མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་བརླག་ཐལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ཀོ་ཀྲུ་ཧྲིན་ཕྱི་ཚེས་ ༢༠ ཉིན་ནས་བསྐྱར་དུ་བརླག་འདུག

ཀོ་ཀྲུ་ཧྲིན་སྔར་ལོ་ནས་ད་ལོའི་ཕྱི་ཟླ་ ༣ པ་བར་དུ་ཁྱོན་སྡོམ་ཟླ་བ་ ༡༣ གྱི་རིང་ལ་རྒྱ་ནག་གི་སྤྱི་བདེ་མི་སྣའི་ལག་བར་ལ་ཤོར་ཏེ་གར་སོང་ཆ་མེད་དུ་གྱུར། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཚང་མས་ཁོང་གི་དོན་དུ་སེམས་ཁྲལ་དང་རྒྱ་ནག་གཞུང་ལ་ཞི་དྲག་སྣ་མང་ནས་འབོད་སྐུལ་ཞུས་པ་ལྟར་ད་ལོའི་ཕྱི་ཟླ་གསུམ་པའི་ནང་ཕྱིར་སླེབས།

སྐུ་ཞབས་ཀོ་ཀྲུ་ཧྲིན་ལགས་ཞིན་ཅང་གི་རྒྱལ་ས་ཝུ་རུ་མུ་ཆི་ནས་བདུན་ཕྲག་གཅིག་གི་རང་བསྡད་དེ་ཕྱིར་ཡོང་བའི་ལམ་བར་ནས་སླར་ཡང་བརླག་ཡོད་འདུག ཁོང་ཞིན་ཅང་ནས་གནམ་གྲུབ་བརྒྱུད་ཕྱི་ཟླ་ ༤ པའི་ཚེས་ ༢༠ ཉིན་ཕྱིར་པེ་ཅིན་གྱི་ཁོང་གི་བཞུགས་ཤག་ལ་འབྱོར་དགོས་ཀྱང་དུས་དེ་ནས་བཟུང་བརླག་སྟེ་ད་བར་གོ་ཐོས་མེད་པར་གྱུར་འདུག ཁོང་ཝུ་རུ་མུ་ཆི་ནས་གནམ་གྲུར་བསྡད་དེ་ཚུར་ཐོན་ཡོང་ཁར་ཁོང་པེ་ཅིན་དུ་འབྱོར་མ་ཐག་ཕྱིར་ཁ་པར་བཏང་ཡོང་ཅེས་ཁོང་གི་པ་ལགས་ལ་བཤད་འདུག་ཀྱང་། དོན་ངོ་མར་སྐད་ཆ་དེ་ནི་ཁོས་ཕྱི་རོལ་འཇིག་རྟེན་གྱི་མི་ལ་བཤད་པའི་འབྲེལ་གཏུགས་མཐའ་མ་དེ་ཡིན་འདུག

མི་མང་པོ་ཞིག་གིས་དེ་ནི་རྒྱ་ནག་གཞུང་གིས་བསྐྱར་དུ་ཁོང་ཉིད་ཕྱི་རོལ་སྤྱི་ཚོགས་ཀྱི་མཐོང་སར་མངོན་འཇུག་འདོད་མེད་པའི་ཐབས་བྱུས་ཤིག་ཡིན་པའི་དོགས་པ་བྱེད་ཀྱིན་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཕྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་ཚོགས་པ་འདིས་སྐུ་ཞབས་ཀོ་ཀྲུ་ཧྲིན་གྱི་ཐད་སེམས་ཁྲལ་ཚད་མེད་བྱེད་ཀྱིན་ཡོད་ཅེས་བཤད་འདུག་ཅེས་ནེའི་ཡོག་དུས་བབ་ཀྱིས་ཕྱི་ཚེས་ ༡ ཉིན་གནས་ཚུལ་སྤེལ་འདུག

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 15

  1. ས་རོ says:
    ལོ་ 16 སྔོན།

    ཧཧཧཧཧཧཧཧཧཧཧ

    Reply
  2. ས་རོ says:
    ལོ་ 16 སྔོན།

    ནབཧཧགག

    Reply
  3. མགོ་རུལ། says:
    ལོ་ 16 སྔོན།

    སུ་ཁྲོན་ཞིང་ཆེན་ཙི་ཀོང་གྲོང་ཁྱེར་བཟོ་ལས་ལག་རྩལ་སློབ་གྲྭའི་ནང་རྒྱ་བོད་ སློབ་མའི་བར་ར་འགལ་ཟླ་བྱུང་ནས་ཉུང་མཐའ་བོད་རིགས་སློབ་གཅིག་འདས་གྲོངས་ཕྱིན་ ཡོད་པའི་གནས་ཚུལ་ཐོན་འདུག
    ཟླ་བ་འདིའི་ཚེས་༡༢ཉིན་སུ་ཁྲོན་ཙི་ཀོང་གྲོང་ཁྱེར་གྱི་ཡང་བའི་བཟོ་བཀོད་སློབ་ གྲྭའི་ནང་རྒྱ་བོད་སློབ་མའི་བར་འགལ་ཟླ་ཤོར་ནས་མི་གྲངས་སུམ་ཅུ་ལྷག་ལ་རྨས་ སྐྱོན་ཕོག་དང་། འགལ་ཟླ་བྱུང་རྐྱེན་ནི་སློབ་གྲྭའི་ཚོང་ཁང་ནང་རྒྱ་རིགས་སློབ་མ་ཞིག་གིས་སེམས་ ཆུང་མ་བྱས་པར་བོད་རིགས་སློབ་མ་ཞིག་དང་གདོང་ཐུག་རྒྱབ་ནས་ཁ་རྩོད་ཤོར་བ་རྗེས་ སུ།ཉིན་དེའི་དགོང་མོར་དུས་ཚོད་དགུ་བ་ནས་རྒྱ་བོད་སློབ་མའི་བར་གྱི་དྲག་པོའི་ འགལ་ཟླ་གྱུར་ཏེ་ཕན་ཚུན་བར་སོ་ཕོག་སོགས་ཀྱིས་རྒྱག་རེས་བྱས་ནས་ཞོགས་པའི་དུས་ ཚོད་གཉིས་བའི་བར་ལྷག་པ་དང་། དེ་ནས་ཉེན་རྟོག་པ་བརྒྱ་གྲངས་ལྷག་ཡོང་ནས་བཀག་འགོག་དང་གནས་ཚུལ་དེ་ཕྱི་ལ་ བསྒྲགས་མི་ཆོག་པ་བཟོས་བ་སོགས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ ཚན་གྱིས་གནས་ཚུལ་སྤེལ་ཡོད་། དེ་བཞིན་ཟླ་བ་འདིའི་ཚེས་༢༥ཉིན་ཙི་ཀོང་གྲོང་ཁྱེར་གྱི་བཟོ་ལས་ལག་རྩལ་སློབ་ གྲྭ་གཞན་ཞིག་ཏུ་ཡང་རྒྱ་བོད་སློབ་མའི་བར་འགལ་ཟླ་བྱུང་ནས་འཁོན་འཛིང་བྱས་ཏེ་ ཉུང་མཐའ་བོད་རིགས་སློབ་མ་གཉིས་འདས་གྲོངས་དང་གསུམ་ལ་རྨས་སྐྱོན་བྱུང་བའི་གནས་ ཚུལ་ཐོན་ཡོད་པ་མ་ཟད་། ཙི་ ཀོང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྒྱ་བོད་སློབ་མའི་འཁོན་འཛིང་ཁྲོད་བོད་ རིགས་སློབ་མ་བཞི་ཤི་རྨས་བྱུང་བ་བདེན་དཔང་བྱས་འདུག ཡང་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་བརྗོད་ན།བོད་རིགས་སློབ་མ་དེ་དག་ན་ནིང་ ལོར་སུ་ཁྲོན་དཀར་མཛེས་ཁུལ་ནས་ཡོང་བ་དང་། ལོ་གཉིས་དང་ཕྱེད་ཀའི་རིང་སློབ་གྲྭ་འདིར་གློག་རྡུལ་འཕྲུལ་ཆས་དང་གྲངས་རྩིས་། བཟོ་ལས་ལག་རྩལ།ཁོར་ཡུག་སོགས་ཀྱི་ཆེད་ལས་སྐོར་སློབ་སྦྱོང་བྱེད་ཀྱི་ཡོད་ཟེར་། སློབ་གྲྭ་དེའི་སློབ་མ་ཞིག་གིས་བརྗོད་ན་རྒྱ་རིགས་སློབ་མ་ཚོས་སློབ་གྲྭའི་ ཕྱོགས་ནས་བོད་རིགས་སློབ་མ་ཚོར་ཉིན་རེར་རྒྱ་སྒོར་བཅུའི་ཁ་གསབ་སྤྲོད་པ་དེ་ འདྲ་མཉམ་མིན་པར་བསམ་ནས་མི་རིགས་བར་གྱི་འགལ་ཟླ་བྱུང་བ་དང་། ད་ཐེངས་བོད་རིགས་སློབ་མ་གཅིག་བསད་པ་དེས་འཁོན་སེམས་དེ་བས་ཇེ་ཆེར་གྱུར་ཡོད་ ཟེར་། གནས་ཚུལ་གཞན་ཞིག་ཏུ་སློབ་གྲྭ་དེར་སློབ་མ་ཆིག་སྟོང་ལྷག་ཡོད་པའི་ཁྲོད་སློབ་མ་ བརྒྱ་ལྷག་ན་ནིང་ལོར་དཀར་མཛེས་ཁུལ་ནས་ཡོང་བ་དང་།ནམ་རྒྱུན་ཏུ་རྒྱ་བོད་སློབ་ མའི་བར་འགལ་ཟླ་ཆུང་ངུ་རེ་ཡོང་གི་ཡོད་པ་དང་།བོད་རིགས་སློབ་མ་ཚོ་ཁོང་ཁྲོ་ལངས་ སླ་བ་ཡོད་ཚུལ་སློབ་གྲྭ་དེའི་དགེ་རྒན་ཞིག་གིས་འགྲེལ་བརྗོད་བྱས་འདུག
    ལྕགས་མོ་འཚོའི་དྲ་བ་ལས་དྲངས།

    Reply
  4. སྨྲ་བརྗོད་རང་དབང། says:
    ལོ་ 16 སྔོན།

    ——————————————————————————–

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཆུ༹ལ་ལྟར་ན། ས་གནས་Belgiumནས་བོད་མི་ཡིན་པ་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  5. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    བོད་ཀྱི་དཔའ་ཆེན་དོན་གྲུབ་ལགས།
    སློབ་དཔོན་ཐོན་མི་གཉིས་པ་ཡིན།

    Reply
  6. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    དཔའ་ཆེན་དོན་གྲུབ་ལགས་ཀྱིས་ཡིག་གཟུགས་དཔེ་གསར་ཞིག་སྟོན་གནང་བར་གུས་པས་གྲྭ་གྲོགས་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན།

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    འདི་ནི་དཔའ་ཆེན་དོན་གྲུབ་ལགས་ཀྱིས་བཀོད་པའི་ཡི་གེ་མི་གསལ་བ་དེ་རེད། འདིར་ཡིག་གཟུགས་བསྒྱུར་ཏེ་བཀོད་ཡོད།

    ཧི་མཱ་ཅལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྐབས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་བ།

    ༢༠༡༠ ཟླ་ ༥ ཚེས་ ༡ རེས་གཟའ་སྤེན་པ།
    ༄༅། །ཕྱི་ལོ ༢༠༡༠ ཟླ་ ༤ ཚེས་ ༣༠ ཉིན་རྡ་སའི་ཉེ་འགྲམ་རྡ་རི་ཐང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྡ་སར་ྋཞབས་སོར་བཀྲིན་བསྐྱངས་ནས་མི་ལོ་ ༥༠ འཁོར་བ་དང༌། ཧི་མཱ་ཅལ་གཞུང་མང་ལ་ཐུགས་རྗེས་ཆེ་ཞུའི་མཛད་སྒོའི་སྐབས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན།

    ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་ཤེས་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་དབུས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་དང༌། དེ་རིང་འདིར་སྐུ་མགྲོན་གྱི་གཙོ་བོར་ཕེབས་པའི་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སློབ་དཔོན་པི་རེམ་ཀུ་མཱར་དྷུ་མལ་མཆོག་Prem Kumar Dhumal དང༌། བཟོ་ལས་བློན་ཆེན། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང༌། ས་གནས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ། འཕགས་བོད་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་མི་རྣམ་པ། ས་གནས་མང་ཚོགས་རྣམ་པ། སྐུ་མགྲོན་རྣམ་པ། གསར་འགོད་པ་རྣམ་པ་བཅས་ཚང་མར་དེ་རིང་བཙན་བྱོལ་སྒྲིག་འཛུགས་ངོས་ནས་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་མདོར་བསྡུས་ཤིག་གོ་སྒྲིག་ཞུས་པ་དེ་དམིགས་ཡུལ་གང་རེད་དམ་ཞུས་ན། ལོ་སྔོན་མ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་འཕགས་པའི་ཡུལ་དུ་ྋཞབས་སོར་འཁོད་ནས་མི་ལོ་ ༥༠ འཁོར་བའི་དུས་ཆེན་དང་མཉམ་དུ་རྒྱ་གར་རྒྱལ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཞུས་པ་བཞིན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཧི་མཱ་ཅལ་མངའ་སྡེའི་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༠ ཟླ་ ༤ པའི་ཟླ་མཇུག་ཕྱི་ཟླ་ ༥ པའི་ཚེས་ཤར་ལ་ྋཞབས་སོར་འཁོད་ནས་མི་ལོ་ ༥༠ ཧྲིལ་པོ་ལོན་པའི་ཉིན་མོ་འདིར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུའི་མཚོན་དོན་ཙམ་གྱི་མཛད་སྒོ་འདི་གོ་སྒྲིག་ཞུས་པ་ཡིན། གང་ཡིན་ཟེར་ན་འདས་པའི་ལོ་ ༥༠ རིང་ལ་ཧི་མཱ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་རིགས་ཚོ་དང༌། ལྷག་པར་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་ཆ་ནས་མཚོན་པའི་གནས་ཚུལ་མང་པོ་ཞིག་གི་ཐོག་མཐུན་འགྱུར་རོགས་རམ་བླ་མེད་གནང་བ་དེ་ང་ཚོའི་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དང༌། བོད་མི་རིགས་ཀྱིས་ནམ་ཡང་བརྗེད་དུ་མེད་པའི་བྱུང་རབས་ཤིག་རེད།

    དེ་འདྲ་སོང་ཙང་བྱེད་པ་དྲིན་དུ་མི་གསོ་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་མིན་པ་གཞུང་ལུགས་ནས་གསུངས་པ་བཞིན་ང་ཚོས་ངེས་པར་དུ་བྱེད་པ་ལ་བྱེད་པར་ཤེས་པ་དང༌། བྱེད་པ་དྲིན་དུ་གསོ་བ་དེ་ཡ་རབས་ཀྱི་སྤྱོད་ཚུལ་སོང་བ་ཡིན་ཙང་དེའི་རྗེས་སུ་འཇུག་ནས་དེ་རིང་ང་ཚོ་འདིར་མཛད་སྒོ་སྟབས་བདེ་ཞིག་ཞུ་གི་ཡོད། སྤྱིར་བཏང་རྒྱ་གར་གྱི་ནང་མངའ་སྡེ་དགུ་དང་ལྡི་ལི་རྩིས་པ་ཡིན་ན་དབུས་ཀྱི་འཛིན་སྐྱོང་གི་ས་གནས་གཅིག་བཅས་ས་ཁག་བཅུའི་ནང་སྐྱབས་བཅོལ་བོད་མིའི་གཞིས་ཆགས་ཚུགས་ཡོད་པ་རེད། དེའི་ནང་ནས་གཞིས་ཆགས་མང་ཤོས་དེ་ཧི་མཱ་ཅལ་མངའ་སྡེ་རེད། ཧི་མཱ་ཅལ་མངའ་སྡེའི་ནང་གཞིས་ཆགས་ཐོག་མ་ཚུགས་རྒྱུ་དེ་ས་གནས་གཞན་ལས་སྔ་བ་ཚུགས་པ་རེད། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་མིེ་ས་མ་རི་ Missamari ཡོད་སྐབས་དེའི་ནང་ནས་བགྲེས་སོང་དང༌། སློབ་གཉེར་གནང་བཞིན་པ་ཁག་གཅིག་ཌལ་ཧོར་དུ་བཏང་གནང་བ་དང༌། ཆབས་ཅིག་ན་གཞོན་རུ་ཁག་གི་ཌལ་ཧོ་སིར་ལས་རིགས་སྣ་ཚོགས་ཀྱི་བཟོ་གྲྭ་བཙུགས་པ་དེ་རྒྱ་གར་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་བཙུགས་པ་ཐོག་མ་རེད། སྐབས་དེ་དུས་ཌལ་ཧོ་སི་པན་ཇབ་ཀྱི་ཁོངས་སུ་ཡོད་པ་རེད། འོན་ཀྱང་ད་ལྟ་ཌལ་ཧོ་སི་ཧི་མཱ་ཅལ་གྱི་མངའ་སྡེ་ནང་ཡོད་པ་ཞིག་རེད། དེ་ནས་བཟུང་སྟེ་ད་ལྟ་བར་རྡ་ས་མ་རྩིས་པའི་ཧི་མཱ་ཅལ་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག ༡༤ ཆགས་ཀྱི་འདུག ཌལ་ཧོ་སི། སིམ་ལ། སྤུར་་ལ། ཀུ་ལུ། མ་ནཱ་ལི། སྤོན་ཊ། ཀུམ་རའོ། ཅོན་ཏ་ར། སྦིར་བོད་ཚོགས། སྦིར་སྡེ་དགེ། ཌོ་ལན་ཇི། ས་ཏོན། བཀྲ་ཤིས་ལྗོངས་བཅས་གཞིས་ཆགས་ཁག་བཅུ་བཞི་ཡོད། རྡ་རམ་ས་ལ་གཞུང་འབྲེལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཟིན་པ་ཞིག་མ་རེད། འོན་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་དང་སྟབས་བསྟུན་ནས་བོད་མི་གནས་སྡོད་མང་པོ་ཡོད་ས་ཞིག་ཆགས་ཡོད་པ་རེད། རྡ་ས་རྩིས་པ་ཡིན་ན་ཁག ༡༥ ཆགས་ཡོད། མི་འབོར་ཆ་ནས་དེ་ཙམ་མང་པོ་མིན་ཡང་ས་བགོས་ཀྱི་ཆ་ནས་གཞིས་ཆགས་མང་ཤོས་ཡོད་ས་དེ་ཧི་མཱ་ཅལ་མངའ་སྡེ་ཆགས་ཡོད།

    དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་ནང་ད་ལྟ་ངས་གོང་དུ་ཞུས་པའི་ཧི་མཱ་ཅལ་སྡེའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་མི་འབོར་ཁྱོན་བསྡོམས་ ༢༡༠༥༡ ཙམ་ད་ལྟ་སྡོད་བཞིན་པ་རེད། དེའི་ཐོག་ཧི་མཱ་ཅལ་མངའ་ཁུལ་ལ་སློབ་གྲྭ་ཁག་ཆེ་ཆུང་ ༡༨ ད་ལྟ་འགྲོ་བཞིན་པ་རེད། དེ་ཚོའི་ནང་སློབ་ཕྲུག་ ༩༦༤༤ དམའ་རིམ་ནས་འཛིན་གྲྭ་བཅུ་གཉིས་བར་སློབ་སྦྱོང་བྱེད་བཞིན་ཡོད། དེ་ལས་ངོ་མཚར་ཆེ་བ་ཞིག་ལ་ཧི་མཱ་ཅལ་ནང་དགོན་སྡེ་ཁག ༣༣ ཆགས་ཀྱི་འདུག རྡ་ས་ཀངྒ་རའི་རྫོང་ཁོངས་གཅིག་པུའི་ནང་དགོན་ཁག་བཅུ་ཆགས་ཀྱི་འདུག དེ་ཚོའི་ནང་དགེ་འདུན་པའི་ཞལ་གྲངས་ ༤༣༣༡ ང་ཚོའི་དེབ་སྐྱེལ་ལ་བལྟས་ན་དེ་ཙམ་ཆགས་ཀྱི་འདུག དེ་དང་ཕྱོགས་མཚུངས་བཙོན་དགོན་དགུའི་ནང་བཙུན་མ་གྲངས་ ༩༠༨ གནས་ཡོད། སྤྱིར་བཏང་གི་མི་འབོར་དང༌། སློབ་ཕྲུག དགེ་འདུན་པ། བཙུན་མ་བཅས་བསྡོམས་ན་ད་ལྟ་ཧི་མཱ་ཅལ་མངའ་སྡེའི་ནང་བོད་མི་ ༣༥༨༢༤ ཡོད་བཞིན་པ་རེད། དེ་ཚོ་ཚང་མའི་འཚོ་ཐབས་ཡིན་ནའང་འདྲ། འགྲུལ་བསྐྱོད་ཡིན་ནའང་འདྲ། མཐུན་རྐྱེན་གཞན་གང་ཡིན་ནའང་ཧི་མཱ་ཅལ་མངའ་སྡེའི་ནང་ཁུངས་འཁྱོལ་ནས་སྡོད་ཀྱི་ཡོད། ལྷག་པར་བཞུགས་སྒར་རྡ་ས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཞུགས་གདན་འཇགས་ཡུལ་འཁེལ་བ་དེས་བོད་མི་རྣམས་རྒྱ་གར་རྒྱལ་ཡོངས་ནང་འགྲོ་སྐབས་ཧི་མཱ་ཅལ་གྱི་ཡུལ་མི་ལྟ་བུར་རྩིས་ཀྱི་ཡོད་པ་རེད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རྡ་སར་རྒྱུན་རིང་པོ་བཞུགས་རྒྱུའི་བཞུགས་སྒར་ཐུགས་གཏན་འཁེལ་གནང་རྒྱུ་དེ་ཐུན་མོང་སྣང་ངོ་དང་ཐུན་མོང་མིན་པའི་གནས་ཚུལ་མང་པོ་ཞིག་ཏན་ཏན་ཡོད་མདོག་ཁ་པོ་རེད་དྲན་གྱི་ཡོད། སྤྱིར་ཧི་མཱ་ཅལ་ལ་ཡོངས་གྲགས་བཤད་སྲོལ་དུ་ལྷའི་ཞིང་ཁམས་ ༼ཌེབ་བྷུ་མི ༽ ཞེས་ལབ་ཀྱི་ཡོད་པ་རེད། དེ་བཞིན་ཧི་མཱ་ལ་ཡའི་རི་རྒྱུད་དེ་ནང་དོན་རིག་པའི་ཉམས་ལེན་བྱེད་སའི་གནས་གཞི་གཙོ་བོ་ཞིག་ལ་རྒྱ་གར་གྱི་ལུང་དང་བསྟན་བཅོས་མང་པོ་ཞིག་གི་ནང་ཡོད་པ་ལྟར། དངོས་ཡོད་གནས་ཚུལ་ཐོག་ལའང་ཆོས་བརྒྱུད་མང་པོའི་བསྟན་པ་དར་ས་དང༌། བསྟན་པ་འཛིན་སའི་ས་ཆ་ལྟ་བུ་ཆགས་ཡོད་པ་རེད། བོད་ཀྱི་ནང་བསྟན་པ་འཕེལ་སྒྲིབ་འབྱུང་སྐབས་ལའང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ནང་བསྟན་པ་མ་ཉམས་པར་གནས་པ་དང༌། རྒྱ་གར་ནང་ལ་བསྟན་པ་འཕོ་འགྱུར་འབྱུང་སྐབས་ལའང་ཧི་མཱ་ལ་ཡི་རི་རྒྱུད་ཁུལ་ལ་བསྟན་པ་མ་ཉམས་པར་གནས་པ་ལ་སོགས་པ་དེ་འདྲའི་ནང་དོན་རིག་པའི་སྲོལ་རྒྱུན་བདག་གཅེས་བྱེད་ཡུལ་ས་གནས་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད་པ་རེད། ལྷག་པར་དུ་རྒྱ་གར་ནང་དུས་འགྱུར་མ་བྱུང་བའི་སྐབས།

    ཁ་ཆེའི་ཡུལ་དང་ཟླ་སྒྲིལ་བའི་རི་རྒྱུད་དེ་དག་ཁ་ཆེའི་བྱེ་བྲག་་བའི་མཚོན་སངས་རྒྱས་ཀྱི་བསྟན་པ་སྔ་དར་གྱི་སྐབས་ལ་བསྟན་པ་རླབས་ཆེན་དར་ས་ཡིན་པའི་ཚུལ་འདུག ཁ་སང་སློབ་དཔོན་ཆེན་པོ་ཤཱར་མས་གསུང་བཤད་ནང་གསུངས་པ་ལྟར་རེད། རྡ་རམ་ས་ལར་སངས་རྒྱས་ཀྱི་ཆོས་རླབས་ཆེན་དར་ས་དང༌། དགོན་པ་དང་མཆོད་རྟེན་མང་པོ་ཡོད་སའི་ས་ཆ་ཞིག་ད་ལྟའང་གནའ་རྫས་རྙིང་པ་ཞིབ་འཇུག་བྱེད་མཁན་ཚོས་ཞིབ་ཚགས་པོ་བྱེད་མ་ཐུབ་པ་མ་གཏོགས། མཁས་དབང་འགའ་ཤས་ཀྱིས་གསུང་ཚུལ་ལ་བྱས་ན། བཀའ་བསྡུ་གསུམ་པ་གནང་སའི་ལུང་པ་དེ་ཡང་སྐབས་དེ་དུས་ཇ་ལན་དྷར་ Jalandhar གྱི་ཁོངས་གཏོགས་ལ་རྡ་ས་ཡོད་པ་ཡིན་ཙང༌། གཅིག་བྱས་ན་བཀའ་བསྡུ་གསུམ་པ་གནང་ཡུལ་རྡ་ས་ཡིན་སྲིད་པ་རེད་ཅེས་ད་ལྟ་ལོ་རྒྱུས་བ་འགའ་ཤས་ནས་དེའི་ཐོག་ལ་གནས་ཚུལ་གསལ་བཤད་བྱེད་རྒྱུའི་མཚོན་ད་དུང་ཉམས་ཞིབ་ཀྱྀ་ཕྱག་ལས་གནང་བཞིན་པ་རེད། འདས་པའི་ལོ་ ༥༠ རིང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་གྱི་མཚོན་པའི་བོད་པའི་བསྟིེ་གནས་ཧི་མཱ་ཅལ་ལ་ཡོད་པ་དེ་ཚོའི་བརྒྱུད་ནས་འཛམ་གླིང་ཁྱོན་ཡོངས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་འཕྲིན་ལས་ཀྱི་ཁྱབ་པ་དང༌། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་རླབས་ཆེན་ཡོང་རྒྱུའི་གཞི་རྩའི་བསྟིེ་གནས་ལྟ་བུ་འདིར་ཆགས་ཐུབ་པ་ནི་ཧི་མཱ་ཅལ་གཞུང་དང༌། ཧི་མཱ་ཅལ་གྱི་མང་ཚོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་དེ་རིང་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་རྡ་སའི་ཁུལ་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་སློབ་གྲྭ་ཁག་བཅུ་གཉིས་ཙམ་ལ་མཐུན་རྐྱེན་བསྐྲུན་རྒྱུ་དང༌། ཌལ་མཚོ་ཆུང་ Dal lake ཉམས་གསོ་བྱེད་རྒྱུ། དེ་བཞིན་དབང་པོ་སྐྱོན་ཅན་གྱི་རིགས་ལ་མཐུན་འགྱུར་བྱེད་རྒྱུ་ལ་སོགས་པའི་གནས་ཚུལ་ཅི་རིགས་ཀྱི་ཐོག་ལ་ཕྲན་བུ་ཞིག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་ཙམ་མཐུན་འགྱུར་ཞུ་རྒྱུའི་འཆར་གཞི་ཡོད། ལྷག་པར་དེ་རིང་དྷ་རིའི་ཐང་ཆེན་འདིའི་ཐོག་ལ་ང་ཚོ་མཛད་སྒོ་གནང་སའི་ས་ཆ་གནང་བར་ཞེ་དྲག་བཀའ་དྲིན་ཆེན་པོ་བྱུང༌། ཁོ་རང་ཚོའི་གསུངས་ཚུལ་ལ་ཐང་འདིའི་གཡས་གཡོན་ལ་གསང་སྤྱོད་མེད་པའི་སྐུ་ངལ་ཡོད་པའི་གནས་ཚུལ་གསུང་གི་འདུག དེར་བརྟེན་དེའི་གཡས་གཡོན་ལ་གསང་སྤྱོད་མི་ཉུང་བ་ཞིག་མཐུན་འགྱུར་བྱ་རྒྱུའི་ལས་གཞི་ནང་འགྲོ་བཞིན་པ་ཡིན། ད་ཕན་ཧི་མཱ་ཅལ་གཞུང་མང་ལ་སྐབས་རེ་ང་ཚོའི་མི་རེ་གཉིས་ཀྱི་བྱས་པ་ལ་བརྟེན་ནས་དཀའ་ངལ་ཡོང་མ་མྱོང་བ་མ་རེད། ཡོང་སྲིད་པ་དང་ཡོང་མྱོང་བ་ཞིག་རེད།

    དེ་ཚོ་ཡང་འཕྲལ་སེལ་གྱི་དཀའ་ངལ་ལ་གཞིགས་ཏེ་ཚང་མ་སྙོམ་ཆུང་ཐོག་ལ་སྡོད་ཐུབ་པ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་སྒེར་ཚང་མས་གནས་བབ་བཟང་པོ་ཞིག་གི་འོག་མི་ཚེ་སྐྱེལ་ཐུབ་པ་ས་གནས་གཞུང་དང་མངའ་སྡེའི་བཀའ་དྲིན་ཧ་ཅང་རླབས་ཆེན་པོ་ཞིག་རེད། དེ་དག་ལ་རྗེས་དྲན་ཞུ་རྒྱུ་དང་དེ་ཙམ་དུ་མ་ཟད། ཧི་མཱ་ཅལ་མངའ་གཞུང་གི་ངོས་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་ཐོག་ལ་ཡིན་ནའང་རོགས་རམ་མང་པོ་གནང་བཞིན་ཡོད། ལྷག་པར་དུ་སྨན་གྱི་སློབ་སྦྱོང་དུ་འཛུལ་ཞུགས་བྱེད་རྒྱུ་ཁག་པོ་ཡོད་ཙང༌། ཧི་མ་ཅལ་མངའ་གཞུང་གི་སྨན་སློབ་ཁག་གི་ནང་ལོ་ལྟར་རྐུབ་སྟེགས་གཉིས་རེ་དམིགས་བསལ་གྱི་ཟུར་འཇོག་གནང་གི་ཡོད་པ་རེད། དེ་དག་ཚང་མར་ང་ཚོས་ངེས་པར་དུ་བཀའ་དྲིན་བསམ་ཤེས་བྱེད་དགོས་པ་དང༌། ལོ་ ༥༠ རིང་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུྐའི་སྲུང་སྐྱོབ་བྱེད་ཕྱོགས་དང༌། རྡ་རམ་ས་ལའི་གནས་བབ་ཡོངས་སུ་རྫོགས་པ་ལ་ཕྱི་ནང་གསང་གསུམ་ནས་རོགས་སྐྱོར་གནང་བར་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། དེ་འདྲའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ལ་དེ་རིང་ང་ཚོ་འདིར་འཛོམས་པའི་ཐོག་སྤྱི་ཁྱབ་མངའ་སྡེའི་བློན་ཆེན་མཆོག་ལ་ཕེབས་རོགས་གནང་ཞེས་རེ་འདུན་ཞུས་པ་ལྟར་མཛད་འཕྲིན་ཆེན་པོ་ཡོད་ནའང༌། དུས་ཚོད་སྟོན་ཏེ་དེ་རིང་འདིར་ཕེབས་པ་ཡོད་པ་དང༌། ཁོང་གི་ཕྱག་རོགས་བཟོ་ལས་བློན་ཆེན། གཞན་ཡང༌། རྡ་ས་དང་དེའི་ཕྱི་ལོགས་སུ་ཡོད་པའི་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་འདུག དེའི་རྗེས་ང་ཚོའི་ཐུགས་རྗེ་ཆེ་ཞུའི་མཚོན་བྱེད་ཀྱི་ཞལ་ཐང་གཅིག་དང༌། སྤྱི་ཁྱབ་བློན་ཆེན་གྱི་ངལ་སེལ་ངེས་སྐྱོབ་ཀྱི་ཐེབས་རྩའི་ནང་དངུལ་འབོར་ཕྲན་བུ་གཅིག་བཅས་འབུལ་ལམ་ཞུ་རྒྱུ་ཡིན།

    Reply
  8. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཁ་དཔེ་ལ། ༼ ཀ་ཅིའི་མཁར་ན་ཚོང་མེད་ཀི། ། བོང་བུ་དེད་ནས་ནང་ན་ལོག ། ༽ ཞེས་པའི་དཔེ་འདྲ་བོ་རེད། རྒྱུ་ཡོད་པོའི་དགྱེ་བ་བཤད་དང་ན། ། རྒྱུ་མེད་ནོས་ལྟད་མོ་བལྟ་རྒྱུརེད། །
    ད་ཅི་ཞིག་བྱ་???????????????????????????????????????????????????????????????????????????????

    Reply
  9. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    རེད་ཡ། མི་ནག་ཚང་ལུང་རིགས་རྒྱལ་གྱིས་བཤད་པ་དེ་བདེན་པ་རང་རེད། ད་ནི་ཕན་ཐོགས་ཅུང་ཙམ་ཨེ་ཡོད་བསམ་པའི་རེ་བ་བཅིངས་ཡོད་དུས་སུ་རོགས་སྐྱོར་ཚོགས་པ་དེ་ཚོས་ཁྱབ་བསྒྲགས་ཡག་པོ་གཅིག་ཀྱང་བྱ་ཐུབ་ཀྱི་མི་འདུག ད་ངོ་མ་ཆབ་སྲིད་ཀྱི་ཤུགས་རྐྱེན་བཤད་ན་མགོ་ན་ཡི་འདུག ལས་རྒྱུ་འབྲས་ཟེར་བ་གཅིག་འཇིག་རྟེན་འདིར་བཤད་བཞིན་པ་མ་གཏོགས་མཐོང་རྒྱུ་ནི་མེད་ཀི། ངོ་མ་འདི་ནི་ལྷ་སྒྲུང་ལྟ་བུ་ཞིག་ཏུ་འགྱུར་ཡོད་ས་རེད།
    ཤེ་ལེ་ཁོ་རེ།

    Reply
  10. དཔའ་ཆེན་དོན་གྲུབ། says:
    ལོ་ 16 སྔོན།

    ÈÛ-¤×-T¾-fÞGÅ-Xï-Vï-ŸÝºÛ-¤²h-ÇKôºÛ-Ç+zÅ-z;º-FÛ-¤VôG-GÛÅ-GÅÞP-zÁh-GmP-zü

    2010 ¹- 5 ±ïÅ- 1 ¼ïÅ-G¸º-Çtïm-qü
    {}ü üxÛ-¾ô 2010 ¹- 4 ±ïÅ- 30 ZÛm-l-źÛ-Zï-ºI¤-l-¼Û-fP-hÝ-&GôP-Å-&BzÅ-¤Gôm-Vïm-qô-¤VôG-l-ż-&ŸzÅ-Åô¼-z=Ûm-zBPÅ-mÅ-¤Û-¾ô- 50 ºDô¼-z-hP.ü ÈÛ-¤×-T¾-GŸÝP-¤P-¾-fÞGÅ-XïÅ-Vï-ŸÝºÛ-¤²h-ÇKôºÛ-Ç+zÅ-z;º-FÛ-¸¤-GhôP-¼Ûm-qô-Vï-¤VôG-GÛÅ-hÝÅ-im-hP-ºƒï¾-zºÛ-GÅÞP-zÁh-GmP-hômü

    ?? ?

    ¿Ë-hP-zTÅ-qºÛ-ºIô-z-»ôPÅ-ˆÛ-¤-ºiÛÅ-qºÛ-¤²º-ÁïÅ-Vïm-qôü Å-ÇeïP-M¾-zÇem-»ôPÅ-µôGÅ-ˆÛ-¤Pº-zhG ºWÛG-dïm-ŸÛ-zhïºÛ-hïh-hqôm-&GôP-Å-&BzÅ-¤Gôm-&M¾-zºÛ-hzP-qô-¤VôG-¾-GÝÅ-xG-ÇSôm-hÝ-zbP-Çeï-hq¾-M¾-z-;©-q-¼Ûm-qô-Vï-¤VôG-GÛ-hzÞÅ-BzÅ-»Þ¾-hGï-ºhÝm-HÛ-Çkï-hP.ü hï-¼ÛP-ºhÛ¼-Ç+Ý-¤Iôm-HÛ-G®ô-zô¼-wïzÅ-qºÛ-ÈÛ-¤×-T¾-¤Pº-ÇkïºÛ-uÛ-Ez-„Àôm-Vïm-ÇÀôz-hqôm-qÛ-¼ï¤-;Ý-¤×¼-jËà-¤¾-¤VôG-?(Prem Kumar Dhumal)? hP-ü z¸ô-¾Å-„Àôm-Vïmü hï-zŸÛm-z®m-‚ô¾-OÛG-º²âGÅ-ˆÛ-¤P-G®ô-;-z-GÅÞ¤-HÛ-¤²h-G®ô-n¤-q-hP.ü Å-GmÅ-ºwGÅ-zôh-¤²º-ºƒï¾-±ôGÅ-qºÛ-±ôGÅ-¤Û-n¤-qü ºwGÅ-zôh-¤Z¤-£ï¾-¤fÞm-±ôGÅ-ˆÛ-±ôGÅ-¤Û-n¤-qü Å-GmÅ-¤P-±ôGÅ-n¤-qü Ç+Ý-¤Iôm-n¤-qü Gż-ºGôh-q-n¤-q-zTÅ-±P-¤¼-hï-¼ÛP-z®m-‚ô¾-OÛG-º²âGÅ-PôÅ-mÅ-ÈÛ-¤×-T¾-¤Pº-ÇkïºÛ-GŸÝP-¤P-¾-fÞGÅ-Xï-Vï-ŸÝºÛ-¤²h-ÇKô-¤hô¼-zÇkÝÅ-ÁÛG-Gô-OÛG-ŸÝÅ-q-hï-h¤ÛGÅ-»Þ¾-GP-¼ïh-h¤-ŸÝÅ-mü ¾ô-ÇSôm-¤-uÛ-mô¼-&GôP-Å-&BzÅ-¤Gôm-Vïm-qô-¤VôG-xÛ-¾ô- 1959 ¾ô¼-M-G¼-ºwGÅ-qºÛ-»Þ¾-hÝ-&ŸzÅ-Åô¼-ºDôh-mÅ-¤Û-¾ô- 50 ºDô¼-zºÛ-hÝÅ-Vïm-hP-¤Z¤-hÝ-M-G¼-M¾-»ôPÅ-¾-fÞGÅ-Xï-Vï-ŸÝºÛ-¾Å-¼Û¤-ŸÛG-ŸÝÅ-q-zŸÛmü &GôP-Å-&BzÅ-¤Gôm-Vïm-qô-¤VôG-ÈÛ-¤×-T¾-¤Pº-ÇkïºÛ-l-¼¤-Å-¾¼-xÛ-¾ô- 1960 ¹- 4 qºÛ-¹-¤WâG-xÛ-¹- 5 qºÛ-±ïÅ-Á¼-¾-&ŸzÅ-Åô¼-ºDôh-mÅ-¤Û-¾ô- 50 ÉÛ¾-qô-¾ôm-qºÛ-ZÛm-¤ô-ºhÛ¼-ÈÛ-¤×-T¾-¤Pº-ÇkïºÛ-GŸÝP-¤P-¾-z;º-iÛm-XïÅ-im-HÛ-fÞGÅ-Xï-Vï-ŸÝ-MãºÛ-¤±ôm-hôm-®¤-HÛ-¤²h-ÇKô-ºhÛ-Gô-OÛG-ŸÝÅ-q-»Ûmü GP-»Ûm-¸ï¼-m-ºhÅ-qºÛ-¾ô- 50 ¼ÛP-¾-ÈÛ-¤×-T¾-¤Pº-ÇkïºÛ-mP-»ôh-qºÛ-zôh-¼ÛGÅ-±ô-hP.ü ¿ËG-q¼-hÝ-&GôP-Å-&BzÅ-¤Gôm-Vïm-qô-¤VôG-GÛ-Ç+ݺÛ-ÆâP-V-mÅ-¤±ôm-qºÛ-GmÅ-±ß¾-¤P-qô-ŸÛG-GÛ-fôG-¤fÞm-ºHã¼-¼ôGÅ-¼¤-„À-¤ïh-GmP-z-hï-P-±ôºÛ-zôh-ˆÛ-‚ãP-¼zÅ-¾ô-MãÅ-mP-¸Þz-bÝ-¤ïh-q-hP.ü zôh-¤Û-¼ÛGÅ-ˆÛÅ-m¤-»P-zXïh-hÝ-¤ïh-qºÛ-‚ãP-¼zÅ-ÁÛG-¼ïhü

    ?? ? hï-ºi-ÅôP-®P-‚ïh-q-iÛm-hÝ-¤Û-GÅô-z-hï-»-¼zÅ-ˆÛ-uôh-±ß¾-¤Ûm-q-GŸÝP-¾ÞGÅ-mÅ-GÅÞPÅ-q-zŸÛm-P-±ôÅ-PïÅ-q¼-hÝ-‚ïh-q-¾-‚ïh-q¼-ÁïÅ-q-hP.ü ‚ïh-q-iÛm-hÝ-GÅô-z-hï-»-¼zÅ-ˆÛ-uôh-±ß¾-ÅôP-z-»Ûm-®P-hïºÛ-XïÅ-ÅÞ-ºWâG-mÅ-hï-¼ÛP-P-±ô-ºhÛ¼-¤²h-ÇKô-ÇezÅ-zhï-ŸÛG-ŸÝ-GÛ-»ôhü uÛ¼-zbP-M-G¼-HÛ-mP-¤Pº-Çkï-hGÝ-hP-¿kÛ-¾Û-¯ÛÅ-q-»Ûm-m-hzÞÅ-ˆÛ-º²Ûm-BôP-GÛ-Å-GmÅ-GTÛG-zTÅ-Å-DG-zTߺÛ-mP-BzÅ-zTô¾-zôh-¤ÛºÛ-GŸÛÅ-VGÅ-±ßGÅ-»ôh-q-¼ïhü hïºÛ-mP-mÅ-GŸÛÅ-VGÅ-¤P-ÁôÅ-hï-ÈÛ-¤×-T¾-¤Pº-Çkï-¼ïhü ÈÛ-¤×-T¾-¤Pº-ÇkïºÛ-mP-GŸÛÅ-VGÅ-fôG-¤-±ßGÅ-Mã-hï-Å-GmÅ-GŸm-¾Å-ÇS-z-±ßGÅ-q-¼ïhü xÛ-¾ô- 1959 ¾ô¼-P-±ô-¤Ûï-Å-¤-¼Û-?(Missamari)? »ôh-Ç+zÅ-hïºÛ-mP-mÅ-zIïÅ-ÅôP-hP.ü ÇÀôz-GZï¼-GmP-zŸÛm-q-DG-GTÛG-^¾-Èô¼-hÝ-zbP-GmP-z-hP-ü VzÅ-TÛG-m-GŸôm-¼Þ-DG-GÛ-^¾-Èô-ÅÛ¼-¾Å-¼ÛGÅ-Ço-±ôGÅ-ˆÛ-z¸ô-IÔ-z®ßGÅ-q-hï-M-G¼-mP-z®m-‚ô¾-zôh-¤ÛºÛ-GŸÛÅ-VGÅ-z®ßGÅ-q-fôG-¤-¼ïhü Ç+zÅ-hï-hÝÅ-^¾-Èô-ÅÛ-qm-Wz-ˆÛ-DôPÅ-ÅÞ-»ôh-q-¼ïhü ºôm-ˆP-h-¿e-^¾-Èô-ÅÛ-ÈÛ-¤×-T¾-HÛ-¤Pº-Çkï-mP-»ôh-q-ŸÛG-¼ïhü hï-mÅ-z¸ÞP-Çeï-h-¿e-z¼-l-Å-¤-¯ÛÅ-qºÛ-ÈÛ-¤×-T¾-mP-z®m-‚ô¾-zôh-¤ÛºÛ-GŸÛÅ-VGÅ-DG 14 VGÅ-ˆÛ-ºhÝG ^¾-Èô-ÅÛü ÅÛ¤-¾ü Çtä¼–¾ü ;Ý-¾Þü ¤-mÙ-¾Ûü Çtôm-‡ü ;ݤ-¼ºôü Tôm-b-¼ü Ç~Û¼-zôh-±ôGÅü Ç~Û¼-Çkï-hGïü ^ô-¾m-WÛü Å-bômü z=-ÁÛÅ-¿YôPÅ-zTÅ-GŸÛÅ-VGÅ-DG-zTß-zŸÛ-»ôhü l-¼¤-Å-¾-GŸÝP-ºƒï¾-HÛ-z®m-‚ô¾-zôh-¤ÛºÛ-GŸÛÅ-VGÅ-¸Ûm-q-ŸÛG-¤-¼ïhü ºôm-ˆP-&GôP-Å-&BzÅ-¤Gôm-Vïm-qô-¤VôG-GÛ-zŸÝGÅ-ÇK¼-hP-ÇezÅ-zÇeàm-mÅ-zôh-¤Û-GmÅ-Çkôh-¤P-qô-»ôh-Å-ŸÛG-VGÅ-»ôh-q-¼ïhü l-Å-¯ÛÅ-q-»Ûm-m-DG 15 VGÅ-»ôhü ¤Û-ºzô¼-V-mÅ-hï-®¤-¤P-qô-¤Ûm-»P-Å-zGôÅ-ˆÛ-V-mÅ-GŸÛÅ-VGÅ-¤P-ÁôÅ-»ôh-Å-hï-ÈÛ-¤×-T¾-¤Pº-Çkï-VGÅ-»ôhü

    ?? ? hï-zŸÛm-ÈÛ-¤×-T¾-¤Pº-ÇkïºÛ-mP-h-¿e-PÅ-GôP-hÝ-ŸÝÅ-qºÛ-ÈÛ-¤×-T¾-ÇkïºÛ-mP-z®m-‚ô¾-zôh-¤ÛºÛ-GŸÛÅ-VGÅ-DG-GÛ-¤Û-ºzô¼-Eôm-zÇkô¤Å- 21051 ®¤-h-¿e-Çkôh-zŸÛm-q-¼ïhü hïºÛ-fôG-ÈÛ-¤×-T¾-¤Pº-DÞ¾-¾-ÇÀôz-IÔ-DG-Vï-VßP- 18 h-¿e-ºIô-zŸÛm-q-¼ïhü hï-±ôºÛ-mP-ÇÀôz-yâG- 9644 h¤º-¼Û¤-mÅ-º²Ûm-IÔ-zTß-GZÛÅ-z¼-ÇÀôz-¢ôP-‚ïh-zŸÛm-»ôhü hï-¾Å-Pô-¤±¼-Vï-z-ŸÛG-¾-ÈÛ-¤×-T¾-mP-hGôm-Çkï-DG 33 VGÅ-ˆÛ-ºhÝG l-Å-;RK-¼ºÛ-µôP-DôPÅ-GTÛG-qÞºÛ-mP-hGôm-DG-zTß-VGÅ-ˆÛ-ºhÝG hï-±ôºÛ-mP-hGï-ºhÝm-qºÛ-Ÿ¾-IPÅ- 4331 P-±ôºÛ-hïz-Bï¾-¾-z¿eÅ-m-hï-®¤-VGÅ-ˆÛ-ºhÝG hï-hP-xôGÅ-¤±ßPÅ-z®ôm-hGôm-hGݺÛ-mP-z®ßm-¤-IPÅ- 908 GmÅ-»ôhü uÛ¼-zbP-GÛ-¤Û-ºzô¼-hP.ü ÇÀôz-yâG hGï-ºhÝm-qü z®ßm-¤-zTÅ-zÇkô¤Å-m-h-¿e-ÈÛ-¤×-T¾-¤Pº-ÇkïºÛ-mP-zôh-¤Û- 35824 »ôh-zŸÛm-q-¼ïhü hï-±ô-±P-¤ºÛ-º±ô-fzÅ-»Ûm-mºP-ºiü ºIâ¾-zBôh-»Ûm-mºP-ºiü ¤fÞm-Aïm-GŸm-GP-»Ûm-mºP-ÈÛ-¤×-T¾-¤Pº-ÇkïºÛ-mP-DÞPÅ-ºEô¾-mÅ-Çkôh-ˆÛ-»ôhü ¿ËG-q¼-zŸÝGÅ-ÇK¼-l-Å-&GôP-Å-&BzÅ-¤Gôm-Vïm-qô-¤VôG-zŸÝGÅ-Ghm-ºWGÅ-»Þ¾-ºDï¾-z-hïÅ-zôh-¤Û-n¤Å-M-G¼-M¾-»ôPÅ-mP-ºIô-Ç+zÅ-ÈÛ-¤×-T¾-HÛ-»Þ¾-¤Û-¿e-zÞ¼-¯ÛÅ-ˆÛ-»ôh-q-¼ïhü &GôP-Å-&BzÅ-¤Gôm-Vïm-qô-¤VôG-l-ż-Mãm-¼ÛP-qô-zŸÝGÅ-MãºÛ-zŸÝGÅ-ÇK¼-fÝGÅ-Gbm-ºDï¾-GmP-Mã-hï-fÞm-¤ôP-ÇoP-Pô-hP-fÞm-¤ôP-¤Ûm-qºÛ-GmÅ-±ß¾-¤P-qô-ŸÛG-bm-bm-»ôh-¤hôG-D-qô-¼ïh-im-HÛ-»ôhü uÛ¼-ÈÛ-¤×-T¾-¾-»ôPÅ-IGÅ-zÁh-Æô¾-hÝ-¿ËºÛ-ŸÛP-D¤Å- [^ïz-„Ëà-¤Û ] ŸïÅ-¾z-ˆÛ-»ôh-q-¼ïhü hï-zŸÛm-ÈÛ-¤×-¾-»ºÛ-¼Û-Mãh-hï-mP-hôm-¼ÛG-qºÛ-Z¤Å-¾ïm-‚ïh-źÛ-GmÅ-GŸÛ-G®ô-zô-ŸÛG-¾-M-G¼-HÛ-¾ÞP-hP-zÇem-zTôÅ-¤P-qô-ŸÛG-GÛ-mP-»ôh-q-¿e¼ü hPôÅ-»ôh-GmÅ-±ß¾-fôG-¾ºP-VôÅ-zMãh-¤P-qôºÛ-zÇem-q-h¼-Å-hP-ü zÇem-q-º²Ûm-źÛ-Å-V-¿e-zÞ-VGÅ-»ôh-q-¼ïhü zôh-ˆÛ-mP-zÇem-q-ºwï¾-OÛz-º‚ãP-Ç+zÅ-¾ºP-ÈÛ-¤×-¾-»ºÛ-¼Û-Mãh-ˆÛ-mP-zÇem-q-¤-Z¤Å-q¼-GmÅ-q-hP.ü M-G¼-mP-¾-zÇem-q-ºwô-ºHã¼-º‚ãP-Ç+zÅ-¾ºP-ÈÛ-¤×-¾-»Û-¼Û-Mãh-DÞ¾-¾-zÇem-q-¤-Z¤Å-q¼-GmÅ-q-¾-ÅôGÅ-q-hï-ºiºÛ-mP-hôm-¼ÛG-qºÛ-Æô¾-Mãm-zhG-GTïÅ-‚ïh-»Þ¾-Å-GmÅ-fÞm-¤ôP-¤-»Ûm-q-ŸÛG-VGÅ-»ôh-q-¼ïhü ¿ËG-q¼-hÝ-M-G¼-mP-hÝÅ-ºHã¼-¤-‚ãP-zºÛ-Ç+zÅü

    ?? ? D-VïºÛ-»Þ¾-hP.¹-OÛ¾-zºÛ-¼Û-Mãh-hï-hG-D-VïºÛ-‚ï-ƒG–zºÛ-¤±ôm-ÅPÅ-MÅ-ˆÛ-zÇem-q-ÇS-h¼-HÛ-Ç+zÅ-¾-zÇem-q-½ÀzÅ-Vïm-h¼-Å-»Ûm-qºÛ-±ß¾-ºhÝG D-ÅP-ÇÀôz-hqôm-Vïm-qô-ÁÙ¼-¤Å-GÅÞP-zÁh-mP-GÅÞPÅ-q-¿e¼-¼ïhü l-¼¤-Å-¾¼-ÅPÅ-MÅ-ˆÛ-VôÅ-½ÀzÅ-Vïm-h¼-Å-hP.ü hGôm-q-hP-¤Vôh-dïm-¤P-qô-»ôh-źÛ-Å-V-ŸÛG-h-¿eºP-Gmº-µÅ-½‰ÛP-q-ŸÛz-ºWâG-‚ïh-¤Dm-±ôÅ-ŸÛz-±GÅ-qô-‚ïh-¤-fÞz-q-¤-GbôGÅü ¤DÅ-hzP-ºGº-ÁÅ-ˆÛÅ-GÅÞP-±ß¾-¾-‚Å-mü z;º-zÇkÝ-GÅÞ¤-q-GmP-źÛ-¾ÞP-q-hï-»P-Ç+zÅ-hï-hÝÅ-W-¾m-j˼-?(Jalandhar)? HÛ-DôPÅ-GbôGÅ-¾-l-Å-»ôh-q-»Ûm-®P-ü GTÛG-‚Å-m-z;º-zÇkÝ-GÅÞ¤-q-GmP-»Þ¾-l-Å-»Ûm-ÆÛh-q-¼ïh-TïÅ-h-¿e-¾ô-MãÅ–z-ºGº-ÁÅ-mÅ-hïºÛ-fôG-¾-GmÅ-±ß¾-Gž-zÁh-‚ïh-MãºÛ-¤±ôm-h-hÝP-Z¤Å-ŸÛz-ˆÛÛ-xG-¾Å-GmP-zŸÛm-q-¼ïhü ºhÅ-qºÛ-¾ô- 50 ¼ÛP-¾-&GôP-Å-&BzÅ-¤Gôm-Vïm-qô-¤VôG-GÛ-zŸÝGÅ-ÇK¼-HÛ-¤±ôm-qºÛ-zôh-qºÛ-zÇeÛï-GmÅ-ÈÛ-¤×-T¾-¾-»ôh-q-hï-±ôºÛ-zMãh-mÅ-º²¤-JÀÛP-Eôm-»ôPÅ-¾-&GôP-Å-&BzÅ-¤Gôm-Vïm-qô-¤VôG-GÛ-ºyÛm-¾Å-ˆÛ-Ez-q-hP.ü ¿ËG-q¼-hÝ-zôh-zMãh-mP-zÇem-HÛ-ºWÛG-dïm-Bï-ºIô-»ôPÅ-¾-wm-fôGÅ-½ÀzÅ-Vïm-»ôP-MãºÛ-GŸÛ-¯ºÛ-zÇeÛï-GmÅ-¿e-zÞ-ºhÛ¼-VGÅ-fÞz-q-mÛ-ÈÛ-¤×-T¾-GŸÝP-hP.ü ÈÛ-¤×-T¾-HÛ-¤P-±ôGÅ-ˆÛ-z;º-iÛm-¾-zdïm-mÅ-‚ãP-z-ŸÛG-¼ïhü hï¼-zdïm-hï-¼ÛP-z;º-iÛm-XïÅ-im-HÛ-±ß¾-hÝ-l-źÛ-DÞ¾-¾-z®m-‚ô¾-OÛG-º²âGÅ-ˆÛ-PôÅ-mÅ-ÇÀôz-IÔ-DG-zTß-GZÛÅ-®¤-¾-¤fÞm-Aïm-zCæm-Mã-hP.ü ^¾-¤±ô-VßP-?(Dal lake)? Z¤Å-GÅô-‚ïh-Mãü hï-zŸÛm-hzP-qô-Bôm-Tm-HÛ-¼ÛGÅ-¾-¤fÞm-ºHã¼-‚ïh-Mã-¾-ÅôGÅ-qºÛ-GmÅ-±ß¾-TÛ-¼ÛGÅ-ˆÛ-fôG-¾-ym-zÞ-ŸÛG-GÛ-z;º-iÛm-XïÅ-im-¤±ôm-Vïh-®¤-¤fÞm-ºHã¼-ŸÝ-MãºÛ-ºV¼-GŸÛ-»ôhü ¿ËG-q¼-hï-¼ÛP-jË-¼ÛºÛ-fP-Vïm-ºhÛºÛ-fôG-¾-P-±ô-¤²h-ÇKô-GmP-źÛ-Å-V-GmP-z¼-Ÿï-iG-z;º-iÛm-Vïm-qô-‚ãP.ü Dô-¼P-±ôºÛ-GÅÞPÅ-±ß¾-¾-fP-ºhÛºÛ-G»Å-G»ôm-¾-GÅP-uôh-¤ïh-qºÛ-Ç+Ý-P¾-»ôh-qºÛ-GmÅ-±ß¾-GÅÞP-GÛ-ºhÝG hï¼-zdïm-hïºÛ-G»Å-G»ôm-¾-GÅP-uôh-¤Û-ZÝP-z-ŸÛG-¤fÞm-ºHã¼-‚-MãºÛ-¾Å-GŸÛ-mP-ºIô-zŸÛm-q-»Ûmü h-wm-ÈÛ-¤×-T¾-GŸÝP-¤P-¾-Ç+zÅ-¼ï-P-±ôºÛ-¤Û-¼ï-GZÛÅ-ˆÛ-‚Å-q-¾-zdïm-mÅ-h;º-P¾-»ôP-¤-¥ôP-z-¤-¼ïhü »ôP-ÆÛh-q-hP-»ôP-¥ôP-z-ŸÛG-¼ïhü

    ?? ? hï-±ô-»P-ºy¾-Åï¾-HÛ-h;º-P¾-¾-GŸÛGÅ-bï-±P-¤-ljô¤-VßP-fôG-¾-Çkôh-fÞz-q-hP.ü z®m-‚ô¾-zôh-¤ÛºÛ-uÛ-±ôGÅ-uÛ-ÇKï¼-±P-¤Å-GmÅ-zz-z¸P-qô-ŸÛG-GÛ-ºôG-¤Û-±ï-Bï¾-fÞz-q-Å-GmÅ-GŸÝP-hP-¤Pº-ÇkïºÛ-z;º-iÛm-È-TP-½ÀzÅ-Vïm-qô-ŸÛG-¼ïhü hï-hG-¾-XïÅ-im-ŸÝ-Mã-hP-hï-®¤-hÝ-¤-¸hü ÈÛ-¤×-T¾-¤Pº-GŸÝP-GÛ-PôÅ-mÅ-z®m-‚ô¾-zôh-¤ÛºÛ-ÁïÅ-»ôm-ÇÀôz-¢ôP-GÛ-fôG-¾-»Ûm-mºP-¼ôGÅ-¼¤-¤P-qô-GmP-zŸÛm-»ôhü ¿ËG-q¼-hÝ-Ǩm-HÛ-ÇÀôz-¢ôP-hÝ-º²â¾-ŸÝGÅ-‚ïh-Mã-DG-qô-»ôh-®P.ü ÈÛ-¤-T¾-¤Pº-GŸÝP-GÛ-Ǩm-ÇÀôz-DG-GÛ-mP-¾ô-¿e¼-@Ýz-ÇeïGÅ-GZÛÅ-¼ï-h¤ÛGÅ-zž-HÛ-¸Þ¼-ºWôG-GmP-GÛ-»ôh-q-¼ïhü hï-hG-±P-¤¼-P-±ôÅ-PïÅ-q¼-hÝ-z;º-iÛm-zŤ-ÁïÅ-‚ïh-hGôÅ-q-hP.ü ¾ô- 50 ¼ÛP-¾-&GôP-Å-&BzÅ-¤Gôm-Vïm-qô-¤VôG-GÛ-Ç+Ý+ºÛ-ÆâP-Bôz-‚ïh-xôGÅ-hP-ü l-¼¤-Å-¾ºÛ-GmÅ-zz-»ôPÅ-ÅÞ-µôGÅ-q-¾-xÛ-mP-GÅP-GÅÞ¤-mÅ-¼ôGÅ-Bô¼-GmP-z¼-P-±ôÅ-m¤-»P-zXïh-fzÅ-¤ïh-q-ŸÛG-¼ïhü hï-ºiºÛ-z;º-iÛm-XïÅ-im-¤±ôm-‚ïh-¾-hï-¼ÛP-P-±ô-ºhÛ¼-º²ô¤Å-qºÛ-fôG-uÛ-Ez-¤Pº-ÇkïºÛ-„Àôm-Vïm-¤VôG-¾-wïzÅ-¼ôGÅ-GmP-ŸïÅ-¼ï-ºhÝm-ŸÝÅ-q-¿e¼-¤²h-ºyÛm-Vïm-qô-»ôh-mºP-ü hÝÅ-±ôh-Çeôm-bï-hï-¼ÛP-ºhÛ¼-wïzÅ-q-»ôh-q-hP.ü DôP-GÛ-xG-¼ôGÅ-z¸ô-¾Å-„Àôm-Vïmü GŸm-»P-ü l-Å-hP-hïºÛ-xÛ-¾ôGÅ-ÅÞ-»ôh-qºÛ-Gmh-»ôh-¤Û-Ço-¤P-qô-ŸÛG-wïzÅ-ºhÝG hïºÛ-XïÅ-P-±ôºÛ-fÞGÅ-Xï-Vï-ŸÝºÛ-¤±ôm-‚ïh-ˆÛ-Ÿ¾-fP-GTÛG-hP-ü uÛ-Ez-„Àôm-Vïm-HÛ-P¾-Åï¾-PïÅ-Bôz-ˆÛ-fïzÅ-¯ºÛ-mP-hPÞ¾-ºzô¼-ym-zÞ-GTÛG-zTÅ-ºzÞ¾-¾¤-ŸÝ-Mã-»Ûmü

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྩོམ་པ་པོའི་ལྟག་རྒྱབ་ཀྱི་མི་འདིས་རིག་སོང་ནས་གུང་ཁྲན་ལ་གཏུགས་བཞག་ཨེ་ཡིན་ནམ།

    རྩོམ་སྒྲིག་པ་ལགས། སྨྱུག་རྒོད་ལགས་ཀྱི་ཟིན་བྲིས་སུ་གསར་འགྱུར་ཞིག་འདུག ལན་གཅིག་གཟིགས་རོགས་མཛོད། https://tibettimes.net/wordpress/blogs.php?id=171&post_id=8918

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གུང་ཁྲན་ཏང་གིས་ཟོས་སོང་བ་རེད་མ་གཏོགས་བརླག་ས་ཡོད་ཀྱི་མ་རེད་པཱ། གུང་ཁྲན་ཏང་གིས་མི་ཟ་གཅིག་ཀྱང་ཡོད་ནི་མ་རེད། ས་རྡོ་གཅིན་སྐྱག་དང་བཅས་པ་ཟ་ནི་རེད། གུང་ཁྲན་ཏང་བཙུགས་པ་ནས་ད་ལ་ཐུག་གི་བར་དུ་ཟོས་བསྡད་པ་རེད། ད་སྡིག་པར་མ་འཛེམས་པར་གུང་ཁྲན་ཏང་གི་འགོ་ཁྲིད་རེ་འགའ་བརླག་འགྲོ་རྒྱུ་ན་ཅུང་ཙམ་ཨེ་དྲག དེ་མིན་བྱ་ཐབས་ཤིག་མེད་ཀི་ཡ།

    Reply
  13. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ཀོ་ཀྲུ་ཧྲིན་གྱི་ལས་དབང་དེ་ཡང་སྐྱོ་བ་ལ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་ལ་ཟེར་གི་ཡོད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ངས་ཁ་ཉིན་ཞིག་ནས་བཤད་པ་ཡིན། སྐུ་ཞབས་ཞོགས་དུང་དང་ཞོགས་ལྗང་། ཐེའི་རང་སོགས་ཉེ་ཆར་བོད་རིགས་ཤེས་ཡོན་པ་འགའ་འཇུས་པའི་ཐད་ལ་རྒྱལ་སྤྱིའི་ཤེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ལྟ་ཞིབ་ཚོགས་པ་སོགས་ཀྱིས་མ་གོ་མ་ཚོར་བ་ལྟར་བྱེད་གི་འདུག

    སྐུ་ཞབས་ཀོ་ཀྲུ་ཧྲིན་གར་སོང་ཆ་མེད་དུ་གྱུར་བའི་ཐད་ལ་སེམས་ཁྲལ་ཞེ་དྲག་བྱེད་གི་འདུག

    བོད་མི་རིགས་ལ་ལྟས་ངན་གཞན་ཞིག་སྟོན་གི་ཡོད་པ་ཡིན་རྒྱུ་མ་རེད།

    ཁ་སང་ནས་ང་རང་ཉིད་ཀྱི་ངོས་ནས། ཞོགས་དུང་དང་ཤེས་ཡོན་པ་གཞན་དག་གི་སྐོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ལ་ཡི་གེ་རེ་ཕུལ་བ་ཡིན། ཕན་ཐོགས་ཡོད་མེད་མི་ཤེས།

    རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་ད་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མནའ་འབྲེལ་གྱི་ཚོོགས་མི་ཞིག་ཏུ་གྱུར་ཡོད་པ་རེད། ལས་ཀ་རེ་བྱས་ན་སྟབས་ཇེ་བདེར་འགྲོ་ངེས་པའི་རེ་བ་བྱས་ནས་ཡི་གེ་དེ་ཚོ་ཕུལ་བ་ཡིན།

    གནས་སྐབས་འདི་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese