་ཁྱེར་ཡོང་གི་འདུག   གོང་གི་ཆོས་རིག་བཀའ་བློན་གྱི་གཏམ་བཤད་ལ་ལྟོས་དང་།   ཁོས་བཤད་དོན།   “བཙན་བྱོལ་བོད་གཞུང་གིས་ད་ལྟའི་བར་སྐྱབས་གནས་དགེ་འདུན་གྱི་སྡེ་ལ་ཞབས་ཕྱི་གང་བསྒྲུབ་པ་དེ་བཞིན་ཇོ་ནང་བར་ཡང་བསྒྲུབས་པ་ཡིན་ལ། མ་འོངས་པར་ཡང་ཇོ་ནང་བར་ཞབས་ཞུ་བསྒྲུབ་ངེས་ཡིན་”ཞེས་ཟེར།   འོ་ན་ཇོ་ནང་པའི་དགེ་འདུན་རྣམ་པ་དང་།   མི་མང་གིས་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་པས།   དེ་སྤྲད་ཡོད་དམ་མེད།   རྒྱ་ནག་གཞུང་གིས་ཀྱང་།    རྒྱ་གཞུང་གིས་བོད་ལ་རང་དབང་དང་ཐོབ་ཐང་ཡག་པོ་སྤྲད་ཡོད།   ཡར་རྒྱས་ལ་བཏང་ཡོད།   ཅེས་རྟག་པར་ཤོད་བཞིན་ཡོད།   འདི་གཉིས་ལ་ཁྱད་པར་འདུག་གམ།
    ཇོ་ནང་པ་ཚོས་ང་ཚོར་བོད་གཞུང་གིས་ལྟོ་དོད་སྤྲད་མ་སོང་གསུང་གིན་ཡོད་པ་མ་རེད།   ཁོང་ཚོས་བོད་གཞུང་ལ་ཆོས་རྒྱུད་རིས་མེད་གནང་རོགས།   ཐོབ་ཐང་གཅིག་མཚུང་གནང་རོགས།    ཞེས་འབོད་སྐུལ་ཞུ་བཞིན་ཡོད།   བོད་གཞུང་གིས་ཀྱང་ཁ་ནས་ཆོས་རྒྱུད་རིས་མེད།   ཐོབ་ཐང་འདྲ་མཉམ་ཟེར་གྱིན་ཡོད་མོད།   དོན་ལ་དེ་འདྲ་ཡིན་མིན་ཟུར་བལྟས་ལེབ་མཐོང་རེད།  གལ་ཏེ་ཆོས་རྒྱུད་རིས་མེད་ཡིན་ན།   ཇོ་ནང་ཆོས་རྒྱུད་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་མི་སྤྲོད་དོན་ག་རེ་ཡིན་ནམ། 
    ད་དུང་ཆོས་རིག་བཀའ་བློན་གྱིས།   “ཇོ་ནང་པ་རང་ངོས་ནས་སོ་སོའི་རྐང་པའི་ཐོག་སོ་སོ་ལངས་ཐུབ་པ་ཞིག་དང་། སོ་སོའི་ཞན་ཆ་དང་ཡར་རྒྱས་གཏོང་དགོས་པའི་ཐད་འབད་བརྩོན་བྱས་པ་ཡིན་ན། སོ་སོར་ཡོད་བསྡད་པ་དང་ཐོབ་དགོས་པ་དེ་ཐོབ་ངེས་པ་ཞིག་རེད་ལ། ཉིན་ཞིག་རང་བཞིན་གྱིས་སླེབས་འོང་གི་རེད་ཅེས་གསུང་བྱུང་ལ།”  འོ་ན།   ཇི་ལྟར་བྱས་ནས་ཇོ་ནང་པའི་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་རེག་གི་རེད་དམ།   འདི་དག་ལ་ཆོས་རིག་བཀའ་བློན་གྱིས་ལན་ཅིག་རྒྱབ་ན་ཡག་པོ་འདུག
    གང་ལྟར་ཆོས་རིག་བཀའ་བློན་དང་ཚོགས་གཞོན་གཉིས་ཀྱི་གཏམ་བཤད་ཀྱིས་ཇོ་ནང་པར་དགོས་པའི་རིས་མེད་ཆོས་བརྒྱུད་ཀྱི་ཐོབ་ཐང་དེ་རེག་གམ་མི་རེག་གསལ་བོར་ཆགས་འདུག་སྙམ།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    ཚོགས་གཙོ་ཚངས་དབྱངས་ལགས་ལ་འཚམས་འདྲི་ཞུ་བ་དང་མ་འོངས་པའི་ལས་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  9. གནམ་ལྕགས། says:
    ལོ་ 16 སྔོན།

    གཞན་སྟོང་ཕྱག་རྒྱ་ཆེན་པོའི་རོ་གཅིག་གིས།།
    སངས་རྒྱས་འགྲུབ་པའི་བཀའ་དྲིན་བསམ་མི་ཁྱབ།།
    དོལ་བུ་བ་དང་ཏཱ་ར་ན་ཐ་སོགས།།
    སྦྱོར་དྲུག་གྲུབ་པ་དག་ལ་གསོལ་བ་འདེབས།།

    འདི་ནི་འཕགས་ཡུལ་གྱི་ཇོ་ནང་འགྲོ་ཕན་ཚོགས་པ་གསར་བཙུགས་ལ་ཕུལ་བའི་ཤིས་ཚིག་ཙམ་མོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese