མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔེ་མཛོད་ཀྱི་འོད་སྡེར་དག

བོད་ཀྱི་དུས་བབ།
༢༠༡༠/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དཔེ་མཛོད་ཁང་གིས་མི་ལོ་སུམ་ཅུའི་རིང་སྒྲ་འཇུག་ཉར་ཚགས་བྱས་པའི་སྔོན་བྱོན་དམ་པའི་གསུང་ཆོས་དང་བཀའ་སློབ་ཁག་གསར་དུ་སྒྲ་འཇུག་བྱས་ཏེ་འོད་སྡེར་གསར་པ་འགྲེམས་སྤེལ་བྱས་ཡོད་ཟེར།

ཕྱི་ཚེས་ ༢༧ ཉིན་བོད་ཀྱི་དཔེ་མཛོད་ཁང་གིས་འདས་པའི་མི་ལོ་སུམ་ཅུའི་རིང་བསྡུ་སྒྲིག་དང་ཉར་ཚགས་བྱས་པའི་༧གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས། དེ་བཞིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་ཀརྨ་རྣམ་གཉིས་གཙོས་བླ་ཆེན་ཁག་དང་ལོ་རྒྱུས་སྨྲ་བ་དང་རིག་གཞུང་སྨྲ་བ་བཅས་ཀྱི་གསུང་བའི་བཀའ་སློབ་ཁག་སྒྲ་འཇུག་བྱས་᪍འི་འོད་སྡེར་དང་། དེ་བཞིན། བོད་ཀྱི་དཔེ་མཛོད་ཁང་གི་ལས་ཟུར་ཟླ་བ་བསམ་གཏན་ལགས་ཀྱིས་བསྡུ་སྒྲིག་བྱས་པའི་འོད་སྡེར་གཉིས་བཅས་དབུ་འབྱེད་གནང་སོང་།དབུ་འབྱེད་མཛད་སྒོའི་སྟེང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསར་དུ་སྒྲ་འཇུག་བྱས་པའི་འོད་སྡེར་ཁག་ངོ་སྤྲོད་དང་འོད་སྡེར་གསར་བ་འགྲེམས་སྤེལ་གྱི་དམིགས་ཡུལ་ཐད་གསུང་དོན། འདས་པའི་དུས་ནས་འཕྲུལ་ལས་འཕེལ་རྒྱས་ལ་འགྱུར་བ་ཆེན་པོ་ཕྱིན་པའི་དབང་གིས་སྒྲ་འཇུག་གི་ཡོད་བྱད་མང་པོ་ཞིག་བེད་མེད་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟའི་བར་དཀའ་ལས་བརྒྱབས་ཡོད་པའི་འོད་སྡེར་མང་པོ་ཞིག་བརླག་འགྲོ་བའི་ཉེན་ཁ་ཡོད་སྟབས། ཐེངས་འདིར་ང་ཚོ་བོད་ཀྱི་དཔེ་མཛོད་ཁང་གིས་གོང་ཆེན་པོ་དང་རྫིག་པོ་དེ་འདྲ་མ་ཡིན་པར་ཕུགས་རྒྱང་རིང་པོར་དམིགས་ཏེ། ཉན་ཐུབ་པ་དང་བལྟ་བདེ་བའི་ཆེད་དུ་སྔོན་བྱོན་སྐྱེ་བུ་དམ་པ་མང་པོའི་གསུང་བཤད་དང་བཀའ་སློབ་ཁག་ CD འཁོར་ཐག་ ༡༠ ལྷག་སྒྲ་འཇུག་བྱས་ཡོད་ལ། དེའི་ནང་༧གོང་ས་མཆོག་གི་རྡོར་གདན་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ་ཁག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེས་རྡོ་རྗེ་གདན་དུ་བསྩལ་བའི་ལམ་རིན་ཆེན་མོ།དེ་བཞིན་ ༡༩༨༣ ལོར་ཞྭ་སྒ་པ་དབང་ཕྱུགས་བདེ་ལྡན་མཆོག་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་སྐོར་ལ་གནང་བའི་གསུང་བཤད་དང་།འབའ་གཞིས་ཕུན་ཚོགས་དབང་རྒྱལ་དང་བཀྲས་མཐོང་ཐུབ་བསྟན་ཆོས་དར་མཆོག་ནས་སྙན་ངག་མེ་ལོང་མའི་འཆད་འཁྲིད་བཅས་མང་པོ་ཞིག་འདུས་ཡོད་ཅེས་ཐེངས་འདིའི་གསར་དུ་སྒྲ་འཇུག་བྱས་པའི་འོད་སྡེར་ཁག་ངོ་སྤྲོད་གནང་བྱུང་།

དེ་བཞིན་བལ་ཡུལ་གནས་སྡོད་ཟླ་བ་བསམ་གཏན་ལགས་ཀྱིས།བོད་ནང་གི་བོད་མི་ཚོར་དམིགས་ཏེ་ཁོ་རང་ཉིད་ཀྱི་བསྡུ་སྒྲིག་དང་སྒྲ་འཇུག  ངོ་སྤྲོད་བྱས་པའི་བཙན་བྱོལ་ནང་ཡོད་པའི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་གཙོས་པའི་བོད་ཀྱི་ནང་ཆོས་བསྟི་གནས་ཁག་ངོ་སྤྲོད་ཀྱི་འོད་སྡེར་དང་།མ་འོངས་པར་བོད་ཀྱི་མི་རབས་རྗེས་མ་དག་གིས་བོད་རང་གི་སྲོལ་རྒྱུན་གྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་མི་བརྗེད་པར་བྱ་ཆེད་དམིགས་ཏེ་བསྡུ་སྒྲིག་བྱས་པའི་བོད་ཀྱི་ནམ་རྒྱུན་གྱི་ཕྱག་བསྐོར་དང་སྨྱུང་གནས། སྐུ་ཕྱག  བསང་གསོལ། ལོ་གསར་རོལ་སྟངས། གཉེན་སྟོན་ལ་སོགས་པའི་བོད་ཀྱི་སྲོལ་རྒྱུན་གྱི་ཡུལ་གོམས་སྲོལ་ལམ་སྟོན་ཞེས་པའི་འོད་སྡེར་གཟིགས་འབུལ་དང་ངོ་སྤྲོད་དང་འབྲེལ་ཁོང་གིས་མ་འོངས་པར་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་བསྡུ་སྒྲིག་གྱི་ཕྱག་ལས་གནང་འཆར་ཡོད་པའི་སྐོར་ཡང་འགྲེལ་བརྗོད་གནང་བྱུང་། 

ཐེངས་འདིའི་བོད་ཀྱི་དཔེ་མཛོད་ཁང་གིས་གསར་དུ་འགྲེམས་སྤེལ་བྱས་པའི་འོད་སྡེར་ ༡༠དང་ཟླ་བ་བསམ་གཏན་ལགས་ཀྱིས་སྒྲ་འཇུག་དང་བསྡུ་སྒྲིག་བྱས་པའི་འོད་སྡེར་ ༢ བསྡོམས་ ༡༢ ལྷག་ཡོད་པ་དང་།ཐེངས་འདིར་བཙན་བྱོལ་བོད་ཀྱི་གནད་ཡོད་མི་སྣ་དང་ལས་ཁུངས་ཁག་ལ་ཕུལ་རྗེས། བོད་ཀྱི་དཔེ་མཛོད་ཁང་གིས་འོད་སྡེར་རེ་ལ་ཧིན་སྒོར་ ༤༠ བྱས་ཏེ་འགྲེམས་སྤེལ་བྱ་འཆར་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༢༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 13

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    ཝཝཝཝཝཝཝཝཝ ཀི་རྟི་བླ་མ་ལ་སྐྱབས་རྗེ་ཞིག་མཚན་འདོག་པ་དང་སྐུ་དྲག་རྣམས་ཀྱི་བྲིས་པའི་ཕྱོགས་བཞེན་ལོ་རྒྱུ་ཁག་ཉར་ཚགས་བྱས་པ་ཙམ་མ་གཏོགས་གཞན་གང་བྱེད་ཡོད་པ་གསལ་པོས་འདིར་སྟོན་འདུག།

    Reply
  2. དབྱངས་བུ། says:
    ལོ་ 16 སྔོན།

    གངས་སྐྱིད་དཔེ་མཛོད་ཁང་གི་དཔེ་དེབ་བལྟ་ཀློག་དང་གཡར་པོ་གཏོང་པའི་དུས་ཚོད་ལ་འགྱུར་བ་གཏོང་དགོས། དེ་ཡང་གངས་སྐྱིད་ལ་ཡོད་པའི་བོད་གཞུང་ལས་བྱེད་རྣམས་ལ་དཔེ་དེབ་བལྟ་ཀློག་བྱེད་པར་བསྐྱོད་བསམ་མཁན་མང་པོ་འདུག་ཀྱང་། དཔེ་མཛོད་སྒོ་བྱེད་ཀྱི་དུས་ཚོད་དང་ལས་ཁུངས་ཀྱི་དུས་ཚོད་མཉམ་འཁེལ་ཡིན་པས་ལས་བྱེད་རྣམས་ལ་དཔེ་དེབ་ཀློག་རྒྱུ་དང་གཡར་རྒྱུར་དཀའ་ངལ་ཞིག་འཕྲད་འདུག གལ་ཏེ་བོད་ཀྱི་དཔེ་མཛོད་ཁང་འགན་འཛིན་ལྷག་རྡོར་གྱི་སྲིད་བྱུས་བཞིན་ཕྱི་གླིང་བར་སྤྲེལ་ལད་འཁྲབ་བྱེད་ཙམ་ཡིན་ན་གནས་ཚུལ་ཐ་དད་རེད་དོ།།

    Reply
  3. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དགེ་བཤེས་ལྷག་རྡོར་ལགས་ཤེས་ཚད་ཀྱི་སྟེང་ནས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པའམ་འགན་འཛིན་འོས་ངེས་ཡིན་འདུག་ཡིན་ནའང་ཁོང་ལ་ཆོས་ལུགས་ཀྱི་ཐོག་ནས་ཞེན་འགོག་ཤུགས་ཆེ་ཡོད་པ་ཚོད་པག་བྱས་ཐུབ་གོང་གི་འོད་སྡེར་གཅིག་པུ་མ་ཡིན་པ་དཔེ་བདེ་དཔར་བསྐྲུན་སོགས་ཀྱི་སྐོར་ལ་ཞིབ་གཟིགས་ཤིག་གནོངས་དང་།

    Reply
  4. བོད་ཀྱི་དྲང་བདེན། says:
    ལོ་ 16 སྔོན།

    བོད་ཀྱི་དཔེ་མཛོད་ཁང་གིས་ཡིན་ནམ། ཡང་ན། གསར་ཁང་གིས་གསར་འགྱུར་འགོད་སྟངས་ཀྱིས་མ་འགྲིགས་པ་ཡིན། གོང་གསལ་གྱི་གསར་འགྱུར་ནང་། དེ་བཞིན་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་ཀརྨ་རྣམ་གཉིས་གཙོས་བླ་ཆེན་ཁག་དང་ལོ་རྒྱུས་སྨྲ་བ་དང་རིག་གཞུང་སྨྲ་བ་བཅས་ཀྱི་གསུང་བའི་བཀའ་སློབ་ཁག་སྒྲ་འཇུག་བྱས་པའི་འོད་སྡེར་དང་། ཞེས་དང་། ཡང་དེར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེས་རྡོ་རྗེ་གདན་དུ་བསྩལ་བའི་ལམ་རིན་ཆེན་མོ་ཞེས་པ་གོ་བ་ལོན་གྱི་མི་འདུག་ལ། སྐྱབས་རྗེ་ཀིརྟི་རིན་པོ་ཆེས་རྡོར་གདན་དུ་ལམ་རིམ་ཆེན་མོའི་བཀའ་ཆོས་བསྩལ་པ་རེད་དམ། ཁོང་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་རིམ་གསུང་ཆོས་སྒྲ་འཇུག་གནང་བ་རེད། དཔེ་མཛོད་འགན་འཛིན་ལྷག་རྡོར་ཟེར་བས་འདི་ཙམ་དབྱེ་མཚམས་ཀྱང་གསལ་པོ་ཤེས་ཡོད་མི་འདུག འདི་ལྟར་བལྟས་ན། ལྷག་རྡོར་ཟེར་བས་དཔེ་མཛོད་འགན་འཛིན་གྱི་མིང་ཁུར་བའི་རིང་ཕྱི་ཕྱོགས་སུ་ཁང་བཀོད་ཅིག་གསར་བརྒྱགས་བྱས་པ་མ་གཏོགས། དཔེ་མཛོད་ཀྱི་ནང་དོན་ངོ་མའི་ཐོག་དོ་སྣང་ཁྱོ་ནས་བྱས་ཡོད་ཚོད་མི་འདུག སྒྲ་འཇུག་བྱས་པའི་ངག་རྒྱུན་ལོ་རྒྱུས་དཀོན་རིགས་མང་པོ་ཡོད་ཚོད་འདུག་པ་དེ་ཚོ་མི་འགྱངས་པར་ཕྱི་འགྲེམས་བྱེད་ཐུབ་ན་བཟང་། དཔེ་མཛོད་ཁང་ལ་འདིའི་ཐོག་ལས་ཀ་བྱེད་ཐུབ་པའི་སེམས་ཤུགས་དང་ཤེས་ཚད་ཡོད་ཚོད་མི་འདུག

    Reply
  5. karma dorje says:
    ལོ་ 16 སྔོན།

    གསར་འགོད་པ་ལགས་སུ། ་་་ཀརྨ་རྣམ་གཉིས་གཙོས་་་་་་ ཟེར་ན། གང་ཟེར་བགྱིད་ཡོད་རེད།

    Reply
  6. འཁྲུངས་སྐར། says:
    ལོ་ 16 སྔོན།

    དགེ་བཤེས་ལགས་ཐུགས་ཁག་མེད་ཡ།
    ཕྱོགས་རེས་ལོས་དགོས།
    གང་ཡིན་ཞེ་ན་ཐད་བརྐོས་ཡིན་པ་ཡ།
    ལམ་རིམ་ལས་གཞན་པ་དག་གིས་སངས་རྒྱས་གིས་གོ་འཕང་ཐོབ་མི་ཐུབ་པ་འདྲ།
    གསུང་ཆོས་གནང་ན་ཡང་ལམ་རིམ།
    གཞུང་གི་འགྲིམ་སྤེལ་བྱེད་ན་ཡང་ལམ་རིམ།
    ཧ་ཧ་ཧ་ཧ་ཧ།
    ཡང་མང་པོ་ཞུ་ན་ཁ་བཏང་གི་འདུག་ཟེར་གི་རེད་ཨེ།
    ད་དབྱུག་ཤོག
    ལས་འབྲས་ཞིག་ཡོད་ངེས་ཡ།

    Reply
  7. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོས་སྨར་དྷྲིཟེར་ལ་རྒྱབ་སྐྱོར་ཡོད། ངའི་གྲོགས་པོ་ཝར་ཎ་མཐོ་སློབ་ལ་ཡོད་པ་ཤེས་ཚད་ཧ་ཅང་ལེགས་པ་ཞིག་བཤད་དོན་ལ་གཞིགས་ན། བོད་ཀྱི་དཔེ་མཛོད་ཁང་དུ་ལས་བཞུགས་བྱེད་པར་དགེ་བཤེས་ལྷག་རྡོར་ངོ་ཤེས་དགོས་པ་ལས་ཤེས་ཚད་ཡོད་པ་ཙམ་གྱི་མི་ཕན་ཟེར། ད་ལྟ་དཔེ་མཛོད་ལས་བྱེད་གསར་པའི་ཁོངས་སུ་ཡིག་རྒྱུགས་བཏང་ནས་འདེམས་བསྐོ་ཞུས་པ་དང། དགེ་བཤེས་ལགས་ཀྱི་ཨ་ནི་ངོ་ཤེས་ཀྱིས་ཐད་བསྐོ་བྱས་པའི་གྲངས་འབོར་མང་ཉུང་ཁྱད་པར་ཆེན་པོ་ཡོད་ཚུལ་ཁོང་གིས་གསུངས་སོང།

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མི་རིགས་སྤྱི་ལ་ཕན་པའི་མཛད་སྤྱོད་ལ་བསྔགས་བརྗོད་ཡི་རང་དང་འབྲེལ་འབོད་སྐུལ་ཞུ་རྒྱུར། འོད་སྡེར་ཁག་གི་ཐོ་གཞུང་ཞིག་གསུང་ཐུབ་ན་མངག་ཉོ་གནང་མཁན་ཚང་མར་ཕན་ཐོགས་ཡོང་ངེས་ལགས།

    Reply
  9. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    རེད་སྤྱི་སྟངས་ཡག་པོ་འདུག འོན་ཀྱང་དགེ་བཤེས་ལྷག་རྡོ་ལགས་ཀྱང་ལོས་ཡོད་ཞེན་འགོག་ཆེན་པོ་ཡོད་འདུག་གང་ཡིན་ཞེ་ན་བོད་ཀྱི་བླ་ཆེན་ཚད་ལྡན་མང་པོ་ཞིག་གིས་འདི་ཕྱི་ལམ་སྟོན་གི་བཀའ་སློབ་དང་གསུང་ཆོས་མང་པོ་བསྩལ་ཡོད་ཡིན་ནའང་འདིའི་ནང་ཀི་རྟེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་གཅིག་པུ་མ་གཏོགས་འོད་སྡེར་ནང་མི་འདུག་དེ་ལ་རིགས་པའི་དཔྱད་པར་མཛོད་གྲོགས་པོ་རྣམས་པས།

    Reply
  10. karma dorje says:
    ལོ་ 16 སྔོན།

    ཡར་རྒྱས་རེད། དགའ་བསུ་ཡོད།

    Reply
  11. བློ་དཔལ། says:
    ལོ་ 16 སྔོན།

    མི་ལོ་སུམ་ཅུའི་རིང་ལ་རྒྱ་གར་ནང་༧གོང་ས་མཆོག་གཙོ་བྱས་བའི་བོད་ཀྱི་སྐྱེས་ཆེན་མཁས་དབང་མང་པོ་ཞིག་གིས་གསུང་ཆོས་དང་བཀའ་སློབ་སོགས་ཧ་ཅང་མང་པོ་གནང་ཡོད་པ་མ་ཟད་བོད་ཀྱི་དཔེ་མཛོད་ཁང་ལ་སྒྲ་འཇུག་སྡེ་ཚན་ཞིག་ཅང་ཡོད་ཚོད་རེད། ལོ་ངོ་སུམ་ཅུའི་ནང་ CD འཁོར་ཐག་བཅུ་མ་གཏོགས་འདོན་མ་ཐུབ་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། རིག་གཞུང་གཅེས་ཉར་བྱེད་ལྟང་ཚོགས་སྡེ་གཞན་ལས་སྐྱོ་བ་འདུག

    ཨོ་རན་ཏྲིད་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཞེས་པ་ཞིག་ནས་ད་ལོ་སྤྱི་ཟླ་གསུམ་པའི་ནང་སྐུ་སྒེར་གཙོ་བྱས་བའི་རྒྱ་བལ་ནང་དགོན་སྡེ་༢༢ལ་Hard disk GB1000 ཅན་རེ་ཕུལ་འདུག དེས་ནང་དུས་ཡིན་ཆུ་ཚོད་སྟོང་ཕྲག་བཅུ་གཅིག་ལྷག་འདུག་པ་མ་ཟད་ཞ་དཀར་གཡུང་དྲུང་བོན་ནས་རི་བོ་དགེ་ལུགས་པར་གྱི་མཁས་དབང་ཁག་གི་དཔེ་ཁྲིད་དང་། སྨན་རྩིས་ཟློས་གར་ལོ་རྒྱུས་སོགས་སྣ་མཛོམ་རེད་འདུག ཁོང་ཚོའི་སྤྱི་ལོ་༡༩༩༠ནས་མགོ་བརྩམ་དེ་༢༠༡༠བར་ཕྱག་ལས་གནང་འདུག

    Reply
  12. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ཡག་པོ་མི་འདུག་ལབ་ཕྱོགས་རིགས་ཀྱི་སྐད་ཆ་རེད་ཟེར་ཀྱི་རེད་མ་གཏོགས་ཡག་རང་མི་འདུག། དེའི་ནང་ཅུང་ཡག་ཤོས་དེ་སྲིད་དོན་རྒྱལ་རབས་ཀྱི་སྐོར་དེ་ཡིན་ལས་ཆེ།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དགེ་བཤེས་ལྷག་རྡོར་གྱིས་གཙོས་བོད་ཀྱི་དཔེ་མཛོད་ཁང་གི་ལས་བྱེད་ཡོངས་ལ་བཀའ་དྲིན་ཆེ་ཞུ། སྲིད་དོན་རྒྱལ་རབས་ཀྱི་སྐོར་དེ་ཡག་སེ་ཡོད་ན། ཝར་ནཱ་དཔེ་མཛོད་ཁང་དུའང་སྐུ་ངོ་ཞྭ་སྒབ་པས་གསུང་འོད་སྡེར་ཞིག་འདུག་པ་དེ་དང་གཅིག་པ་ཡིན་ནམ། ད་གང་ལྟར་གངས་སྐྱིད་དུ་འོད་སྡེར་ཉོ་བར་འགྲོ་རྒྱུ་ཡིན་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese