མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལག་ལེན་གྱི་ཐོག་ནས་བཀའ་དྲིན་རྗེས་དྲན་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp
ང་ཚོའི་མི་མང་གིས་ལག་ལེན་གྱི་ཐོག་ནས་བཀའ་དྲིན་རྗེས་དྲན་བྱ་རྒྱུ་ཙམ་དུ་མ་ཟད། ཉམ་ཆུང་ཁྲིམས་མཐུན་ངང་རང་ཉིད་ལ་ཡོད་བསྡད་པའི་ཡ་རབས་ཀྱི་སྤྱོད་པ་བཟང་པོ་དེ་ནོར་བུ་ཡིན་པ་ཤེས་དགོས། ཞེས་༧གོང་ས་མཆོག་གིས་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོའི་ཐོག་གསུངས་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་བཙན་བྱོལ་བོད་གཞུང་གིས་གོ་སྒྲིག་འོག ངྷ་སའི་ཉེ་འགྲམ་ངྷ་རི་ཐང་དུ་ཧི་མ་ཅལ་མངའ་སྡེར་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་སྐོང་འཚོགས་གནང་སྟེ། དེར་༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཕུ་རུམ་ཀུ་མལ་ངྷི་མལ་ Premkumal Dhumal མཆོག་གཙོས། ༧དཔལ་རྒྱལ་བ་ཀརྨ་པ་མཆོག་དང་ བཀའ་བློན་ཁྲི་པ་མཆོག   དེ་བཞིན་ཧི་མ་ཅལ་མངའ་སྡེ་གཞུང་གི་གནད་ཡོད་མི་སྣ་དང་བཙན་བྱོལ་བོད་གཞུང་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན།མི་མང་བཅས་འདུ་འཛོམས་བྱུང་ཡོད།
མཛད་སྒོའི་ཐོག་མར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། འདས་པའི་མི་ལོ་ལྔ་བཅུའི་རིང་ཧི་མ་ཅལ་མངའ་སྡེ་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་གཙོས། ངྷ་རམ་ས་ལ་ཐེ་པའི་ཧི་མ་ཅལ་མངའ་སྡེ་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ ༡༥ ནས་བོད་མི་ ༢༡༠༥༡ ལྷག་དང་། སློབ་གྲྭ་ཁག་ ༡༨ དང་དགོན་སྡེ་ཁག་ ༤༢ ནང་ཡོད་པའི་སློབ་མ་དང་གྲྭ་བཙུན་བཅས་བསྡོམས་ ༣༥༨༢༡ ལྷག་ལ་མཐུན་འགྱུར་རོགས་རམ་བླ་མེད་གནང་བ་དེ་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་གསུབ་ཏུ་མེད་པ་ཞིག་དང་བོད་མི་རིགས་ཀྱིས་ནམ་ཡང་བརྗེད་དུ་མེད་པའི་བྱུང་རབས་ཤིག་ཡིན་ཞིང་། བཞུགས་སྒར་གཙོས་ཧི་མ་ཅལ་ནང་ཡོད་པའི་བོད་པ་ཚོ་བརྒྱུད་འཛམ་གླིང་ཁྱོན་ཡོངས་སུ་བོད་རྒྱུད་ནང་བསྟན་གྱིས་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་རླབས་ཆེན་ཡོང་བའི་གཞི་རྩའི་ལྟེ་གནས་ཤིག་ཆགས་ཐུབ་པར་གྱུར་བ་དེ་ཡང་། ཧི་མ་ཅལ་གཞུང་དང་མང་ཚོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་སྟབས། མ་འོངས་པར་བཙན་བྱོལ་བོད་གཞུང་གིས་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་ཧི་མ་ཅལ་མངའ་སྡེའི་སློབ་གྲྭ་ཁག་ ༡༢ ལ་མཐུན་རྐྱེན་བསྐྲུན་རྒྱུ་དང་དབང་བོ་སྐྱོན་ཅན་གྱི་རིགས་ལ་བཀའ་དྲིན་རྗེས་དྲན་གྱི་མཐུན་འགྱུར་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།
༧གོང་ས་མཆོག་གིས། ང་ཚོ་བོད་མི་བཙན་བྱོལ་བ་ཚོ་རྒྱ་གར་དུ་སླེབས་ནས་མི་ལོ་ ༥༡ དང་། ཧི་མ་ཅལ་མངའ་སྡེར་སླེབས་ནས་ལོ་ ༥༠ ཐམ་པ་འགོར་རིང་ང་ཚོས་ཕ་ཡུལ་གཉིས་པ་ཞེས་མིང་ཙམ་དང་ཚིག་ཙམ་མིན་པར་སོ་སོའི་ལས་འགན་གང་བསྒྲུབ་དགོས་པ་དེ་རང་དབང་ཐོག་བསྒྲུབ་ཐུབ་པ་བྱུང་བ་དང་། འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོ་རང་ཉིད་གཅིག་པུའི་མི་ཚེའི་རང་དབང་ཆེད་དུ་འདིར་འབྱོར་བ་ཞིག་མིན་པར། ལོ་རྒྱུས་ཡོད་པའི་མི་རིགས་ཤིག་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་རང་དབང་འཐབ་རྩོད། བོད་གངས་ཅན་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོབ། གཞི་ལུས་རྒྱ་ཆེའི་མི་མང་གི་རེ་འདོད་ལྟར་འཛམ་བུ་གླིང་འདིའི་སྒང་ལ་བཏོན་ཐུབ་པ་བྱུང་བ་དེ་མངའ་སྡེ་གཞུང་དང་མི་མང་གི་བཀའ་དྲིན་ཡིན་པས། བཙན་བྱོལ་བོད་མི་དང་གཞི་ལུས་རྒྱ་ཆེ་མི་མང་གིས་ཚབ་བྱས་ཏེ་མངའ་སྡེ་གཞུང་ལ་ཐུགས་རྗེ་ཆེ་ཞེས་གསུངས།
ཁོང་གིས་མུ་མཐུད་དེ་གསུངས་དོན། ང་རང་ཉིད་ལ་མཚོན་ན་ལོ་ལྔའི་དུས་སྐབས་སུ་ཨ་མདོའི་ས་ཁུལ་ནས་ལྷ་སར་ཡོང་བ་དང་། ལོ་ ༡༦ གི་སྐབས་སུ་བོད་ཀྱི་དཀའ་ངལ་དེའི་མགོ་བཙུགས་པ་རེད། དེ་ནས་བཟུང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ངོས་ཀྱིས་འཁུར་དགོས་པར་ཆགས་ཤིང་། སྐབས་དེར་བོད་མིའི་རང་དབང་བརླགས་པ་དང་མཉམ་དུ་ང་རང་སྒེར་གྱི་རང་དབང་ཡང་བརླགས་པ་རེད། རང་ལོ་ ༢༤ སྟེང་རང་གི་ལུང་པ་དང་ཁ་བྲལ་ཏེ་བཙན་བྱོལ་ཏུ་སླེབས་དགོས་བྱུང་བ་དང་། འདིར་སླེབས་ནས་རྒྱ་གར་གཞུང་གི་སྐུ་མགྲོན་ཡུན་རིང་ཤོས་ཆགས་ཡོད་པ་རེད། ད་ལྟ་ང་རང་ལོ་ ༧༥སོན་པའི་ཁྲོད་ཀྱི་ལོ་ ༢༤ རིང་སོ་སོའི་ལུང་པར་འདུག་པའི་གོ་སྐབས་བྱུང་བ་དང་། ལོ་ ༥༡ ལ་བཙན་བྱོལ་བ་བྱས་ཏེ་བསྡད། གསུམ་ཆ་གཉིས་དེ་བཙན་བྱོལ་བ་ཆགས་བསྡད་ཡོད། ཕྱོགས་གཅིག་ནས་སེམས་སྐྱོ་བ་ཞིག་རེད། ཧ་ལམ་ང་རང་གི་མི་ཚེ་འདི་གནས་ཚུལ་ཧ་ཅང་སྐྱོ་བོ་མཐོང་བསྡད་པ་དང་མྱོང་བསྡད་པའི་ངང་མི་ཚེ་བསྐྱལ་བ་རེད། ཡིན་ནའང་། བཙན་བྱོལ་བ་ཆགས་ཏེ་བསྡད་པའི་རིང་བོད་རྒྱ་ཆེའི་མི་མང་གི་ཚབ་བྱས་ཏེ་ལས་འགན་གང་འཚམ་བསྒྲུབ་ཐུབ་ཡོད་པ་རེད། སོ་སོས་བསམ་བློ་བཏང་འོང་དུས་བཙན་བྱོལ་བ་བྱས་ཏེ་དཀའ་ངལ་མང་པོའི་འོག་སྡོད་དགོས་བྱུང་ཡང་། མི་ཚེའི་དགོས་འདུན་འགྲུབ་ཡོད་བསམ་པ་ཞིག་དྲན་འོང་གི་འདུག་ཅེས་གསུངས།
མཐའ་མར། ང་ཚོའི་ཁ་དཔེར་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་ཞེས་པའི་དཔེ་ལྟར། ང་ཚོ་མི་མང་ངོས་ནས་ས་ཕྱོགས་གང་དུ་ཡོད་ཀྱང་ལག་ལེན་གྱི་ཐོག་ནས་བཀའ་དྲིན་རྗེས་དྲན་བྱ་རྒྱུ་དང་། རང་གི་རང་ལ་བརྟག་དཔྱད་བྱས་རྗེས་ཉམ་ཆུང་ཁྲིམས་མཐུན་ངང་རང་ཉིད་ལ་ཡོད་བསྡད་པའི་ཡ་རབས་ཀྱི་སྤྱོད་པ་བཟང་པོ་དེ་ནོར་བུ་ཡིན་པ་ཤེས་དགོས་པར་བྱ་དགོས་པའི་ལམ་སྟོན་བཀའ་སློབ་གནང་བྱུང་།
ཐེངས་འདིའི་ཧི་མ་ཅལ་མངའ་སྡེ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དང་བསྟུན། བོད་གཞུང་བཀའ་ཤག་གི་བཀའ་འཁྲོལ་འོག་དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡ དང་པོ་ནས་ ༥བའི་བར་བོད་གཞུང་སྨན་རྩིས་ཁང་གིས་ཧི་མ་ཅལ་མངའ་སྡེའི་མི་མང་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་སྨན་བཅོས་བརྟག་དཔྱད་དང་སྨན་སྦྱིན་གཏོང་བའི་ལས་འགུལ་ཞིག་ཀྱང་སྤེལ་ཡོད།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༨ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 11

  1. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    གངས་ཅན་བོད་ཀྱི་ཡུལ་ནས། ཤ་ཁྲག་གཅིག་པའི་སྤུན་ཟླ།
    རྐྱེན་ངན་ལམ་དུ་ཕྱིན་ཆེ༹། སྡུག་བསྔལ་གནས་ལ་ལྷུང་སོང།།

    Reply
  2. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    ——————————————————————————–

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཆུ༹ལ་ལྟར་ན། ས་གནས་Belgiumནས་བོད་མི་ཡིན་པ་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  3. ནད་པ says:
    ལོ་ 16 སྔོན།

    མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་བོད་དང་རྒྱ་གར་ནི་ཕ་སྤུན་ལྟ་བུའི་མཛའ་བཤེས་ཀྱི་འབྲེལ་ལམ་ཟམ་མོ་ཡོད་ལ་ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བཟུང་༸ གོང་ས་མཆོག་གི་དབུ་འཁྲིད་འོག

    བཙན་བྱོལ་བོད་གཞུང་དང་། གཞི་བྱེས་བོད་མི་ས་ཡ་དྲུག་གི་ཆེད་དུ་སྔ་ཕྱིར་རྒྱ་གར་གཞུང་དམངས་གཉིས་ཀྱིས་ཐུགས་འཁུར་དང་རོགས་རམ་ཚད་མེད་གཅིག་གནང་དང་གནང་བཞིན་ཡོད་པ་དེར་ང་ཚོས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་དགོས།

    རྒྱ་གར་གཞུང་དམངས་གཉིས་ཀྱི་ཐུགས་རྗེའི་བཀའ་དྲིན་ནི་ང་ཚོས་ནམ་ཡང་འཇལ་བར་དཀའ་བ་ཞིག་ཡིན་ལ་འཕགས་མི་རིགས་གཉིས་ཀྱི་མཛའ་མཐུན་ནི་ནམ་ཡང་ནུབ་པ་མེད་པར་ཇི་སྲིད་བསྐལ་པར་གནས་ངེས་ཡིན།

    Reply
  4. karma dorje says:
    ལོ་ 16 སྔོན།

    ཧི་མ་ཅལ་མངའ་སྡེའི་གཞུང་དང་མི་མང་ལ་བོད་མིས་ཐུགས་རྗེ་ཆེ་ཞུས་པ།

    ཧིམ་ནི་གངས་ཏེ་རི་གཟུགས་སུ། །
    མྰ་ནི་ཨ་མའི་ཚུལ་བཟུང་ནས། །
    ཅལ་ནི་པང་བར་འཚོ་བཞུགས་པ། །
    མངའ་སྡེ་དེ་ལ་ཐུགས་རྗེ་ཆེ། །

    ཞུ་མཁན་ང་དགུའི་ལོ་ནས་བཟུང་། །
    སྐྱབས་བཅོལ་གནས་འཁོད་བོད་ཀྱི་མི། །
    ང་འདྲར་སྔར་བྱས་རོགས་ཕན་དང་། །
    ཕྱི་འབྱུང་མི་རབས་རྣམས་ཀྱི་ཕྱིར། །

    དྷནཡེཝཱད། ཅེས་གྲངས་མེད་ཞུ། །

    Reply
  5. འཁྲུངས་སྐར། says:
    ལོ་ 16 སྔོན།

    རེད་རེད། སྐྱབས་བཅོལ་རང་དབང་ཡང་གཞུང་དགའ་ལྡན་ཕོ་བྲང་གིས་འཕྲོག་བཞིན་ཡོད། དེ་ཡང་ཐེངས་གཅིག་གསུང་ན་ཡག་བ་ལ།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    མི་སྒེར་ལ་རང་དབང་ལུང་པ་རུ་རང་དབང་བརླགས་པའི་བསྐོར་ཞིག་དེ་སྔོན་ཀརྨ་པ་རིན་པོ་ཆེ་ནས་གསུང་མྱོང་བ་ཡིན་ལགས་ན། བླ་སྤྲུལ་མང་བོ་ཞིག་ལ་ང་ཚོ་མང་ཚོགས་དཀྱུས་མར་བལྟས་ནའང་འགྲོ་འདུག་གི་རང་དབང་མེད་པ་དངོས་བདེན་ཡིན་ལགས། བླ་སྤྲུལ་མང་པོ་ཞིག་ལ་རང་དབང་ཆེ་དྲགས་པའི་སྐྱོན་ཀྱང་ཡོད་པས་མི་མང་ནས་དོ་སྣང་ཆེད་སྤྲོད་དགོས།

    Reply
  7. ཟིལ་ཁྲོམ། says:
    ལོ་ 16 སྔོན།

    མི་ཉག་མགར་ཐར་ས་ཡོམ་བརྒྱབ་པ།

    འབྲེལ་ཡོད་བརྒྱུད་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། དེ་རིང་ཞོགས་པ་ཆུ་ཚོད་༤ པའི་ཐོག་ཁམས་མི་ཉག་མགར་ཐར་དུ་ས་ཡོམ་ཞིག་བརྒྱབ་ཡོད་པ་དང། ཁང་ཁྱིམ་ཕལ་མོ་ཆེར་གནོད་སྐྱོན་བཏང་ཡོད་པ་མ་ཟད། ཁང་པ་ཁག་ཅིག་རྩ་གཏོར་བཏང་ཡོད་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་མི་ལ་གནོད་སྐྱོན་གང་ཡང་ཕོག་མེད་པ་རེད། ས་གནས་དེར་ཉེ་བའི་ཉིན་ཤས་སྔོན་ནས་ཐལ་རྡུལ་འཚུབ་པ་སོགས་ས་ཡོམ་གྱི་མངོན་རྟགས་ལྟ་བུ་བྱུང་བར་བརྟེན། མི་མང་ཚང་མ་དོགས་ཟོན་གྱིས་ཕྱི་ལོགས་སུ་ཉལ་བའི་སྐབས་དང་འཁེལ་ནས་གནོད་སྐྱོན་ཕོག་མེད་པ་དང། ད་ལྟའི་ཆར་ས་ཡོམ་དེའི་ཤུགས་ཚད་ག་ཚོད་ཡིན་མིན་སོགས་ཤེས་རྟོགས་བྱུང་མ་སོང།།

    བོད་ཀྱི་བང་ཆེན་ལས་བཤུས།
    རི་དམ་ལུང་གི་བུའི་འཆན། ཁ་བརྡ་ལས་བཤུས།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ང་རང་ཚོའི་མི་རིགས་འདི་རྒྱ་གར་རུ་བཙན་བྱོལ་ཕེབས་ནས་མི་ལོ་༥༡ཕྱིན་ན་ཡང་རྒྱ་གར་རྒྱལ་ཁབ་འདིའི་བོད་རྒྱལ་ཁབ་འདིར་རང་བཙན་གཙང་མའི་ལོ་རྒྱུས་ཡོད་པའི་རྒྱལ་ཁབ་ཤིག་དང་མི་རིགས་ཤིག་ཡིན་པར་རྒྱབ་སྐྱོར་བྱེད་མིན་ཁ་མཚོན་བཅད་དཀའ་བ་ཞིག་རེད་སྙམ།

    དེ་བཞིན་དུ་ཡུང་རོ་མཉམ་འབྲེལ་སྒྲུག་འཛུགས་དང་ཨ་མེ་རི་ཀ་གཉིས་ཀྱིས་ངོས་ནས་ཀྱང་རྒྱ་ནག་གཞུང་དང་མཉམ་དུ་ཚོང་རྒྱབ་དུས་ཅ་དངོས་ཀྱི་རིན་གོང་་འཆག་ཐོབ་པའི་ཆེད་དུ་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་ཅོག་ཅོག་མོག་མོག་མི་འདུག་གསུངས་ཀྱིན་རེད། ཡི་ནའང་རྒྱ་ནག་གཞུང་གིས་ཅ་ལག་རིན་གོང་དམའ་ཙམ་བྱེད་ནས་ཙོང་ཡོང་དུས་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་དབང་ཟེར་བ་འདི་ཚོར་བརྗེད་ཚར་བ་མ་ཟད་དགོད་མོ་འཛུམ་འཛུམ་བྱེད་ནས་china good དང་china good ཟེར་གྱིན་རེད།

    ང་རང་ཚོའི་ཁ་གཏད་ཀྱི་དགྲ་བོ་འདིར་ཁྲིམས་ཐོག་ཏུ་གནོན་ཤུགས་སྤྲོད་ཐུབ་མཁན་གཙོ་བོ་འཛམ་གླིང་ཐོག་ཏུ་འདི་གསུམ་རེད། ཨ་རི་སྲིད་འཛིན་མི་ནག་འདིས་བྱས་སྟངས་དང་༧གོང་ས་མཆོག་ལ་ངོས་ལེན་ཞུ་སྟངས་བཅས་ཀྱི་ཆ་ནས་སྔོན་མ་སྲིད་འཛིན་བྷི་ཤུ་ལས་ཀྱང་སྡུག་བ་འདུག

    སྲིད་འཛིན་མི་ནག་འདི་ལ་ཚོང་ལས་དང་དཔལ་འབྱོར་ཡར་རྒྱས་མ་གཏོགས་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་མི་དམངས་ཉམ་ཐག་ཚོའི་བདེ་སྡུག་ལ་བསམ་གཞི་དེ་ཙམ་མེད་པར་འདྲ།

    རྒ་གར་ཡང་རྒྱ་གར་ཅིག་རེད།་་་་་་་་་་་་དངོས་གནས་ང་ཚོ་ལ་རྒྱབ་སྐྱོར་ཧཧཧཧཧཧཧཧཧཧཧཧཧ

    Reply
  9. getse ngodup from .be says:
    ལོ་ 16 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  10. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    རྒྱ་གར་གཞུང་དང་མི་མང་ལ་ཐུགས་རྗེ་ཆེ་ཞུ་འོས་པའི་ལས་ཤིག་ཡིན་འོན་ཀྱང་དྷ་ས་རི་ཁུག་འདི་ནི་རྒྱ་གར་གྱིས་ང་ཚོར་བསྩལ་བའི་བོད་ཀྱི་རྒྱལ་ས་གཉིས་པ་དེ་རེད་ཡིན་ནའང་དེའི་ཡུལ་མི་རྣམས་ཀྱིས་ང་ཚོར་ཐུགས་ཚོད་གཏང་བ་ཉུང་ཉུང་མིན་བྱས་ཙམ་བོད་གཞུང་བཀའ་ཤག་གིས་ཀྱང་མཛད་སྒོ་འདི་འདྲའི་སྒང་ཏོག་ཙམ་གསུང་ཐུབ་ན་ཡག་པོ་འདུག་སྙམ།

    Reply
  11. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    ༼ སྐབས་དེར་བོད་མིའི་རང་དབང་བརླགས་པ་དང་མཉམ་དུ་ང་རང་སྒེར་གྱི་རང་དབང་ཡང་བརླགས་པ་རེད། ༽ ཅེས་གསུངས། ཁ་སང་དགོང་མོར་ང་དང་གྲོགས་པོ་གཉིས་ཀྱིས་ངེས་པ་དོན་གྱི་བླ་སྤྲུལ་ཚོའི་འགྲོ་འདུག་རང་དབང་སྐོར་ཞིག་བཤད། དེ་འདི་དང་འབྲེལ་མིན་གང་ལྟར་ཡང་། བླ་སྤྲུལ་མང་བོ་ཞིག་ང་ཚོ་མང་ཚོགས་དཀྱུས་མར་བལྟས་ནའང་འགྲོ་འདུག་གི་རང་དབང་འཕྲོགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese